JKCL-KABUM-09-TA-033: Difference between revisions

From Khyentse Lineage - A Tsadra Foundation Project
JKCL-KABUM-09-TA-033
No edit summary
No edit summary
Line 14: Line 14:
|jkcloutline=Eleven
|jkcloutline=Eleven
|deity=pad+ma drag po
|deity=pad+ma drag po
|cycle=zab gsang pad+ma'i yang thig
|cycle=zab gsang pad+ma'i yang tig
|cycletib=ཟབ་གསང་པདྨའི་ཡང་ཏིག་
|cycletib=ཟབ་གསང་པདྨའི་ཡང་ཏིག་
|language=Tibetan
|language=Tibetan

Revision as of 09:57, 19 December 2022

ཟབ་གསང་པདྨའི་ཡང་ཐིག་ལས༔ པདྨ་དྲག་པོའི་སྨད་ལས་གདབ་ཁ་དང་༔ བཟློག་པ་མཚོན་ཆ་འཁོར་ལོ༔
Wylie title zab gsang pad+ma'i yang thig las: pad+ma drag po'i smad las gdab kha dang: bzlog pa mtshon cha 'khor lo: JKCL-KABUM-09-TA-033.pdf
Location chos kyi blo gros bka' 'bum
Volume 9, Text 33, Pages 519-526 (Folios 1a1 to 4b1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
Citation 'jam dbyangs mkhyen brtse chos kyi blo gros. zab gsang pad+ma'i yang thig las pad+ma drag po'i smad las gdab kha dang: bzlog pa mtshon cha 'khor lo. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 9: 519-526. Bir, H.P.: Khyentse Labrang, 2012.
Genre
Cycle ཟབ་གསང་པདྨའི་ཡང་ཏིག་ (zab gsang pad+ma'i yang tig)
Deity pad+ma drag po
Colophon

ཆུ་སྦྲུལ་ས་ག་ཟླ་བའི་ཚེས་༧ལ་བྲིས་པའོ།།

chu sbrul sa ga zla ba'i tshes 7la bris pa'o//

1 Texts in this Section (sde tshan or chos tshan)

[edit]
ཟབ་གསང་པདྨའི་ཡང་ཐིག་ལས༔ པདྨ་དྲག་པོའི་སྨད་ལས་གདབ་ཁ་དང་༔ བཟློག་པ་མཚོན་ཆ་འཁོར་ལོ་བཞུགས༔ པདྨ་དྲག་པོར་ཕྱག་འཚལ་ལོ༔ དྲག་པོ་རྒྱུ་བའི་དུས་ཚེས་ཀྱི༔ ཉི་མ་ནག་པོར་ཕུང་ཤུལ་གྱི༔ ས་ལ་སྟེགས་བུ་བཅས་བྱས་ཏེ༔ དུར་ཁྲོད་རུས་ཆེན་རོ་སོལ་གྱིས༔ བྱུགས་པའི་དབུས་སུ་མ་ཏྲྃ་གཟུགས༔ དེ་ཡི་ལྟེ་བར་ལྕགས་འཁོར་ནི༔ རྩིབ་བཞི་རྣོ་བར་ཧཱུྃ་སྔོན་དང་༔ དེ་ཕྱིར་ཁྲག་ཁྱམས་རྡོ་རྭ་དང་༔ མེ་རླུང་འཁྲུགས་པས་མཚན་པ་བྲི༔ དེ་དབུས་ཤ་ཁྲག་རུས་པ་དང་༔ འབྲུ་ནག་དག་ལས་དྲག་གཏོར་ནི༔ ཐོག་མདིལ་དབྱིབས་ཅན་ཁྲུ་གང་བར༔ དྲེགས་པའི་གཏོར་ཆུང་བརྒྱད་ཀྱིས་བསྐོར༔ མཚེ་ཡུངས་རྩང་དང་ཤིང་ཚེར་གྱིས༔ རྭ་བས་བསྐོར་ཞིང་རྔམ་བརྗིད་ལྡན༔ རི་རོད་གད་ཆད་ལ་སོགས་དང་༔ དགྲ་བགེགས་བྱད་མའི་དྲི་མ་རྣམས༔ བསྲེས་པའི་རཱུ་པ་ཉམས་ཐག་པ༔ སོར་བཞིའམ་ནི་བརྒྱད་དག་བྱ༔ དེ་ཡི་སྙིང་གར་མཚོན་འཁོར་ནི༔ རྩིབས་བཞིའི་ལྟེ་བར་དགྲ་བགེགས་གཟུགས༔ སྙིང་གར་ནྲྀ་ཏྲི་ཁ་སྤྲོད་དང་། ལིངྒའི་གནས་ཡིག་སྤྱི་ལྟར་བཀོད༔ ལྟེ་སྲོག་མཐའ་ལ་ཆེ་གེ་ནི༔ ཁུག་ཛཿཤཱ་ཏཱུཾ་སྲོག་ལ་རྦད༔ ཅེས་པ་དག་གིས་བསྐོར་བྱས་ལ༔ ཛཿཁྲམ་གྱིས་ནི་མཐའ་ནས་འཁྱུད༔ དུག་ཁྲུས་བསད་ལྟེབས་བྱད་ཐག་འཆིང་༔ དེ་ཡི་སྣེ་ནས་ཚོན་སྐུད་ནི༔ དྲངས་ཏེ་གཏོར་ཆེན་འོག་ཏུ་དྲངས༔ སྔགས་པས་ཡི་དམ་སྒྲུབ་མཆོད་དང་༔ སྲུང་བ་རང་ཉིད་ཡི་དམ་དུ༔ གསལ་བའི་ཐུགས་སྲོག་ལས་འཕྲོས་པའི༔ འོད་ཀྱིས་རྩ་གསུམ་རྒྱལ་བ་དང་༔ དྲེགས་ཚོགས་སྤྱན་དྲངས་འོད་དུ་ཞུ༔ ཕྱག་མཚན་ལྔ་དང་ལྕགས་སྡིག་གི༔ སྲུང་བའི་གུར་ཁང་ཆེན་པོར་མོས༔ རྩ་བའི་སྔགས་མཐར༔ མ་མ་བཛྲ་རཀྵ་རཀྵ་ཧཱུྃ་ཏིཥྛ་བྷྲཱུྃ༔ ཞེས་བཏགས་སྲུང་དམིགས་ནན་ཏན་བྱ༔ མདུན་གྱི་གཏོར་མ་ལྷར་བསྐྱེད་ཅིང་༔ ལས་ཀྱི་རིམ་པ་ཅི་རིགས་བྱ༔ མདུན་བསྐྱེད་དྲག་པོའི་ལྷ་ཚོགས་ཀྱི༔ ཐུགས་ཀར་སྔགས་ཀྱིས་བསྐོར་བ་ལས༔ འོད་འཕྲོས་བྱིན་བསྡུ་ནུས་བསྐྱེད་དེ༔ མཐུ་རྩལ་རབ་རྫོགས་དབང་ཐོབ་བསམ༔ སླར་ཡང་འོད་འཕྲོས་གདུག་པ་ཅན༔ སྡེ་བརྒྱད་སྲོག་གི་སྙིང་པོ་འཕྲོག༔ ཐུགས་ཀའི་སྔགས་ཀྱི་འོག་ཏུ་བསྟིམ༔ དྲེགས་པའི་སྲོག་དབང་འདུས་པར་བསམ༔ ཐུགས་ནས་འོད་ཟེར་མཚོན་ཆ་ལྟར༔ རབ་ཏུ་རྩུབ་པ་འཕྲོས་པ་ཡིས༔ དགྲ་བགེགས་གནོད་བྱེད་ཐམས་ཅད་རྣམས༔ བཀུག་ནས་འབར་བའི་ཧོམ་དུ་བཅུག༔ སྙིང་གར་ཟངས་ལྕགས་འཁོར་ལོ་གཉིས༔ གཡས་གཡོན་དྲག་ཏུ་འཁོར་བ་དང་༔ སྡིག་པས་ཧབ་ཧབ་ཟོས་པར་བསམ༔ རྩ་སྔགས་དྲེགས་པའི་ཤམ་བུ་དང་༔ པདྨ་ཀྲོ་དྷཱི་དྲག་སྔགས་ནི༔ མེ་དཔུང་ཐོག་སེར་འབབ་ལྟར་བཟླ༔ གཏོར་ཆུང་གནོད་བྱེད་འགུགས་བསྟིམ་གྱི༔ དམག་ལྟོའི་ཚུལ་དུ་ཕུལ་བ་དང་༔ དྲག་པོའི་ཕྲིན་ལས་བཙེལ་བར་བྱ༔ ཆོས་སྐྱོང་གཏོར་བསྐང་ཚོགས་མཆོད་འབུལ༔ དེ་ནས་གསེར་སྐྱེམས་གཟུ་དཔང་ནི༔ ལས་རིམ་གཞན་ནས་འབྱུང་ལྟར་ལ༔ ཧཱུྃ༔ མི་མངོན་དབྱིངས་ན་བཞུགས་པ་ཡི༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི༔ ཐུགས་དམ་བསྐུལ་ལོ་མཐུ་དཔུང་བསྐྱེད༔ ཉམས་པ་བསྒྲལ་བའི་དུས་ལ་བབ༔ རྔ་ཡབ་ལངྐ་པཱུ་རི་ནས༔ བླ་མ་དྲག་པོའི་ལྷ་ཚོགས་རྣམས༔ ཐུགས་རྗེའི་མཐུ་རྩལ་རབ་བསྐྱེད་དེ༔ དེང་འདིར་བསྐུལ་ལོ་དགོངས་པར་མཛོད༔ བདག་ཅག་བྱང་ཆུབ་སྒྲུབ་པ་ལ༔ བར་དུ་གཅོད་པའི་བདུད་དགྲ་དང་༔ བསྟན་ལ་གནོད་ཅིང་འཚེ་བ་ཡི༔ ཀླ་ཀློ་འབྱུང་པོའི་དཔུང་ཚོགས་རྣམས༔ ད་ལྟ་བསྒྲལ་བའི་དུས་ལ་བབ༔ ཐུགས་དམ་མ་གཡེལ་ས་མ་ཡ༔ ཁྱེད་རྣམས་གཟུ་དང་དཔང་མཛོད་ལ༔ བདེན་རྫུན་གཉིས་ཀྱི་ཤན་ཐང་འབྱེད༔ བདག་ཅག་མ་ཉེས་མ་ཡོའོ༔ འདི་ལ་སྐྱོབ་པ་སུ་ཞིག་ཡོད༔ ཉམས་པ་སྒྲོལ་བའི་དུས་འདི་ཡིན༔ ཕྱིས་ནས་ཁྱེད་ཀྱི་མཐུ་རྩལ་གྱིས༔ དགོས་པ་ཆུང་ཞིང་དེ་བས་ན༔ ད་ལྟ་ཉིད་དུ་མངོན་སྤྱོད་ཀྱི༔ ཕྲིན་ལས་དྲག་པོ་མཛད་དུ་གསོལ༔ ཧོམ་བསྐྱེད་དགུག་གཞུག་དྲག་ཏུ་བྱ༔ ཛ༔ ལྕགས་ཀྱུ་ཅན་གྱིས་སྙིང་ནས་ཟུངས༔ ཧཱུྃ༔ ཞགས་པ་ཅན་གྱིས་སྐེ་ནས་སྡོམས༔ བྃཿལྕགས་སྒྲོག་ཅན་གྱིས་ཡན་ལག་ཆིངས༔ ཧོཿདྲིལ་བུ་ཅན་གྱིས་མྱོས་སུ་ཆུག༔ ནྲྀ་ཏྲི་དགྲ་བགེགས་ཆེ་གེ་མོ་ཨཱ་ཀཪྵ་ཡ་ཛཿཛཿཧཱུྃ་བྃ་ཧོཿཡང་ཡང་བརྗོད༔ བྱ་འུག་སྒྲོ་དང་དུད་པས་བདུག༔ དབྱེ་བྱེད་ཕོ་ཉ་ཆེན་མོ་ཡི༔ རྫས་དང་སྔགས་ཀྱི་དགྲ་གདོན་གྱི༔ ལྷ་དང་སྲུང་མ་ཐམས་ཅད་ནི༔ དབང་མེད་ཕྲལ་ཏེ་མཐུ་མེད་མོས༔ ཛཿཔྲ་ཝེ་ཤ་ཡ་ཕཊ༔ ཨཱ་ཝེ་ཤ་ཡ་ཨཱཿཐུན་རྫས་དུག་ཁྲག་གཏིག་བྱས་ལ༔ ཧཱུྃ་བྷྱོ༔ ཕོ་ཉ་སྲིན་པོ་ཁྲོས་པ་ཡི༔ མྱོས་བྱེད་དུག་ཁྲག་ཆར་འབེབས་པས༔ ཉམས་པ་དྲན་མྱོས་བཀྲག་མདངས་ཉམས༔ སྐྱབས་བྲལ་མགོན་མེད་གྱུར་པར་མོས༔ ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་མཱ་ར་ཡ་རྦད༔ དེ་ནས་ཕུར་བུ་ཐོགས་བྱས་ལ༔ གདིང་གསུམ་གསལ་བ་གསུམ་དང་ནི༔ ཚེ་ཁྲུས་དགོངས་པས་བཏབ་བྱས་ལ༔ ཧཱུྃ༔ པདྨ་དྲག་པོ་ཀཱི་ལ་ཡ༔ སྐུ་སྟོད་ཁྲོ་བོ་ཆེན་པོའི་སྐུ༔ སྐུ་སྨད་ལྕགས་སྲེག་ཕུར་བུ་ཡིས༔ དགྲ་གདོན་བགེགས་ཀྱི་སྙིང་ཁར་བཏབ༔ རྣམ་ཤེས་ཆོས་དབྱིངས་ཀློང་དུ་ཕཊ༔ རྩ་བའི་སྔགས་དང་དྲག་སྔགས་ཀྱི༔ སྙིང་ག་གཙོར་བྱས་གནས་རྣམས་ལ༔ བཏབ་སྟེ་འཚིངས་པ་གསུམ་ལྡན་མོས༔ ཐུན་རྫས་སྣ་ཚོགས་ཆར་དབབ་ལ༔ ཧཱུྃ༔ དྲག་པོའི་ལྷ་ཚོགས་ཐམས་ཅད་ལས༔ ཕོ་ཉ་མང་པོ་སྐར་ལྟར་འཁྲུགས༔ དགྲ་བགེགས་གཟུགས་ཕུང་རྡུལ་དུ་རློག༔ ཨོཾ་པདྨ་ཀྲོ་དྷ་དགྲ་བགེགས་མཱ་ར་ཡ་མཱ་ར་ཡ་ད་ཧ་ད་ཧ་པ་ཙ་པ་ཙ་གྷྲྀ་ཧྞ་གྷྲྀ་ཧྞ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ འབར་བའི་རལ་གྲིས་དུམ་བུར་གཏུབ༔ ཧཱུྃ་བྷྱོ༔ ཉམས་པའི་གཟུགས་ཕུང་ཡེ་ཤེས་ཀྱི༔ རལ་གྲི་རྣོ་དབལ་འབར་བ་ཡིས༔ དུམ་བུར་གཏུབ་ཅིང་སྐྱེ་རྒྱུན་གཅོད༔ མིང་གི་ལྷག་མ་མེད་པར་གྱུར༔ ཨོཾ་པདྨ་ཀྲོ་དྷ་དགྲ་བགེགས་ཚིནྡྷ་ཡ་ཚིནྡྷ་ཡ་ཧཱུྃ་ཕཊ༔ ཤ་ཁྲག་བདུད་རྩིར་སྤར་བྱས་ཏེ༔ ཧཱུྃ༔ དྲག་པོའི་ལྷ་ཚོགས་རྔམས་པའི་ཞལ༔ གྲུ་གསུམ་གནམ་ས་ལྟར་གདངས་པར༔ དགྲ་གདོན་ཤ་ཁྲག་རུས་གསུམ་སྟོབས༔ ཆེམ་ཆེམ་བཞེས་ཤིག་ཁ་རཾ་ཁཱ་ཧི༔ རྩ་སྔགས་མཐར༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དེ་ནས་དུག་ཁྲག་གཏོར་མ་དང་༔ ཁྲག་སྐྱེམས་བཤམས་ཤིང་རྔེའུ་ཆུང་བརྡུངས༔ བཟློག་པའི་ཕྲིན་ལས་བཅོལ་བ་ནི༔ ཧཱུྃ་ཧྲཱིཿགྲུ་གསུམ་སྨུག་ནག་འབར་བའི་དཀྱིལ་འཁོར་ནས༔ པདྨ་དྲག་པོ་ཡབ་ཡུམ་སྲས་འཁོར་བཅས༔ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ བསྐུལ་ལོ་བསྐུལ་ལོ་དྲག་པོའི་ལས་ལ་བསྐུལ༔ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ༔ ཧཱུྃ་ཧྲཱིཿདཀྱིལ་འཁོར་གཙོ་མཆོག་གུ་རུ་དྲག་པོའི་སྐུ༔ རྔམ་བརྗིད་ཁྲོས་པའི་ངར་སྐད་ཕྱོགས་བཅུར་སྒྲོགས༔ འབར་བའི་མཚོན་ཆ་སྣ་ཚོགས་འཕྲོ་བ་དང་༔ སྐུ་མཆོག་རྔམ་ཞིང་བརྗིད་པའི་ཉམས་ལྡན་པས༔ དགྲ་གདོན་ཤ་ཁྲག་མཆོད་པ་འདི་བཞེས་ལ༔ གནོད་བྱེད་རྒྱལ་འགོང་མཐའ་བཞིའི་དམག་དཔུང་ཟློག༔ འབྱུང་བ་གཡོ་འཁྲུགས་ཕྱི་ནང་བར་ཆད་ཟློག༔ རྩ་རླུང་ཐིག་ལེའི་འདུ་བ་འཁྲུགས་པ་ཟློག༔ བན་བོན་མུ་སྟེགས་ཕྱི་པའི་ངན་སྔགས་ཟློག༔ མནན་བསྲེགས་འཕང་དང་འཕྲུལ་འཁོར་ཐམས་ཅད་ཟློག༔ རྨི་ལྟས་མཚན་ངན་སྐེག་སྲི་ཐམས་ཅད་ཟློག༔ ལྟས་ངན་གློ་བུར་ཡེ་འདྲོག་ཐམས་ཅད་ཟློག༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློགཿབསྒྱུར་རོ་ཆགས་ཆེ་ཉམས་ང་དགྲ་ལ་བསྒྱུར༔ ཟློག་བསྒྱུར་བཅོལ་པའི་ཕྲིན་ལས་མཛད་དུ་གསོལ༔ ཧཱུྃ༔ གཉིས་མེད་སྦྱོར་བའི་ཡུམ་མཆོག་མཐིང་འོད་འབར༔ ཁྲོ་མོའི་ཆས་ལྡན་ཡབ་ལ་དགྱེས་པར་འཁྲིལ༔ ཨཱ་རལླི་དང་ཧི་ཧིའི་སྒྲ་ཆེན་སྒྲོགས༔ སྤྲུལ་པའི་ཁྲོ་མོ་སྐར་ལྟར་འཁྲུགས་པ་ཡིས༔ དགྲ་གདོན་ཤ་ཁྲག༴ སོགས་འགྲེས། ཧཱུྃ་ཡཿཔདྨ་དྲག་པོའི་སྐུ་ཡི་དཀྱིལ་འཁོར་ནས༔ འཇམ་དཔལ་གཤིན་རྗེའི་ལྷ་ཚོགས་དབྱིངས་ནས་བཞེངས༔ གཤིན་རྗེ་བྱེ་བ་འབུམ་སྡེའི་ཚོགས་བཅས་ཀྱིས༔ དགྲ་གདོན༴ ཧཱུྃ་ཧྲཱིཿཔདྨ་དྲག་པོའི་གསུང་གི་དཀྱིལ་འཁོར་ནས༔ དབང་ཆེན་རྟ་མཆོག་སྤྲུལ་པའི་ཚོགས་བཅས་ཀྱིས༔ དགྲ་གདོན༴ ཧཱུྃ་ཧཱུྃཿཔདྨ་དྲག་པོའི་ཐུགས་ཀྱི་དཀྱིལ་འཁོར་ནས༔ དཔལ་ཆེན་གསང་བདག་ཧེ་རུ་ཀ་ཡི་ཚོགས༔ ཐུགས་མཆོག་རིགས་ཀྱི་ཁྲོ་བོ་ཁྲོ་མོ་རྣམས༔ དགྲ་གདོན༴ ཧཱུྃ་བྃ༔ པདྨ་དྲག་པོའི་ཡོན་ཏན་དཀྱིལ་འཁོར་ནས༔ བདུད་འདུལ་ཁྲོ་མོ་དབྱིངས་ཕྱུག་སྡེ་ལྔའི་ཚོགས༔ དྷཱ་ཀི་བྱེ་བ་འབུམ་གྱི་འཁོར་ཚོགས་རྣམས༔ དགྲ་གདོན༴ ཧཱུྃ་ཡཿཔདྨ་དྲག་པོའི་ཕྲིན་ལས་དཀྱིལ་འཁོར་ནས༔ ཁྲོ་རྒྱལ་ཡཀྵ་མེ་དབལ་ལྷ་ཚོགས་རྣམས༔ དགྲ་གདོན༴ ཧཱུྃ་ཧྲཱིཿགཙོ་མཆོག་སྐུ་ཡི་གནས་ལྔའི་ཁྲོ་ཆེན་ལྔ༔ གསེར་ལྕགས་དུང་གཡུ་ཟངས་ཀྱི་སྡིག་པ་ལྔ༔ མགོ་དགུ་རྭ་ནི་བཅོ་བརྒྱད་ལྡན་པ་ཡི༔ མ་རུང་གདུག་པའི་གཟུགས་ཅན་འཁོར་བཅས་རྣམས༔ དགྲ་གདོན༴ ཧཱུྃ་ཧྲཱིཿགཞན་ཡང་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ༔ རྩ་གསུམ་ཆོས་སྐྱོང་ནོར་ལྷ་གཏེར་བདག་ཚོགས༔ སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་རྣམས༔ དགྲ་གདོན༴ ཧཱུྃ་ཁྲོཾ༔ དཔལ་ཆེན་པདྨ་དྲག་པོའི་དབུ་གཙུག་གི༔ ཡེ་ཤེས་བྱ་ཁྱུང་སྒྲོ་གཤོག་མཆུ་སྡེར་གྱིས༔ གདུག་པའི་ཀླུ་རིགས་ཞལ་དུ་འདྲེན་མཛད་ཅིང་༔ ཀྲང་ཀྲང་ཀྲིང་ཀྲིང་སྒྲོ་གཤོག་མེ་འབར་བའི༔ སྤྲུལ་པའི་ཁྱུང་ཆེན་ཡང་སྤྲུལ་ཚོགས་དང་བཅས༔ དགྲ་གདོན༴ དེ་ནས་བྷྱོ་ཡི་གདབ་པ་དང་༔ ལྟས་ངན་བཟློག་པ་སྤྱི་ལྟར་བྱ༔ ཟོར་ཆེན་ཡེ་ཤེས་ནམ་མཁར་བཏེགས༔ གསེར་བསྐུལ་གཟུ་དཔང་སྒོ་དབྱེ་ཞིང་༔ དགྲ་བགེགས་དམིགས་བྱ་འབེན་དུ་བཅས༔ ཧཱུྃ་བྷྱོ༔ དགོངས་སུ་གསོལ་ལོ་གསན་དུ་གསོལ༔ དམ་ཉམས་སྡིག་ཆེན་དགྲ་བོ་རྣམས༔ སངས་རྒྱས་བསྟན་བཤིག་དཀོན་མཆོག་སྨད༔ དགེ་འདུན་འདུ་སྒོ་འཕྲོག་པ་དང་༔ རྣལ་འབྱོར་ཚེ་སྲོག་ལ་གཟན་ཅིང་༔ བྱང་ཆུབ་སྒྲུབ་ལ་བར་དུ་གཅོད༔ འཇིག་རྟེན་མི་བདེ་བྱེད་པ་ཡི༔ ལོག་ལྟའི་དཔུང་ཚོགས་སྡེ་བཅས་ལ༔ དྲག་པོ་ཁྲོས་པའི་ང་རོ་ཡི༔ གཏོར་ཟོར་མེ་དང་ནད་མཚོན་གྱི༔ འབར་བ་འདི་ཉིད་བརྒྱབ་པ་ཡིས༔ ལུས་སེམས་ཐལ་བའི་རྡུལ་བཞིན་རློགས༔ དགྲ་དཔུང་བདུན་བརྒྱུད་རྩད་ནས་ཆོད༔ ཡུལ་མཁར་ཁང་ཁྱིམ་རྨིངས་མེད་གཏོར༔ རྡུལ་ཕྲན་ཕྱེ་མར་འཐག་པ་དང་༔ སྡུག་བསྔལ་ཉམས་སུ་མྱོངས་སུ་ཆུག༔ བསྟན་དགྲའི་སྙིང་ལ་མཱ་ར་ཡ༔ བྷྱོ་བྷྱོ་བཟློག༔ དྲག་སྔགས་བཟླ་བཞིན་འཕང་བར་བྱ༔ ཁ་ཕུང་རྗས་མེད་གཏོར་བར་བསམ༔ སྲུང་འཁོར་བསྒོམ་ཞིང་ཕྱི་ལམ་བཅད༔ སྒོ་དྲུང་མནན་པས་ལྡང་མེད་བྱ༔ ཚེ་འགུགས་མཆོད་བསྟོད་ལ་སོགས་པ༔ རྗེས་ཀྱི་རིམ་པ་གཞུང་བཞིན་བྱ༔ དེས་ནི་བདུད་དང་བསྟན་དགྲ་རྣམས༔ ཚར་གཅོད་མིང་ཡང་མི་གྲགས་འགྱུར༔ ཨེ་མ་པདྨ་ཁྲག་འཐུང་གི༔ བཟློག་པའི་བྱང་བུ་བརྡ་ཡི་རྐྱེན༔ རིག་འཛིན་དཔའ་བོའི་སྙིང་ལ་སད༔ སྐལ་ལྡན་འགའ་ཡི་དོན་དུ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཆུ་སྦྲུལ་ས་ག་ཟླ་བའི་ཚེས་༧ལ་བྲིས་པའོ།། །།

Footnotes

Other Information