JKCL-KABUM-07-JA-032: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 10: Line 10:
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
|associatedpeople=Kantalipa
|associatedpeople=Kantalipa
|associatedpeopletib=ཚེམ་བུ་པ་
|associatedpeopletib=ཚེམ་བུ་པ་དར་མ་འོད་ཟེར་
|tibgenre=Feast Offering - tshogs mchod - tshogs kyi 'khor lo
|tibgenre=Feast Offering - tshogs mchod - tshogs kyi 'khor lo
|terma=No
|terma=No

Revision as of 12:22, 13 October 2023

ཐུགས་ཆེན་ཚེམ་བུ་ལུགས་ཀྱི་སྒྲུབས་ཐབས་དང་འབྲེལ་བའི་ཚོགས་མཆོད་ཉུང་ངུ་བསོད་ནམས་གྲུ་ཆར།
Wylie title thugs chen tshem bu lugs kyi sgrubs thabs dang 'brel ba'i tshogs mchod nyung ngu bsod nams gru char JKCL-KABUM-07-JA-032.pdf
Location chos kyi blo gros bka' 'bum
Volume 7, Text 32, Pages 565-570 (Folios 1a1 to 3b5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People ཚེམ་བུ་པ་དར་མ་འོད་ཟེར་ (Kantalipa)
Citation 'jam dbyangs mkhyen brtse chos kyi blo gros. thugs chen tshem bu lugs kyi sgrubs thabs dang 'brel ba'i tshogs mchod nyung ngu bsod nams gru char. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 7: 565-570. Bir, H.P.: Khyentse Labrang, 2012.
Genre Feast Offering - tshogs mchod - tshogs kyi 'khor lo
Cycle ཐུགས་ཆེན་དམར་ཁྲིད་ཚེམ་བུ་ལུགས་ (thugs chen dmar khrid tshem bu lugs)
Deity thugs rje chen po
Colophon
  • First colophon page 569: །ཅེས་པའང་གདོང་སྣ་ཆོས་རྗེ་ཕན་བདེས་གསུང་ངོར་ཆོས་ཀྱི་བློ་གྲོས་པས་བྲིས་པ་ཤུབྷཾ།།
  • Second colophon page 569: །ཅེས་པའང་ཆོས་ཀྱི་བློ་གྲོས་པས་སོ།།
  • Third colophon page 570: །ཞེས་པའང་གཞོན་ནུ་མཁྱེན་བརྩེའི་མིང་ཅན་གྱི་བློ་མཚོ་ལས་བྱུང་བའོ།།
  • First colophon page 569: /ces pa'ang gdong sna chos rje phan bdes gsung ngor chos kyi blo gros pas bris pa shub+haM//
  • Second colophon page 569: /ces pa'ang chos kyi blo gros pas so//
  • Third colophon page 570: /zhes pa'ang gzhon nu mkhyen brtse'i ming can gyi blo mtsho las byung ba'o//

1 Texts in this Section (sde tshan or chos tshan)

[edit]
ཐུགས་ཆེན་ཚེམ་བུ་ལུགས་ཀྱི་སྒྲུབས་ཐབས་དང་འབྲེལ་བའི་ཚོགས་མཆོད་ཉུང་ངུ་བསོད་ནམས་གྲུ་ཆར་ཅེས་བྱ་བ་བཞུགས་སོ། །ན་མོ་ལོ་ཀེ་ཤྭ་རཱ་ཡ། བླ་མ་ཐུགས་རྗེའི་གཏེར་ཆེན་དང་། །འཕགས་མཆོག་དབྱེར་མེད་གུས་བཏུད་ནས། །བསོད་ནམས་ཚོགས་ཆེན་རྫོགས་པའི་ཕྱིར། །ཚོགས་མཆོད་བསོད་ནམས་གྲུ་ཆར་དབྱེ། །དེ་ལ་ཐུགས་རྗེ་ཆེན་པོའི་བདག་མདུན་གྱི་བསྐྱེད་བཟླས་སྔོན་དུ་འགྲོ་བས། ཚོགས་ཀྱི་ཡོ་བྱད་དཀར་མངར་གྱི་བཟའ་བཅའ་དང་། འོ་མ་དང་བུར་ཆུ་ལ་བདུད་རྩི་རིལ་བུ་བཏབ་པ་སོགས་ཕུན་སུམ་ཚོགས་པ་བཤམས་ལ། ཆུ་གཙང་གིས་བྲན། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོ་ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ་ཞུ་བ་ལས་བྱུང་བའི་ཚོགས་ཀྱི་ཞལ་ཟས་ཡེ་ཤེས་ཀྱི་བདུད་རྩི་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོ་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿཕྱག་རྒྱ་དང་བཅས་ལན་མང་དུ་བརྗོད་པས་བྱིན་གྱིས་བརླབས། ཕཻཾ། སྐུ་གསུམ་ཞིང་ཁམས་རྒྱ་མཚོ་ནས། །རྩ་བརྒྱུད་བླ་མ་འཁོར་བཅས་དང་། །ཡི་དམ་ཞི་ཁྲོ་རབ་འབྱམས་རྣམས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ལྷོ་ཕྱོགས་རི་བོ་ཏ་ལ་ནས། །འཕགས་པ་ཐུགས་རྗེ་ཆེན་པོ་དང་། །རྗེ་བཙུན་སྒྲོལ་མ་རྣལ་འབྱོར་མ། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །གནས་ཡུལ་ཉེར་བཞི་དུར་ཁྲོད་བརྒྱད། །བཞུགས་པའི་དཔའ་བོ་མཁའ་འགྲོ་དང་། །ཆོས་སྐྱོང་དམ་ཅན་རྒྱ་མཚོ་རྣམས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ལུས་ལ་བདེ་བར་རྒྱས་པར་མཛོད། །ངག་ལ་ནུས་པ་བསྐྱེད་དུ་གསོལ། །སེམས་ལ་རྟོགས་པ་སྤར་དུ་གསོལ། །ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ། །སྣོད་བཅུད་དག་པའི་ཞིང་དུ་བསྒྱུར། །ཡེ་ཤེས་ཆེན་པོས་བྱིན་གྱིས་རློབས། །བཛྲ་ས་མཱ་ཛཿརྡོ་རྗེ་བསྡུ་པའི་ཕྱག་རྒྱས་དྲངས། ཛཿཧཱུྃ་བྃ་ཧོཿམདུན་དཀྱིལ་དང་དབྱེར་མེད་དུ་བསྟིམ། ཨོཾ་ཨཱཿཧཱུྃ། རྡོ་རྗེ་འཆང་དབང་རྡོ་རྗེ་རྣལ་འབྱོར་མ། །གྲུབ་ཆེན་ཚེམ་བུ་པ་དང་བྱང་ཆུབ་འོད། །བྱང་ཆུབ་ཚུལ་ཁྲིམས་བསོད་ནམས་སྙིང་པོ་ལ། །ཚོགས་མཆོད་འབུལ་ལོ་དངོས་གྲུབ་རྣམ་གཉིས་སྩོལ། །ཐུགས་རྗེ་བརྩོན་འགྲུས་རྒྱལ་བ་ཡེ་ཤེས་ཞབས། །གཞོན་ནུ་སེང་གེ་བསོད་ནམས་རྒྱལ་མཚན་དཔལ། །ཐེག་ཆེན་ཆོས་རྗེ་དཔལ་ལྡན་ལེགས་པ་ལ། །ཚོགས་མཆོད༴ །བདག་ཆེན་རྡོ་རྗེ་འཆང་དབང་རྡོ་རིང་པ། །ཚར་ཆེན་རྗེ་དང་འཇམ་དབྱངས་མཁྱེན་བརྩེའི་དབང་། །བྱམས་པ་སྐལ་བཟང་དབང་ཕྱུག་རབ་བརྟན་ལ། །ཚོགས་མཆོད༴ །བསོད་ནམས་མཆོག་གྲུབ་བསོད་ནམས་རྒྱ་མཚོ་དང་། །འཇམ་དཔལ་ཆོས་དབང་འཇམ་དཔལ་མཁྱེན་བརྩེའི་ཞབས། །འཇམ་དཔལ་ཚུལ་ཁྲིམས་བློ་གསལ་བསྟན་རྒྱན་ལ། །ཚོགས་མཆོད༴ །མཁས་ཤིང་གྲུབ་བརྙེས་ཡེ་ཤེས་དཔལ་འབྱོར་དང་། །རིགས་ཀུན་ཁྱབ་བདག་བློ་གསལ་བསྟན་སྐྱོང་སོགས། །སྐྱབས་གནས་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །ཚོགས་མཆོད་འབུལ་ལོ་དངོས་གྲུབ་རྣམ་གཉིས་སྩོལ། ཨོཾ་གུ་རུ་བཛྲ་དྷཱ་ར་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་འབུལ། ཨོཾ་ཨཱཿཧཱུྃ། སྐྱབས་ཀྱི་ཞིང་གྱུར་མཆོད་འོས་ཐམས་ཅད་དང་། །ཁྱད་པར་བདེ་ལྡན་ཞིང་གི་སྟོན་པ་མཆོག །གསུང་གི་རྡོ་རྗེ་སྣང་བ་མཐའ་ཡས་ལ། །ཚོགས་མཆོད༴ །རི་བོ་གྲུ་འཛིན་གཞལ་མེད་ཁང་ཆེན་པོར། །ཡི་དམ་འཕགས་མཆོག་ཐུགས་རྗེ་ཆེན་པོ་དང་། །རྒྱལ་བའི་ཡུམ་གྱུར་འཕགས་མ་སྒྲོལ་མ་ལ། །ཚོགས་མཆོད༴ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭ་མ་ཧཱ་ཀ་རུ་ཎི་ཀ་ཨཱཪྻ་ཏཱ་རེ་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་གསུམ་གྱིས་དབུལ། ཨོཾ་ཨཱཿཧཱུྃ། གྲུབ་གཉིས་ནོར་བུའི་གྲུ་ཆར་འབེབས་པ་ཡི། །ཡི་དམ་ཞི་ཁྲོའི་དཀྱིལ་འཁོར་ལྷ་ཚོགས་ནི། །རབ་འབྱམས་བསམ་ཡས་རྒྱ་མཚོའི་སྤྲིན་ཆེན་པོར། །ཚོགས་མཆོད༴ཨོཾ་མཎྜལ་དེ་བ་ག་ཎ་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་ཕུལ། ཨོཾ་ཨཱཿཧཱུྃ། གནས་གསུམ་ཞིང་སྔགས་ལྷན་སྐྱེས་ཌཱ་ཀི་དང་། །རྒྱུད་གསུམ་དམ་ཅན་སྲུང་མ་རྒྱ་མཚོའི་ཚོགས། །གནོད་སྦྱིན་ནོར་ལྷ་རབ་འབྱམས་གཏེར་ཆེན་ལ། །ཚོགས་མཆོད་འབུལ་ལོ༴ཨོཾ་ཏྲིསྠ་ན་ཌཱ་ཀ་ཌཱ་ཀཱི་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་ལན་གསུམ་གྱིས་དབུལ། བདག་ཉིད་ཐུགས་རྗེ་ཆེན་པོ་ཡི། །སྙིང་གར་ཡི་དམ་ལྷ་ཚོགས་དང་། །ལྟེ་བར་གཏུམ་མོའི་མེ་ལྕེའི་ཁྲོད། །ཆོས་སྲུང་ནོར་ལྷའི་ཚོགས་བཅས་གསལ། །ཚོགས་མཆོད་ཡེ་ཤེས་བདུད་རྩིའི་རྒྱུན། །ལག་གཉིས་རྡོ་རྗེའི་དགང་བླུགས་ཀྱིས། །ཕུལ་བས་ཟག་མེད་བདེ་བས་མཉེས། །མཆོག་ཐུན་དངོས་གྲུབ་སྩོལ་བར་གྱུར། །ཅེས་བརྗོད་ལ་ཞུ་བ་དང་ཞུ་ལེན་གྱིས་ཚོགས་དྲངས་ནས་ཚིམ་པར་རོལ། མཐར་ལྷག་མ་རྣམས་བསྡུས་ལ་ཆུས་བྲན། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བརླབ། ཕཻཾ། ཞེས་པས་མགྲོན་དགུག །ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨུཥྩི་ཊ་བ་ལིང་ཏ་བྷཀྵ་སཱི་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བསྔོ། འབྱུང་པོ་ལྷག་ལ་དབང་བའི་ཚོགས་རྣམས་ལ། །འདོད་ཡོན་ཚོགས་ཀྱི་ལྷག་མ་འདི་སྦྱིན་ནོ། །ཟག་མེད་བདེ་བ་མཆོག་གི་ལུས་དང་སེམས། །ངོམས་ཤིང་ཚིམ་པའི་སྐལ་བ་ལྡན་གྱུར་ཅིག །ཅེས་བསྔོས་ལ་ཕྱི་རོལ་དུ་དོར། །སྤྲོ་ན་རྡོ་རྗེའི་གླུ་དང་སྨོན་ལམ་ཡང་བདེ་ཀྱི་སོགས་ནས་འབྱུང་བ་ལྟར་བྱ་བའམ་ཚིམ་པ་དྲུག་ལྡན་གྱི་སྨོན་ལམ་རྗེ་མཁྱེན་བརྩེའི་གསུངས་ཉིད་འདོན་པར་བྱའོ། །ཐུགས་ཆེན་ཚེམ་བུ་ལུགས་ཀྱི་བསྐྱེད་རྫོགས་རྣལ་འབྱོར་བླ་མེད་ཡིན་པས་ཚོགས་རྫས་ཤ་ཆང་སོགས་སྡིག་དང་མ་འདྲེས་པ་བྱུང་ན་ལོངས་སྤྱོད་ཆོག་པའང་ཡིན། འོན་ཀྱང་གོང་སྨོས་ལྟར་ཚོགས་ཀྱི་ཡོ་བྱད་དཀར་མངར་གཙོ་བོར་བྱས་ན་ལས་དང་པོ་པ་རྣལ་འབྱོར་ནུས་པ་དང་མི་ལྡན་པ་རྣམས་ལ་རྒྱུད་ཚོད་དང་མཐུན་པ་ཡིན་ནོ། །སྨྲས་པ། ཚོགས་གཉིས་རྒྱ་ཆེར་རྫོགས་པ་དང་། དམ་ཚིག་ཉམས་ཆག་ཀུན་བྱང་ཞིང་། །ཡི་དམ་ཌཱ་ཀིས་རྗེས་བཟུང་ནས། །གྲུབ་གཉིས་དཔལ་ལ་སྤྱོད་གྱུར་ཅིག །ཅེས་པའང་གདོང་སྣ་ཆོས་རྗེ་ཕན་བདེས་གསུང་ངོར་ཆོས་ཀྱི་བློ་གྲོས་པས་བྲིས་པ་ཤུབྷཾ།། །། ༈ ཐུགས་རྗེ་ཆེན་པོའི་ཚོགས་གྲངས་གསོགས་ནི། ཨོཾ་ཨཱཿཧཱུྃ། རྩ་བརྒྱུད་བླ་མ་རྒྱལ་བ་སྲས་བཅས་དང་། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་ནོར་ལྷའི་ཚོགས། །ཁྱད་པར་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལ། །འདོད་ཡོན་ཚོགས་ཀྱི་མཆོད་པ་དམ་པ་འབུལ། །བཞེས་ནས་འགལ་རྐྱེན་བར་ཆད་ཞི་བ་དང་། །ཡང་དག་བྱང་ཆུབ་སེམས་གཉིས་རྒྱུད་ལ་སྐྱེ། །ཚོགས་ཆེན་རྫོགས་ཤིང་ས་ལམ་ཀུན་བགྲོད་དེ། །བདེ་ཆེན་ཞིང་དུ་སྐྱེ་བར་བྱིན་གྱིས་རློབས། ཨོཾ་གུ་རུ་མཎྜལ་དེ་བ་ག་ཎ་ཌཱ་ཀི་ནཱི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ག་ཎ་ཙཀྲ་པཱུ་ཛ་ཧོཿཞེས་དབུལ་ལོ། །ཅེས་པའང་ཆོས་ཀྱི་བློ་གྲོས་པས་སོ།། །། ༈ ཚོགས་ཀྱི་འཁོར་ལོ་ཚིམས་པ་དྲུག་ལྡན་གྱི་སྨོན་ལམ་དཔའ་བོ་དང་ཌཱ་ཀི་དགྱེས་པའི་གླུ་གར་ཅེས་བྱ་བ་བཞུགས་སོ། །ཏིང་ངེ་འཛིན་གྱིས་སྤྲུལ་པའི་དཀྱིལ་འཁོར་ལྷ། །ཕྱི་ནང་མཆོད་པའི་སྤྲིན་གྱི་ཕུང་པོ་ཡིས། །ཟག་མེད་བདེ་ཆེན་ངང་དུ་ཚིམ་པའི་མཐུས། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་པར་ཤོག །སྙིང་དབུས་པདྨའི་གེ་སར་བཞད་པའི་རྩེར། །རང་སེམས་བླ་མ་ཡི་དམ་དབྱེར་མེད་པ། །ཡེ་ཤེས་བདུད་རྩིས་ཚིམ་པའི་བྱིན་རླབས་ཀྱིས། །གཉིས་འཛིན་འཁྲུལ་པའི་ཀུན་རྟོག་འཆིང་གྱུར་ཅིག །ཆོས་སྐྱོང་འབྱུང་པོའི་ཚོགས་རྣམས་ཇི་སྙེད་པ། །རྣམ་མང་འདོད་ཡོན་རྒྱ་མཚོར་འཁྱིལ་བའི་དཔྱིད། །བཟའ་བཅའ་བཏུང་བའི་གཏོར་མས་ཚིམ་པ་ལས། །བར་ཆད་ཀུན་སེལ་ཕྲིན་ལས་འགྲུབ་པར་ཤོག །སྨིན་བྱེད་དབང་ཐོབ་སྡོམ་གསུམ་ལ་གནས་པའི། །རྣལ་འབྱོར་པ་རྣམས་ཁྱད་པར་བཟའ་བ་ཡི། །དམ་ཚིག་ཚོགས་ཀྱི་འཁོར་ལོས་ཚིམ་པ་དང་། །ཏིང་འཛིན་ཟས་ལ་རྟག་ཏུ་སྤྱོད་གྱུར་ཅིག །སྐྱེ་མཆེད་ལྷ་རྣམས་རྡོ་རྗེའི་གླུ་གར་དང་། །བདེ་སྟོང་རོལ་མོའི་སྒྲ་ཡིས་ཉེར་ཚིམ་ནས། །གང་ཤར་སྣང་བ་ལྷ་དང་ཡེ་ཤེས་ཀྱི། །དག་པའི་སྣང་བ་གཅིག་ཏུ་འཆར་བར་ཤོག །དངོས་ཀུན་བདེ་ཆེན་ལྷན་ཅིག་སྐྱེས་པ་ཡི། །ཡེ་ཤེས་མཆོག་གིས་རྟག་ཏུ་ཚིམ་པ་ལས། །འཁོར་འདས་དབྱེར་མི་ཕྱེད་པའི་ཐིག་ལེ་རུ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས་གྱུར་ཅིག །མདོར་ན་ཕྱི་ནང་དཀྱིལ་འཁོར་འཁོར་ལོ་ཀུན། །ཟག་མེད་ཚོགས་ཀྱི་འདུ་བས་མཉེས་པའི་མཐུས། །འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་ཀྱི། །བཀྲ་ཤིས་སྣང་བས་ས་གསུམ་ཁྱབ་པར་ཤོག །ཞེས་པའང་གཞོན་ནུ་མཁྱེན་བརྩེའི་མིང་ཅན་གྱི་བློ་མཚོ་ལས་བྱུང་བའོ།། །།
[edit]

thugs chen tshem bu lugs kyi sgrubs thabs dang 'brel ba'i tshogs mchod nyung ngu bsod nams gru char ces bya ba bzhugs so/__/na mo lo ke shwa rA ya/__bla ma thugs rje'i gter chen dang /__/'phags mchog dbyer med gus btud nas/__/bsod nams tshogs chen rdzogs pa'i phyir/__/tshogs mchod bsod nams gru char dbye/__/de la thugs rje chen po'i bdag mdun gyi bskyed bzlas sngon du 'gro bas/__tshogs kyi yo byad dkar mngar gyi bza' bca' dang /__'o ma dang bur chu la bdud rtsi ril bu btab pa sogs phun sum tshogs pa bshams la/__chu gtsang gis bran/__a mr-i tas bsang /__swa b+hA was sbyangs/__stong pa'i ngang las rin po che las grub pa'i snod yangs shing rgya che ba'i nang du sangs rgyas thams cad kyi sku gsung thugs rdo rje'i ngo bo oM AHhU~M dkar dmar mthing gsum zhu ba las byung ba'i tshogs kyi zhal zas ye shes kyi bdud rtsi kha dog dri ro nus pa phun sum tshogs pa'i bdud rtsi'i rgya mtsho chen po gyur/__oM AHhU~M ha ho hrIHphyag rgya dang bcas lan mang du brjod pas byin gyis brlabs/__phaiM/__sku gsum zhing khams rgya mtsho nas/__/rtsa brgyud bla ma 'khor bcas dang /__/yi dam zhi khro rab 'byams rnams/__/'dir gshegs tshogs kyi mchod pa bzhes/__/lho phyogs ri bo ta la nas/__/'phags pa thugs rje chen po dang /__/rje btsun sgrol ma rnal 'byor ma/__/'dir gshegs tshogs kyi mchod pa bzhes/__/gnas yul nyer bzhi dur khrod brgyad/__/bzhugs pa'i dpa' bo mkha' 'gro dang /__/chos skyong dam can rgya mtsho rnams/__/'dir gshegs tshogs kyi mchod pa bzhes/__/lus la bde bar rgyas par mdzod/__/ngag la nus pa bskyed du gsol/__/sems la rtogs pa spar du gsol/__/tshogs gtor 'di la bcud cig phob/__/snod bcud dag pa'i zhing du bsgyur/__/ye shes chen pos byin gyis rlobs/__/badz+ra sa mA dzaHrdo rje bsdu pa'i phyag rgyas drangs/__dzaHhU~M ba~M hoHmdun dkyil dang dbyer med du bstim/__oM AHhU~M/__rdo rje 'chang dbang rdo rje rnal 'byor ma/__/grub chen tshem bu pa dang byang chub 'od/__/byang chub tshul khrims bsod nams snying po la/__/tshogs mchod 'bul lo dngos grub rnam gnyis stsol/__/thugs rje brtson 'grus rgyal ba ye shes zhabs/__/gzhon nu seng ge bsod nams rgyal mtshan dpal/__/theg chen chos rje dpal ldan legs pa la/__/tshogs mchod=__/bdag chen rdo rje 'chang dbang rdo ring pa/__/tshar chen rje dang 'jam dbyangs mkhyen brtse'i dbang /__/byams pa skal bzang dbang phyug rab brtan la/__/tshogs mchod=__/bsod nams mchog grub bsod nams rgya mtsho dang /__/'jam dpal chos dbang 'jam dpal mkhyen brtse'i zhabs/__/'jam dpal tshul khrims blo gsal bstan rgyan la/__/tshogs mchod=__/mkhas shing grub brnyes ye shes dpal 'byor dang /__/rigs kun khyab bdag blo gsal bstan skyong sogs/__/skyabs gnas kun 'dus rtsa brgyud bla ma la/__/tshogs mchod 'bul lo dngos grub rnam gnyis stsol/__oM gu ru badz+ra d+hA ra sa pa ri wA ra oM a kA ro sogs lan gsum gyis 'bul/__oM AHhU~M/__skyabs kyi zhing gyur mchod 'os thams cad dang /__/khyad par bde ldan zhing gi ston pa mchog__/gsung gi rdo rje snang ba mtha' yas la/__/tshogs mchod=__/ri bo gru 'dzin gzhal med khang chen por/__/yi dam 'phags mchog thugs rje chen po dang /__/rgyal ba'i yum gyur 'phags ma sgrol ma la/__/tshogs mchod=oM gu ru bud+d+ha bo d+hi satwa ma hA ka ru Ni ka AR+Ya tA re sa pa ri wA ra oM a kA ro sogs gsum gyis dbul/__oM AHhU~M/__grub gnyis nor bu'i gru char 'bebs pa yi/__/yi dam zhi khro'i dkyil 'khor lha tshogs ni/__/rab 'byams bsam yas rgya mtsho'i sprin chen por/__/tshogs mchod=oM maN+Dal de ba ga Na sa pa ri wA ra oM a kA ro sogs lan gsum gyis phul/__oM AHhU~M/__gnas gsum zhing sngags lhan skyes DA ki dang /__/rgyud gsum dam can srung ma rgya mtsho'i tshogs/__/gnod sbyin nor lha rab 'byams gter chen la/__/tshogs mchod 'bul lo=oM tris+tha na DA ka DA kI shrI badz+ra d+harma pA la sa pa ri wA ra oM a kA ro lan gsum gyis dbul/__bdag nyid thugs rje chen po yi/__/snying gar yi dam lha tshogs dang /__/lte bar gtum mo'i me lce'i khrod/__/chos srung nor lha'i tshogs bcas gsal/__/tshogs mchod ye shes bdud rtsi'i rgyun/__/lag gnyis rdo rje'i dgang blugs kyis/__/phul bas zag med bde bas mnyes/__/mchog thun dngos grub stsol bar gyur/__/ces brjod la zhu ba dang zhu len gyis tshogs drangs nas tshim par rol/__mthar lhag ma rnams bsdus la chus bran/__oM AHhU~M/__lan gsum gyis brlab/__phaiM/__zhes pas mgron dgug__/oM kha kha khA hi khA hi uSh+tsi Ta ba ling ta b+hak+Sha sI swA hA/__zhes lan gsum gyis bsngo/__'byung po lhag la dbang ba'i tshogs rnams la/__/'dod yon tshogs kyi lhag ma 'di sbyin no/__/zag med bde ba mchog gi lus dang sems/__/ngoms shing tshim pa'i skal ba ldan gyur cig__/ces bsngos la phyi rol du dor/__/spro na rdo rje'i glu dang smon lam yang bde kyi sogs nas 'byung ba ltar bya ba'am tshim pa drug ldan gyi smon lam rje mkhyen brtse'i gsungs nyid 'don par bya'o/__/thugs chen tshem bu lugs kyi bskyed rdzogs rnal 'byor bla med yin pas tshogs rdzas sha chang sogs sdig dang ma 'dres pa byung na longs spyod chog pa'ang yin/__'on kyang gong smos ltar tshogs kyi yo byad dkar mngar gtso bor byas na las dang po pa rnal 'byor nus pa dang mi ldan pa rnams la rgyud tshod dang mthun pa yin no/__/smras pa/__tshogs gnyis rgya cher rdzogs pa dang /__dam tshig nyams chag kun byang zhing /__/yi dam DA kis rjes bzung nas/__/grub gnyis dpal la spyod gyur cig__/ces pa'ang gdong sna chos rje phan bdes gsung ngor chos kyi blo gros pas bris pa shub+haM//___//__!__thugs rje chen po'i tshogs grangs gsogs ni/__oM AHhU~M/__rtsa brgyud bla ma rgyal ba sras bcas dang /__/yi dam mkha' 'gro chos skyong nor lha'i tshogs/__/khyad par thugs rje chen po'i lha tshogs la/__/'dod yon tshogs kyi mchod pa dam pa 'bul/__/bzhes nas 'gal rkyen bar chad zhi ba dang /__/yang dag byang chub sems gnyis rgyud la skye/__/tshogs chen rdzogs shing sa lam kun bgrod de/__/bde chen zhing du skye bar byin gyis rlobs/__oM gu ru maN+Dal de ba ga Na DA ki nI d+harma pA la sa pa ri wA ra ga Na tsakra pU dza hoHzhes dbul lo/__/ces pa'ang chos kyi blo gros pas so//___//__!__tshogs kyi 'khor lo tshims pa drug ldan gyi smon lam dpa' bo dang DA ki dgyes pa'i glu gar ces bya ba bzhugs so/__/ting nge 'dzin gyis sprul pa'i dkyil 'khor lha/__/phyi nang mchod pa'i sprin gyi phung po yis/__/zag med bde chen ngang du tshim pa'i mthus/__/bsod nams ye shes tshogs gnyis rdzogs par shog__/snying dbus pad+ma'i ge sar bzhad pa'i rtser/__/rang sems bla ma yi dam dbyer med pa/__/ye shes bdud rtsis tshim pa'i byin rlabs kyis/__/gnyis 'dzin 'khrul pa'i kun rtog 'ching gyur cig__/chos skyong 'byung po'i tshogs rnams ji snyed pa/__/rnam mang 'dod yon rgya mtshor 'khyil ba'i dpyid/__/bza' bca' btung ba'i gtor mas tshim pa las/__/bar chad kun sel phrin las 'grub par shog__/smin byed dbang thob sdom gsum la gnas pa'i/__/rnal 'byor pa rnams khyad par bza' ba yi/__/dam tshig tshogs kyi 'khor los tshim pa dang /__/ting 'dzin zas la rtag tu spyod gyur cig__/skye mched lha rnams rdo rje'i glu gar dang /__/bde stong rol mo'i sgra yis nyer tshim nas/__/gang shar snang ba lha dang ye shes kyi/__/dag pa'i snang ba gcig tu 'char bar shog__/dngos kun bde chen lhan cig skyes pa yi/__/ye shes mchog gis rtag tu tshim pa las/__/'khor 'das dbyer mi phyed pa'i thig le ru/__/phyag rgya chen po'i dngos grub brnyes gyur cig__/mdor na phyi nang dkyil 'khor 'khor lo kun/__/zag med tshogs kyi 'du bas mnyes pa'i mthus/__/'jig rten 'jig rten 'das pa'i dge legs kyi/__/bkra shis snang bas sa gsum khyab par shog__/zhes pa'ang gzhon nu mkhyen brtse'i ming can gyi blo mtsho las byung ba'o//___//

Footnotes

Other Information