DKR-KABUM-04-NGA-011: Difference between revisions
From Khyentse Lineage - A Tsadra Foundation Project
DKR-KABUM-04-NGA-011
WikiBot2015 (talk | contribs) No edit summary |
WikiBot2015 (talk | contribs) No edit summary |
||
Line 1: | Line 1: | ||
{{ | {{Khyentse Metadata | ||
|classification=Tibetan Publications | |||
< | |subclass=Tibetan Texts | ||
|collectiontitle=dil mgo mkhyen brtse bka' 'bum | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|totalvolumes=25 | |||
|author=Khyentse, Dilgo | |||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=NGA | |||
|textnuminvol=011 | |||
|pdflink=File:DKR-KABUM-04-NGA-011.pdf | |||
}} | |||
{{Header}} | |||
<h1 style="font-size: 24px !important;">Tibetan Text</h1> | |||
<onlyinclude> | <onlyinclude> | ||
{{TibP|༄༅། །རྟེན་མཆོག་འགྱུར་མེད་གླིང་གི་དཔེ་མཛོད་བཀའ་གཏེར་ལེགས་བཤད་མཛོད་ཀྱི་དཀར་ཆག་དཔྱོད་ལྡན་དགྱེས་པའི་གླིང་བུ་ཞེས་བྱ་བ་བཞུགས་སོ།། | |||
ཨོཾ་སྭ་སྟི་པྲཛྙཱ་བྷྱཿ རིན་ཆེན་གསུམ་གྱི་མཚན་སྙན་ནོར་བུའི་སྤྲིན། །རབ་མཛེས་མི་མཇེད་སྐལ་བཟང་རྣམ་འདྲེན་མཆོག །རྩོད་དུས་སྐྱབས་གཅིག་རྒྱལ་བ་ཤཱཀྱའི་ཏོག །ཆོས་དང་དགེ་འདུན་རྒྱ་མཚོ་སྤྱི་བོས་མཆོད། །ངོ་མཚར་རྨད་བྱུང་ཐུབ་པའི་རིང་ལུགས་ཚལ། །མཛེས་བྱེད་འཕགས་བོད་མཁས་གྲུབ་འདབ་སྟོང་གི །རྣམ་ཐར་སྦྲང་རྩིའི་ཡིད་ཀྱི་བརྟན་འཕྲོག་པས། །དད་བརྒྱའི་བུང་བ་དབང་མེད་གཡོ་བཞིན་འདུད། །ཁྱད་པར་གསུང་གི་རྡོ་རྗེ་འོད་མཚན་སྟོང༌། །རྡོ་རྗེ་ཐེག་པའི་ཤིང་རྟའི་སློབ་དཔོན་ཚུལ། །མཚོ་སྐྱེས་རྡོ་རྗེ་མཁན་སློབ་རྗེ་འབངས་ཀྱི། །བཀའ་དྲིན་དྲན་པས་ལག་པད་སྙིང་གར་ཟླུམ། །མཆོྃག་བརྙེས་མངོན་གྱུརྃ་གྲུབ་པའི་སྒྱུ་སྐར་དབུས། །བསྟན་འགྲོ་ཕན་བདེ་ཆེན་པོའི་དབུགས་འབྱིན་གྱིས། །རྣམ་ཐར་བདུད་རྩིའི་གླིངྃ་བཞིར་བརྡལ་བྃའི་མགོན། །གཏེར་ཆེན་བླ་མ་ཚེ་རབས་གཏན་གྱི་སྐྱབས། །དེ་ཚུལ་བཀའ་གཏེར་སྲོལ་འབྱེད་མཁྱེན་བརྩེའི་དབང༌། །འཇིག་རྟེན་གསུམ་གྱི་མིག་གཅིག་བློ་མཐའ་ཡས། །སྤྲུལ་པའི་རྒྱལ་སྲས་མཁས་གྲུབ་གསེར་རིའི་ཕྲེང༌། །ཁྱབ་བདག་བླ་མ་བཅས་ལ་གུས་བཏུད་ནས། །རྒྱལ་བསྟན་སྙིང་པོ་དེ་འཛིན་འཕགས་པའི་ནོར། །ལུང་རྟོགས་ཕྱི་མོ་གསུང་རབ་གླེགས་བམ་ཕྲེང༌། །གཅིག་བསྡུས་དད་པས་བསགས་པའི་བཞུགས་བྱང་ཚུལ། །དཔྱོད་ལྡན་དགྱེས་པའི་གླིང་བུ་ལེན་ལ་སྤྲོ། །ཞེས་ཤིས་པ་བརྗོད་པའི་ཚིག་གི་མེ་ཏོག་སིལ་མ་འཐོར་ནས་དགེ་ལེགས་ཀྱི་ལམ་ཡངས་པར་ཕྱེས་ནས་དེ་ཡང་འཇིག་རྟེན་གསུམ་ན་དགེ་མཚན་གྱི་དཔལ་མི་ཟད་པའི་འབྱུང་གནས་ནི་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉིད་ཡིན་ཏེ་རྒྱལ་སྲས་ཞི་བ་ལྷས། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་བསྟི་དང༌། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །ཅེས་བསྔགས་ལ་བསྟན་པ་དེའི་སྙིང་པོ་ནི་མགོན་པོ་བྱམས་པས། སྐྱབས་ནི་སངས་རྒྱས་ཉག་གཅིག་ཉིད། །སྐྱོབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཡིན། །ཞེས་དང༌། དྲིན་ལན་བསབ་པ་ལས། སངས་རྒྱས་ཀྱི་སྟོན་པ་ནི་ཆོས་ཡིན་ཏེ་ཆོས་ལས་སངས་རྒྱས་སྐྱེས་པས་ན། ཆོས་སངས་རྒྱས་ཀྱི་ཡུམ་ཡིན་ཏེ་སངས་རྒྱས་ནི་ཆོས་ལ་གནས་སོ། །ཞེས་དང༌། ཆོས་ཡང་དག་པར་སྡུད་པ་ལས། སངས་རྒྱས་བཅོམ་ལྡན་འདས་དེ་དག་ནི་ཡོན་ཏན་མཐའ་ཡས་མུ་མེད་པ་སྟེ། དེ་དག་ནི་ཆོས་ལས་སྐྱེས་པ། ཆོས་ཀྱི་བགོ་སྐལ་ལ་སྤྱོད་པ། ཆོས་ཀྱི་སྤྲུལ་པ། ཆོས་ཀྱི་བདག་པོར་གྱུར་པ། ཆོས་ལས་བྱུང་བ། ཆོས་ཀྱི་སྤྱོད་ཡུལ། ཆོས་ལ་རྟོན་པ། ཆོས་ཀྱིས་གྲུབ་པ་སྟེ་ཞེས་གསུངས། དེ་ལྟ་བུའི་ཆོས་དཀོན་མཆོག་མཐར་ཐུག་ནི་ལུང་གི་ཆོས་སྡེ་སྣོད་གསུམ་དང༌། རྟོགས་པའི་ཆོས་བསླབ་པ་གསུམ་ཡིན་ཀྱང་ལུང་རྟོགས་ཀྱི་དོན་སྟོན་ཞིང༌། དེའི་སྲོག་འཛིན་པ་ནི་ཡི་གེ་སྟེ་སྙན་གྱི་གོང་རྒྱན་ལས། །ལྔ་བརྒྱའི་ཐ་མར་གྱུར་པ་ན། །ང་ནི་ཡི་གེའི་གཟུགས་སུ་སྣང༌། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པ་གྱིས། །ཞེས་གསུང་པས་དཀོན་མཆོག་ལ་དད་པའི་གང་ཟག་དམ་པ་རྣམས་གསུང་རབ་ལ་དད་གུས་སྲི་ཞུ་མཛད་པ་སྟེ་ཡི་གེའི་དོན་ཁོ་ན་ལའང་མདོ་སྔགས་ཀྱི་བཤད་པ་རྒྱ་ཆེར་ཡོད་ཀྱང་སྙིང་པོ་ལྟ་བུ་གངས་ལྗོངས་བཤད་པའི་ཀ་ཆེན་བཅུ་ཡི་ཐོག་མ་ཐོན་མི་འཇམ་པའི་དབྱངས་ཀྱིས། བསླབ་པ་ཀུན་གྱི་གཞི་འཛིན་ཅིང༌། །རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། །མིང་ཚིག་བརྗོད་པ་ཀུན་གྱི་གཞི། །ཡི་གེའི་སྦྱོར་བ་བཤད་པར་བྱ། །ཞེས་གསུངས་པ་ལྟར་འཕགས་བོད་ཀྱི་སྐྱེས་ཆེན་དམ་པ་རྣམས་གང་དུ་བཞུགས་པའི་གཙུག་ལག་ཁང་ཐམས་ཅད་དུ་གླེགས་བམ་གྱི་ཕྲེང་བ་བརྒྱ་སྟོང་དུ་མས་མཛེས་པ་ཁོ་ན་མཐོང་ཐོས་སུ་གྱུར་བཞིན་པ་ལྟར། རྩོད་དུས་རྙོགས་པ་ལྔས་སྨག་གིས་ཁྱབ་པའི་དུས་སུ་ཡང་སངས་རྒྱས་ཀྱི་ཕྲིན་ལས་གློག་གི་འོད་སྣང་ལ་བརྟེན་ནས་སྟོན་པ་སངས་རྒྱས་ཀྱི་བཀའ་དང༌། རྗེས་འཇུག་མཁས་པའི་ལེགས་བཤད་ཀྱི་གླེགས་བམ་དུ་མས་འཛམ་གླིང་གི་རྒྱ་མཚོའི་མཐར་འཁོད་པའི་འབྱོར་ལྡན་ཕྱི་རྒྱལ་ཁབ་དུ་མའི་གྲོང་ཁྱེར་མཛེས་པའི་སྐྱ་རེངས་ཤར་བ་ན་བསྟན་དང་བསྟན་འཛིན་གྱི་ཉིན་བྱེད་ཕྲིན་ལས་ཀྱི་སྣང་བ་དང་འཆར་བའི་གོ་སྐབས་ཐོག་མར་བྱེ་བའི་བདག་རྐྱེན་བསིལ་ལྡན་ཁ་བ་རི་བའི་བསྟན་འགྲོ་རྒུད་པའི་སྐལ་ངན་གྱིས་གདུང་ནས་གངས་ཅན་མགོན་པོ་པད་དཀར་འཆང་བ་རིས་མེད་བསྟན་འཛིན་དུ་མའི་འཁོར་དང་བཅས་འཕགས་ཡུལ་དུ་ཞབས་སེན་གྱི་པདྨོ་བཀོད་པའི་ཚེ་སློབ་དཔོན་ཤནྟ་དེ་ཝས། འཁོར་གྱི་དཀྱིལ་འཁོར་ཡོད་དགུ་ཡང༌། །བྱང་ཆུབ་སེམས་དཔའ་མང་པོ་དག །རང་གི་ལེགས་པས་ས་སྟེང་དག །བརྒྱན་པར་མཛེས་པས་བཞུགས་གྱུར་ཅིག །ཞེས་གསུང་པ་ལྟར་ཟབ་གཏེར་གྱི་སྟོན་པ་རྒྱ་མཚོའི་དབུས་ན་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཐོ་བས་སྙིགས་མའི་བསྟན་འགྲོ་སྐྱོབ་པའི་མགོན་དཔུང་མཚུངས་པ་མེད་པ་མཆོག་གྱུར་བདེ་ཆེན་གླིང་པའི་གསུང་གི་གདན་ས་རྟེན་མཆོག་འགྱུར་མེད་གླིང་གི་མཆོག་སྤྲུལ་རིན་པོ་ཆེ་འཇམ་དབྱངས་སྨྲ་བའི་ཟླ་བ་ལ་རང་གནས་སུ་གདན་སར་བཞུགས་པའི་སྐབས་ན་གཏེར་སྲུང་བཙན་རྗེ་ཤུ་བ་སྲོག་ཟན་གྱིས་ལུང་བསྟན་པ་བཞིན། མཚོ་སྐྱེས་རྒྱལ་བ་གཉིས་པས་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ཚོམ་བུ་ཚོགས་སུ་སྒྲུབ་པས་ས་ཧོ་རའི་རྒྱལ་ཁམས་ལན་གཅིག་སྟོང་པར་མཛད་པ་དང་ཁད་ཀྱི་ཉེ་བའི་སྨན་ལྗོངས། བསིལ་ལྡན་གྱི་རི་དང༌། རྡོ་རྗེའི་བྲག །ལྷུན་ཆགས་པའི་ས་འཛིན་གྱི་ཕྲེང་བ་ཡིད་དུ་འོང་བས་བསྐོར་ཞིང༌། སྨན་ཤིང་མེ་ཏོག་གི་དགའ་ཚལ་དང༌། གཙང་མའི་ཆུ་རྒྱུན་དུ་མས་རེ་ཁཱ་བཀྲ་བར་གསང་སྔགས་རྡོ་རྗེའི་ཕོ་བྲང་གསར་པ་ཐུགས་བསྐྱེད་དང་སྨོན་ལམ་གྱི་རང་འབྲས་དུས་སུ་སྨིན་པའི་རེ་ཁཱ་གསལ་བའི་ཚེ་ཇི་སྐད་དུ། ཡོན་ཏན་ལྡན་ན་སྐྱེ་བོ་ཀུན། །མ་བསྡུས་པར་ཡང་ངང་གིས་འདུ། །དྲི་ལྡན་མེ་ཏོག་རྒྱང་རིང་ཡང༌། །བུང་བ་སྤྲིན་གྱི་ཚོགས་བཞིན་འདུ། །ཞེས་གསུངས་པ་ལྟར་གདན་ས་དེ་ཉིད་དང་ཧ་ཅང་རིང་བ་མ་ཡིན་པར་གསར་རྙིང་གི་དགེ་འདུན་གྱི་སྡེ་དུ་མ་གནས་འཆའ་ཞིང་སྤོང་ཀློག་ལས་གསུམ་ལ་བརྩོན་པར་གྱུར་བའི་ཚེ་རྗེ་ཉིད་ཀྱི་བྱང་འདྲེན་གཙུག་ལག་རིག་པའི་གནས་དུ་མ་ལ་བློ་གྲོས་ཆེ་ཞིང༌། གཏེར་ཆེན་བླ་མ་ཡབ་སྲས་ཀྱི་རིང་ལུགས་ལ་རྒྱུ་མཚན་ཤེས་པའི་དད་མོས་ཀྱི་གོ་ཆ་དང་ལྡན་པ་པདྨ་བཀྲ་ཤིས་ཀྱིས་ཐབས་དང་འབད་རྩོལ་དུ་མས་བསྟན་པའི་བཙས་སུ་བསྐྲུན་པའི་གསུང་རབ་རིན་པོ་ཆེའི་མཛོད་བཀའ་གཏེར་ལེགས་བཤད་གླིང་དུ་བཞུགས་པའི་གླེགས་བམ་གྱི་བཞུགས་བྱང་ལ། ༈ དེ་ལྟར་བཞུགས་པ་འདི་དག་ཀྱང་འཇིག་རྟེན་ན་རིན་ཐང་ཆེ་བར་གྲགས་ཤིང༌། བླུན་པོ་དག་གིས་སྲོག་ལས་ཕངས་སེམས་ཆེ་བའི་རྡོ་རྗེ་ཕ་ལམ་དང༌། གསེར་གྱི་རི་དང་རྒྱ་མཚོ་ལྟ་བུས་ཀྱང་འདི་ལྟ་བུའི་ཆོས་ཚན་གཅིག་གི་རིན་ཐང་ལ་དཔྱད་ན་མི་མཚོན་པ་བློ་ལྡན་ཆོས་རྗེས་འབྲང་བའི་སྐྱེས་བུས་ཤེས་ཀྱང་དུས་ཀྱི་སྙིགས་མ་གལ་ཆུང་ཆོས་ལ་བྱེད་པའི་སྐབས་འདིར་གཙུག་ལག་ཁང་ཞེས་མིང་དོན་མཚུངས་པ་དཔེ་མཛོད་འདིས་བྱེད་པ་བོད་རང་བཙན་སྐབས་རྭ་སྦྲེངས་དང༌། རི་བོ་ཆེའི་གདན་ས་དང༌། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཉི་ཟླ་ཟུང་གི་སྐུ་ཚེ་གཅིག་གི་ཕྱག་དཔེ་མཇལ་མྱོང་བ་རྣམས་མཁྱེན་པ་ལྟར་ལགས་པས་ཕྱག་མཆོད་བཀུར་བསྟི་གང་ཡང་མེད་པ་ཐལ་རྡུལ་གྱི་གསེབ་དུ་བྱི་བ་དང་འབུའི་ཁ་ཟས་དང༌། ཤེས་རབ་དང་ལྡན་པས་ཐོས་བསམ་སྒོམ་པའི་རྟེན་དང༌། སྐྱེས་བུ་དམ་པས་འཆད་ཉན་སོགས་ལས་དབང་ཡོད་དུས་ཀྱང་ཆུད་ཟོས་མི་བྱེད་པ་ཤིན་ཏུ་གལ་ཆེ་བ་དང༌། བཀའ་གཏེར་གྱི་སྲུང་མ་རྣམས་ལའང་རྒྱལ་བ་རིག་འཛིན་བརྒྱུད་པས་གཉེར་དུ་གཏད་ཡོད་པས་ཀུན་གྱི་ཐུགས་ངེས་དང༌། འདི་ལྟར་བགྱིས་པའི་ཕན་ཡོན་ཀྱང་ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། །གང་ཞིག་གང་ལས་རྣམ་འདྲེན་སྟོབས་བཅུ་འབྱུང་འགྱུར་བ། །བདེ་བར་གཤེགས་པའི་ཡུམ་འདི་གླེགས་བམ་ལ་བྲིས་ཏེ། །འཆང་ཞིང་མེ་ཏོག་བྱུག་པས་བསྟི་སྟངས་བྱེད་གྱུར་ན། །མཆོད་རྟེན་བྱས་མཆོད་བསོད་ནམས་དེས་ནི་ཆར་མི་ཕོད། །ཞེས་དང༌། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་ཀྱང༌། དེ་བཞིན་གཤེགས་པའི་དམ་ཆོས་སུས་འཛིན་པ། །དེ་ནི་དེ་བཞིན་གཤེགས་ལ་བྱས་བཟོ་ཡིན། །རྒྱལ་བ་རྣམས་ཀྱི་མཛོད་འཛིན་ཡིད་བརྟན་ཅིང༌། །ཕྱོགས་བཅུ་རྣམས་སུ་སངས་རྒྱས་མཆོད་པ་ཡིན། །སངས་རྒྱས་སྤྱན་གྱིས་གཟིགས་པའི་ཞིང་མང་པོ། །རིན་ཆེན་བཀང་སྟེ་དེ་བཞིན་གཤེགས་ལ་ཕུལ། །ཟད་པའི་དུས་ན་ཇི་ལྟར་ཆོས་འཛིན་ལྟར། །བསོད་ནམས་ཕུང་པོ་དེ་ཙམ་འཕེལ་བ་ཡིན། །ཞེས་དང༌། མདོ་ལས། །གང་ཞིག་སངས་རྒྱས་སྟོང་རྣམས་དང༌། །སངས་རྒྱས་བྱེ་བ་བགྲང་དག་ལ། །བསྐལ་པ་གང་གའི་བྱེ་མ་སྙེད། །དེ་སྙེད་བསྐལ་བར་གྱུར་བ་ལས། །འཇིག་རྟེན་མགོན་གྱིས་གསུངས་པ་ཡི། །དམ་ཆོས་འཇིག་ཚེ་གང་ཞིག་གིས། །ཉིན་དང་མཚན་དུ་སུས་འཛིན་པ། །དེ་ནི་བསོད་ནམས་ཁྱད་པར་འཕགས། །ཆོས་འཇིག་དུས་སུ་ཆོས་འཛིན་པ། །སྔོན་གྱི་སངས་རྒྱས་ཐམས་ཅད་དང༌། །སངས་རྒྱས་ཡེ་ཤེས་རབ་གནས་པ། །ང་ལ་དེས་ནི་མཆོད་པ་བྱེད། །ཅེས་སོགས་དང༌། ཇི་ལྟར་བསྐལ་པ་བྱེ་བ་སྟོང་བརྗོད་ཀྱང༌། །སངས་རྒྱས་ཡེ་ཤེས་མཐའ་རྫོགས་མ་ཡིན་ལྟར། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པའི། །བསོད་ནམས་དེ་ཡང་ཚད་ཡོད་མ་ཡིན་ནོ། །ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར་རོ། །རྒྱལ་བའི་དབང་པོས་ཐུགས་བསྐྱེད་རི་དབང་སྤོར། །ངོ་མཚར་རྣམ་ཐར་ལེགས་བྲིས་གྲོང་ཁྱེར་མཛེས། །ཕན་བདེའི་ཀུན་དགའི་འདོད་དགུ་མི་ཟད་པས། །བསྟན་འགྲོའི་གདུང་སེལ་འཕགས་པའི་ཆོས་ཉིད་གྲུབ། །དེས་ན་དཔའ་ཆེན་སྲས་བཅས་གང་བཞུགས་དེར། །པདྨའི་མཚོ་ལ་ངང་པ་ཇི་བཞིན་དུ། །རྒྱལ་བསྟན་རིན་ཆེན་ལེགས་ཚོགས་ཀུན་འདུས་པས། །ཁབ་ལེན་རྡོ་ཡི་ནུས་པས་ལྕགས་ཕྱེ་བཞིན། །སྟོན་པའི་རྒྱལ་ཚབ་མཁས་གྲུབ་རིག་འཛིན་གྱི། །རྟོགས་པ་ཆོས་སྐུའི་མཆོད་སྡོང་རྨད་བྱུང་བ། །མཁས་པའི་མགུལ་རྒྱན་གྲུབ་པའི་ཕྱག་རྗེས་ཀྱིས། །ཆོས་མཛོད་ནོར་བུའི་ཕོ་བྲང་འདི་རྨད་བྱུང༌། །སྡེ་སྣོད་ལུང་གི་འཆད་ཉན་ལྷའི་རྔ་ཆེན། །བསླབ་གསུམ་རྟོགས་པའི་མཁའ་ལ་དོ་ཧའི་འབྲུག །སྒྲོག་བྱེད་བསྟན་པའི་སྲོག་སྙིང་འདི་ཡིན་པས། །ལྷ་མིའི་གཅེས་ནོར་ཀུན་ལས་ཁྱད་འཕགས་ངེས། །ལེགས་བྱས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་འདིས། །རིག་འཛིན་བླ་མ་དགྱེས་པའི་བཞེད་པ་སྐོང༌། །དེ་འཛིན་སྐྱེས་ཆེན་ཡོངས་ཀྱི་ཕྱག་ན་མཛེས། །སྤོང་ཀློག་བདུད་རྩིའི་དལ་འབབ་རྒྱས་གྱུར་ཅིག །ལས་འདི་རྩོམ་པ་པོ་ཡང་ཚེ་རབས་ཀུན། །ཆོས་མིག་རྡུལ་བྲལ་ཐོས་བསམ་སྒོམ་མཐར་སོན། །མཆོག་གི་གཏེར་ཆེན་ཆོས་རྗེའི་རིང་ལུགས་ལ། །བྱེད་པའི་སྤོབས་པ་རབ་ཏུ་བརྟན་གྱུར་ཅིག །ཚེ་རབས་ཀུན་ཏུ་ཆོས་བཟང་རིན་ཆེན་མིག །རབ་ཡངས་ཟབ་གསང་བདུད་རྩིའི་མཛོད་བརྟོལ་ཏེ། །ཆོས་བཞིན་སྤྱོད་པས་དོན་གཉིས་ལྷུན་གྲུབ་པའི། །དགེ་མཚན་འཇིག་རྟེན་གསུམ་ན་མཛེས་གྱུར་ཅིག །ཅེས་པའང་དད་བློ་ལྷག་པའི་བསམ་པ་རྨད་བྱུང་རྟེན་མཆོག་འགྱུར་མེད་གླིང་གི་བྱང་འདྲེན་པདྨ་བཀྲ་ཤིས་ཀྱིས་ཆེད་དུ་བསྐུལ་བ་བཞིན་དམ་ཆོས་བདུད་རྩིའི་དཔལ་ལ་རྟག་ཏུ་དད་པའི་རྒན་འཁོགས་འཇམ་དཔལ་དགའ་བའི་བཤེས་གཉེན་བཀྲ་ཤིས་དཔལ་འབྱོར་མིང་གིས་རྗེས་སུ་ཡི་རང་པའི་ལྷག་བསམ་གྱིས་མཐའ་འདུལ་གྱི་གཙུག་ལག་སྤ་གྲོ་སྐྱེར་ཆུ་དང་འདབས་འབྲེལ་བའི་རང་གནས་བསམ་གཏན་ཁང་བུ་ཕུན་ཚོགས་བཀྲ་ཤིས་དགའ་འཁྱིལ་དུ་སུག་བྲིས་བགྱིས་པ་རྒྱལ་བསྟན་རིན་པོ་ཆེའི་མངའ་ཐང་དར་རྒྱས་ཡུན་དུ་གནས་པའི་དཔལ་དུ་གྱུར་ཅིག། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | |||
</ | <headertabs/> | ||
== Footnotes == | |||
<references/> | |||
==Other Information== | |||
{{Footer}} | |||
[[Category:DKR-KABUM-Volume-04-NGA]] | [[Category:DKR-KABUM-Volume-04-NGA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] | ||
Revision as of 12:32, 7 November 2022
🚧 This website is under continued development. We appreciate your patience!
Previous Text"NGA" is not a number. Back to Volume Page"NGA" is not a number.Next Text "NGA" is not a number.
Wylie title | ||
---|---|---|
Location | dil mgo mkhyen brtse bka' 'bum Volume Expression error: Unrecognized word "nga"., Text 11, Pages (Folios to ) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | ||
Genre | "NGA" is not a number. |
"NGA" is not a number.