JKCL-KABUM-04-NGA-049: Difference between revisions
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|citation=[['jam dbyangs mkhyen brtse chos kyi blo gros]]. ''''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 4: . Bir, H.P.: Khyentse Labrang, 2012. | |fulltitletib=བླ་མའི་རྣལ་འབྱོར་བྱིན་རླབས་དཔལ་སྟེར། | ||
|fulltitle=bla ma'i rnal 'byor byin rlabs dpal ster | |||
|citation=[['jam dbyangs mkhyen brtse chos kyi blo gros]]. ''bla ma'i rnal 'byor byin rlabs dpal ster''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 4: 341-345. Bir, H.P.: Khyentse Labrang, 2012. | |||
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་ | |collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་ | ||
|collectiontitle=chos kyi blo gros bka' 'bum | |collectiontitle=chos kyi blo gros bka' 'bum | ||
Line 15: | Line 17: | ||
|volyigtib=ང་ | |volyigtib=ང་ | ||
|totalvolumes=12 | |totalvolumes=12 | ||
|textnuminvol=049 | |||
|pagenumbers=341-345 | |||
|totalpages=5 | |||
|beginfolioline=1a1 | |beginfolioline=1a1 | ||
| | |endfolioline=3a3 | ||
|totalfolios=3 | |||
|multivolumework=No | |||
|colophontib=།ཞེས་པའང་བསླབ་གསུམ་ལྡན་པ་ལྷ་བྲིས་བླ་མ་ཚེ་མགོན་ནས་བཀྲ་ཤིས་པའི་ལྷ་རྫས་རིན་ཆེན་དང་པོ་ཞོ་གང་གི་རྟེན་བཅས་གསུང་བསྐུལ་ངོར་མཁྱེན་བརྩེའི་ཕྲིན་ལས་ཀྱི་རོལ་གར་དུ་མིང་གིས་དབང་བསྐུར་ཐོབ་པ་ཆོས་ཀྱི་བློ་གྲོས་པས་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་ཤིང་ཁྱི་ཆོ་འཕྲུལ་ཟླ་བ་ཕྱི་མའི་ཚེས་༡༢རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་དུས་དྲན་ཉིན་བྲིས་པ་འདིས་ཀྱང་མཐའ་ཡས་པའི་སེམས་ཅན་རྣམས་ལ་ཕན་པ་རྒྱ་ཆེན་པོར་འབྱུང་བར་གྱུར་ཅིག །མངྒ་ལཾ།། | |||
|colophonwylie=/zhes pa'ang bslab gsum ldan pa lha bris bla ma tshe mgon nas bkra shis pa'i lha rdzas rin chen dang po zho gang gi rten bcas gsung bskul ngor mkhyen brtse'i phrin las kyi rol gar du ming gis dbang bskur thob pa chos kyi blo gros pas bkra shis 'chi med grub pa'i dga' tshal du shing khyi cho 'phrul zla ba phyi ma'i tshes 12rje btsun grags pa rgyal mtshan gyi dus dran nyin bris pa 'dis kyang mtha' yas pa'i sems can rnams la phan pa rgya chen por 'byung bar gyur cig__/mang+ga laM// | |||
|pdflink=File:JKCL-KABUM-04-NGA-049.pdf | |pdflink=File:JKCL-KABUM-04-NGA-049.pdf | ||
}} | }} | ||
Line 22: | Line 31: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|བླ་མའི་རྣལ་འབྱོར་བྱིན་རླབས་དཔལ་སྟེར་ཞེས་བྱ་བ་བཞུགས་སོ། | {{TibP|བླ་མའི་རྣལ་འབྱོར་བྱིན་རླབས་དཔལ་སྟེར་ཞེས་བྱ་བ་བཞུགས་སོ། །{{TibChung|ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། སྐལ་བཟང་གང་ཞིག་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུད་ལ་མྱུར་དུ་སྐྱེ་བར་འདོད་པས་ལམ་ཟབ་མོ་འདི་ལ་བརྩོན་པར་བྱ་སྟེ། དེ་ལའང་སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པའོ། །དང་པོ་ལ་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་བསྒོམ་པ་སྔོན་དུ་འགྲོ་བས།}} བདག་སོགས་འགྲོ་ཀུན་དེང་ནས་བྱང་ཆུབ་བར། །བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །རང་དང་གཞན་གྱི་དོན་གཉིས་སྒྲུབ་པའི་ཕྱིར། །སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །{{TibChung|གཉིས་པ་ལ་རྟེན་བསྐྱེད་པ་ནི།}} ཨོཾ་མ་ཧཱ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། གཟུང་འཛིན་ཆོས་ཀུན་མི་དམིགས་སྟོང་པའི་ངང་། །དག་པའི་ཞིང་ཁམས་བཀོད་པ་འབྱམས་ཀླས་པར། །རང་ཉིད་ཐ་མལ་གནས་པའི་མདུན་མཁའ་རུ། །རིན་ཆེན་ཁྲི་རྐང་དར་ཟབ་འབོལ་ཆེན་སྟེང་། །འཇམ་དབྱངས་བླ་མ་ཆོས་ཀྱི་བློ་གྲོས་ནི། །དཀར་དམར་ཞི་འཛུམ་པཎ་ཞུ་ཆོས་གོས་གསོལ། །ཕྱག་གཡས་རྡོ་རྗེ་ཐུགས་ཀའི་སྟོད་དུ་བསྒྱིངས། །གཡོན་པས་མཉམ་གཞག་སྟེང་དུ་གླེགས་བམ་བསྣམས། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གཡོ་མེད་བཅིང་། །རབ་འབྱམས་རྩ་གསུམ་རྒྱ་མཚོའི་ངོ་བོར་བཞུགས། །གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན་པ་ལས། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་དབྱེར་མེད་ཐིམ། །བྱིན་རླབས་གཟི་བརྗིད་འོད་ཕུང་འཕྲོ་བར་བཞུགས། །{{TibChung|གཉིས་པ་ཡན་ལག་བདུན་གྱིས་ཚོགས་བསགས་ཤིང་གསོལ་བ་འདེབས་པ་ནི།}} སྐྱབས་གནས་ཀུན་འདུས་དཔལ་ལྡན་བླ་མ་ལ། །ལུས་འདི་ཞིང་རྡུལ་མཉམ་པས་གུས་ཕྱག་འཚལ། །བདག་པོས་བཟུང་དང་མ་བཟུང་བློས་བླངས་ཤིང་། །དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོས་མཆོད། །ཐོག་མེད་ནས་བསགས་སྡིག་སྒྲིབ་ཉེས་ལྟུང་དང་། །སྡོམ་གསུམ་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །འཕགས་དང་སོ་སོའི་སྐྱེ་བོའི་དགེ་བ་ལ། །ཕྲག་དོག་མེད་པར་སྙིང་ནས་རྗེས་ཡི་རང་། །གདུལ་བྱའི་བློ་དང་འཚམས་པར་ཟབ་རྒྱས་ཀྱི། །ཐེག་གསུམ་དམ་པའི་ཆོས་འཁོར་བསྐོར་བར་བསྐུལ། །མགོན་པོ་མྱ་ངན་འདའ་བར་བཞེད་རྣམས་ལ། །འགྲོ་བའི་དོན་དུ་བཞུགས་པར་གསོལ་བ་འདེབས། །འདིས་མཚོན་དུས་གསུམ་བསགས་པའི་དགེ་ཚོགས་རྣམས། །སྲིད་ཞིར་མི་གནས་བྱང་ཆུབ་ཆེན་པོར་བསྔོ། །{{TibChung|སྤྲོ་ན་མཎྜལ་ཅི་ནུས་ཕུལ། སྙིང་ཐག་པ་ནས་མོས་གུས་གདུང་ཤུགས་དྲག་ཏུ་བསྐྱེད་ལ་གསོལ་བ་འདེབས་པ་ནི།}} འཇ༷མ་དབྱང༷ས་བླ་མའི་བྱིན་རླབས་སྙིང་ལ་ཞུགས། །ཆོས༷་ཀྱི༷་བདུད་རྩིས་བློ༷་གྲོས༷་པདྨོ་བྱེ། །རིས་མེད་བསྟན་པའི་རྒྱལ་མཚན་བསྒྲེང་ཉིད་ལ། །སྙིང་ནས་གསོལ་འདེབས་བདག་རྒྱུད་བྱིན་གྱིས་རློབས། །{{TibChung|ཞེས་ཅི་ནུས་འདོན། ཐུགས་དམ་རྒྱུད་བསྐུལ་གྱི་བཟླས་པ་བྱ་བར་སྤྲོ་ན།}} ཨོཾ་ཨཱཿགུ་རུ་མཉྫུ་དྷརྨ་མ་ཏི་སརྦ་སིདྡྷི་ཧཱུྃ། །{{TibChung|ཞེས་པའང་བཟླས། གསུམ་པ་རྗེས་དབང་བླངས་བ་ནི། སླར་ཡང་དད་མོས་རྩེ་གཅིག་པས།}} མཁྱེན་ནོ་མཁྱེན་ནོ་བླ་མ་མཁྱེན་ནོ། །སྐྱབས་མེད་བདག་ལ་ཐུགས་རྗེས་གཟིགས་ཤིག །འཁོར་བའི་མཚོ་ལས་ད་ལྟ་དྲོངས་ཤིག །ལས་ངན་སྲིད་པའི་ལྕགས་སྒྲོག་འགྲོལ་མཛོད། །སྡུག་བསྔལ་མེ་ཆེན་བསིལ་བར་མཛོད་ཅིག །{{TibChung|ཅེས་རྒྱང་འབོད་མཐར་འདོད་དོན་ཞུ་བ་ནི།}} མི་རྟག་འཆི་བ་དྲན་པར་བྱིན་གྱིས་རློབས། །དལ་འབྱོར་དོན་ཡོད་བྱེད་པར་བྱིན་གྱིས་རློབས། །འཁོར་བའི་ཉེས་དམིགས་དྲན་པར་བྱིན་གྱིས་རློབས། །ལས་འབྲས་བླང་དོར་བརྩོན་པར་བྱིན་གྱིས་རློབས། །མི་ཕྱེད་དད་མོས་སྐྱེ་བར་བྱིན་གྱིས་རློབས། །སྐྱབས་གསུམ་རང་ངོ་ཤེས་པར་བྱིན་གྱིས་རློབས། །བདག་བས་གཞན་གཅེས་འབྱོངས་པར་བྱིན་གྱིས་རློབས། །བྱང་ཆུབ་སེམས་མཆོག་སྐྱེ་བར་བྱིན་གྱིས་རློབས། །བླ་མ་སངས་རྒྱས་མཐོང་བར་བྱིན་གྱིས་རློབས། །ཅི་གསུང་བཀའ་བཞིན་སྒྲུབ་ནུས་བྱིན་གྱིས་རློབས། །སྒོ་གསུམ་དབང་གིས་སྨིན་པར་བྱིན་གྱིས་རློབས། །བསྐྱེད་རྫོགས་ལམ་ལ་བརྩོན་པར་བྱིན་གྱིས་རློབས། །སེམས་ཀྱི་རྩ་བ་ཆོད་པར་བྱིན་གྱིས་རློབས། །ཆོས་ཉིད་མངོན་སུམ་རྟོགས་པར་བྱིན་གྱིས་རློབས། །སྣང་བཞི་ཟད་སར་འཁྱོལ་བར་བྱིན་གྱིས་རློབས། །འཁོར་བ་དོང་ནས་སྤྲུགས་པར་བྱིན་གྱིས་རློབས། །ད་ལྟ་ཉིད་དུ་བླ་མས་བྱིན་གྱིས་རློབས། །འདུག་ས་འདི་རུ་བྱིན་གྱིས་བརླབ་ཏུ་གསོལ། །བདག་གི་སྒོ་གསུམ་སྨིན་གྲོལ་མཛད་དུ་གསོལ། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས་ཤིག །བླ་མའི་གནས་གསུམ་རྡོ་རྗེའི་འབྲུ་གསུམ་ལས། །འོད་དཀར་དམར་མཐིང་རིམ་དང་ཅིག་ཆར་བྱུང་། །བདག་གི་སྒོ་གསུམ་ལ་ཐིམ་སྒྲིབ་བཞི་དག །དབང་བཞི་ཐོབ་ཅིང་སྐུ་བཞིའི་ས་བོན་བཞག །མཐར་ནི་འོད་ཞུ་རང་ཐིམ་དབྱེར་མེད་ངང་། །གཟུང་འཛིན་རྡུལ་གྱིས་མ་གོས་རིག་པ་ནི། །མཁའ་ལྟར་རྣམ་དག་ཉི་བཞིན་འོད་གསལ་བའི། །དབྱིངས་རིག་དབྱེར་མེད་ངང་དུ་མཉམ་པར་བཞག །{{TibChung|ཅེས་དགོངས་པའི་ངང་བསྐྱངས། ཐུན་ལས་ལྡང་བ་ནི།}} སངས་རྒྱས་ཀུན་དངོས་དཔལ་ལྡན་བླ་མ་དང་། །མི་འབྲལ་བྱང་ཆུབ་བར་དུ་བསྟེན་བྱས་ནས། །སྣང་གྲགས་རིག་གསུམ་བླ་མའི་རོལ་པར་ཤར། །རྡོ་རྗེའི་ཟབ་ལམ་མཐའ་རུ་ཕྱིན་པར་ཤོག །བདག་གཞན་ཐམས་ཅད་བླ་མའི་ལམ་གྱིས་གྲོལ། །རང་གནས་སྐུ་གསུམ་ཡེ་ཤེས་མངོན་བྱས་ནས། །སྲིད་མཚོ་ལས་བརྒལ་སྐུ་བཞིའི་གོ་འཕང་ནི། །དཀའ་བ་མེད་པར་མྱུར་དུ་ཐོབ་པར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་ཤོག །{{TibChung|ཅེས་བསྔོ་སྨོན་གང་ཤེས་བྱས་ནས་རྗེས་སྤྱོད་བླ་མའི་ལམ་ཁྱེར་དང་མ་བྲལ་བར་བྱའོ། །ཞེས་པའང་བསླབ་གསུམ་ལྡན་པ་ལྷ་བྲིས་བླ་མ་ཚེ་མགོན་ནས་བཀྲ་ཤིས་པའི་ལྷ་རྫས་རིན་ཆེན་དང་པོ་ཞོ་གང་གི་རྟེན་བཅས་གསུང་བསྐུལ་ངོར་མཁྱེན་བརྩེའི་ཕྲིན་ལས་ཀྱི་རོལ་གར་དུ་མིང་གིས་དབང་བསྐུར་ཐོབ་པ་ཆོས་ཀྱི་བློ་གྲོས་པས་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་ཤིང་ཁྱི་ཆོ་འཕྲུལ་ཟླ་བ་ཕྱི་མའི་ཚེས་༡༢རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་དུས་དྲན་ཉིན་བྲིས་པ་འདིས་ཀྱང་མཐའ་ཡས་པའི་སེམས་ཅན་རྣམས་ལ་ཕན་པ་རྒྱ་ཆེན་པོར་འབྱུང་བར་གྱུར་ཅིག །མངྒ་ལཾ།། །།}} }} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Revision as of 16:19, 7 December 2021
Wylie title | bla ma'i rnal 'byor byin rlabs dpal ster | ![]() |
---|---|---|
Location | chos kyi blo gros bka' 'bum Volume 4, Text 49, Pages 341-345 (Folios 1a1 to 3a3) | |
Author | འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |
Less details More details | ||
Citation | 'jam dbyangs mkhyen brtse chos kyi blo gros. bla ma'i rnal 'byor byin rlabs dpal ster. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 4: 341-345. Bir, H.P.: Khyentse Labrang, 2012. | |
Genre | Guru Yoga Texts - bla ma'i rnal 'byor | |
Colophon |
།ཞེས་པའང་བསླབ་གསུམ་ལྡན་པ་ལྷ་བྲིས་བླ་མ་ཚེ་མགོན་ནས་བཀྲ་ཤིས་པའི་ལྷ་རྫས་རིན་ཆེན་དང་པོ་ཞོ་གང་གི་རྟེན་བཅས་གསུང་བསྐུལ་ངོར་མཁྱེན་བརྩེའི་ཕྲིན་ལས་ཀྱི་རོལ་གར་དུ་མིང་གིས་དབང་བསྐུར་ཐོབ་པ་ཆོས་ཀྱི་བློ་གྲོས་པས་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་ཤིང་ཁྱི་ཆོ་འཕྲུལ་ཟླ་བ་ཕྱི་མའི་ཚེས་༡༢རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་དུས་དྲན་ཉིན་བྲིས་པ་འདིས་ཀྱང་མཐའ་ཡས་པའི་སེམས་ཅན་རྣམས་ལ་ཕན་པ་རྒྱ་ཆེན་པོར་འབྱུང་བར་གྱུར་ཅིག །མངྒ་ལཾ།། | |
/zhes pa'ang bslab gsum ldan pa lha bris bla ma tshe mgon nas bkra shis pa'i lha rdzas rin chen dang po zho gang gi rten bcas gsung bskul ngor mkhyen brtse'i phrin las kyi rol gar du ming gis dbang bskur thob pa chos kyi blo gros pas bkra shis 'chi med grub pa'i dga' tshal du shing khyi cho 'phrul zla ba phyi ma'i tshes 12rje btsun grags pa rgyal mtshan gyi dus dran nyin bris pa 'dis kyang mtha' yas pa'i sems can rnams la phan pa rgya chen por 'byung bar gyur cig__/mang+ga laM// |
1 Texts in this Section (sde tshan or chos tshan)
341-345
|
བླ་མའི་རྣལ་འབྱོར་བྱིན་རླབས་དཔལ་སྟེར། bla ma'i rnal 'byor byin rlabs dpal ster
|
Text page View PDF |
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]] |