DKR-KABUM-25-RA-002: Difference between revisions
From Khyentse Lineage - A Tsadra Foundation Project
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib= | |sectionheading=No | ||
|fulltitle= | |fulltitletib=བཀའ་བརྒྱུད་སྔགས་མཛོད་ཀྱི་དབང་ཁྲིད་ལུང་དང་བཅས་པའི་ཐོབ་ཡིག་རྒྱུད་སྡེ་རིན་པོ་ཆེའི་གཏེར་མཛོད། | ||
|citation=[[Khyentse, Dilgo]]. ''''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 25: . Delhi: Shechen Publications, 1994. | |fulltitle=bka' brgyud sngags mdzod kyi dbang khrid lung dang bcas pa'i thob yig rgyud sde rin po che'i gter mdzod | ||
|citation=[[Khyentse, Dilgo]]. ''Bka' brgyud sngags mdzod kyi dbang khrid lung dang bcas pa'i thob yig rgyud sde rin po che'i gter mdzod''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 25: 21-29. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | ||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
Line 16: | Line 17: | ||
|volyigtib=ར་ | |volyigtib=ར་ | ||
|totalvolumes=25 | |totalvolumes=25 | ||
|textnuminvol=002 | |||
|pagenumbers=21-29 | |||
|totalpages=17 | |||
|beginfolioline=1a | |beginfolioline=1a | ||
| | |endfolioline=9a2 | ||
|totalfolios=9 | |||
|multivolumework=No | |||
|rectonotes=gsan yig | |||
|versonotes=bka' brgyud sngags mdzod | |||
|pdflink=File:DKR-KABUM-25-RA-002.pdf | |pdflink=File:DKR-KABUM-25-RA-002.pdf | ||
}} | }} | ||
Line 23: | Line 31: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། །བཀའ་བརྒྱུད་སྔགས་མཛོད་ཀྱི་དབང་ཁྲིད་ལུང་དང་བཅས་པའི་ཐོབ་ཡིག་རྒྱུད་སྡེ་རིན་པོ་ཆེའི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ།། | {{TibP|༄༅། །བཀའ་བརྒྱུད་སྔགས་མཛོད་ཀྱི་དབང་ཁྲིད་ལུང་དང་བཅས་པའི་ཐོབ་ཡིག་རྒྱུད་སྡེ་རིན་པོ་ཆེའི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ།།<br><br> | ||
༄༅། །བྱིན་རླབས་དངོས་གྲུབ་ཕྲིན་ལས་རྒྱ་མཚོའི་གཏེར། །རབ་འབྱམས་རྩ་གསུམ་ནོར་བུའི་ཕྲེང་བ་ལ། །གུས་པའི་ཕྱག་གི་མེ་ཏོག་འཐོར་ལགས་ན། །ཀུན་ཏུ་དགེ་བའི་བཀྲ་ཤིས་སྣང་བ་སྩོལ། །སྔོན་སྨོན་རྣམ་དཀར་བཙན་པའི་རྒྱུ་བཟང་དང༌། །དཔལ་ལྡན་བླ་མ་རྡོ་རྗེ་སེམས་དཔའ་ཆེའི། །ཚད་མེད་ཐུགས་རྗེ་མཆོག་གི་བདག་རྐྱེན་ལས། །མར་པའི་གསེར་ཆོས་ཐོབ་པའི་རྣམ་གྲངས་དབྱེ། །དེ་ལ་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཞེས་འཇིག་རྟེན་ལྷ་དང་བཅས་པའི་འགྲོ་བ་མ་ལུས་པའི་སྲིད་ཞི་ཡོངས་ཀྱི་དགེ་ལེགས་ཀྱི་གཞི་གཅིག་པུ་གཉིས་སུ་མེད་པ་དེ་ཉིད། ཇི་སྐད་དུ། ཐུབ་པའི་བསྟན་པ་རྣམ་གཉིས་ནི། །ལུང་དང་རྟོགས་པའི་བདག་ཉིད་དེ། །དེ་འཛིན་བྱེད་པ་སྨྲ་བྱེད་པ། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་པ་ལྟར། ཆོས་ཀྱི་འཁོར་ལོའི་ཕུང་པོ་ཇི་སྙེད་པ་མདོར་བསྡུ་ན། ལུང་དང་རྟོགས་པ་གཉིས་ཀྱི་ཁོངས་སུ་མ་འདུས་པ་གཞན་མེད་ཅིང༌། དེའང་འཕགས་བོད་ཀྱིས་མཚོན་པའི་ཞིང་རྣམས་སུ་འཛིན་སྐྱོང་སྤེལ་བའི་སྐྱེས་བུ་བསམ་གྱིས་མི་ཁྱབ་པ་བྱོན་པ་ལས། གངས་ཅན་ལྗོངས་འདིར་ཡང་ལུང་གི་བསྟན་པ་སྤེལ་བའི་རིང་ལུགས་བཤད་རྒྱུན་འདེགས་པའི་ཀ་ཆེན་བཅུ་དང༌། རྟོགས་པའི་བསྟན་པ་སྤེལ་བའི་རིང་ལུགས་སྒྲུབ་བརྒྱུད་འཛིན་པའི་ཤིང་རྟ་བརྒྱད་ཅེས་ས་ཆེན་པོའི་ཁོངས་སུ་རླུང་ལྟར་གྲགས་པ་བྱོན་པ་ལས། འདིར་ཕྱི་མའི་ཡ་གྱལ་ཏེ། ཇི་སྐད་དུ། བླ་མ་ཀུན་ལ་ཡོད་མོད་ཀྱང༌། །ནཱ་རོ་ཡོད་ན་ཡོད་པ་ཡིན། །བརྒྱུད་པ་ཀུན་ལ་ཡོད་མོད་ཀྱང༌། །སྙན་བརྒྱུད་ཡོད་ན་ཡོད་པ་ཡིན། །ཞེས་གསུངས་པ་ལྟར། རྒྱལ་བསྟན་ཡོངས་ཀྱི་སྙིང་པོ་སྒྲུབ་བརྒྱུད་ཀྱི་ཆུ་མགོ །ཡེ་ཤེས་མཁའ་འགྲོ་རྒྱ་མཚོའི་དབང་ཕྱུག །མཁས་དང་གྲུབ་པའི་སྐྱེས་བུ་གཅིག་པུ་པ། དགྱེས་མཛད་ཧེ་རུ་ཀ་དང་རྣམ་དབྱེར་མེད་པ་སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་ལྷོ་བྲག་མར་པ་ཆོས་ཀྱི་བློ་གྲོས་ཀྱིས། རྒྱ་གར་འཕགས་པའི་ཡུལ་དུ་དཀའ་བ་བརྒྱ་ཕྲག་དུ་མ་ཁྱད་དུ་བསད། ཕོངས་པའི་རིན་ཆེན་གསེར་ལ་མཎྜལ་བྱས་ཏེ་གྲུབ་པའི་དབང་ཕྱུག་ཆེ་ཕྲ་དུ་མའི་ཞབས་ལ་གཏུགས་ཏེ་གསང་སྔགས་རྒྱུད་སྡེ་བཞི་ཡི་ཟབ་ཆོས་གདམས་པའི་བདུད་རྩི་ངོམ་མེད་དུ་བཞེས་ཤིང་ཀུན་གྱི་ནང་ན་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་འཕགས་པ་དཔལ་ལྡན་ནཱ་རོ་དང༌། མཻ་ཏྲི་ལོ་བཅུ་དྲུག་ཟླ་བ་བདུན་དུ་སྐུ་དང་གྲིབ་མའི་ཚུལ་དུ་འབྲལ་བ་མེད་པར་བརྟེན་ནས། ཆོས་སྐུ་རྡོ་རྗེ་འཆང་གི་དགོངས་བཅུད་ཛྙཱ་ན་ཌཱ་ཀི་ནི་ཡི་སྙིང་ཁྲག །ཐེག་པ་ཀུན་གྱི་ཡང་རྩེ་གསང་སྔགས་བླ་ན་མེད་པའི་རྒྱུད་དང་གདམས་པའི་བདུད་རྩི་བུམ་པ་གང་བྱོའི་ཚུལ་དུ་བཞེས་ནས། ལྗོངས་བྱང་ཕྱོགས་ཁ་བ་ཅན་ན་ལྷ་དང་བླ་མའི་ལུང་གིས་བསྔགས་པའི་སྣོད་ལྡན་འཕགས་པའི་སློབ་མ་ས་ཆེན་པོའི་རྡུལ་ལྟར་བྱོན་པའི་ནང་ནས། ཆེས་གཙོ་བོར་གྱུར་པ་གྲུབ་པའི་དབང་ཕྱུག་རྔོག་སྟོན་ཆེན་པོ་ཆོས་སྐུ་རྡོ་རྗེ་དང༌། རྣལ་འབྱོར་གྱི་དབང་ཕྱུག་མཐུ་ཆེན་བཞད་པ་རྡོ་རྗེ་སོགས་ཀ་ཆེན་བཞིའི་སློབ་མར་སྙན་བརྒྱུད་མཁའ་འགྲོའི་སྲོག་སྙིང་རྣམས་མནོག་ཆོས་བཀའ་གཙིགས་སུ་གདམས་ནས་གནང་སྟེ་གྲུབ་པའི་ཚང་ཆེན་པོར་བརྡོལ་ཏེ་གངས་ཅན་གྱི་ལྗོངས་ན་ལྷོ་བྲག་མར་པའི་བཀའ་བརྒྱུད་ཞེས་གྲགས་པའི་རྔ་བོ་ཆེ་ལྡིར་བ་འདི་ཉིད་བྱུང་ཞིང༌། དེའི་རིང་ལུགས་ལས་འདིར་བཤད་རྒྱུན་ཆུ་བོ་ལྟ་བུའི་བཀའ་བབ་གསང་བདག་ཆོས་ཀྱི་རྡོ་རྗེ་སོགས་རིམ་པར་རྔོག་སྟོན་བདུན་བརྒྱུད་ཀྱི་བཀའ་སྲོལ་ལས་བྱོན་པའི་གསེར་ཆོས་ཡིད་བཞིན་ནོར་བུ་རྣམས། ཕྱིས་ཀྱི་དུས་འདིར། རྒྱལ་བསྟན་སྤྱི་དང༌། སྒྲུབ་བརྒྱུད་ཀྱི་བསྟན་པ་ལུང་གི་གཤམ་དུ་ཉེ་བས་ཟབ་ཆོས་འདི་དག་ཀྱང༌། བདུད་རྩིའི་ཆུ་ཀླུང་འཛིན་མའི་བཏུང་བར་མངོན་པར་ཕྱོགས་པ་ན། གསང་བདག་མར་པའི་ཐུགས་བསྐྱེད་བསྟན་པ་རྨིང་ནས་བསླང་བ་ལ་སྨོན་ལམ་གྱི་མཐུ་ཆེན་པོ་གྲུབ་པ་ཀུན་མཁྱེན་གྲུབ་པའི་དཔའ་བོ་འཇམ་མགོན་བླ་མ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་སྡེ་ཞེས་མཚན་བརྗོད་པར་དཀའ་བ་མཆོག་གི་ཐུགས་བསྐྱེད་ཕྲིན་ལས་ཟབ་མོས་དབང་ལུང་གདམས་པ་རྣམས་འབད་པ་ཆེན་པོས་བཞེས་ཤིང་བཀའ་ཡི་བསྡུ་བ་ཆེན་པོས་བླ་མེད་རྒྱུད་སྡེ་ནོར་བུ་རིན་པོ་ཆེའི་གྲམ་བུ་བཀའ་བརྒྱུད་སྔགས་མཛོད་ཆེན་པོར་ལེགས་པར་སྡོམས་པ་ཉིད། ཁྱབ་བདག་བླ་མ་སངས་རྒྱས་ཀརྨ་པའི་སྐྱེས་པ་རབས་ཀྱི་ཕྲེང་བ་བཅུ་དྲུག་པ་ཐམས་ཅད་མཁྱེན་པ་རང་བྱུང་རིག་པའི་རྡོ་རྗེས་སྨིན་གྲོལ་ཚང་སྤྲུགས་སུ་བཙལ་བ་ལ་གསུམ། སྨིན་གྲོལ་གྱི་རིམ་པ་དང༌། རྒྱབ་བརྟེན་བཀླག་ལུང༌། གླེགས་བམ་གྱི་བཞུགས་བྱང་ཞར་བྱུང་དུ་སྨོས་པའོ། །དང་པོ་ནི། རྒྱུད་སྡེའི་དབང་གིས་དབུ་འཛུགས་པའི་ཕྱག་ལེན་ལྟར་ན། བླ་སྒྲུབ་དབང་བཞི་ལ་བྱིན་རླབས་སྒོ་འབྱེད་པའི་ཕྱིར་འདིར་གནང༌། ཐོག་མར། མར་ལུགས་དགྱེས་རྡོར་དབང་ཆེན་སྟ་གོན་ཉིན་གཅིག །དངོས་གཞི་ཉིན་གཅིག །ཡུམ་བཀའ་རྡོ་རྗེ་བདག་མེད་མ་ལྷ་མོ་བཅོ་ལྔའི་དབང་ཆེན། མར་ལུགས་དགྱེས་རྡོར་དངོས་སྟ་ཅན་དང༌། ཡུམ་བཀའ་བདག་མེད་ལྷ་མོ་བཅོ་ལྔ་བཅས་བྱམས་མགོན་སི་ཏུ་པདྨ་དབང་མཆོག་གྲུབ་པ་ལས། འཇམ་མགོན་རྡོ་རྗེ་འཆང་ཆོས་ཀྱི་བློ་གྲོས་རིན་པོ་ཆེའི་གསན་སྐབས་རྫོང་སར་བཀྲ་ཤིས་ལྷ་རྩེ་ནས་བཀའ་དྲིན་ཐོབ། དགྱེས་རྡོར་མར་ལུགས་ཀྱི་བསྲེ་འཕོའི་ཁྲིད་ཡིག་འཁྲུལ་མེད་ངེས་གསང་ཞེས་བྱ་བ་ཏཱ་ར་ནཱ་ཐས་མཛད་པའི་ཁྲིད། བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་རིགས་འདུས་པའི་དཀྱིལ་འཁོར་གྱི་དབང་ཆེན་དངོས་གཞི། དུས་མཁྱེན་ཐུགས་དམ་ལྔ་ཚན་ལྔ་ཡི་ཡ་གྱལ། བདེ་མཆོག་ལྔའི་དབང་སྟ་གོན། དངོས་གཞི་དབང་ཆེན་ཕག་མོ་ལྷ་ལྔའི་དབང་ཆེན་མཉན་པ་རིན་པོ་ཆེས་རྒྱལ་དབང་མཁའ་ཁྱབ་རྡོ་རྗེ། བྱམས་མགོན་པདྨཱཏྣྱཏྨཏྟཱཏྨྱཏྟྲོཏྛ ཱཏྨྱཏྙཏྤཱཏྟྲེཏྤཱཏྨནྫཱཏྶྭིཏྲྱཱཏྶྨོཏྣྱཱཏྶྣྱེཏྶྱཱགསུམ་ཀ་ལས་གསན། དེ་གསུམ་ཀས་གསན་ཡུལ་འཇམ་མགོན་བློ་གྲོས་མཐའ་ཡས་པའི་སྡེ། མཉན་པ་རིན་པོ་ཆེ་ལས་བདག་ལ་བཀྲ་ཤིས་ཐོབ་པའོ། །དཔལ་སམ་བྷུ་ཊི་ལས་གསུངས་པའི་བདེ་མཆོག་ཞི་བ་རྡོ་རྗེ་སེམས་དཔའ་རིགས་བསྡུས་པའི་དབང་དངོས་སྟ་ཕྲལ་བ། འཁོར་ལོ་བདེ་མཆོག་རིགས་བསྡུས་འཁོར་ལོའི་སྒྱུར་དྲུག་གི་དབང་དངོས་སྟ་ཕྲལ་བ་ཉིན་གཉིས། བཅོམ་ལྡན་འདས་སངས་རྒྱས་ཐོད་པའི་དབང་དངོས་སྟ་ཕྲལ་བ། དེའི་རྫོགས་རིམ་གྱི་ཁྲིད་ཡིག་ཏཱ་ར་ནཱ་ཐས་མཛད་པའི་ཁྲིད། མཁའ་འགྲོ་གཏོར་ཆེན་འདིར་བྱ། བཅོམ་ལྡན་འདས་རྡོ་རྗེ་གདན་བཞི་ཡབ་བཀའི་དབང་ཆེན་དངོས་སྟ་ཕྲལ་བ། ཡུམ་བཀའ་ཡེ་ཤེས་དབང་ཕྱུག་མའི་དབང་ཆེན། གདན་གཞིའི་ཁྲིད་ཏཱ་ར་ནཱ་ཐས་མཛད་པ། བཅོམ་ལྡན་འདས་མ་ཧཱ་མཱ་ཡ་ལྷ་ལྔའི་དབང་ཆེན་དངོས་ལྟ་ཕྲལ་བ། དེའི་ཁྲིད་ཡིག་རྒྱལ་བའི་ལམ་བཟང་ཏཱ་ར་ནཱ་ཐས་མཛད་པའི་གསུང་ཁྲིད་བཅས་ཀྱིས་མ་རྒྱུད་སྐོར་སོང་ངོ༌། །དེ་ནས་ཕ་རྒྱུད་ལ། དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེའི་དབང་ཆེན་དངོས་སྟ་སོ་སོར་ཕྱེ་བའི་ཉིན་གཉིས་མ། རིམ་ལྔའི་དམར་ཁྲིད་ལེ་ཚན་གསུམ་གྱི་ཁྲིད་འཇམ་དཔལ་གསང་ལྡན་ནམ་མཚན་བརྗོད་རིགས་བསྡུས་པའི་དབང་ཆེན་དངོས་སྟ་སྦྲེལ་བ། བིརཝ་པའི་ལུགས་འཇམ་དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་དབང་ཆེན་དངོས་སྟ་ཕྲལ་བ། མལ་ལོ་བློ་གྲོས་གྲགས་ཀྱི་བཀའ་སྲོལ་ལས་བྱུང་བའི་རྡོ་རྗེ་འཇིགས་བྱེད་ལྷ་དགུའི་དབང་ཆེན་དངོས་སྟ་ཕྲལ་བ། རས་ཆུང་ལུགས་ཕྱག་རྡོར་གཏུམ་པོ་ལྷ་ལྔའི་དབང་ཆེན། རྗེ་དགུ་པའི་དྲག་ཕྲེང་ནང་ཕྱག་རྡོར་གཏུམ་ཆུང༌། རས་ཆུང་ལུགས་ཚེ་དཔག་མེད་གྲུབ་རྒྱལ་མ་ལྷ་གཅིག་བུམ་གཅིག་གི་དབང༌། འཇམ་མགོན་ཡང་སྲིད་དང༌། མཉན་པ་རིན་པོ་ཆེ་ལས་ཀྱང་ཐོབ། དེའི་ཁྲིད་མར་པའི་བཀའ་སྲོལ་ལས་བྱོན་པའི་ཁྱད་འཕགས་ལྷ་གསུམ་ཞེས་རྣམ་རྒྱལ་མ། སྒྲོལ་ལྗང༌། རྡོར་སེམས་གསུམ་གྱི་རྗེས་གནང༌། ཁྱད་འཕགས་ལྷ་གསུམ་འདི་སངས་རྒྱས་མཉན་པ་རིན་པོ་ཆེ་ཀརྨ་བཤད་སྒྲུབ་བསྟན་པའི་ཉི་མ་ལས་ཀྱང་ནོས་པའི་བརྒྱུད་པ། འཇམ་མགོན་བླ་མ་སིཏུ་པདྨ་དབང་མཆོག་ལས་གསན་པའོ། །ཇོ་ལུགས་སྒྲོལ་དཀར་གསུང་ཐུགས་ཀྱི་རྗེས་གནང༌། སྒྲོ་ལ་མ་དངོས་ཀྱིས་རྗེས་སུ་བཟུང་བ། བྱམས་མགོན་པདྨ་དབང་མཆོག་གི་ཞལ་སྔ་ནས་ལན་གཅིག །མཉན་པ་རིན་པོ་ཆེ་ལས་ལན་གཅིག་བཅས་བཀའ་དྲིན་དུ་ཐོབ་པ་དང༌། དེའི་ཚེ་ཁྲིད་དཔལ་ཡེ་ཤེས་མགོན་པོ་གུར་མགོན་རྒྱུད་ལུགས་ཀྱི་རྗེས་གནང༌། རྒྱལ་དབང་རིན་པོ་ཆེས་འདི་གསུང་སྐབས་རྟགས་མཚན་ཆེན་པོ་བྱུང༌། ཀརྨ་ཀཾ་ཚང་གི་བཀའ་སྲོལ་ལས་བྱོན་པ་ཡེ་ཤེས་མགོན་པོ་ཕྱག་བཞི་པའི་རྗེས་གནང༌། དཔལ་ལྡན་ལྷ་མོ་དུད་སོལ་མའི་ཕྱི་སྒྲུབ་རྗེས་གནང་ཐུན་མོང་དང༌། ཐུན་མོང་མིན་པའི་རྗེས་གནང་ནན་ཆགས་མར་གྲགས་པའི་བཀའ་རྒྱ་ཅན། ངན་རྫོང་རས་པའི་སྙན་བརྒྱུད་བཀྲ་ཤིས་ཚེ་རིང་མཆེད་ལྔའི་རྗེས་གནང་བཅས་གྲུབ་བོ། །དེ་ལྟར་རྒྱུད་སྡེའི་དབང་ཆེན་རྣམས་སྔོན་དུ་འགྲོ་བའི་རྗེས་སུ། རྗེས་གནང་རིགས་སྦྱར་བའི་ཕྱག་ལེན་གཅིག་དང༌། སློབ་མ་སྔོན་རྒྱུད་སྡེ་གཞན་གྱི་དབང་བཞི་ཐོབ་ཟིན་པ་ལ། ཐོག་མར་དགེ་བ་ཚེ་ལྷ་རྣམ་གསུམ་དང༌། གཏུམ་ཆུང་སོགས་ཀྱི་རྗེས་གནང་བསྐུར་བའི་རྗེས་སུ། བླ་སྒྲུབ་དང༌། དགྱེས་རྡོར་དབང་ལ་འཇུག་པའི་ཕྱག་ལེན་གཅིག་བཅས། གཉིས་སུ་འཇམ་མགོན་རིན་པོ་ཆེས་གསུངས་པའི་ཕྱག་ལེན་ཕྱི་མ་ལྟར་གནང་བ་ཡིན། གཉིས་པ་རྒྱབ་རྟེན་ལུང་གི་རིམ་པ་སྔགས་མཛོད་པུསྟ་ཀཿ གསུམ་གྱི་གཞུང་ཁ་སྐོང་བཅས་ཚང་མའི་བཀླག་ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། འཇམ་མགོན་རྡོ་རྗེ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ། སིཏུ་པདྨ་དབང་མཆོག་རྒྱལ་པོ། སངས་རྒྱས་མཉན་སྤྲུལ་ཀརྨ་བཤད་སྒྲུབ་བསྟན་པའི་ཉི་མ་ལས་བསྩལ་བའོ། །གསུམ་པ་གླེགས་བམ་གྱི་བཞུགས་བྱང་སྨོས་པ་ལ། ཨོཾ༽ པ་ལ། མར་རྔོག་གསེར་ཆོས་རྒྱུད་སྡེ་རིན་པོ་ཆེ་རྣམས་ཀྱི་གླིང་གཞི་དང་བརྒྱུད་པའི་ཡི་གེ །འཕགས་མ་ཡིད་བཞིན་འཁོར་ལོའི་བརྒྱུད་འདེབས། ༤ རྗེས་གནང་བསྙེན་སྒྲུབ་ཀྱི་ཡི་གེ་ཟླ་བ་འདོད་འཇོ། ༥༥ མཆོད་ཕྲེང༌། ༢ ལྕེ་སྤྱང་སྔོན་མོའི་ལམ་སྲུང༌། ༡ སྨོན་ལམ། ༤ བསྟོད་པ་སྦྲང་རྩིའི་རླབས་ཕྲེང༌། ༣ ཚེ་ཁྲིད། ༢༠ ཚེ་དཔག་གྲུབ་རྒྱལ་ལྷ་གཅིག་བུམ་གཅིག་གི་བྱིན་རླབས་དབང་ཆོག ༡༤ །བསྐྱེད་རྫོགས་ཀྱི་ཁྲིད་ཡིག ༢༢ །ཁྱད་པར་ལྷ་གསུམ་གྱི་སྒྲུབ་ཐབས་རྗེས་གནང༌། གཏུམ་ཆུང་བདག་མདུན་འདོན་འགྲིགས་བུ་ཡིག་ཟིན་བྲིས། ༨ དབང་ཆོག ༥༤ །བླ་མ་མཆོད་པའི་ཆོ་ག ༡༢ །ལྷན་ཐབས་དང་དབང་ཆོག ༡༠ །རྒྱུད་སྡེ་སྤྱིའི་བརྒྱུད་འདེབས། ༡ དགྱེས་རྡོར་སྒྲུབ་ཐབས་དངོས་གྲུབ་ཆར་འབེབས། ༡༧ དེའི་དཀྱིལ་མཆོག་དངོས་གྲུབ་རྒྱ་མཚོ། ༢༨ བསྙེན་པའི་ཟུར་འདེབས། ༢ བཅོམ་ལྡན་འདས་བདག་མེད་མའི་སྒྲུབ་ཐབས། ༡༢ དཀྱིལ་ཆོག་མཁའ་སྤྱོད་ཤིང་རྟ། ༩ རྒྱུན་གྱི་རྣལ་འབྱོར་ཡབ་ཀྱི་དྲན་གཅིག ༥ །ཡུམ་གྱི་དྲན་གཅིག ༢ །བྱད་མ་བཟློག་པའི་མན་ངག ༡ །དགྱེས་པ་རྡོ་རྗེ་རིགས་བསྡུས་པའི་སྒྲུབ་ཐབས་དྲི་མེད་ནོར་བུའི་སྒྲོན་མེ། ༢༠ དཀྱིལ་ཆོག་དྲི་མེད་ནོར་བུའི་ཆུན་པོ། ༣༥ ལས་དང་པོ་པས་བྱ་བའི་རིམ་པ་མདོར་བསྡུས། ༤ ལས་བཞིའི་སྦྱིན་སྲེག ༨ །སྲེག་བླུགས་ཀྱི་ཆོག་བསྡུས་པ། ༣ ཁྲིད་ཡིག་འཁྲུལ་མེད་ངེས་གསང༌། ༣༢ ཀཾ་ཚང་བདེ་མཆོག་ལྷ་ལྔའི་མངོན་དཀྱིལ། ཀཾ་ཚང་ཕག་མོ་ལྷ་ལྔའི་མངོན་དཀྱིལ། བདེ་མཆོག་ཞི་བ་རྡོར་སེམས་རིགས་བསྡུས་ཟུང་འཇུག་སྙེ་མ། ༡༩ དཀྱིལ་ཆོག་ཁ་སྦྱོར་སྙེ་མ། ༣༡ ཐོག་སྲུང་མན་ངག ༥ །རང་བྱིན་རླབས་ཀྱི་དམིགས་པ། བདེ་མཆོག་འཁོར་ལོས་སྒྱུར་དྲུག་གི་ཐབས་ཤེས་སྣང་བྱེད། ༡༢ དཀྱིལ་ཆོག་ཡེ་ཤེས་རྣམ་རོལ། ༢༧ བཅས་བཞུགས། ཨཱཿ༽ པ་ལ། བཅོམ་ལྡན་འདས་རྡོ་རྗེ་གདན་བཞི་ཡབ་བཀའི་སྒྲུབ་ཐབས་སྙིང་གི་ནོར་བུ། ༢༤ དཀྱིལ་ཆོག་རྡོ་རྗེ་རོལ་པའི་དགའ་སྟོན། ༣༤ རྩ་བའི་དཀྱིལ་འཁོར་ཡེ་ཤེས་དབང་ཕྱུག་མ་ལྷ་བཅུ་གསུམ་ཅན་གྱི་སྒྲུབ་ཐབས་བདུད་རྩིའི་སྙེ་མ། ༡༥ དཀྱིལ་ཆོག་བདུད་རྩིའི་ལྗོན་ཤིང༌། ༡༨ རྒྱུན་གྱི་རྣལ་འབྱོར་དྲན་གཅིག ༤ །ཁྲིད་ཡིག ༢༤ །ཆུ་ཡི་མཆོད་སྦྱིན་གྱི་ལག་ལེན། ༥ མེ་ཡི་སྦྱིན་སྲེག་གི་ལག་ལེན། ༧ བཅོམ་ལྡན་འདས་སྒྱུ་འཕྲུལ་ཆེན་མོའི་སྒྲུབ་ཐབས། ༡༣ དཀྱིལ་ཆོག ༢༩ །མིང་གི་དབང་བསྐུར། ༡ ལས་བཞིའི་སྦྱིན་སྲེག ༧ །ཁྲིད་ཡིག ༧ །དྲན་པ་གཅིག་པའི་རྣལ་འབྱོར་ཞར་བྱུང་ལྡེབ། ༤ བཅོམ་ལྡན་འདས་སངས་རྒྱས་ཐོད་པའི་སྒྲུབ་ཐབས་རིན་པོ་ཆེའི་མྱུ་གུ ༡༥ དཀྱིལ་ཆོག་རིན་པོ་ཆེའི་ཆར་སྤྲིན། ༢༥ སངས་རྒྱས་ཐོད་པའི་རྫོགས་རིམ་ཁྲིད། དཔལ་གསང་བ་འདུས་པའི་སྒྲུབ་ཐབས་ཟུང་འཇུག་ལམ་གྱི་སྒྲོན་མ། ༢༩ དེའི་དཀྱིལ་ཆོག་ཟུང་འཇུག་ལམ་གྱི་ཤིང་རྟ། ༣༧ དེའི་དྲན་གཅིག ༢ །ལས་བཞིའི་སྦྱིན་སྲེག ༡༠ །རིམ་ལྔའི་བརྒྱུད་འདེབས། ༤ རིམ་ལྔ་དམར་ཁྲིད། ༢༣ དམར་ཁྲིད་ཀྱི་ཟིན་བྲིས། ༡༨ འཕགས་ལུགས་རིམ་ལྔའི་སྨར་ཁྲིད་གདན་རྫོགས་ཀྱི་ཁྲིད་ཡིག ༡༥ །སྔོན་འགྲོའི་ངག་འདོན་སྟན་ཐོག་གཅིག་མའི་ཉམས་ལེན། ༤ འཇམ་དཔལ་མཚན་བརྗོད་རིགས་བསྡུས་ཀྱི་སྒྲུབ་ཐབས་ཡེ་ཤེས་འབར་བའི་རལ་གྲི ༡༨ དཀྱིལ་ཆོག་གསང་བ་ཀུན་འབྱུང༌། ༢༨ རྣལ་འབྱོར་སྒོམ་པའི་རིམ་པ། ༥ བསྟོད་པ་གླུར་བླངས་བཀླག་པའི་རྒྱུན་གྱི་རྣལ་འབྱོར། ༧ ལས་གཉིས་རྣལ་འབྱོར་དབྱེ་བའི་ཆོ་ག་བཅས། ༈ གླེགས་བམ། ཧཱུྃ༽ པ་ལ། གཤིན་རྗེ་གཤེད་དམར་ནག་སྒྲུབ་ཐབས་བགེགས་འཇོམས་ཡེ་ཤེས་བེ་ཅོན། ༡༤ དཀྱིལ་ཆོག་བདེ་སྐྱོང་བཅུད་ཀྱི་འཕྲུལ་ཞགས། ༣༨ འཇིགས་བྱེད་ལྷ་དགུའི་བདུད་འཇོམས་གྲུབ་པའི་རལ་གྲི ༡༣ དཀྱིལ་ཆོག་བདུད་འདུལ་འཕྲུལ་གྱི་རྣོ་མཚོན། ༣༨ མར་ལུགས་བླ་མེད་རྒྱུད་སྡེ་སྤྱི་ཡི་ཚོགས་མཆོད། ༥ རྒྱུད་སྡེ་སྤྱིའི་དབང་བསྐུར་གྱི་མཚམས་སྦྱོར། གསང་མཚན་སྤྱིའི་རབ་དབྱེ། རྒྱུད་སྡེ་རྣམས་ཀྱི་དབང་བཤད། ༢༣ རྒྱུད་སྡེ་སྤྱིའི་བསྙེན་ཡིག ༦༤ །རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག ༡༡ །མཁའ་འགྲོ་བདེ་མཆོག་གི་ཞིང་སྐྱོང་སྤྱི་དང་འབྱུང་པོ་ཐམས་ཅད་པའི་གཏོར་ཆོག ༡༣ །བདེར་གཤེགས་ཉེར་བསྡུས་ཞེས་མགོན་པོའི་སྤྱི་གཞུང་ཌོམྦི་པས་མཛད་པ་མར་ལོ་ཙཱའི་འགྱུར་ཉུང་ངུ༌། རྡོ་རྗེ་ནག་པོ་ཆེན་པོའི་སྒྲུབ་ཐབས་རྗེས་གནང་བཅས། ཕྱག་བཞི་པ་ལྷ་བཅུ་གསུམ་གྱི་མངོན་རྟོགས་དབང་ཁྲིད། ༩ རྗེས་གནང་དབང་ཆོག །དུད་སོལ་མའི་ཆོས་སྐོར་དཀར་ཆག ༨ །ཕྱི་སྒྲུབ་ཀྱི་རྗེས་གནང༌། ཕྱི་སྒྲུབ་རྗེས་གནང་རྒྱས་པ། གསང་སྒྲུབ་རྗེས་གནང༌། ཐུན་མོང་མིན་པའི་རྗེས་གནང༌། མ་མོའི་སྤྱི་རྒྱུད། དངོས་གྲུབ་འབྱུང་བའི་རྒྱུད། ཕྱི་སྒྲུབ་གཞུང་ཆོག །ཕྱི་སྒྲུབ་རྒྱ་གཞུང་བསྡུས་དོན། ཕྱི་སྒྲུབ་གཞུང་འགྲེལ། བསྙེན་པའི་ཡི་གེ་བླ་མའི་ཞལ་གདམས། ཞལ་གདམས་བསྙེན་སྒྲུབ་ལས་སྦྱོར། ཞལ་གདམས་ཟབ་མོ། ཞལ་གདམས་རྨིས་ལྟས་མ། གསང་སྒྲུབ་ཀྱི་གཞུང༌། དྲག་མོའི་རྐང་ཐང་རྣོ་བའི་མདེའུ། ཡང་སྙིང་བཀོལ་བའི་སྒྲུབ་ཐབས། ཡང་གསང་རྐང་ཐང་དུ་སྒྲུབ་པ། ཚེ་བསོད་རྒྱས་པའི་ལས་ཚོགས། ཐ་དང་ལྟས་ངན་དབབ་པའི་ཡི་གེ །མངོན་ཤེས་དང་པྲ་དབབ་པའི་ཡི་གེ །སྤྱན་འདྲེན་བསྐང་གསོ་གཏོར་གཤེགས་རྣམས་ཀྱི་ཡིག་སྣ། བསྟོད་སྙིང་ཚན། ཕྲིན་ལས་ཀྱི་ལས་བྱང་རྒྱས་པ་ཌཱ་ཀིའི་ཟེའུ་འབྲུ། རྔ་གླིང༌། ཕྲིན་ལས་རྒྱས་པའི་གོ་ཆ་མ་མོ་དགྱེས་རོལ། ༢༨ གཏོར་ཆོག་འབྲིང་པོ་ཡོངས་འདུས་དགའ་ཚལ། ༩ གཏོར་ཆོག་བསྡུས་པ་དབྱར་རྔའི་སྒྲ་དབྱངས། ༤ ཕྱི་སྒྲུབ་ཐུན་མོང་རྗེས་གནང༌། གསང་སྒྲུབ་ཐུན་མོང་མ་ཡིན་པའི་རྗེས་གནང་ནན་ཆགས་མར་གྲགས་པའི་ཡི་གེ །བཀྲ་ཤིས་ཚེ་རིང་མཆེད་ལྔའི་རྩ་གཞུང༌། ༡༡ གཏོར་ཆོག ༡༣ །སྐོང་བ། ༢ ཚེ་གཡང་སྒྲུབ་པའི་ཆོ་ག ༡༣ །རྗེས་གནང་དབང་ཡིག་བཅས་བཞུགས་ཤིང༌། ཟབ་མོའི་གསེར་ཆོས་རིན་པོ་ཆེ་འཇིག་རྟེན་གྱི་ཁམས་ན་རྙེད་པར་དཀའ་བ་འདིའི་ལུང་ཁྲིད་ཀྱི་རིམ་པ། ཉམས་རྟོགས་བྱིན་རླབས་ཀྱི་དྲོད་དང་ལྡན་པ་སོ་སོར་བརྒྱུད་པའི་ཚུལ་ཞིབ་པར་ནི། བརྒྱུད་པའི་ཡི་གེ་རིན་པོ་ཆེ་ཟླ་ཟེར་ལས་མཁྱེན་པར་འཚལ་ལ། བྱིན་རླབས་བརྒྱུད་པའི་ཆུ་བོ་ཀུན་འདུས་གསང་བདག་འཇམ་པའི་རྡོ་རྗེ་བློ་གྲོས་མཐའ་ཡས་པའི་སྡེ། བྱམས་མགོན་ཆོས་ཀྱི་རྒྱལ་པོ་པདྨ་དབང་མཆོག་གྲུབ་པ། རྒྱལ་བའི་དབང་པོ་རང་བྱུང་རིག་པའི་རྡོ་རྗེས་དགྱེས་པ་ཆེན་པོས་སྦས་པའི་གནས་མཆོག་ལྷ་རི་འབྲས་མོ་ལྗོངས་ནས་གནང་བའོ། །ཡང་ན་འཇམ་མགོན་བླ་མ་བློ་གྲོས་མཐའ་ཡས། རྒྱལ་དབང་རྡོ་རྗེ་འཆང་བཅོ་ལྔ་པ་ཀུན་བཟང་མཁའ་ཁྱབ་བདེ་བའི་རྡོ་རྗེ། རྗེ་འདི་ཡབ་སྲས་གཉིས་ཀྱིས་རྒྱུད་སྡེ་ཐམས་ཅད་ཀྱི་ལྗགས་བསྙེན་རྫོགས་རིམ་སྐོར་ཉམས་བཞེས་ཡང་ཡང་གནང་སྟེ་དེས་བླ་གྲོ་ནོར་བུ་མཆོག་སྤྲུལ་ཀརྨ་འགྱུར་མེད་ཚུལ་ཁྲིམས་དམ་ཆོས་དབང་པོ་ལས་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་ལན་གཅིག་ཕྲན་མངྒ་ལས་བཀའ་དྲིན་དུ་ཐོབ་པས། མཐིང་དམར་ཅོད་པན་འཆང་བ་ཟུང་གི་བྱིན་རླབས་ཆུ་བོ་གཅིག་འདྲེས་སུ་གྱུར་པའོ། །དགྱེས་མཛད་ལོ་ཙཱའི་ཟབ་གསང་བདུད་རྩིའི་གཏེར། བཤད་སྒྲུབ་ཆུ་ཀླུང་འབུམ་གྱིས་ཕྱུག་པ་ཡིས། །གྲུབ་པའི་དབང་པོའི་དགའ་ཚལ་དར་བ་དང༌། །འཇམ་མགོན་ཆོས་རྗེའི་བསྟན་པ་རྒྱས་གྱུར་ཅིག །འདི་ལྟར་ཕུན་ཚོགས་ལྔ་ཡི་དཔལ་མངའ་བ། །དེར་ནི་རྒྱལ་བསྟན་སྙིང་པོ་དར་བ་དང༌། །འགྲོ་བའི་བདེ་སྐྱིད་རྫོགས་ལྡན་དུས་བཞིན་འཕེལ། །དེ་བཞིན་རྟག་ཁྱབ་སྣང་བ་འབར་གྱུར་ཅིག །རྒྱལ་དབང་ཡབ་སྲས་ཞབས་པད་རྡོ་རྗེའི་ཁམས། །མི་འགྱུར་རྟག་ཏུ་བརྟན་པའི་བཀྲ་ཤིས་ཀྱིས། །ཚོམ་བུ་གཅིག་ཏུ་འབྲེལ་བའི་ཡིད་ཅན་རྣམས། །ཕྱམ་གཅིག་རྫོགས་སངས་རྒྱས་པའི་བཀྲ་ཤིས་ཤོག། །།}} | ༄༅། །བྱིན་རླབས་དངོས་གྲུབ་ཕྲིན་ལས་རྒྱ་མཚོའི་གཏེར། །རབ་འབྱམས་རྩ་གསུམ་ནོར་བུའི་ཕྲེང་བ་ལ། །གུས་པའི་ཕྱག་གི་མེ་ཏོག་འཐོར་ལགས་ན། །ཀུན་ཏུ་དགེ་བའི་བཀྲ་ཤིས་སྣང་བ་སྩོལ། །སྔོན་སྨོན་རྣམ་དཀར་བཙན་པའི་རྒྱུ་བཟང་དང༌། །དཔལ་ལྡན་བླ་མ་རྡོ་རྗེ་སེམས་དཔའ་ཆེའི། །ཚད་མེད་ཐུགས་རྗེ་མཆོག་གི་བདག་རྐྱེན་ལས། །མར་པའི་གསེར་ཆོས་ཐོབ་པའི་རྣམ་གྲངས་དབྱེ། །དེ་ལ་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཞེས་འཇིག་རྟེན་ལྷ་དང་བཅས་པའི་འགྲོ་བ་མ་ལུས་པའི་སྲིད་ཞི་ཡོངས་ཀྱི་དགེ་ལེགས་ཀྱི་གཞི་གཅིག་པུ་གཉིས་སུ་མེད་པ་དེ་ཉིད། ཇི་སྐད་དུ། ཐུབ་པའི་བསྟན་པ་རྣམ་གཉིས་ནི། །ལུང་དང་རྟོགས་པའི་བདག་ཉིད་དེ། །དེ་འཛིན་བྱེད་པ་སྨྲ་བྱེད་པ། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་པ་ལྟར། ཆོས་ཀྱི་འཁོར་ལོའི་ཕུང་པོ་ཇི་སྙེད་པ་མདོར་བསྡུ་ན། ལུང་དང་རྟོགས་པ་གཉིས་ཀྱི་ཁོངས་སུ་མ་འདུས་པ་གཞན་མེད་ཅིང༌། དེའང་འཕགས་བོད་ཀྱིས་མཚོན་པའི་ཞིང་རྣམས་སུ་འཛིན་སྐྱོང་སྤེལ་བའི་སྐྱེས་བུ་བསམ་གྱིས་མི་ཁྱབ་པ་བྱོན་པ་ལས། གངས་ཅན་ལྗོངས་འདིར་ཡང་ལུང་གི་བསྟན་པ་སྤེལ་བའི་རིང་ལུགས་བཤད་རྒྱུན་འདེགས་པའི་ཀ་ཆེན་བཅུ་དང༌། རྟོགས་པའི་བསྟན་པ་སྤེལ་བའི་རིང་ལུགས་སྒྲུབ་བརྒྱུད་འཛིན་པའི་ཤིང་རྟ་བརྒྱད་ཅེས་ས་ཆེན་པོའི་ཁོངས་སུ་རླུང་ལྟར་གྲགས་པ་བྱོན་པ་ལས། འདིར་ཕྱི་མའི་ཡ་གྱལ་ཏེ། ཇི་སྐད་དུ། བླ་མ་ཀུན་ལ་ཡོད་མོད་ཀྱང༌། །ནཱ་རོ་ཡོད་ན་ཡོད་པ་ཡིན། །བརྒྱུད་པ་ཀུན་ལ་ཡོད་མོད་ཀྱང༌། །སྙན་བརྒྱུད་ཡོད་ན་ཡོད་པ་ཡིན། །ཞེས་གསུངས་པ་ལྟར། རྒྱལ་བསྟན་ཡོངས་ཀྱི་སྙིང་པོ་སྒྲུབ་བརྒྱུད་ཀྱི་ཆུ་མགོ །ཡེ་ཤེས་མཁའ་འགྲོ་རྒྱ་མཚོའི་དབང་ཕྱུག །མཁས་དང་གྲུབ་པའི་སྐྱེས་བུ་གཅིག་པུ་པ། དགྱེས་མཛད་ཧེ་རུ་ཀ་དང་རྣམ་དབྱེར་མེད་པ་སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་ལྷོ་བྲག་མར་པ་ཆོས་ཀྱི་བློ་གྲོས་ཀྱིས། རྒྱ་གར་འཕགས་པའི་ཡུལ་དུ་དཀའ་བ་བརྒྱ་ཕྲག་དུ་མ་ཁྱད་དུ་བསད། ཕོངས་པའི་རིན་ཆེན་གསེར་ལ་མཎྜལ་བྱས་ཏེ་གྲུབ་པའི་དབང་ཕྱུག་ཆེ་ཕྲ་དུ་མའི་ཞབས་ལ་གཏུགས་ཏེ་གསང་སྔགས་རྒྱུད་སྡེ་བཞི་ཡི་ཟབ་ཆོས་གདམས་པའི་བདུད་རྩི་ངོམ་མེད་དུ་བཞེས་ཤིང་ཀུན་གྱི་ནང་ན་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་འཕགས་པ་དཔལ་ལྡན་ནཱ་རོ་དང༌། མཻ་ཏྲི་ལོ་བཅུ་དྲུག་ཟླ་བ་བདུན་དུ་སྐུ་དང་གྲིབ་མའི་ཚུལ་དུ་འབྲལ་བ་མེད་པར་བརྟེན་ནས། ཆོས་སྐུ་རྡོ་རྗེ་འཆང་གི་དགོངས་བཅུད་ཛྙཱ་ན་ཌཱ་ཀི་ནི་ཡི་སྙིང་ཁྲག །ཐེག་པ་ཀུན་གྱི་ཡང་རྩེ་གསང་སྔགས་བླ་ན་མེད་པའི་རྒྱུད་དང་གདམས་པའི་བདུད་རྩི་བུམ་པ་གང་བྱོའི་ཚུལ་དུ་བཞེས་ནས། ལྗོངས་བྱང་ཕྱོགས་ཁ་བ་ཅན་ན་ལྷ་དང་བླ་མའི་ལུང་གིས་བསྔགས་པའི་སྣོད་ལྡན་འཕགས་པའི་སློབ་མ་ས་ཆེན་པོའི་རྡུལ་ལྟར་བྱོན་པའི་ནང་ནས། ཆེས་གཙོ་བོར་གྱུར་པ་གྲུབ་པའི་དབང་ཕྱུག་རྔོག་སྟོན་ཆེན་པོ་ཆོས་སྐུ་རྡོ་རྗེ་དང༌། རྣལ་འབྱོར་གྱི་དབང་ཕྱུག་མཐུ་ཆེན་བཞད་པ་རྡོ་རྗེ་སོགས་ཀ་ཆེན་བཞིའི་སློབ་མར་སྙན་བརྒྱུད་མཁའ་འགྲོའི་སྲོག་སྙིང་རྣམས་མནོག་ཆོས་བཀའ་གཙིགས་སུ་གདམས་ནས་གནང་སྟེ་གྲུབ་པའི་ཚང་ཆེན་པོར་བརྡོལ་ཏེ་གངས་ཅན་གྱི་ལྗོངས་ན་ལྷོ་བྲག་མར་པའི་བཀའ་བརྒྱུད་ཞེས་གྲགས་པའི་རྔ་བོ་ཆེ་ལྡིར་བ་འདི་ཉིད་བྱུང་ཞིང༌། དེའི་རིང་ལུགས་ལས་འདིར་བཤད་རྒྱུན་ཆུ་བོ་ལྟ་བུའི་བཀའ་བབ་གསང་བདག་ཆོས་ཀྱི་རྡོ་རྗེ་སོགས་རིམ་པར་རྔོག་སྟོན་བདུན་བརྒྱུད་ཀྱི་བཀའ་སྲོལ་ལས་བྱོན་པའི་གསེར་ཆོས་ཡིད་བཞིན་ནོར་བུ་རྣམས། ཕྱིས་ཀྱི་དུས་འདིར། རྒྱལ་བསྟན་སྤྱི་དང༌། སྒྲུབ་བརྒྱུད་ཀྱི་བསྟན་པ་ལུང་གི་གཤམ་དུ་ཉེ་བས་ཟབ་ཆོས་འདི་དག་ཀྱང༌། བདུད་རྩིའི་ཆུ་ཀླུང་འཛིན་མའི་བཏུང་བར་མངོན་པར་ཕྱོགས་པ་ན། གསང་བདག་མར་པའི་ཐུགས་བསྐྱེད་བསྟན་པ་རྨིང་ནས་བསླང་བ་ལ་སྨོན་ལམ་གྱི་མཐུ་ཆེན་པོ་གྲུབ་པ་ཀུན་མཁྱེན་གྲུབ་པའི་དཔའ་བོ་འཇམ་མགོན་བླ་མ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་སྡེ་ཞེས་མཚན་བརྗོད་པར་དཀའ་བ་མཆོག་གི་ཐུགས་བསྐྱེད་ཕྲིན་ལས་ཟབ་མོས་དབང་ལུང་གདམས་པ་རྣམས་འབད་པ་ཆེན་པོས་བཞེས་ཤིང་བཀའ་ཡི་བསྡུ་བ་ཆེན་པོས་བླ་མེད་རྒྱུད་སྡེ་ནོར་བུ་རིན་པོ་ཆེའི་གྲམ་བུ་བཀའ་བརྒྱུད་སྔགས་མཛོད་ཆེན་པོར་ལེགས་པར་སྡོམས་པ་ཉིད། ཁྱབ་བདག་བླ་མ་སངས་རྒྱས་ཀརྨ་པའི་སྐྱེས་པ་རབས་ཀྱི་ཕྲེང་བ་བཅུ་དྲུག་པ་ཐམས་ཅད་མཁྱེན་པ་རང་བྱུང་རིག་པའི་རྡོ་རྗེས་སྨིན་གྲོལ་ཚང་སྤྲུགས་སུ་བཙལ་བ་ལ་གསུམ། སྨིན་གྲོལ་གྱི་རིམ་པ་དང༌། རྒྱབ་བརྟེན་བཀླག་ལུང༌། གླེགས་བམ་གྱི་བཞུགས་བྱང་ཞར་བྱུང་དུ་སྨོས་པའོ། །དང་པོ་ནི། རྒྱུད་སྡེའི་དབང་གིས་དབུ་འཛུགས་པའི་ཕྱག་ལེན་ལྟར་ན། བླ་སྒྲུབ་དབང་བཞི་ལ་བྱིན་རླབས་སྒོ་འབྱེད་པའི་ཕྱིར་འདིར་གནང༌། ཐོག་མར། མར་ལུགས་དགྱེས་རྡོར་དབང་ཆེན་སྟ་གོན་ཉིན་གཅིག །དངོས་གཞི་ཉིན་གཅིག །ཡུམ་བཀའ་རྡོ་རྗེ་བདག་མེད་མ་ལྷ་མོ་བཅོ་ལྔའི་དབང་ཆེན། མར་ལུགས་དགྱེས་རྡོར་དངོས་སྟ་ཅན་དང༌། ཡུམ་བཀའ་བདག་མེད་ལྷ་མོ་བཅོ་ལྔ་བཅས་བྱམས་མགོན་སི་ཏུ་པདྨ་དབང་མཆོག་གྲུབ་པ་ལས། འཇམ་མགོན་རྡོ་རྗེ་འཆང་ཆོས་ཀྱི་བློ་གྲོས་རིན་པོ་ཆེའི་གསན་སྐབས་རྫོང་སར་བཀྲ་ཤིས་ལྷ་རྩེ་ནས་བཀའ་དྲིན་ཐོབ། དགྱེས་རྡོར་མར་ལུགས་ཀྱི་བསྲེ་འཕོའི་ཁྲིད་ཡིག་འཁྲུལ་མེད་ངེས་གསང་ཞེས་བྱ་བ་ཏཱ་ར་ནཱ་ཐས་མཛད་པའི་ཁྲིད། བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་རིགས་འདུས་པའི་དཀྱིལ་འཁོར་གྱི་དབང་ཆེན་དངོས་གཞི། དུས་མཁྱེན་ཐུགས་དམ་ལྔ་ཚན་ལྔ་ཡི་ཡ་གྱལ། བདེ་མཆོག་ལྔའི་དབང་སྟ་གོན། དངོས་གཞི་དབང་ཆེན་ཕག་མོ་ལྷ་ལྔའི་དབང་ཆེན་མཉན་པ་རིན་པོ་ཆེས་རྒྱལ་དབང་མཁའ་ཁྱབ་རྡོ་རྗེ། བྱམས་མགོན་པདྨཱཏྣྱཏྨཏྟཱཏྨྱཏྟྲོཏྛ ཱཏྨྱཏྙཏྤཱཏྟྲེཏྤཱཏྨནྫཱཏྶྭིཏྲྱཱཏྶྨོཏྣྱཱཏྶྣྱེཏྶྱཱགསུམ་ཀ་ལས་གསན། དེ་གསུམ་ཀས་གསན་ཡུལ་འཇམ་མགོན་བློ་གྲོས་མཐའ་ཡས་པའི་སྡེ། མཉན་པ་རིན་པོ་ཆེ་ལས་བདག་ལ་བཀྲ་ཤིས་ཐོབ་པའོ། །དཔལ་སམ་བྷུ་ཊི་ལས་གསུངས་པའི་བདེ་མཆོག་ཞི་བ་རྡོ་རྗེ་སེམས་དཔའ་རིགས་བསྡུས་པའི་དབང་དངོས་སྟ་ཕྲལ་བ། འཁོར་ལོ་བདེ་མཆོག་རིགས་བསྡུས་འཁོར་ལོའི་སྒྱུར་དྲུག་གི་དབང་དངོས་སྟ་ཕྲལ་བ་ཉིན་གཉིས། བཅོམ་ལྡན་འདས་སངས་རྒྱས་ཐོད་པའི་དབང་དངོས་སྟ་ཕྲལ་བ། དེའི་རྫོགས་རིམ་གྱི་ཁྲིད་ཡིག་ཏཱ་ར་ནཱ་ཐས་མཛད་པའི་ཁྲིད། མཁའ་འགྲོ་གཏོར་ཆེན་འདིར་བྱ། བཅོམ་ལྡན་འདས་རྡོ་རྗེ་གདན་བཞི་ཡབ་བཀའི་དབང་ཆེན་དངོས་སྟ་ཕྲལ་བ། ཡུམ་བཀའ་ཡེ་ཤེས་དབང་ཕྱུག་མའི་དབང་ཆེན། གདན་གཞིའི་ཁྲིད་ཏཱ་ར་ནཱ་ཐས་མཛད་པ། བཅོམ་ལྡན་འདས་མ་ཧཱ་མཱ་ཡ་ལྷ་ལྔའི་དབང་ཆེན་དངོས་ལྟ་ཕྲལ་བ། དེའི་ཁྲིད་ཡིག་རྒྱལ་བའི་ལམ་བཟང་ཏཱ་ར་ནཱ་ཐས་མཛད་པའི་གསུང་ཁྲིད་བཅས་ཀྱིས་མ་རྒྱུད་སྐོར་སོང་ངོ༌། །དེ་ནས་ཕ་རྒྱུད་ལ། དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེའི་དབང་ཆེན་དངོས་སྟ་སོ་སོར་ཕྱེ་བའི་ཉིན་གཉིས་མ། རིམ་ལྔའི་དམར་ཁྲིད་ལེ་ཚན་གསུམ་གྱི་ཁྲིད་འཇམ་དཔལ་གསང་ལྡན་ནམ་མཚན་བརྗོད་རིགས་བསྡུས་པའི་དབང་ཆེན་དངོས་སྟ་སྦྲེལ་བ། བིརཝ་པའི་ལུགས་འཇམ་དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་དབང་ཆེན་དངོས་སྟ་ཕྲལ་བ། མལ་ལོ་བློ་གྲོས་གྲགས་ཀྱི་བཀའ་སྲོལ་ལས་བྱུང་བའི་རྡོ་རྗེ་འཇིགས་བྱེད་ལྷ་དགུའི་དབང་ཆེན་དངོས་སྟ་ཕྲལ་བ། རས་ཆུང་ལུགས་ཕྱག་རྡོར་གཏུམ་པོ་ལྷ་ལྔའི་དབང་ཆེན། རྗེ་དགུ་པའི་དྲག་ཕྲེང་ནང་ཕྱག་རྡོར་གཏུམ་ཆུང༌། རས་ཆུང་ལུགས་ཚེ་དཔག་མེད་གྲུབ་རྒྱལ་མ་ལྷ་གཅིག་བུམ་གཅིག་གི་དབང༌། འཇམ་མགོན་ཡང་སྲིད་དང༌། མཉན་པ་རིན་པོ་ཆེ་ལས་ཀྱང་ཐོབ། དེའི་ཁྲིད་མར་པའི་བཀའ་སྲོལ་ལས་བྱོན་པའི་ཁྱད་འཕགས་ལྷ་གསུམ་ཞེས་རྣམ་རྒྱལ་མ། སྒྲོལ་ལྗང༌། རྡོར་སེམས་གསུམ་གྱི་རྗེས་གནང༌། ཁྱད་འཕགས་ལྷ་གསུམ་འདི་སངས་རྒྱས་མཉན་པ་རིན་པོ་ཆེ་ཀརྨ་བཤད་སྒྲུབ་བསྟན་པའི་ཉི་མ་ལས་ཀྱང་ནོས་པའི་བརྒྱུད་པ། འཇམ་མགོན་བླ་མ་སིཏུ་པདྨ་དབང་མཆོག་ལས་གསན་པའོ། །ཇོ་ལུགས་སྒྲོལ་དཀར་གསུང་ཐུགས་ཀྱི་རྗེས་གནང༌། སྒྲོ་ལ་མ་དངོས་ཀྱིས་རྗེས་སུ་བཟུང་བ། བྱམས་མགོན་པདྨ་དབང་མཆོག་གི་ཞལ་སྔ་ནས་ལན་གཅིག །མཉན་པ་རིན་པོ་ཆེ་ལས་ལན་གཅིག་བཅས་བཀའ་དྲིན་དུ་ཐོབ་པ་དང༌། དེའི་ཚེ་ཁྲིད་དཔལ་ཡེ་ཤེས་མགོན་པོ་གུར་མགོན་རྒྱུད་ལུགས་ཀྱི་རྗེས་གནང༌། རྒྱལ་དབང་རིན་པོ་ཆེས་འདི་གསུང་སྐབས་རྟགས་མཚན་ཆེན་པོ་བྱུང༌། ཀརྨ་ཀཾ་ཚང་གི་བཀའ་སྲོལ་ལས་བྱོན་པ་ཡེ་ཤེས་མགོན་པོ་ཕྱག་བཞི་པའི་རྗེས་གནང༌། དཔལ་ལྡན་ལྷ་མོ་དུད་སོལ་མའི་ཕྱི་སྒྲུབ་རྗེས་གནང་ཐུན་མོང་དང༌། ཐུན་མོང་མིན་པའི་རྗེས་གནང་ནན་ཆགས་མར་གྲགས་པའི་བཀའ་རྒྱ་ཅན། ངན་རྫོང་རས་པའི་སྙན་བརྒྱུད་བཀྲ་ཤིས་ཚེ་རིང་མཆེད་ལྔའི་རྗེས་གནང་བཅས་གྲུབ་བོ། །དེ་ལྟར་རྒྱུད་སྡེའི་དབང་ཆེན་རྣམས་སྔོན་དུ་འགྲོ་བའི་རྗེས་སུ། རྗེས་གནང་རིགས་སྦྱར་བའི་ཕྱག་ལེན་གཅིག་དང༌། སློབ་མ་སྔོན་རྒྱུད་སྡེ་གཞན་གྱི་དབང་བཞི་ཐོབ་ཟིན་པ་ལ། ཐོག་མར་དགེ་བ་ཚེ་ལྷ་རྣམ་གསུམ་དང༌། གཏུམ་ཆུང་སོགས་ཀྱི་རྗེས་གནང་བསྐུར་བའི་རྗེས་སུ། བླ་སྒྲུབ་དང༌། དགྱེས་རྡོར་དབང་ལ་འཇུག་པའི་ཕྱག་ལེན་གཅིག་བཅས། གཉིས་སུ་འཇམ་མགོན་རིན་པོ་ཆེས་གསུངས་པའི་ཕྱག་ལེན་ཕྱི་མ་ལྟར་གནང་བ་ཡིན། གཉིས་པ་རྒྱབ་རྟེན་ལུང་གི་རིམ་པ་སྔགས་མཛོད་པུསྟ་ཀཿ གསུམ་གྱི་གཞུང་ཁ་སྐོང་བཅས་ཚང་མའི་བཀླག་ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། འཇམ་མགོན་རྡོ་རྗེ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ། སིཏུ་པདྨ་དབང་མཆོག་རྒྱལ་པོ། སངས་རྒྱས་མཉན་སྤྲུལ་ཀརྨ་བཤད་སྒྲུབ་བསྟན་པའི་ཉི་མ་ལས་བསྩལ་བའོ། །གསུམ་པ་གླེགས་བམ་གྱི་བཞུགས་བྱང་སྨོས་པ་ལ། ཨོཾ༽ པ་ལ། མར་རྔོག་གསེར་ཆོས་རྒྱུད་སྡེ་རིན་པོ་ཆེ་རྣམས་ཀྱི་གླིང་གཞི་དང་བརྒྱུད་པའི་ཡི་གེ །འཕགས་མ་ཡིད་བཞིན་འཁོར་ལོའི་བརྒྱུད་འདེབས། ༤ རྗེས་གནང་བསྙེན་སྒྲུབ་ཀྱི་ཡི་གེ་ཟླ་བ་འདོད་འཇོ། ༥༥ མཆོད་ཕྲེང༌། ༢ ལྕེ་སྤྱང་སྔོན་མོའི་ལམ་སྲུང༌། ༡ སྨོན་ལམ། ༤ བསྟོད་པ་སྦྲང་རྩིའི་རླབས་ཕྲེང༌། ༣ ཚེ་ཁྲིད། ༢༠ ཚེ་དཔག་གྲུབ་རྒྱལ་ལྷ་གཅིག་བུམ་གཅིག་གི་བྱིན་རླབས་དབང་ཆོག ༡༤ །བསྐྱེད་རྫོགས་ཀྱི་ཁྲིད་ཡིག ༢༢ །ཁྱད་པར་ལྷ་གསུམ་གྱི་སྒྲུབ་ཐབས་རྗེས་གནང༌། གཏུམ་ཆུང་བདག་མདུན་འདོན་འགྲིགས་བུ་ཡིག་ཟིན་བྲིས། ༨ དབང་ཆོག ༥༤ །བླ་མ་མཆོད་པའི་ཆོ་ག ༡༢ །ལྷན་ཐབས་དང་དབང་ཆོག ༡༠ །རྒྱུད་སྡེ་སྤྱིའི་བརྒྱུད་འདེབས། ༡ དགྱེས་རྡོར་སྒྲུབ་ཐབས་དངོས་གྲུབ་ཆར་འབེབས། ༡༧ དེའི་དཀྱིལ་མཆོག་དངོས་གྲུབ་རྒྱ་མཚོ། ༢༨ བསྙེན་པའི་ཟུར་འདེབས། ༢ བཅོམ་ལྡན་འདས་བདག་མེད་མའི་སྒྲུབ་ཐབས། ༡༢ དཀྱིལ་ཆོག་མཁའ་སྤྱོད་ཤིང་རྟ། ༩ རྒྱུན་གྱི་རྣལ་འབྱོར་ཡབ་ཀྱི་དྲན་གཅིག ༥ །ཡུམ་གྱི་དྲན་གཅིག ༢ །བྱད་མ་བཟློག་པའི་མན་ངག ༡ །དགྱེས་པ་རྡོ་རྗེ་རིགས་བསྡུས་པའི་སྒྲུབ་ཐབས་དྲི་མེད་ནོར་བུའི་སྒྲོན་མེ། ༢༠ དཀྱིལ་ཆོག་དྲི་མེད་ནོར་བུའི་ཆུན་པོ། ༣༥ ལས་དང་པོ་པས་བྱ་བའི་རིམ་པ་མདོར་བསྡུས། ༤ ལས་བཞིའི་སྦྱིན་སྲེག ༨ །སྲེག་བླུགས་ཀྱི་ཆོག་བསྡུས་པ། ༣ ཁྲིད་ཡིག་འཁྲུལ་མེད་ངེས་གསང༌། ༣༢ ཀཾ་ཚང་བདེ་མཆོག་ལྷ་ལྔའི་མངོན་དཀྱིལ། ཀཾ་ཚང་ཕག་མོ་ལྷ་ལྔའི་མངོན་དཀྱིལ། བདེ་མཆོག་ཞི་བ་རྡོར་སེམས་རིགས་བསྡུས་ཟུང་འཇུག་སྙེ་མ། ༡༩ དཀྱིལ་ཆོག་ཁ་སྦྱོར་སྙེ་མ། ༣༡ ཐོག་སྲུང་མན་ངག ༥ །རང་བྱིན་རླབས་ཀྱི་དམིགས་པ། བདེ་མཆོག་འཁོར་ལོས་སྒྱུར་དྲུག་གི་ཐབས་ཤེས་སྣང་བྱེད། ༡༢ དཀྱིལ་ཆོག་ཡེ་ཤེས་རྣམ་རོལ། ༢༧ བཅས་བཞུགས། ཨཱཿ༽ པ་ལ། བཅོམ་ལྡན་འདས་རྡོ་རྗེ་གདན་བཞི་ཡབ་བཀའི་སྒྲུབ་ཐབས་སྙིང་གི་ནོར་བུ། ༢༤ དཀྱིལ་ཆོག་རྡོ་རྗེ་རོལ་པའི་དགའ་སྟོན། ༣༤ རྩ་བའི་དཀྱིལ་འཁོར་ཡེ་ཤེས་དབང་ཕྱུག་མ་ལྷ་བཅུ་གསུམ་ཅན་གྱི་སྒྲུབ་ཐབས་བདུད་རྩིའི་སྙེ་མ། ༡༥ དཀྱིལ་ཆོག་བདུད་རྩིའི་ལྗོན་ཤིང༌། ༡༨ རྒྱུན་གྱི་རྣལ་འབྱོར་དྲན་གཅིག ༤ །ཁྲིད་ཡིག ༢༤ །ཆུ་ཡི་མཆོད་སྦྱིན་གྱི་ལག་ལེན། ༥ མེ་ཡི་སྦྱིན་སྲེག་གི་ལག་ལེན། ༧ བཅོམ་ལྡན་འདས་སྒྱུ་འཕྲུལ་ཆེན་མོའི་སྒྲུབ་ཐབས། ༡༣ དཀྱིལ་ཆོག ༢༩ །མིང་གི་དབང་བསྐུར། ༡ ལས་བཞིའི་སྦྱིན་སྲེག ༧ །ཁྲིད་ཡིག ༧ །དྲན་པ་གཅིག་པའི་རྣལ་འབྱོར་ཞར་བྱུང་ལྡེབ། ༤ བཅོམ་ལྡན་འདས་སངས་རྒྱས་ཐོད་པའི་སྒྲུབ་ཐབས་རིན་པོ་ཆེའི་མྱུ་གུ ༡༥ དཀྱིལ་ཆོག་རིན་པོ་ཆེའི་ཆར་སྤྲིན། ༢༥ སངས་རྒྱས་ཐོད་པའི་རྫོགས་རིམ་ཁྲིད། དཔལ་གསང་བ་འདུས་པའི་སྒྲུབ་ཐབས་ཟུང་འཇུག་ལམ་གྱི་སྒྲོན་མ། ༢༩ དེའི་དཀྱིལ་ཆོག་ཟུང་འཇུག་ལམ་གྱི་ཤིང་རྟ། ༣༧ དེའི་དྲན་གཅིག ༢ །ལས་བཞིའི་སྦྱིན་སྲེག ༡༠ །རིམ་ལྔའི་བརྒྱུད་འདེབས། ༤ རིམ་ལྔ་དམར་ཁྲིད། ༢༣ དམར་ཁྲིད་ཀྱི་ཟིན་བྲིས། ༡༨ འཕགས་ལུགས་རིམ་ལྔའི་སྨར་ཁྲིད་གདན་རྫོགས་ཀྱི་ཁྲིད་ཡིག ༡༥ །སྔོན་འགྲོའི་ངག་འདོན་སྟན་ཐོག་གཅིག་མའི་ཉམས་ལེན། ༤ འཇམ་དཔལ་མཚན་བརྗོད་རིགས་བསྡུས་ཀྱི་སྒྲུབ་ཐབས་ཡེ་ཤེས་འབར་བའི་རལ་གྲི ༡༨ དཀྱིལ་ཆོག་གསང་བ་ཀུན་འབྱུང༌། ༢༨ རྣལ་འབྱོར་སྒོམ་པའི་རིམ་པ། ༥ བསྟོད་པ་གླུར་བླངས་བཀླག་པའི་རྒྱུན་གྱི་རྣལ་འབྱོར། ༧ ལས་གཉིས་རྣལ་འབྱོར་དབྱེ་བའི་ཆོ་ག་བཅས། ༈ གླེགས་བམ། ཧཱུྃ༽ པ་ལ། གཤིན་རྗེ་གཤེད་དམར་ནག་སྒྲུབ་ཐབས་བགེགས་འཇོམས་ཡེ་ཤེས་བེ་ཅོན། ༡༤ དཀྱིལ་ཆོག་བདེ་སྐྱོང་བཅུད་ཀྱི་འཕྲུལ་ཞགས། ༣༨ འཇིགས་བྱེད་ལྷ་དགུའི་བདུད་འཇོམས་གྲུབ་པའི་རལ་གྲི ༡༣ དཀྱིལ་ཆོག་བདུད་འདུལ་འཕྲུལ་གྱི་རྣོ་མཚོན། ༣༨ མར་ལུགས་བླ་མེད་རྒྱུད་སྡེ་སྤྱི་ཡི་ཚོགས་མཆོད། ༥ རྒྱུད་སྡེ་སྤྱིའི་དབང་བསྐུར་གྱི་མཚམས་སྦྱོར། གསང་མཚན་སྤྱིའི་རབ་དབྱེ། རྒྱུད་སྡེ་རྣམས་ཀྱི་དབང་བཤད། ༢༣ རྒྱུད་སྡེ་སྤྱིའི་བསྙེན་ཡིག ༦༤ །རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག ༡༡ །མཁའ་འགྲོ་བདེ་མཆོག་གི་ཞིང་སྐྱོང་སྤྱི་དང་འབྱུང་པོ་ཐམས་ཅད་པའི་གཏོར་ཆོག ༡༣ །བདེར་གཤེགས་ཉེར་བསྡུས་ཞེས་མགོན་པོའི་སྤྱི་གཞུང་ཌོམྦི་པས་མཛད་པ་མར་ལོ་ཙཱའི་འགྱུར་ཉུང་ངུ༌། རྡོ་རྗེ་ནག་པོ་ཆེན་པོའི་སྒྲུབ་ཐབས་རྗེས་གནང་བཅས། ཕྱག་བཞི་པ་ལྷ་བཅུ་གསུམ་གྱི་མངོན་རྟོགས་དབང་ཁྲིད། ༩ རྗེས་གནང་དབང་ཆོག །དུད་སོལ་མའི་ཆོས་སྐོར་དཀར་ཆག ༨ །ཕྱི་སྒྲུབ་ཀྱི་རྗེས་གནང༌། ཕྱི་སྒྲུབ་རྗེས་གནང་རྒྱས་པ། གསང་སྒྲུབ་རྗེས་གནང༌། ཐུན་མོང་མིན་པའི་རྗེས་གནང༌། མ་མོའི་སྤྱི་རྒྱུད། དངོས་གྲུབ་འབྱུང་བའི་རྒྱུད། ཕྱི་སྒྲུབ་གཞུང་ཆོག །ཕྱི་སྒྲུབ་རྒྱ་གཞུང་བསྡུས་དོན། ཕྱི་སྒྲུབ་གཞུང་འགྲེལ། བསྙེན་པའི་ཡི་གེ་བླ་མའི་ཞལ་གདམས། ཞལ་གདམས་བསྙེན་སྒྲུབ་ལས་སྦྱོར། ཞལ་གདམས་ཟབ་མོ། ཞལ་གདམས་རྨིས་ལྟས་མ། གསང་སྒྲུབ་ཀྱི་གཞུང༌། དྲག་མོའི་རྐང་ཐང་རྣོ་བའི་མདེའུ། ཡང་སྙིང་བཀོལ་བའི་སྒྲུབ་ཐབས། ཡང་གསང་རྐང་ཐང་དུ་སྒྲུབ་པ། ཚེ་བསོད་རྒྱས་པའི་ལས་ཚོགས། ཐ་དང་ལྟས་ངན་དབབ་པའི་ཡི་གེ །མངོན་ཤེས་དང་པྲ་དབབ་པའི་ཡི་གེ །སྤྱན་འདྲེན་བསྐང་གསོ་གཏོར་གཤེགས་རྣམས་ཀྱི་ཡིག་སྣ། བསྟོད་སྙིང་ཚན། ཕྲིན་ལས་ཀྱི་ལས་བྱང་རྒྱས་པ་ཌཱ་ཀིའི་ཟེའུ་འབྲུ། རྔ་གླིང༌། ཕྲིན་ལས་རྒྱས་པའི་གོ་ཆ་མ་མོ་དགྱེས་རོལ། ༢༨ གཏོར་ཆོག་འབྲིང་པོ་ཡོངས་འདུས་དགའ་ཚལ། ༩ གཏོར་ཆོག་བསྡུས་པ་དབྱར་རྔའི་སྒྲ་དབྱངས། ༤ ཕྱི་སྒྲུབ་ཐུན་མོང་རྗེས་གནང༌། གསང་སྒྲུབ་ཐུན་མོང་མ་ཡིན་པའི་རྗེས་གནང་ནན་ཆགས་མར་གྲགས་པའི་ཡི་གེ །བཀྲ་ཤིས་ཚེ་རིང་མཆེད་ལྔའི་རྩ་གཞུང༌། ༡༡ གཏོར་ཆོག ༡༣ །སྐོང་བ། ༢ ཚེ་གཡང་སྒྲུབ་པའི་ཆོ་ག ༡༣ །རྗེས་གནང་དབང་ཡིག་བཅས་བཞུགས་ཤིང༌། ཟབ་མོའི་གསེར་ཆོས་རིན་པོ་ཆེ་འཇིག་རྟེན་གྱི་ཁམས་ན་རྙེད་པར་དཀའ་བ་འདིའི་ལུང་ཁྲིད་ཀྱི་རིམ་པ། ཉམས་རྟོགས་བྱིན་རླབས་ཀྱི་དྲོད་དང་ལྡན་པ་སོ་སོར་བརྒྱུད་པའི་ཚུལ་ཞིབ་པར་ནི། བརྒྱུད་པའི་ཡི་གེ་རིན་པོ་ཆེ་ཟླ་ཟེར་ལས་མཁྱེན་པར་འཚལ་ལ། བྱིན་རླབས་བརྒྱུད་པའི་ཆུ་བོ་ཀུན་འདུས་གསང་བདག་འཇམ་པའི་རྡོ་རྗེ་བློ་གྲོས་མཐའ་ཡས་པའི་སྡེ། བྱམས་མགོན་ཆོས་ཀྱི་རྒྱལ་པོ་པདྨ་དབང་མཆོག་གྲུབ་པ། རྒྱལ་བའི་དབང་པོ་རང་བྱུང་རིག་པའི་རྡོ་རྗེས་དགྱེས་པ་ཆེན་པོས་སྦས་པའི་གནས་མཆོག་ལྷ་རི་འབྲས་མོ་ལྗོངས་ནས་གནང་བའོ། །ཡང་ན་འཇམ་མགོན་བླ་མ་བློ་གྲོས་མཐའ་ཡས། རྒྱལ་དབང་རྡོ་རྗེ་འཆང་བཅོ་ལྔ་པ་ཀུན་བཟང་མཁའ་ཁྱབ་བདེ་བའི་རྡོ་རྗེ། རྗེ་འདི་ཡབ་སྲས་གཉིས་ཀྱིས་རྒྱུད་སྡེ་ཐམས་ཅད་ཀྱི་ལྗགས་བསྙེན་རྫོགས་རིམ་སྐོར་ཉམས་བཞེས་ཡང་ཡང་གནང་སྟེ་དེས་བླ་གྲོ་ནོར་བུ་མཆོག་སྤྲུལ་ཀརྨ་འགྱུར་མེད་ཚུལ་ཁྲིམས་དམ་ཆོས་དབང་པོ་ལས་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་ལན་གཅིག་ཕྲན་མངྒ་ལས་བཀའ་དྲིན་དུ་ཐོབ་པས། མཐིང་དམར་ཅོད་པན་འཆང་བ་ཟུང་གི་བྱིན་རླབས་ཆུ་བོ་གཅིག་འདྲེས་སུ་གྱུར་པའོ། །དགྱེས་མཛད་ལོ་ཙཱའི་ཟབ་གསང་བདུད་རྩིའི་གཏེར། བཤད་སྒྲུབ་ཆུ་ཀླུང་འབུམ་གྱིས་ཕྱུག་པ་ཡིས། །གྲུབ་པའི་དབང་པོའི་དགའ་ཚལ་དར་བ་དང༌། །འཇམ་མགོན་ཆོས་རྗེའི་བསྟན་པ་རྒྱས་གྱུར་ཅིག །འདི་ལྟར་ཕུན་ཚོགས་ལྔ་ཡི་དཔལ་མངའ་བ། །དེར་ནི་རྒྱལ་བསྟན་སྙིང་པོ་དར་བ་དང༌། །འགྲོ་བའི་བདེ་སྐྱིད་རྫོགས་ལྡན་དུས་བཞིན་འཕེལ། །དེ་བཞིན་རྟག་ཁྱབ་སྣང་བ་འབར་གྱུར་ཅིག །རྒྱལ་དབང་ཡབ་སྲས་ཞབས་པད་རྡོ་རྗེའི་ཁམས། །མི་འགྱུར་རྟག་ཏུ་བརྟན་པའི་བཀྲ་ཤིས་ཀྱིས། །ཚོམ་བུ་གཅིག་ཏུ་འབྲེལ་བའི་ཡིད་ཅན་རྣམས། །ཕྱམ་གཅིག་རྫོགས་སངས་རྒྱས་པའི་བཀྲ་ཤིས་ཤོག། །།}} | ||
</onlyinclude> | </onlyinclude> |
Revision as of 13:38, 14 December 2022
🚧 This website is under continued development. We appreciate your patience!
བཀའ་བརྒྱུད་སྔགས་མཛོད་ཀྱི་དབང་ཁྲིད་ལུང་དང་བཅས་པའི་ཐོབ་ཡིག་རྒྱུད་སྡེ་རིན་པོ་ཆེའི་གཏེར་མཛོད།
Wylie title | bka' brgyud sngags mdzod kyi dbang khrid lung dang bcas pa'i thob yig rgyud sde rin po che'i gter mdzod | |
---|---|---|
Location | dil mgo mkhyen brtse bka' 'bum Volume 25, Text 2, Pages 21-29 (Folios 1a to 9a2) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | Khyentse, Dilgo. Bka' brgyud sngags mdzod kyi dbang khrid lung dang bcas pa'i thob yig rgyud sde rin po che'i gter mdzod. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 25: 21-29. Delhi: Shechen Publications, 1994. | |
Genre | Records of Teachings Received - thob yig - gsan yig |