JKW-KABAB-17-TSA-009: Difference between revisions

From Khyentse Lineage - A Tsadra Foundation Project
JKW-KABAB-17-TSA-009
m (Text replacement - "|editor=rdzong sar blo gros phun tshogs" to "|editor=")
m (Text replacement - "|editortib=རྫོང་སར་བློ་གྲོས་ཕུན་ཚོགས་" to "|editortib=")
Line 12: Line 12:
|authortib=ཕུན་ཚོགས་རྣམ་རྒྱལ་
|authortib=ཕུན་ཚོགས་རྣམ་རྒྱལ་
|sourcerevealertib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
|sourcerevealertib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
|editortib=རྫོང་སར་བློ་གྲོས་ཕུན་ཚོགས་
|editortib=
|tibgenre=Transference of Consciousness - 'pho ba
|tibgenre=Transference of Consciousness - 'pho ba
|terma=Yes
|terma=Yes

Revision as of 16:10, 2 March 2022

ལྕེ་བཙུན་སྙིང་གི་ཐིག་ལེ་ལས། འཕོ་བ་མ་སྒོམ་སངས་རྒྱས།
Wylie title lce btsun snying gi thig le las 'pho ba ma sgom sangs rgyas JKW-KABAB-17-TSA-009.pdf
Location mkhyen brtse'i bka' babs
Volume 17, Text 9, Pages 89-90 (Folios 1a1 to 1b5)
Author ཕུན་ཚོགས་རྣམ་རྒྱལ་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Citation Phun tshogs rnam rgyal. lce btsun snying gi thig le las 'pho ba ma sgom sangs rgyas. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 17: 89-90. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Transference of Consciousness - 'pho ba
Cycle ལྕེ་བཙུན་ཆེན་པོའི་བི་མ་ལའི་ཟབ་ཏིག་ (lce btsun chen po'i bi ma la'i zab tig)
Karchag page JKW-KABAB-Volume-17-TSA-Karchag
Colophon

ཞེས་ལྕེ་བཙུན་སྙིང་ཐིག་ཁྲིད་གཞུང་རྣམས་ཀྱི་དགོངས་པ་བཞིན་ངག་འདོན་འཆི་མེད་འཕགས་མའི་སྙིང་ཐིག་གི་བླ་སྒྲུབ་བྱིན་རླབས་སྙིང་པོའི་འཕོ་བའི་གདམས་པ་གཏེར་གཞུང་ཉིད་ལ་ཞལ་སྒྱུར་ཕྲན་བུ་བཅས་བློ་གྲོས་ཕུན་ཚོགས་ཀྱིས་བསྐུལ་ངོར་ཁམས་བྱེའི་མཁན་མིང་ཐུབ་བསྟན་རབ་གསལ་ནས་སྤེལ་བ་དགེ།

zhes lce btsun snying thig khrid gzhung rnams kyi dgongs pa bzhin ngag 'don 'chi med 'phags ma'i snying thig gi bla sgrub byin rlabs snying po'i 'pho ba'i gdams pa gter gzhung nyid la zhal sgyur phran bu bcas blo gros phun tshogs kyis bskul ngor khams bye'i mkhan ming thub bstan rab gsal nas spel ba dge

[edit]
ལྕེ་བཙུན་སྙིང་གི་ཐིག་ལེ་ལས། །འཕོ་བ་མ་སྒོམ་སངས་རྒྱས་བཞུགས། །སྔོན་འགྲོ་རྒྱས་པ་གཞུང་བཞིན་ནམ། །བསྡུ་ན་རང་ཉིད་སྐད་ཅིག་གིས། །སེངྒེ་དབང་ཕྱུག་སྐུར་གསལ་བས། ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་ནི། ཨཿ ཀ་དག་གཏིང་གསལ་ཆོས་ཀྱི་སྐུ༔ ལྷུན་གྲུབ་རིག་རྩལ་ལོངས་སྤྱོད་རྫོགས༔ དབྱེར་མེད་ཐུགས་རྗེ་སྤྲུལ་པའི་སྐུར༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ལན་གསུམ། ཧོ༔ གློ་བུར་འཕྲུལ་པའི་འགྲོ་བ་ཀུན༔ གདོད་ནས་རྣམ་དག་དབྱིངས་ཀྱི་ངང་༔ ཡེ་ཤེས་རིག་པས་ཏང་གྲོལ་ཕྱིར༔ ཅོག་བཞག་ཆེན་པོར་སེམས་བསྐྱེད་དོ༔ ལན་གསུམ། ཨ༔ གཞི་ལུས་སྣང་སྟོང་འོད་ཀྱི་ཁོངས༔ དབུ་མའི་ཡར་སྣེ་ཚངས་བུག་ཧར༔ མར་སྣེ་ལྟེ་འོག་སོར་བཞིར་ཟླུམ༔ སྙིང་གར་ཚིགས་ཀྱིས་བཀག་པའི་སྟེང་༔ རླུང་སེམས་དབྱེར་མེད་ངོ་བོ་ཨ༔ དཀར་ཞིང་གསལ་ལ་མཚེར་བ་ཉིད༔ འོད་ལྔའི་ཐིག་ལེའི་སྦུབས་སུ་གསལ༔ སྤྱི་བོར་རྩ་བའི་བླ་མ་ནི༔ སཻཾ་ཧེ་ཤྭ་རའི་རྣམ་པ་ལ༔ རྩ་གསུམ་རྒྱ་མཚོས་སྐོར་བར་གསལ༔ མོས་གུས་དྲག་པོས་གསོལ་བ་གདབ༔ ཨེ་མ་ཧོ༔ མཁའ་ཁྱབ་རྩ་གསུམ་ཞི་ཁྲོ་རབ་འབྱམས་དང་༔ དབྱེར་མེད་ཁྱབ་བདག་དཔལ་ལྡན་བླ་མ་ལ༔ གསོལ་བ་འདེབས་སོ་ཐུགས་རྗེའི་ལྕགས་ཀྱུ་ཟུངས༔ རྣམ་ཤེས་དྭངས་མ་དབུ་མའི་ལམ་ནས་དྲོངས༔ ཐུགས་ཡིད་གཅིག་འདྲེས་དགོངས་པས་བྱིན་གྱིས་རློབས༔ སྒྲིབ་གཉིས་གཟུང་འཛིན་འཆིང་བ་དབྱིངས་སུ་ཞི༔ ཟབ་ལམ་འཕོ་བས་མཁའ་སྤྱོད་བགྲོད་པ་དང་༔ འཇའ་ལུས་ཆོས་སྐུ་འགྲུབ་པར་བྱིན་གྱིས་རློབས༔ ལན་གསུམ་གྱི་རྗེས་ཚིག་རྐང་ཐ་མ་ལན་གསུམ་བསྐྱར། རླུང་གནད་འོག་རླུང་དྲག་ཏུ་དྲངས༔ སྟེང་རླུང་སྟེང་དུ་འཕུལ་ཞིང་འཕངས༔ དམིགས་གནད་ཨ་ཡིག་ཉིད་ལ་བསྡུས༔ ཕཊ་བརྗོད་ཨ་དེ་ཚངས་བུག་ནས༔ བླ་མའི་ཐུགས་ཀར་འཕོས་པར་བསམ༔ སླར་ཡང་ཀ་ཞེས་མར་ཕབ་པས༔ སྔར་བཞིན་སྙིང་གར་འཁོད་པར་མོས༔ དེ་ལྟར་ཡང་དང་ཡང་དུ་བསྐྱར༔ མཐར་ནི་བླ་མ་འཁོར་དང་བཅས༔ འཆི་མེད་བདུད་རྩིའི་རྣམ་པར་ཞུ༔ སྙིང་གའི་ཨ་ལ་སིབ་ཀྱིས་ཐིམ༔ ཚངས་བུག་འོད་ཟེར་དྲྭ་བས་བཀག༔ རྡོ་རྗེའི་སྲོག་རྩ་འགྲུབ་པར་བསམ༔ བསྔོ་སྨོན་ཤིས་བརྗོད་སྤྱི་ལྟར་བྱ། སྤྱི་བོ་ཟ་ཞིང་སྐྲངས་པ་དང་༔ ཆུ་སེར་འཛག་སོགས་རྟགས་བྱུང་ན༔ དམིགས་པ་མ་བརྗེད་སྟག་ཏུ་བསྐྱངས༔ ནམ་ཞིང་དུས་ལ་བབས་པའི་ཚེ༔ རླུང་སེམས་བླ་མའི་ཐུགས་ཀར་འཕོ༔ བླ་མ་འོག་མིན་གཤེགས་པར་བསམ༔ བྱ་རྩོལ་སྤྲོ་བསྡུ་མེད་པར་བཞག༔ ངེས་པར་མཁའ་སྤྱོད་ལ་སོགས་ཀྱི༔ གོ་འཕང་མཆོག་ཏུ་དབུགས་འབྱིན་འགྱུར༔ ཞེས་ལྕེ་བཙུན་སྙིང་ཐིག་ཁྲིད་གཞུང་རྣམས་ཀྱི་དགོངས་པ་བཞིན་ངག་འདོན་འཆི་མེད་འཕགས་མའི་སྙིང་ཐིག་གི་བླ་སྒྲུབ་བྱིན་རླབས་སྙིང་པོའི་འཕོ་བའི་གདམས་པ་གཏེར་གཞུང་ཉིད་ལ་ཞལ་སྒྱུར་ཕྲན་བུ་བཅས་བློ་གྲོས་ཕུན་ཚོགས་ཀྱིས་བསྐུལ་ངོར་ཁམས་བྱེའི་མཁན་མིང་ཐུབ་བསྟན་རབ་གསལ་ནས་སྤེལ་བ་དགེ། །།
[edit]

lce btsun snying gi thig le las/__/'pho ba ma sgom sangs rgyas bzhugs/__/sngon 'gro rgyas pa gzhung bzhin nam/__/bsdu na rang nyid skad cig gis/__/seng+ge dbang phyug skur gsal bas/__thog mar skyabs 'gro sems bskyed ni/__aH_ka dag gting gsal chos kyi sku:__lhun grub rig rtsal longs spyod rdzogs:__dbyer med thugs rje sprul pa'i skur:__rang ngo shes pas skyabs su mchi:__lan gsum/__ho:__glo bur 'phrul pa'i 'gro ba kun:__gdod nas rnam dag dbyings kyi ngang :__ye shes rig pas tang grol phyir:__cog bzhag chen por sems bskyed do:__lan gsum/__a:__gzhi lus snang stong 'od kyi khongs:__dbu ma'i yar sne tshangs bug har:__mar sne lte 'og sor bzhir zlum:__snying gar tshigs kyis bkag pa'i steng :__rlung sems dbyer med ngo bo a:__dkar zhing gsal la mtsher ba nyid:__'od lnga'i thig le'i sbubs su gsal:__spyi bor rtsa ba'i bla ma ni:__saiM he shwa ra'i rnam pa la:__rtsa gsum rgya mtshos skor bar gsal:__mos gus drag pos gsol ba gdab:__e ma ho:__mkha' khyab rtsa gsum zhi khro rab 'byams dang :__dbyer med khyab bdag dpal ldan bla ma la:__gsol ba 'debs so thugs rje'i lcags kyu zungs:__rnam shes dwangs ma dbu ma'i lam nas drongs:__thugs yid gcig 'dres dgongs pas byin gyis rlobs:__sgrib gnyis gzung 'dzin 'ching ba dbyings su zhi:__zab lam 'pho bas mkha' spyod bgrod pa dang :__'ja' lus chos sku 'grub par byin gyis rlobs:__lan gsum gyi rjes tshig rkang tha ma lan gsum bskyar/__rlung gnad 'og rlung drag tu drangs:__steng rlung steng du 'phul zhing 'phangs:__dmigs gnad a yig nyid la bsdus:__phaT brjod a de tshangs bug nas:__bla ma'i thugs kar 'phos par bsam:__slar yang ka zhes mar phab pas:__sngar bzhin snying gar 'khod par mos:__de ltar yang dang yang du bskyar:__mthar ni bla ma 'khor dang bcas:__'chi med bdud rtsi'i rnam par zhu:__snying ga'i a la sib kyis thim:__tshangs bug 'od zer drwa bas bkag:__rdo rje'i srog rtsa 'grub par bsam:__bsngo smon shis brjod spyi ltar bya/__spyi bo za zhing skrangs pa dang :__chu ser 'dzag sogs rtags byung na:__dmigs pa ma brjed stag tu bskyangs:__nam zhing dus la babs pa'i tshe:__rlung sems bla ma'i thugs kar 'pho:__bla ma 'og min gshegs par bsam:__bya rtsol spro bsdu med par bzhag:__nges par mkha' spyod la sogs kyi:__go 'phang mchog tu dbugs 'byin 'gyur:__zhes lce btsun snying thig khrid gzhung rnams kyi dgongs pa bzhin ngag 'don 'chi med 'phags ma'i snying thig gi bla sgrub byin rlabs snying po'i 'pho ba'i gdams pa gter gzhung nyid la zhal sgyur phran bu bcas blo gros phun tshogs kyis bskul ngor khams bye'i mkhan ming thub bstan rab gsal nas spel ba dge/__//

Footnotes

Other Information