JKCL-KABUM-02-KHA-011: Difference between revisions
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|citation=[['jam dbyangs mkhyen brtse chos kyi blo gros]]. '' | |fulltitletib=བཅོམ་ལྡན་འདས་ངག་གི་དབང་ཕྱུག་འཇམ་དཔལ་དབྱངས་ལ་བསྟོད་པ་ངེས་དོན་གྱི་རྣ་ཆ། | ||
|fulltitle=bcom ldan 'das ngag gi dbang phyug 'jam dpal dbyangs la bstod pa nges don gyi rna cha | |||
|citation=[['jam dbyangs mkhyen brtse chos kyi blo gros]]. ''bcom ldan 'das ngag gi dbang phyug 'jam dpal dbyangs la bstod pa nges don gyi rna cha''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 2: 343-363. Bir, H.P.: Khyentse Labrang, 2012. | |||
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་ | |collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་ | ||
|collectiontitle=chos kyi blo gros bka' 'bum | |collectiontitle=chos kyi blo gros bka' 'bum | ||
|author='jam dbyangs mkhyen brtse chos kyi blo gros | |author='jam dbyangs mkhyen brtse chos kyi blo gros | ||
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | ||
|tibgenre=Verses of Praise - bstod pa | |||
|terma=No | |terma=No | ||
|jkcloutline=Two | |jkcloutline=Two | ||
|deity='jam dpal dbyangs | |||
|language=Tibetan | |language=Tibetan | ||
|volumenumber=002 | |volumenumber=002 | ||
Line 15: | Line 19: | ||
|totalvolumes=12 | |totalvolumes=12 | ||
|textnuminvol=011 | |textnuminvol=011 | ||
|pagenumbers=343-363 | |||
|totalpages=21 | |||
|beginfolioline=1a | |||
|endfolioline=11a5 | |||
|totalfolios=11 | |||
|multivolumework=No | |||
|colophontib=རྒྱལ་བའི་ཡེ་ཤེས་ཀྱི་སྐུ་གཅིག་པུ་སྤྲོ་བསྡུའི་བྱེད་པོ་འཁོར་འདས་ཀུན་གྱི་ཁྱབ་བདག་ལྷག་པའི་ལྷ་མཆོག་ས་བཅུའི་སེམས་དཔའི་ཚུལ་བཟུང་མཉྫུ་ཤྲཱི་ལ་བསྟོད་པ་ངེས་དོན་རྣ་ཆ་ཞེས་བྱ་བའི་སྨོན་ལམ་དང་བཅས་པ་འདི་ཡང་མཁས་བཙུན་བཟང་དང་གྲུབ་པའི་ཡོན་ཏན་མཆོག་ཏུ་མངའ་ཡང་སྦས་པའི་རྣལ་འབྱོར་གྱི་ཚུལ་བཟུང་བ་ཁྱབ་བདག་འཁོར་ལོའི་མགོན་པོ་དྷྱཱ་ན་མ་ཏིས་གསུང་གི་བསྐུལ་བ་གུས་པས་སྤྱི་བོར་བླངས་ཏེ་རྨོངས་བཏུལ་འདུ་ཤེས་གསུམ་པ་གཙུག་ལག་ལུང་རིག་ཉི་མ་སྨྲ་བའི་སེང་གེས་སྲིན་པོ་ཞེས་པ་ཤིང་མོ་ཡོས་ཀྱི་ལོ་རྟ་པ་ཟླའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཚེས་བཟང་པོར་གསོལ་བ་བཏབ་པའི་ཡི་གེ་པ་ནི་འཇིགས་མེད་བློ་གྲོས་པས་བགྱིས་པ་འདིས་ཀྱང་འགྲོ་ཀུན་སོ་སོར་རྟོགས་པའི་ཡེ་ཤེས་ལ་དབང་འབྱོར་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ། ། །། | |||
|colophonwylie=rgyal ba'i ye shes kyi sku gcig pu spro bsdu'i byed po 'khor 'das kun gyi khyab bdag lhag pa'i lha mchog sa bcu'i sems dpa'i tshul bzung many+dzu shrI la bstod pa nges don rna cha zhes bya ba'i smon lam dang bcas pa 'di yang mkhas btsun bzang dang grub pa'i yon tan mchog tu mnga' yang sbas pa'i rnal 'byor gyi tshul bzung ba khyab bdag 'khor lo'i mgon po d+h+yA na ma tis gsung gi bskul ba gus pas spyi bor blangs te rmongs btul 'du shes gsum pa gtsug lag lung rig nyi ma smra ba'i seng ges srin po zhes pa shing mo yos kyi lo rta pa zla'i dmar phyogs mkha' 'gro 'du ba'i dus tshes bzang por gsol ba btab pa'i yi ge pa ni 'jigs med blo gros pas bgyis pa 'dis kyang 'gro kun so sor rtogs pa'i ye shes la dbang 'byor pa'i rgyur gyur cig__/sarba dA mang+ga laM/__/ | |||
|pdflink=File:JKCL-KABUM-02-KHA-011.pdf | |pdflink=File:JKCL-KABUM-02-KHA-011.pdf | ||
}} | }} | ||
Line 21: | Line 33: | ||
<onlyinclude> | <onlyinclude> | ||
{{TibP|༄༅། །བཅོམ་ལྡན་འདས་ངག་གི་དབང་ཕྱུག་འཇམ་དཔལ་དབྱངས་ལ་བསྟོད་པ་ངེས་དོན་གྱི་རྣ་ཆ་ཞེས་བྱ་བ་བཞུགས་སོ། ། | {{TibP|༄༅། །བཅོམ་ལྡན་འདས་ངག་གི་དབང་ཕྱུག་འཇམ་དཔལ་དབྱངས་ལ་བསྟོད་པ་ངེས་དོན་གྱི་རྣ་ཆ་ཞེས་བྱ་བ་བཞུགས་སོ། ། | ||
རྒྱ་གར་སྐད་དུ། མཉྫུ་ཤྲཱི་གྷོ་ཥ་སྱ་སྟུ་ཏི་ནཱི་ཏ་རྠ་ཀུཎྜ་ལཾ་ནཱ་མཱ། བོད་སྐད་དུ། འཇམ་དཔལ་དབྱངས་ལ་བསྟོད་པ་ངེས་དོན་གྱི་རྣ་ཆ་ཞེས་བྱ་བ། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཟབ་ཞི་སྤྲོས་བྲལ་འོད་གསལ་དབུ་མའི་དབྱིངས། །ངེས་དོན་རིག་སྟོང་འཇམ་དཔལ་དཔའ་བོ་ནི། །ཡིད་དཔྱོད་ཚིག་དང་གོ་མྱོང་ཡུལ་ལས་འདས། །སོ་སོར་རྟོགས་པའི་སྤྱོད་ཡུལ་གྱུར་ལ་འདུད། ༡། གང་ཞིག་ཐོག་མ་དབུས་དང་མཐའ་མེད་ཅིང་། །ཞི་བར་བྱང་ཆུབ་ཆེན་པོར་བརྙེས་ཟིན་ཀྱང་། །ཚུལ་མཐོང་འགྲོ་བར་གཞི་ཡི་གནས་ལུགས་ནི། །མ་རྟོགས་རྟོགས་ཕྱིར་རྒྱལ་སྲས་ཚུལ་བཟུང་གང་། ༢། མཁྱེན་དང་བརྩེ་བའི་ཆུ་གཏེར་ཆེན་པོ་ལས། །ལེགས་པར་འཁྲུངས་པའི་རྒྱལ་སྲས་ཟླ་ཞལ་ཅན། །ཨེ་མ་ཡེ་ཤེས་ཉི་མའི་སྣང་བ་ཡི། །དེ་རིང་བདག་བློའི་པད་ཚལ་རྒྱས་པར་མཛོད། ༣། སྲིད་པའི་སྡུག་བསྔལ་མྱུ་གུ་ཇི་སྙེད་པ། །མཁྱེན་དང་བརྩེ་བའི་རལ་གྲིས་གཅོད་མཛད་ཅིང་། །སྣ་ཚོགས་ལྟ་ངན་འཐིབས་པོས་བསྐོར་བ་ཡི། །ཐེ་ཚོམ་འཇིག་ལ་དབང་པོའི་རྡོ་རྗེ་བཞིན། ༤། ཐོག་མ་ལ་སོགས་ཚད་བཟུང་བྲལ་བ་ཡི། །ཀུན་ཁྱབ་དབུས་མཐའ་མེད་པའི་རང་བཞིན་ནི། །སྟོང་གསལ་འདུས་མ་བྱས་པའི་ངོ་བོ་དེ། །རྒྱུ་རྐྱེན་ལས་འདས་ནམ་མཁའི་མཐའ་བཞིན་ནོ། ༥། རྣམ་རྟོག་རབ་ཏུ་ཞི་ཞིང་མི་གཡོ་བ། །རྟོག་པའི་རླུང་གིས་མ་བསྐྱོད་སྒྲོན་མེ་ལྟར། །སྲིད་དང་ཞི་བའི་ཆོས་ཀྱི་ཕྱག་རྒྱ་ཆེ། །མཚན་མ་ལས་འདས་ཡེ་ཤེས་སྐུ་ཅན་རྒྱུ། ༦། ཆོས་རྣམས་མ་འདྲེས་སོ་སོར་རྟོགས་པ་དང་། །གཞན་ལས་བྱུང་བའི་རྐྱེན་གྱིས་རྟོགས་མིན་པ། །ཡོན་ཏན་ལྷུན་གྱིས་གྲུབ་པའི་རྒྱུ་རྣམས་ཀྱིས། །ཤེས་བྱ་ཐམས་ཅད་མཁྱེན་པས་འཇམ་པའི་དཔལ། ༧། རང་དོན་རྒྱ་མཚོའི་མཐར་སོན་དབང་བཅུ་མངའ། །སྒྲིབ་ཀུན་སྤངས་ཞིང་ཐུགས་རྗེ་ཆེན་པོ་ཡིས། །གཞན་ལ་བརྩེ་བས་ལམ་མཆོག་སྟོན་མཛད་པ། །རྒྱལ་སྲས་སྨྲ་བའི་སེང་གེ་ཞེས་གྲགས་གང་། ༨། ཡོད་དང་མེད་དང་གཉིས་ཀ་གཉིས་མིན་སོགས། །རྟག་ཆད་མཚན་མའི་ཆོས་ལས་རབ་འདས་ཤིང་། །ཆགས་སྡང་རབ་རིབ་རྣམ་པར་འཇོམས་མཛད་པའི། །དམ་ཆོས་ཉི་མ་དེ་ཡང་ཁྱོད་ཉིད་ལགས། ༩། རྟག་དང་བརྗོད་མིན་འཕགས་པས་མཁྱེན་ཕྱིར་དང་། །བསམ་ཞི་གཉིས་རྟོག་མེད་པ་དག་ཅིང་གསལ། །སྒྲིབ་ཚོགས་མུན་པའི་གཉེན་པོའི་ཕྱོགས་དེ་ནི། །ཀུན་འགྲོའི་ལམ་དུ་རྒྱུ་བའི་རྟ་བདུན་བཞིན། ༡༠། རབ་དྭངས་འོད་གསལ་ངོ་བོ་ཉིད་ཀྱིས་སྟོང་། །འགྲོ་ཀུན་བདག་མེད་མཐའ་ཞི་ཐམས་ཅད་ལ། །སངས་རྒྱས་རྗེས་སུ་ཞུགས་པར་གཟིགས་པའི་སྤྱན། །ཡེ་ཤེས་སྒྲིབ་པ་མེད་པའི་བློ་མངའ་བ། ༡༡། ཇི་ལྟ་བ་དང་ཇི་སྙེད་ནང་གི་ནི། །ཡེ་ཤེས་མངའ་བ་བླ་ན་མེད་པ་ཡི། །ཡོན་ཏན་དང་ལྡན་ཉོན་མོངས་གདོད་ནས་ཟད། །མཐར་ཐུག་རྟོགས་པའི་བློ་ཡིས་ཇི་སྙེད་མཁྱེན། ༡༢། སོ་སོར་མ་འདྲེས་རང་གི་ཤེས་ལས་མཐོང་། །དྲི་མེད་དབྱིངས་ལ་ཆགས་ཐོགས་མེད་པ་དང་། །ཡེ་ཤེས་བླ་མེད་གཟིགས་པ་དག་པས་ན། །ཕྱིར་མི་ལྡོག་པའི་འཕགས་པ་ཞེས་སུ་གྲགས། ༡༣། སྟོན་པ་བསྟན་པ་བསླབ་པའི་དོན་ཅན་དང་། །ཐེག་གསུམ་བྱེད་གསུམ་མོས་པའི་དབང་བྱས་ནས། །གསུམ་དུ་བཞག་ཀྱང་སྤངས་ཕྱིར་བསླུ་བ་དང་། །འཇིགས་དང་བཅས་པས་གཏན་སྐྱབས་དམ་པ་ཁྱོད། ༡༤། འབྱུང་དཀོན་དྲི་མེད་མཐུ་ལྡན་འཇིག་རྟེན་གྱི། །རྒྱན་མཆོག་འགྱུར་མེད་དྲི་མེད་དེ་བཞིན་གཤེགས། །གང་ལས་དགེ་འབྱུང་དོན་དམ་གཟིགས་པའི་ཡུལ། །བསམ་གྱིས་མི་ཁྱབ་འགྲོ་བ་ཀུན་ལ་ཞུགས། ༡༥། ནོར་བུ་རིན་ཆེན་ནམ་མཁའ་ཆུ་དྭངས་བཞིན། །རྟག་ཏུ་མི་འགྱུར་ཡོན་ཏན་དབྱེར་མེད་པ། །ཆོས་མོས་ལྷག་པའི་ཤེས་རབ་ཏིང་འཛིན་དང་། །བརྩེ་བྱུང་གཙང་རྟགས་བདེ་བའི་ཕ་རོལ་སོན། ༡༦། བདག་སྲེད་མ་ལུས་ཤེས་རབ་རྣོན་པོས་གཅོད། །སེམས་ཅན་ལ་ནི་བརྩེ་བའི་སྙིང་རྗེས་སྲེད། །བློ་ལྡན་བྱང་ཆུབ་ཐབས་ལ་རྟག་བརྟེན་ནས། །སྲིད་དང་ཞི་བ་གཉིས་ཀའི་མཐར་མ་ལྷུང་། ༡༧། ཁྱོད་ཉིད་ཀུན་གྱི་སྙིང་ལ་མ་གནས་ན། །འཁོར་བར་སྐྱོ་དང་མྱང་འདས་འདོད་དོན་གཉེར། །སྨོན་མེད་དེས་ན་སྲིད་པར་ཉེས་དམིགས་དང་། །བྱང་ཆུབ་ཡོན་ཏན་མཐོང་བ་ཁྱོད་ཀྱི་དྲིན། ༡༨། དཔག་ཏུ་མེད་པའི་ཡོན་ཏན་མི་ཟད་པ། །ནོར་བུའི་འབྱུང་གནས་ཡོན་ཏན་རྒྱ་མཚོའི་གླིང་། །ཡོན་ཏན་མངའ་བདག་འཇམ་དཔལ་ཡེ་ཤེས་སེམས། །ཆོས་སྐུའི་ཡེ་ཤེས་ཐུགས་རྗེའི་ཁམས་བསྡུས་ཕྱིར། ༡༩། དུ་མའི་ཚོགས་ནི་གཅིག་ཏུ་བསྡུས་པའི་སྣོད། །འདོད་འབྱུང་ནོར་བུ་དབང་གི་རྒྱལ་པོ་དང་། །རྙོགས་མེད་ཆུ་ལྟར་དག་ཕྱིར་གསང་གསུམ་ནི། །ཆུ་འཛིན་འབྱུང་གནས་དང་ནི་མཚུངས་པར་བསྟན། ༢༠། དྲི་མེད་གནས་ལ་མངོན་ཤེས་ཆགས་ཐོགས་བྲལ། །ཡེ་ཤེས་གཟི་བརྗིད་འོད་སྣང་དཔལ་དང་མཚུངས། །དེ་བཞིན་ཉིད་དབྱིངས་འཇུག་ལས་དེ་ཉིད་གཟིགས། །རྒྱལ་བ་བརྒྱ་བྱིན་གྱིས་ཐོགས་ནོར་བུ་བཞིན། ༢༡། ཕྱིན་ཅི་མ་ལོག་སྤྲོས་མཐོང་བདེན་ལས་ལྡོག །སྤྲོས་མེད་ཤིན་ཏུ་རྣམ་པར་དག་པ་ནི། །བདེ་བར་གཤེགས་བཞིན་སེམས་དཔའ་ཆེན་པོ་ཁྱོད། །ཤིན་ཏུ་རྣམ་གཙང་ལྷ་ཡི་ཤེལ་བཞིན་དག༢༢། ཇི་ལྟར་རྟོགས་མེད་ཀུན་ཏུ་རབ་སོང་བ། །འཆི་མེད་ལྷ་ལས་ཡངས་པའི་རྗེས་འགྲོ་ཞིང་། །རང་བཞིན་དྲི་མེད་ཡོན་ཏན་མཐར་ཐུག་ཁྱབ། །འགྱུར་མེད་ཀླུ་རྒྱལ་འཇོག་པོའི་གཙུག་རྒྱན་བཞིན། ༢༣། ཤིན་རྨོངས་ཉེས་པའི་དྲི་མའི་ཚང་ཚིང་གིས། །ཉེ་བར་གོས་མེད་ངེས་དོན་འཇམ་པའི་དབྱངས། །བརྟན་གཡོ་ཀུན་གྱི་སྲོག་ཏུ་རབ་ཞུགས་པས། །འཁོར་འདས་ཀུན་ཁྱབ་ཀུན་བཟང་ཆོས་ཀྱི་སྐུ། ༢༤། ཆོས་ཀྱི་དབྱིངས་ལ་འཆི་དང་ན་བ་དང་། །རྒ་བའི་མེ་ཡིས་ཚིག་པ་ནམ་ཡང་མེད། །ཁྱབ་མཇུག་སྔོན་ཆད་འཇིག་པའི་མེ་ཆེན་པོས། །ནམ་ཡང་བསྲེགས་པ་མེད་པ་དེ་འདྲར་ལགས། ༢༥། འབྱུང་བཞི་རྣམས་ནི་མཁའ་ལ་རབ་གནས་བཞིན། །ཚུལ་བཞིན་མ་ཡིན་ཡིད་ལ་བྱེད་པ་རྣམས། །ཆོས་ཀྱི་དབྱིངས་ལ་རྟག་ཏུ་བརྟེན་བྱས་ཀྱང་། །ངེས་དོན་འཇམ་དཔལ་གང་ལ་གནས་པ་མེད། ༢༦། འཆི་དང་ན་བ་རྒ་བའི་སྡུག་བསྔལ་རྣམས། །གདོད་མ་ཉིད་ནས་བག་ཆགས་བཅས་ཀུན་སྤངས། །འོན་ཀྱང་སྲིད་པར་རྗེས་སུ་བརྩེ་བ་ཡི། །སྙིང་རྗེའི་བདག་ཉིད་འཁོར་བའི་ཚུལ་སྟོན་ཞིང་། ༢༧། རྒྱལ་བས་ཞིང་མང་རྣམ་པ་སྣ་ཚོགས་སུ། །རྣམ་ཐར་དཔག་ཡས་ཆོས་སྒོ་གྲངས་མེད་སྟོན། །གདུལ་བྱའི་སྐྱེ་བོ་གཞོན་ནུའི་གཟུགས་ཀྱིས་འདུལ། །ཆོས་དབྱིངས་འཇམ་པའི་དབྱངས་ཀྱི་སྒྲ་སྒྲོགས་པ། ༢༨། རྒྱལ་སྲས་འཕགས་པའི་སྤྱོད་ཡུལ་ཐོབ་པ་ཡི། །བྱིས་པ་གཞོན་ནུའི་སྤྱོད་ཡུལ་སྟོན་པ་དེའི། །ཐབས་དང་སྙིང་རྗེའི་ལྕགས་ཀྱུའི་གཞན་ཡིད་འགུགས། །ལྷ་ཡི་དབང་ཕྱུག་དང་ནི་ཁྱོད་ཉིད་མཚུངས། ༢༩། སྲིད་པར་གནས་ཀྱང་སྲིད་པའི་སྐྱོན་ལས་གྲོལ། །ཇི་ལྟར་པདྨ་འདམ་ལས་སྐྱེ་བ་ཡང་། །དེ་ཡི་མ་གོས་ཤིན་ཏུ་དག་ཅིང་གཙང་། །དེ་བཞིན་བརྟན་པའི་འཁོར་ལོ་འཇིག་རྟེན་དུ། ༣༠། གཞན་ཕན་བྱ་བ་བསྒྲུབ་ལ་བསྙེལ་མེད་བློ། །སྐད་ཅིག་ཙམ་ཡང་དལ་བ་མེད་པ་འདི། །རྐྱེན་གྱིས་བསྐྱེད་པའི་མེ་ཆེན་འབར་བའམ། །ཚངས་པའི་རལ་ཀླུང་བབས་པ་ཡིན་ནམ་ཅི། ༣༡། ཞི་བའི་བསམ་བཏན་སྙོམས་འཇུག་བདུད་རྩི་ལ། །སྔོན་གྱི་འཕེན་པའི་དབང་དང་རྟོགས་བྲལ་ཕྱིར། །འབད་མེད་རྟག་ཏུ་སྙོམས་པར་ཞུགས་པ་ནི། །ཁམས་ཀྱི་ཏིང་འཛིན་ལས་འདས་ཟག་མེད་མཆོག༣༢། ཇི་ལྟར་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡི། །ཆབ་འབངས་རྣམས་ནི་སྣ་ཚོགས་སྤྱོད་ལམ་གྱི། །ཇི་ལྟར་འདུལ་ཚུལ་དེ་དེར་ཉིད་དུ་ཤེས། །སེམས་དཔའ་ཁྱོད་ནི་འཁོར་ལོའི་བསྒྱུར་རྒྱལ་བཞིན། ༣༣། ཐོགས་པ་མེད་པའི་བློ་གྲོས་དང་ལྡན་པ། །བྱ་བའི་དོན་ལ་ཡང་དག་རབ་འཇུག་པ། །ངང་པ་པདྨའི་མཚོ་རུ་འཇུག་པ་བཞིན། །སྲིད་པའི་མཚོར་འཇུག་ཆོས་ཀུན་མཉམ་པ་ཉིད། ༣༤། རྟག་བརྟན་ཞི་བ་གཡུང་དྲུང་ཆེན་པོའི་སྐུ། །ཟག་པ་བཅས་པའི་ཆོས་ཐུན་མཐའ་ལས་འདས། །དང་པོའི་སངས་རྒྱས་ཆོས་སྐུ་དེ་བཞིན་གཤེགས། །རྒྱལ་བ་རྣམས་ཀྱི་སྤྱི་མེས་ཆེན་པོ་ལགས། ༣༥། ཇི་ལྟ་གནས་ལུགས་དེ་བཞིན་གཟིགས་པ་ཡི། །བདེ་བར་གཤེགས་འདི་དམ་པའི་དོན་མཐར་ཐུག །འཕགས་པས་མངོན་སུམ་བྱ་བ་ཁྱོད་ཉིད་དེ། །རྒྱལ་ཀུན་ཐུགས་ཀྱི་རྡོ་རྗེའང་དེ་ཉིད་ཡིན། ༣༦། འོད་དཀར་ཅན་གྱི་པདྨའི་བཞིན་རས་བསྡུད། །མྱང་འདས་ཆེན་པོས་དམན་པའི་ལམ་ཀུན་འཇོམས། །མིང་ཙམ་མཚུངས་ཀྱང་དོན་གྱིས་ཁྱད་པར་ནི། །དབྱེ་བ་བཞི་ཡིས་འགལ་བ་ཉིད་དུ་རྟོགས། ༣༧། ཆོས་དབྱེར་མེད་ཅིང་དེ་བཞིན་ཐོབ་པ་དང་། །རྫུན་མེད་བསླུ་བ་མེད་པའི་ཆོས་ཉིད་དང་། །རྣམ་ཀུན་མངོན་པར་རྫོགས་པར་བྱང་ཆུབ་པའི། །འཇམ་དཔལ་དཔའ་བོའི་ཁོ་ལག་ཡོངས་སུ་རྫོགས། ༣༨། ཐབས་དང་ཤེས་རབ་ཆོས་ཀུན་ལྷུན་གྱིས་གྲུབ། །རྒྱལ་བའི་སྲས་ཀྱི་སྤྱོད་པ་དྲི་མ་མེད། །ཕ་རོལ་ཕྱིན་དྲུག་ཚོགས་གཉིས་མ་མ་ལས། །འཁྲུངས་པ་ཁྱེད་ནི་རྒྱལ་སྲས་ཐུ་བོར་གྱུར། ༣༩། ཉོན་མོངས་སྤངས་པས་ཆགས་པ་མེད་པ་དང་། །ཤེས་སྒྲིབ་དག་པས་ཐམས་ཅད་ཐོགས་པ་མེད། །སྒྲིབ་གཉིས་རྩུབ་པའི་རེག་བྱ་དང་བྲལ་བ། །གཉིས་མེད་གསུམ་བྲལ་ཟུར་ཕུད་ལྔ་པ་ནི། ༤༠། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི། །དཔལ་གྱི་འཁྱུད་པ་ཤཱཀྱའི་རྒྱལ་པོ་དང་། །ཁྱོད་མཚུངས་དཔེ་བྱར་འོས་པ་གཞན་མ་མཆིས། །གང་གཱའི་བྱེ་མ་ལས་འདས་ཡོན་ཏན་གཏེར། ༤༡། ཨེ་མ་ཧོཿབསམ་མཉམ་བྲལ་བའི་སེམས་ཀྱི་རྡོ་རྗེ་ནི། །འཇམ་དཔལ་དྲི་མེད་ཉེས་ཀུན་སྤངས་པའི་བདག །སྣ་ཚོགས་དམ་ཆོས་འོད་ཟེར་སྣ་ཚོགས་པས། །འགྲོ་དོན་བསྒྲུབ་ཀྱང་སྣ་ཚོགས་དེ་དངོས་མིན། ༤༢། ཞི་བའི་ལམ་འཇུག་རབ་སྨིན་རྒྱུ་ཡི་གཟུགས། །འཆི་མེད་ལམ་བཟང་གཟུགས་ཀྱི་ཁམས་བརྟན་བཞིན། །འདིར་ནི་རྟག་གནས་མི་འཇེད་བདག་པོ་དང་། །མཚུངས་པ་འཇམ་དཔལ་གཞོན་ནུ་ཉིད་དུ་ཟད། ༤༣། ཟབ་དང་རྒྱ་ཆེའི་བདག་ཉིད་ཡོན་ཏན་གྱི། །ཆོས་ཀྱི་རབ་ཏུ་ཕྱེ་བའི་རང་བཞིན་ནི། །སྐུ་གསུམ་ལྷུན་གྱིས་གྲུབ་པའི་བདག་ཉིད་ཆེ། །འཇམ་པའི་དབྱངས་ཞེས་ཞིང་ཁམས་ཀུན་ཏུ་གྲགས། ༤༤། ཡོན་ཏན་ལྔ་ལྡན་ངོ་བོ་ཉིད་ཀྱི་སྐུ། །སྒྲིབ་གསུམ་ལས་གྲོལ་དག་དང་འོད་གསལ་བ། །གཞལ་གྲངས་མཉམ་མེད་དག་པའི་མཐར་ཐུག་པའི། །ཡོན་ཏན་རྒྱ་མཚོ་ཟད་མི་ཤེས་པའི་དཔལ། ༤༥། སྣ་ཚོགས་རྒྱ་ཡིས་ཆོས་ལ་རྫོགས་ལོངས་སྤྱོད། །འདོད་པ་ཇི་བཞིན་ཡོངས་སུ་བསྐང་བའི་ཕྱིར། །ཡིད་བཞིན་ནོར་བུ་ལྟ་བུའི་རྫུ་འཕྲུལ་གྱིས། །ངེས་པ་ལྔ་དང་ལྡན་པའི་ལོངས་སྐུ་ཆེ། ༤༦། ཐུགས་རྗེ་ཆེན་པོས་འཇིག་རྟེན་མ་ལུས་མཁྱེན། །ཆོས་ཀྱི་སྐུ་ལས་མ་གཡོས་རི་དབང་ལྟར། །སྤྲུལ་པའི་རང་བཞིན་ཟླ་བའི་འོད་ཟེར་དང་། །ཙནྡན་ཆུ་ལྟར་འགྲོ་གདུང་བསིལ་བར་བྱས། ༤༧། སྤྲུལ་པའི་རང་བཞིན་དག་དང་མ་དག་གཟིགས། །སྣ་ཚོགས་མཛད་པས་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་ཕྱག་རྒྱ་བཞིས། །སྲིད་གསུམ་སྐྱོ་བསྐྱེད་མེ་འོབས་ལས་ཕྱུང་བཞིན། ༤༨། ཐབས་དང་ཤེས་རབ་ཀྱིས་ནི་ཡོངས་བཟུང་བས། །ཐེག་མཆོག་ལ་སྨིན་བྱང་ཆུབ་ཁྲི་འཕང་ཆེར། །འཇོག་ནས་བྱང་ཆུབ་ལུང་བསྟན་མཛད་པ་པོ། །སྨྲ་བའི་ཉི་མ་རྐང་གཉིས་རྣམས་ཀྱི་མཆོག༤༩། རང་དོན་དོན་དམ་པ་ཡི་སྐུ་དེ་ལ། །བྲལ་དང་རྣམ་སྨིན་གྱིས་ཕྱེས་ཡོན་ཏན་གྱི། །དབྱེ་བ་དྲུག་ཅུ་རྩ་བཞིའི་ཚོགས་རྣམས་ཀྱི། །བྱང་ཆུབ་ཆོས་སྤྲིན་འབྱོར་པས་མཛེས་པར་བྱས། ༥༠། མངོན་པར་བྱང་ཆུབ་ཞི་བ་ཆོས་ཀྱི་སྐུ། །གཞན་དོན་གཟུགས་སྐུ་བལྟ་བས་མི་ངོམ་པ། །མཚན་དཔེའི་མེ་ཏོག་པདྨ་བཞིན་དུ་བཀྲ། །ཆུ་ཟླ་བཞིན་དུ་གདུལ་བྱའི་མཁའ་ལ་འཆར། ༥༡། མ་རིག་སྒྲིབ་པའི་གཉེན་པོ་མང་མོད་ཀྱང་། །གང་གི་སྟོབས་བཅུ་ཞོ་འཐུང་རྡོ་རྗེ་བཞིན། །མི་འཇིགས་གདོང་ལྔ་བཞིན་དུ་བག་ཚ་མེད། །ཁྱོད་ཀྱི་མ་འདྲེས་ཀུན་དང་ཐུན་མོང་མིན། ༥༢། གང་ཞིག་ལུང་གི་བསྟན་པ་རིན་པོ་ཆེ། །རྟོགས་པའི་བསྟན་པ་རྣམ་པ་གཉིས་པོ་ནི། །ཟུང་དུ་འཇུག་པ་སེམས་དཔའ་ཁྱོད་འདོམ་ལྟར། །གཞན་དུ་ཡོད་མིན་ཙནྡན་དྲི་བཞིན་ནོ། ༥༣། གནས་དང་གནས་མིན་ལས་དང་རྣམ་སྨིན་དབང་། །ཁམས་མོས་ཀུན་འགྲོ་བསམ་གཏན་ཉོན་དྲི་མེད། །གནས་ནི་རྗེས་དྲན་ལྟ་མིག་ཞི་ཆེན་སྟོབས། །གོ་ཆ་རྩིགས་བསྟན་ཤིང་འབིགས་འཇིགས་གཅོད་མཚུངས། ༥༤། བྱང་ཆུབ་གེགས་ནི་འགོག་བྱེད་ལམ་སྟོན་དང་། །འགོག་སྟོན་མི་འཇིགས་རྣམ་པ་བཞི་པོ་ནི། །ཤེས་བྱ་སྤངས་བྱ་བསྟན་བྱ་ཐོབ་བྱ་བཞི། །བདེན་སྟོན་རི་དྭགས་དབང་པོ་རྒྱུ་བ་ལྟར། ༥༥། ཁྱོད་ནི་མི་ཡི་སེང་གེ་འཇིགས་པ་མེད། །ལེགས་གནས་ལྟོས་མེད་བརྟན་པའི་རྩལ་ལྡན་པ། །ཁྱོད་ཀྱི་ཟླ་འོས་སྲིད་པའི་ཁམས་འདི་ན། །ལྷ་ཡི་ལྷ་ཡས་གཞན་དུ་ཡོད་མ་ཡིན། ༥༦། གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོ་ལྔར། །ཡོན་ཏན་གཞན་དང་མ་འདྲེས་ཆོས་བཅོ་བརྒྱད། །རྒྱལ་བ་ལ་མངའ་སྲིད་པ་ཐ་མལ་པའི། །བྱང་སེམས་དབང་པོ་ཁྱོད་ལ་ཡང་དག་བདེན། ༥༧། གང་རྟོགས་འགྲོ་བར་འཇིགས་མེད་དམ་ཆོས་ཀྱི། །འཁོར་ལོ་དམ་པ་རབ་ཏུ་བསྐོར་བ་དང་། །ཕྱིར་མི་ལྡོག་པ་ཐེག་མཆོག་སེང་གེའི་སྒྲ། །མཚུངས་མེད་དམ་པར་བསྒྲགས་པ་ཁྱོད་ཅིག་པུ། ༥༨། ཁྱེད་སྐུ་རི་དབང་ཇི་བཞིན་མཐོ་ཞིང་དྲངས་ལ་ནྱ་གྲོའི་ལྗོན་ལྟར་ཆུ་ཤིང་གབ། །གཙོ་མ་གསེར་དང་ཀཾ་བུ་ར་དང་བཻཌཱུཪྻ་ཡི་འོད་ལྟར་དག་ཅིང་གསལ་བ་ཡི། །པགས་པའི་མདོག་ནི་སྲབ་ལ་འཇམ་ཤིང་སྤྱི་གཙུག་གནག་སྣུམ་རལ་པའི་ཐོར་ཅོག་བཅིངས། །ཟུར་ཕུད་ལྔ་ལྡན་ཅུང་ཟད་གཡོན་འཕྱང་རིན་ཆེན་རྩེ་བྲན་གྱིས་མཛེས་རྒྱས་པའི་དབུ། ༥༩། སྐྲ་མཚོམས་མཐོ་ལ་ལེགས་ཕྱེད་དཔྲལ་དབྱེས་ཀུནྡ་དུང་དང་པདྨའི་རྩ་བ་ལྟར། །དྲི་མེད་མཛོད་སྤུ་སྨིན་མའི་དབུས་མཛེས་འཇམ་སྣུམ་སྤུ་མཉམ་སྨིན་ཚུགས་རིང་ལ་སྟུགས། །མ་འཛིང་ཁྱུ་མཆོག་རྫི་མ་སྤྱན་དཀྱུས་ཨུཏྤལ་མཐིང་གའི་འདབ་མ་མ་འདྲེས་པ། །མཚམས་ཞིང་མཐོ་བའི་གཙང་མའི་ཤངས་ལེགས་ཡིད་འོང་མཆུ་ནི་བིམ་པ་ལྟར་དམར་ཤིང་། ༦༠། དཀར་ཞིང་ཚད་མཉམ་ཚེམ་ཐག་ཤིན་ཏུ་བཟང་ལ་འགྲམ་པ་རི་དྭགས་རྒྱལ་པོ་དང་། །སྲབ་མཉེན་ལྗགས་ཀྱི་ཞལ་དཀྱིལ་ཁེབས་པའི་ཆོ་འཕྲུལ་མངོན་པར་འདུ་མཛད་ཚེ། །ཕྱོགས་བཅུའི་འཇིག་རྟེན་ཀུན་ཏུ་བརྐྱངས་ཡང་ངལ་མེད་སྙན་ཤལ་རིང་དུ་འཕྱང་། །རིན་ཆེན་རྣ་ཆ་ཕྲེང་རྒྱན་མགྲིན་པ་གསེར་ཐུམ་གཟི་འོད་འཁྱུགས་པས་མཛེས་པར་བྱས། ༦༡། རྩ་དྲྭ་མི་མངོན་ཟླུམ་རྒྱས་ཡོངས་སུ་གང་བ་སྐུ་ཡི་སྟོད་རྒྱས་གདོང་ལྔ་པ། །ལྷུན་པོའི་ངོས་ཡངས་བྲང་དང་དཔུང་མགོ་ལེགས་ཟླུམ་ཕྱག་ནི་གླང་པོའི་སྣ་ལྟར་མཛེས། །སོར་མོ་མཛེས་པ་དྲྭ་བས་ལེགས་འབྲེལ་ངང་པའི་རྒྱལ་པོ་དམར་བའི་མདངས་ཆགས་པའི། །སོར་མོའི་ཕྲེང་བས་དངར་བའི་སོར་མོ་དཔག་བསམ་ཡལ་འདབ་ལྕུགས་ཕྲན་ལྟར་རིང་ཤིང་། ༦༢། རྒྱས་གསལ་འཇམ་ཤིང་གཞོན་ཤ་ཆགས་པའི་ཕྱག་ཞབས་ངོས་ལ་རྩིབས་སྟོང་འཁོར་ལོ་རབ་ཏུ་བཀྲ། །ལྷ་ཡི་ནོར་བུས་དཔུང་རྒྱན་གདུ་བུའི་མཛེས་བྱས་ཀུན་ནས་དབྱེ་བར་བྱེད་པའི་ཆོས། །མཐིང་སྔོན་རལ་གྲི་འབར་བའི་འོད་ལྡན་ཨུཏྤལ་ལྟེ་བར་ཟབ་མོ་རྟེན་འབྲེལ་གྱི། །དོན་རབ་སྟོན་པའི་གླེགས་བམ་མཆོག་འཛིན་ལྷ་ཡི་གོས་ནི་བཟང་ཞིང་སྲབ་ལ་འཇམ། ༦༣། སྣ་ཚོགས་སྨད་གཡོགས་གསེར་གྱི་འོག་པགས་སིལ་སིལ་སྒྲ་སྒྲོགས་སྐེད་སྐབས་མཛེས་བསྡོམ་ཤིང་། །གསང་གནས་སྦུབས་ནི་རྟ་ཡི་རྒྱལ་པོ་འཇམ་འཁྲིལ་བ་སྤུ་གཡས་སུ་རབ་འཁྱིལ་ཞིང་། །བྱིན་ལེགས་ཞབས་ཀྱི་མཁྲིག་མ་ལོང་བུས་འབུར་དབེན་ཞབས་མཐིལ་ཀུན་མཉམ་རུ་སྦལ་ལྟོ། །མཛེས་པའི་ཞབས་ཟུང་སྒྲ་ལྡན་གདུ་བུ་མཛེས་པའི་ཞབས་ཀྱི་མཁྲིག་མ་ལ་འཁྱུད་ཅིང་། ༦༤། རྡོ་རྗེའི་སྐྱིལ་ཀྲུང་སེམས་དཔའ་དང་ནི་བཟང་པོའི་བཞུགས་སྟངས་གཅིག་ཏུ་མ་ངེས་ལ། །སྐུ་ཡི་བཀོད་པ་མིག་འཕྲུལ་ཇི་བཞིན་མཐའ་དག་ཀུན་མཁྱེན་གྱིས་ཀྱང་བརྗོད་མི་ནུས། །བཟང་པོའི་སྐུ་ནི་བལྟ་བས་མི་ངོམ་འོད་ཀྱི་ཕུང་པོ་ཕྱོགས་བཅུར་འཕྲོ་བའི་སྐུ། །བསོད་ནམས་རྒྱུ་ལས་འཁྲུངས་པ་འཇིག་རྟེན་ལྷར་བཅས་མཛེས་བྱེད་མཆོག་གི་རྒྱན་དུ་གྱུར། ༦༥། ཇི་ལྟར་སྤྲིན་མེད་མཁའ་ཡི་ཟླ་བའི་གཟུགས། །སྟོན་ཀའི་ཆུ་མཚོ་རྒྱལ་སྲས་འཁོར་གྱི་དཀྱིལ། །ཁྱབ་བདག་གཟུགས་ནི་སྐུ་མཆོག་ལྷང་ངེ་དང་། །གསུངས་དབྱངས་ལྷན་ནེ་ཐུགས་མཆོག་ལྷམ་མེར་བཞུགས། ༦༦། ཞིང་ཁམས་ཀུན་ནས་འགེངས་པའི་གསུངས་དབྱངས་ཀྱི། །ཡིད་མཐུན་ཟིལ་གནོན་དབྱངས་ཀྱི་ང་རོ་ནི། །རྣ་བར་ལྷུང་ན་སྡུག་བསྔལ་འཕྲོག་པར་བྱེད། །མཉེན་འཇམ་ཡིད་འོང་འཐད་ལ་དག་ཅིང་གསལ། ༦༧། སྙན་འཇེབ་མཉན་འོས་མི་ཚུགས་སྙན་ལ་དུལ། །ལུས་སེམས་ཚིམ་ལ་དགའ་བདེ་བསྐྱེད་པར་བྱེད། །གདུང་མེད་ཀུན་ཏུ་ཤེས་དང་རྣམ་པར་རིག །རྣམ་གསལ་དགའ་དང་རྣམ་པར་དགའ་ཀུན་ཤེས། ༦༨། རྣམ་རིག་རིག་དང་ཟློས་བྲལ་སེང་གེ་དང་། །གླང་ཆེན་འབྲུག་དང་ལག་འགྲོ་དབང་པོ་དང་། །ཀཱ་ལ་པིང་ཀ་དྲི་ཟ་ཚངས་པ་དང་། །ཤང་ཤང་ཏེའུའི་རྔ་སྒྲ་དབང་པོའི་དབྱངས། ༦༩། ཚིགས་ཟུར་ཕྱིན་ཅིང་མ་ཚང་མེད་པ་དང་། །མ་ཞུམ་མི་ཞན་རབ་དགའ་ཁྱབ་ཅིང་ཆུབ། །རྒྱུན་འབྲེལ་སྒྲ་རྫོགས་དབང་ཚིམ་སྨད་མི་འགྱུར། །འཁོར་གྱི་དཀྱིལ་འཁོར་ཀུན་ཏུ་གང་དེ་གྲགས། ༧༠། དུག་གསུམ་གཅོང་ནད་དྲག་པོ་སེལ་བྱེད་པའི། །སྨན་མཆོག་བདུད་རྩི་བདུད་དཔུང་ཚར་གཅོད་པའི། །གསང་བ་པ་ཡི་རྡོ་རྗེ་རྩེ་བརྒྱ་པ། །གཅིག་ལ་མ་ཚང་མེད་པ་ནམ་མཁའི་མཐའ། ༧༡། ཉེ་རིང་ཆེ་ཆུང་མ་ཡིན་ཀུན་ནས་འབྱུང་། །གསེར་འོད་འཁྱུགས་པ་མཛེས་པས་བཅིངས་པ་ཡི། །སྤྲིན་སྐྱེས་ནང་གི་འབྲུག་སྒྲ་ཇི་བཞིན་འབྱུང་། །དེ་འདྲའི་གསུང་ནི་རྒྱལ་བའི་མྱུ་གུ་ལ། ༧༢། གྲུབ་མཐའ་འཁྲུལ་པ་ཐམས་ཅད་རྣམ་པར་སྤངས། །དོན་གསུམ་ཐེ་ཚོམ་མེད་པའི་བློ་མངའ་བ། །ཀུན་ནས་ཀུན་ཏུ་གཟིགས་པ་མཁྱེན་པའི་གཏེར། །ཟབ་ཅིང་རྒྱ་ཆེ་རྟོགས་དཀའི་འབྱུང་གནས་ཉིད། ༧༣། ཀུན་རྫོབ་པ་དང་དམ་པའི་དོན་གྱིས་བདེན། །ཇི་བཞིན་འཇལ་བྱེད་མ་ནོར་ཚད་མ་ཉིད། །ཤེས་རབ་མིག་བཟང་མཆོག་ཏུ་བསྒྲུབ་པ་ཡི། །བདག་པོའི་རྐྱེན་དུ་གྱུར་པ་ཁྱོད་གཅིག་པུ། ༧༤། བྱ་བ་བྱེད་དང་ཡོན་ཏན་ཐ་སྙད་ཀྱི། །ཆོས་ཉིད་རྣམ་ཐར་གསུམ་ལྡན་ཆོས་ཀྱི་དབྱིངས། །དོན་དམ་རང་བཞིན་འཐད་པར་བསྒྲུབ་པ་སྟེ། །རིག་པ་བཞི་ཡིས་སྣང་བ་སྟེར་བ་པོ། ༧༥། རྗེས་སུ་དཔག་པ་མངོན་སུམ་རྩ་བ་ཅན། །དབང་ཡིད་རང་རིག་རྣལ་འབྱོར་བློ་ཡི་ཡུལ། །མངོན་དུ་གྱུར་པའི་ཆོས་ལ་སྒྲོ་འདོགས་སེལ། །རྟོགས་བཅས་རྗེས་སུ་དཔག་པ་ཚད་གསུམ་དང་། ༧༦། རྟགས་གསུམ་སོགས་ཀྱི་ཆོས་ཀུན་ཇི་སྙེད་པ། །དགག་དང་སྒྲུབ་པ་གཉིས་སུ་རབ་བསྡུས་ནས། །ཚད་མ་གཏན་ལ་དབབ་པའི་འབྱུང་གནས་ནི། །ཚད་མར་གྱུར་པ་བཅོམ་ལྡན་མཁྱེན་པའི་གཏེར། ༧༧། མ་དག་ཚུ་རོལ་མཐོང་བའི་ཚད་མ་དང་། །དག་པ་ཡེ་ཤེས་གཟིགས་པའི་ཐ་སྙད་ཏེ། །ཀུན་རྫོབ་འཇལ་བར་བྱེད་པའི་ཚད་མ་གཉིས། །དོན་དམ་རྣམ་གྲངས་རྣམ་གྲངས་མིན་པ་སྟེ། ༧༨། བསྐྱེད་བྱེད་རིག་པའི་གཤོག་ཟུང་ལ་བརྟེན་ནས། །འཁྲུལ་དང་མ་འཁྲུལ་ཚད་མ་ཚད་མིན་སོགས། །ཀུན་རྫོབ་ཐབས་ཀྱི་ཆ་ལ་རབ་བརྟེན་ནས། །དོན་དམ་ཁང་པར་བསྒྲོད་པའི་ཐེམ་སྐས་ཆེ། ༧༩། གཞལ་བྱ་འཇལ་བྱེད་བློ་དང་རང་རིག་སོགས། །གྲུབ་མཐས་བརྟག་རྣམས་མ་གྲུབ་ཆུ་ཟླ་འདྲ། །བདེན་གཉིས་དབྱེར་མེད་མྱང་འདས་མཐར་ཐུག་པ། །དབྱེར་མེད་ཡེ་ཤེས་སྣང་བ་མཐའ་དབུས་བྲལ། ༨༠། དངོས་དང་དངོས་པོ་མེད་པའི་ཆོས་རྣམས་ཀུན། །བློ་ཡིས་མདུན་ན་ཉེ་བར་མི་གནས་ཤིང་། །ཟབ་ཞི་སྤྲོས་བྲལ་འོད་གསལ་དབུ་མ་ཆེ། །པྲཛྙཱ་པཱ་ར་མི་ཏའི་སྐུ་ཅན་ཁྱོད། ༨༡། དཔའ་བར་འགྲོ་དང་རྡོ་རྗེ་ལྟ་བུ་དང་། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་སྒོ། །བརྒྱ་ཕྲག་དུ་མར་སྙོམས་པར་འཇུག་པ་དང་། །རྣམ་ཐར་སྒོ་གསུམ་དུས་གསུམ་མཉམ་པར་འཇུག༨༢། ཕ་རོལ་ཕྱིན་དང་གཟུངས་དྲན་ཏིང་ངེ་འཛིན། །མངོན་ཤེས་སྤོབས་པའི་གཏེར་ཆེན་བརྡོལ་བ་དང་། །ཆགས་ཐོགས་མེད་པའི་བློ་གྲོས་སྩོལ་མཛད་པ། །གུར་གུམ་མདངས་ལྡན་གཞོན་ནུ་མཁྱེན་པའི་ལྷ། ༨༣། རྒྱལ་བ་བདེན་པར་སྨྲ་བའི་སེང་གེའི་སྒྲས། །གདུལ་བྱ་སྟོན་པ་བཞི་ལ་བསྟན་དགོས་ཤེས། །རྩལ་བ་ཁྱེད་ཀྱི་སྐུ་མཆོག་བསྒོམ་པ་དང་། །རིགས་སྔགས་བཟླས་པས་ལེགས་པ་རྙེད་པར་འགྱུར། ༨༤། ཕྱི་ནང་གྲུབ་པའི་མཐའ་དང་རྡོ་རྗེའི་ཐེག །མཐའ་དྲུག་ཚུལ་བཞི་རྡོ་རྗེ་འཆང་ཆེན་པོའི། །ཕྱག་རྒྱས་བཏབ་པ་འཇམ་དབྱངས་བླ་མ་ཡི། །མན་ངག་དང་འགྲོགས་གཏན་དབབ་བདག་པོའི་རྒྱུ། ༨༥། ཁྱོད་ཀྱི་ཐུགས་རྗེ་མི་བཟད་རླུང་དང་འདྲ། །བྱང་ཆུབ་མཐའ་དང་དབུས་མེད་ནམ་མཁའི་ཁམས། །ཚོགས་གཉིས་ཉི་མ་སེམས་ཅན་ཁམས་ནི་གཏེར། །བདག་དང་སེམས་ཅན་མཚུངས་པར་གཟིགས་པ་གང་། ༨༦། བརྒྱ་བྱིན་རྔ་སྒྲ་ཚངས་པ་ནོར་བུ་དང་། །སྒྲ་སྙན་ནམ་མཁའ་ས་གཞི་བཻཌཱུཪྻ། །རྣམ་རྒྱལ་ཁང་བཟང་གཞལ་ཡས་སྣ་ཚོགས་སོགས། །ཅིར་ཡང་འཆར་ལ་ཅི་ཡང་སྟོན་དུ་རུང་། ༨༧། བརྩེ་རླུང་འགྲོ་དགེ་མངོན་པར་འཕེལ་བའི་ཕྱིར། །ཆོས་ཀྱི་སྤྲིན་ལས་དམ་ཆོས་ཆར་པ་འབེབས། །ཁྱོད་ནི་མཐའ་ཡས་འགྲོ་བའི་གཉེན་གཅིག་པུ། །མ་རིག་མུན་འཇོམས་འོད་ཟེར་བརྒྱ་པ་ཉིད། ༨༨། སྲིད་པའི་གདུང་བ་སྐྱོབས་པའི་དཔག་བསམ་ཤིང་། །དགོས་འདོད་མ་ལུས་སྩོལ་བའི་ཡིད་བཞིན་ནོར། །དྲན་པ་ཙམ་གྱིས་དོན་ཀུན་གྲུབ་མཛད་པའི། །ཐར་པའི་གླིང་དུ་འཁྲིད་པའི་དེད་དཔོན་མཆོག༨༩། དུག་གསུམ་ནད་སེལ་རྣམ་གྲོལ་ལམ་བཟང་སྟོན། །འཇིགས་སྐྱོབས་གྲོལ་བརྟན་ཉོན་མོངས་གཡུལ་ངོ་བཟློག །སྡིག་འཁྲུད་རྟོག་བསྲེགས་བདག་ལྟའི་ཆུ་འཛིན་བྲལ། །དེད་དཔོན་སྨན་དང་སྨན་པ་བཤེས་གཉེན་ཉིད། ༩༠། དམག་དཔོན་ཆུ་རྒྱུན་མེ་ལྕེ་རླུང་ཆེན་དང་། །དགེ་ལེགས་བརྟེན་ཅིང་དོན་གཉིས་མཐར་ཕྱིན་ཞིང་། །བདེན་གཉིས་ཟུང་འཇུག་རིག་གྲོལ་གཉིས་ལྡན་རྣམས། །གཅིག་འདུས་རྗེ་བཙུན་མཁྱེན་པའི་དཔལ་མགོན་རྗེ། ༩༡། སྲིད་ཞིའི་མཆོག་སྦྱིན་མི་ཕྱེད་རྡོ་རྗེའི་མཆོག །ཡང་དག་ཤེས་རབ་མཐར་གྱུར་རྣམས་མེད་ལ། །སྙོམས་པར་འཇུག་བཞིན་རྣམ་བཅས་སྟོང་ཉིད་ལས། །བྱུང་བའི་སངས་རྒྱས་བྱང་ཆུབ་ཆེན་པོའི་ཚུལ། ༩༢། སྒྲིབ་གཉིས་མུན་སངས་འོད་གསལ་གཉུག་མར་ཆགས། །རྩུབ་རེག་སྤངས་པའི་ཟག་མེད་འདོད་ལ་རོལ། །སངས་རྒྱས་ཀུན་དང་རོ་གཅིག་སྟོང་པའི་གཟུགས། །ཕྱག་རྒྱ་ཆེན་མོར་དགའ་བས་སྙེམས་པའི་བདག༩༣། ན་དཱའི་གསུངས་དང་དེ་ཉིད་རོ་གཅིག་ཐུགས། །ཚད་མེད་ལས་བྱུང་འབྱུང་དང་འཕེལ་བའི་གཞི། །ནམ་མཁའ་ལས་བྱུང་སྟོང་པའི་ཡེ་ཤེས་ལས། །སྒྱུ་མའི་རྣམ་འཕྲུལ་སྤྲུལ་པའི་དྲྭ་བ་འཆང་། ༩༤། སངས་རྒྱས་རོལ་མོ་ཅིར་ཡང་སྟོན་མཛད་ཅིང་། །ཐམས་ཅད་སྦྱིན་མཛད་ཐམས་ཅད་རྗེས་འགྲོ་བ། །སྨྲ་བའི་སེང་གེ་འཇམ་པའི་དབྱངས་ཞེས་པ། །ཡེ་ཤེས་ལྔ་ལྡན་དེ་ལ་གུས་པས་བསྟོད། ༩༥། དེ་ལྟར་མགོན་པོ་ཁྱོད་ལ་བསྟོད་པ་ཡི། །དགེ་བ་འདི་ཡིས་སྐྱབས་མཆོག་མགོན་པོ་ཁྱོད། །མི་འབྲལ་གཙུག་གི་རྒྱན་དུ་བརྟེན་པ་ལ། །ཚིག་དོན་རྣམ་པར་འབྱེད་པའི་བློ་གྲོས་མཐུ། །ཟབ་དང་རྒྱ་ཆེའི་རྣོ་མྱུར་ཤེས་རབ་སྩོལ། ༩༦། གང་གིས་མི་བརྫི་ཞུམས་པ་དང་བྲལ་ཞིང་། །འཇིགས་མེད་རྡོ་རྗེ་ལྟ་བུ་སྤོབས་པའི་མཆོག །ཚིག་དོན་བརྗེད་པ་མ་མཆིས་ནམ་མཁའ་ལྟར། །ཡངས་པའི་གཟུགས་ཀྱིས་གཏེར་ཆེན་བདག་ལ་སྩོལ། ༩༧། ཤེས་རབ་དབྱངས་ཅན་མགྲིན་པའི་རོལ་མཚོར་རོལ། །གངས་ཅན་མཁས་པའི་ཡིད་འཕྲོག་ཚིག་གི་ཉམས། །ཉམས་འགྱུར་འབུམ་ལྡན་ངག་གི་དབང་ཕྱུག་གི། གྲུབ་པ་དམ་པར་བདག་ནི་བསྒྲུབ་ཏུ་གསོལ། ༩༨། རྒྱལ་དང་རྒྱལ་སྲས་ལ་སོགས་འཇིག་རྟེན་འདས། །ལྷ་ཀླུ་གནོད་སྦྱིན་མི་དང་དྲང་སྲོང་སོགས། །འཇིག་རྟེན་འདིར་མཆིས་བློ་གྲོས་མཆོག་རྣམས་དང་། །མགོན་པོ་ཁྱེད་ཀྱི་མཁྱེན་བརྩེ་བདག་ལ་བྱིན། ༩༩། ཐོས་བསམ་བསྒོམ་པའི་དཀྱིལ་འཁོར་ཡོངས་སུ་རྫོགས། །བསླབ་གསུམ་ནོར་བུའི་རྒྱན་གྱིས་རྣམ་པར་བརྒྱན། །འཆད་རྩོད་རྩོམ་པའི་འོད་ཟེར་འབུམ་བརྡལ་ཞིང་། །སྙོམ་མེད་གཞན་ཕན་སྙིང་བརྩེས་ཡོངས་གང་ཤོག༡༠༠། རྒྱལ་བ་བུ་རམ་ཤིང་པའི་བསྟན་པ་དང་། །དེ་སྲོལ་འཛིན་པའི་ཤིང་རྟ་ཆེན་པོ་བརྒྱད། །འགལ་མེད་ཡོངས་སུ་རྫོགས་པར་རྟོགས་ནས་ནི། །བསྟན་པ་རིས་མེད་ཕྱོགས་བརྒྱར་འཕེལ་བར་མཛོད། ༡༠༡། བདག་ནི་འདི་ནས་བྱང་ཆུབ་མ་ཐོབ་བར། །བསྟན་པའི་འཁོར་ལོའི་ཞབས་ཀྱི་པདྨོ་ལ། །སྤྱི་བོས་རེག་པའི་སྐལ་བཟང་ཉམས་སུ་མྱོང་། །རབ་གསལ་སྤོབས་པའི་གཏེར་ཆེན་བརྒྱད་གྲོལ་ཞིང་། །ཕྱོགས་ལས་རྣམ་པར་རྒྱལ་བའི་དངོས་གྲུབ་སྩོལ། ༡༠༢། རྒྱལ་བའི་ཡེ་ཤེས་ཀྱི་སྐུ་གཅིག་པུ་སྤྲོ་བསྡུའི་བྱེད་པོ་འཁོར་འདས་ཀུན་གྱི་ཁྱབ་བདག་ལྷག་པའི་ལྷ་མཆོག་ས་བཅུའི་སེམས་དཔའི་ཚུལ་བཟུང་མཉྫུ་ཤྲཱི་ལ་བསྟོད་པ་ངེས་དོན་རྣ་ཆ་ཞེས་བྱ་བའི་སྨོན་ལམ་དང་བཅས་པ་འདི་ཡང་མཁས་བཙུན་བཟང་དང་གྲུབ་པའི་ཡོན་ཏན་མཆོག་ཏུ་མངའ་ཡང་སྦས་པའི་རྣལ་འབྱོར་གྱི་ཚུལ་བཟུང་བ་ཁྱབ་བདག་འཁོར་ལོའི་མགོན་པོ་དྷྱཱ་ན་མ་ཏིས་གསུང་གི་བསྐུལ་བ་གུས་པས་སྤྱི་བོར་བླངས་ཏེ་རྨོངས་བཏུལ་འདུ་ཤེས་གསུམ་པ་གཙུག་ལག་ལུང་རིག་ཉི་མ་སྨྲ་བའི་སེང་གེས་སྲིན་པོ་ཞེས་པ་ཤིང་མོ་ཡོས་ཀྱི་ལོ་རྟ་པ་ཟླའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཚེས་བཟང་པོར་གསོལ་བ་བཏབ་པའི་ཡི་གེ་པ་ནི་འཇིགས་མེད་བློ་གྲོས་པས་བགྱིས་པ་འདིས་ཀྱང་འགྲོ་ཀུན་སོ་སོར་རྟོགས་པའི་ཡེ་ཤེས་ལ་དབང་འབྱོར་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ། ། །།}} | རྒྱ་གར་སྐད་དུ། མཉྫུ་ཤྲཱི་གྷོ་ཥ་སྱ་སྟུ་ཏི་ནཱི་ཏ་རྠ་ཀུཎྜ་ལཾ་ནཱ་མཱ། བོད་སྐད་དུ། འཇམ་དཔལ་དབྱངས་ལ་བསྟོད་པ་ངེས་དོན་གྱི་རྣ་ཆ་ཞེས་བྱ་བ། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཟབ་ཞི་སྤྲོས་བྲལ་འོད་གསལ་དབུ་མའི་དབྱིངས། །ངེས་དོན་རིག་སྟོང་འཇམ་དཔལ་དཔའ་བོ་ནི། །ཡིད་དཔྱོད་ཚིག་དང་གོ་མྱོང་ཡུལ་ལས་འདས། །སོ་སོར་རྟོགས་པའི་སྤྱོད་ཡུལ་གྱུར་ལ་འདུད། ༡། གང་ཞིག་ཐོག་མ་དབུས་དང་མཐའ་མེད་ཅིང་། །ཞི་བར་བྱང་ཆུབ་ཆེན་པོར་བརྙེས་ཟིན་ཀྱང་། །ཚུལ་མཐོང་འགྲོ་བར་གཞི་ཡི་གནས་ལུགས་ནི། །མ་རྟོགས་རྟོགས་ཕྱིར་རྒྱལ་སྲས་ཚུལ་བཟུང་གང་། ༢། མཁྱེན་དང་བརྩེ་བའི་ཆུ་གཏེར་ཆེན་པོ་ལས། །ལེགས་པར་འཁྲུངས་པའི་རྒྱལ་སྲས་ཟླ་ཞལ་ཅན། །ཨེ་མ་ཡེ་ཤེས་ཉི་མའི་སྣང་བ་ཡི། །དེ་རིང་བདག་བློའི་པད་ཚལ་རྒྱས་པར་མཛོད། ༣། སྲིད་པའི་སྡུག་བསྔལ་མྱུ་གུ་ཇི་སྙེད་པ། །མཁྱེན་དང་བརྩེ་བའི་རལ་གྲིས་གཅོད་མཛད་ཅིང་། །སྣ་ཚོགས་ལྟ་ངན་འཐིབས་པོས་བསྐོར་བ་ཡི། །ཐེ་ཚོམ་འཇིག་ལ་དབང་པོའི་རྡོ་རྗེ་བཞིན། ༤། ཐོག་མ་ལ་སོགས་ཚད་བཟུང་བྲལ་བ་ཡི། །ཀུན་ཁྱབ་དབུས་མཐའ་མེད་པའི་རང་བཞིན་ནི། །སྟོང་གསལ་འདུས་མ་བྱས་པའི་ངོ་བོ་དེ། །རྒྱུ་རྐྱེན་ལས་འདས་ནམ་མཁའི་མཐའ་བཞིན་ནོ། ༥། རྣམ་རྟོག་རབ་ཏུ་ཞི་ཞིང་མི་གཡོ་བ། །རྟོག་པའི་རླུང་གིས་མ་བསྐྱོད་སྒྲོན་མེ་ལྟར། །སྲིད་དང་ཞི་བའི་ཆོས་ཀྱི་ཕྱག་རྒྱ་ཆེ། །མཚན་མ་ལས་འདས་ཡེ་ཤེས་སྐུ་ཅན་རྒྱུ། ༦། ཆོས་རྣམས་མ་འདྲེས་སོ་སོར་རྟོགས་པ་དང་། །གཞན་ལས་བྱུང་བའི་རྐྱེན་གྱིས་རྟོགས་མིན་པ། །ཡོན་ཏན་ལྷུན་གྱིས་གྲུབ་པའི་རྒྱུ་རྣམས་ཀྱིས། །ཤེས་བྱ་ཐམས་ཅད་མཁྱེན་པས་འཇམ་པའི་དཔལ། ༧། རང་དོན་རྒྱ་མཚོའི་མཐར་སོན་དབང་བཅུ་མངའ། །སྒྲིབ་ཀུན་སྤངས་ཞིང་ཐུགས་རྗེ་ཆེན་པོ་ཡིས། །གཞན་ལ་བརྩེ་བས་ལམ་མཆོག་སྟོན་མཛད་པ། །རྒྱལ་སྲས་སྨྲ་བའི་སེང་གེ་ཞེས་གྲགས་གང་། ༨། ཡོད་དང་མེད་དང་གཉིས་ཀ་གཉིས་མིན་སོགས། །རྟག་ཆད་མཚན་མའི་ཆོས་ལས་རབ་འདས་ཤིང་། །ཆགས་སྡང་རབ་རིབ་རྣམ་པར་འཇོམས་མཛད་པའི། །དམ་ཆོས་ཉི་མ་དེ་ཡང་ཁྱོད་ཉིད་ལགས། ༩། རྟག་དང་བརྗོད་མིན་འཕགས་པས་མཁྱེན་ཕྱིར་དང་། །བསམ་ཞི་གཉིས་རྟོག་མེད་པ་དག་ཅིང་གསལ། །སྒྲིབ་ཚོགས་མུན་པའི་གཉེན་པོའི་ཕྱོགས་དེ་ནི། །ཀུན་འགྲོའི་ལམ་དུ་རྒྱུ་བའི་རྟ་བདུན་བཞིན། ༡༠། རབ་དྭངས་འོད་གསལ་ངོ་བོ་ཉིད་ཀྱིས་སྟོང་། །འགྲོ་ཀུན་བདག་མེད་མཐའ་ཞི་ཐམས་ཅད་ལ། །སངས་རྒྱས་རྗེས་སུ་ཞུགས་པར་གཟིགས་པའི་སྤྱན། །ཡེ་ཤེས་སྒྲིབ་པ་མེད་པའི་བློ་མངའ་བ། ༡༡། ཇི་ལྟ་བ་དང་ཇི་སྙེད་ནང་གི་ནི། །ཡེ་ཤེས་མངའ་བ་བླ་ན་མེད་པ་ཡི། །ཡོན་ཏན་དང་ལྡན་ཉོན་མོངས་གདོད་ནས་ཟད། །མཐར་ཐུག་རྟོགས་པའི་བློ་ཡིས་ཇི་སྙེད་མཁྱེན། ༡༢། སོ་སོར་མ་འདྲེས་རང་གི་ཤེས་ལས་མཐོང་། །དྲི་མེད་དབྱིངས་ལ་ཆགས་ཐོགས་མེད་པ་དང་། །ཡེ་ཤེས་བླ་མེད་གཟིགས་པ་དག་པས་ན། །ཕྱིར་མི་ལྡོག་པའི་འཕགས་པ་ཞེས་སུ་གྲགས། ༡༣། སྟོན་པ་བསྟན་པ་བསླབ་པའི་དོན་ཅན་དང་། །ཐེག་གསུམ་བྱེད་གསུམ་མོས་པའི་དབང་བྱས་ནས། །གསུམ་དུ་བཞག་ཀྱང་སྤངས་ཕྱིར་བསླུ་བ་དང་། །འཇིགས་དང་བཅས་པས་གཏན་སྐྱབས་དམ་པ་ཁྱོད། ༡༤། འབྱུང་དཀོན་དྲི་མེད་མཐུ་ལྡན་འཇིག་རྟེན་གྱི། །རྒྱན་མཆོག་འགྱུར་མེད་དྲི་མེད་དེ་བཞིན་གཤེགས། །གང་ལས་དགེ་འབྱུང་དོན་དམ་གཟིགས་པའི་ཡུལ། །བསམ་གྱིས་མི་ཁྱབ་འགྲོ་བ་ཀུན་ལ་ཞུགས། ༡༥། ནོར་བུ་རིན་ཆེན་ནམ་མཁའ་ཆུ་དྭངས་བཞིན། །རྟག་ཏུ་མི་འགྱུར་ཡོན་ཏན་དབྱེར་མེད་པ། །ཆོས་མོས་ལྷག་པའི་ཤེས་རབ་ཏིང་འཛིན་དང་། །བརྩེ་བྱུང་གཙང་རྟགས་བདེ་བའི་ཕ་རོལ་སོན། ༡༦། བདག་སྲེད་མ་ལུས་ཤེས་རབ་རྣོན་པོས་གཅོད། །སེམས་ཅན་ལ་ནི་བརྩེ་བའི་སྙིང་རྗེས་སྲེད། །བློ་ལྡན་བྱང་ཆུབ་ཐབས་ལ་རྟག་བརྟེན་ནས། །སྲིད་དང་ཞི་བ་གཉིས་ཀའི་མཐར་མ་ལྷུང་། ༡༧། ཁྱོད་ཉིད་ཀུན་གྱི་སྙིང་ལ་མ་གནས་ན། །འཁོར་བར་སྐྱོ་དང་མྱང་འདས་འདོད་དོན་གཉེར། །སྨོན་མེད་དེས་ན་སྲིད་པར་ཉེས་དམིགས་དང་། །བྱང་ཆུབ་ཡོན་ཏན་མཐོང་བ་ཁྱོད་ཀྱི་དྲིན། ༡༨། དཔག་ཏུ་མེད་པའི་ཡོན་ཏན་མི་ཟད་པ། །ནོར་བུའི་འབྱུང་གནས་ཡོན་ཏན་རྒྱ་མཚོའི་གླིང་། །ཡོན་ཏན་མངའ་བདག་འཇམ་དཔལ་ཡེ་ཤེས་སེམས། །ཆོས་སྐུའི་ཡེ་ཤེས་ཐུགས་རྗེའི་ཁམས་བསྡུས་ཕྱིར། ༡༩། དུ་མའི་ཚོགས་ནི་གཅིག་ཏུ་བསྡུས་པའི་སྣོད། །འདོད་འབྱུང་ནོར་བུ་དབང་གི་རྒྱལ་པོ་དང་། །རྙོགས་མེད་ཆུ་ལྟར་དག་ཕྱིར་གསང་གསུམ་ནི། །ཆུ་འཛིན་འབྱུང་གནས་དང་ནི་མཚུངས་པར་བསྟན། ༢༠། དྲི་མེད་གནས་ལ་མངོན་ཤེས་ཆགས་ཐོགས་བྲལ། །ཡེ་ཤེས་གཟི་བརྗིད་འོད་སྣང་དཔལ་དང་མཚུངས། །དེ་བཞིན་ཉིད་དབྱིངས་འཇུག་ལས་དེ་ཉིད་གཟིགས། །རྒྱལ་བ་བརྒྱ་བྱིན་གྱིས་ཐོགས་ནོར་བུ་བཞིན། ༢༡། ཕྱིན་ཅི་མ་ལོག་སྤྲོས་མཐོང་བདེན་ལས་ལྡོག །སྤྲོས་མེད་ཤིན་ཏུ་རྣམ་པར་དག་པ་ནི། །བདེ་བར་གཤེགས་བཞིན་སེམས་དཔའ་ཆེན་པོ་ཁྱོད། །ཤིན་ཏུ་རྣམ་གཙང་ལྷ་ཡི་ཤེལ་བཞིན་དག༢༢། ཇི་ལྟར་རྟོགས་མེད་ཀུན་ཏུ་རབ་སོང་བ། །འཆི་མེད་ལྷ་ལས་ཡངས་པའི་རྗེས་འགྲོ་ཞིང་། །རང་བཞིན་དྲི་མེད་ཡོན་ཏན་མཐར་ཐུག་ཁྱབ། །འགྱུར་མེད་ཀླུ་རྒྱལ་འཇོག་པོའི་གཙུག་རྒྱན་བཞིན། ༢༣། ཤིན་རྨོངས་ཉེས་པའི་དྲི་མའི་ཚང་ཚིང་གིས། །ཉེ་བར་གོས་མེད་ངེས་དོན་འཇམ་པའི་དབྱངས། །བརྟན་གཡོ་ཀུན་གྱི་སྲོག་ཏུ་རབ་ཞུགས་པས། །འཁོར་འདས་ཀུན་ཁྱབ་ཀུན་བཟང་ཆོས་ཀྱི་སྐུ། ༢༤། ཆོས་ཀྱི་དབྱིངས་ལ་འཆི་དང་ན་བ་དང་། །རྒ་བའི་མེ་ཡིས་ཚིག་པ་ནམ་ཡང་མེད། །ཁྱབ་མཇུག་སྔོན་ཆད་འཇིག་པའི་མེ་ཆེན་པོས། །ནམ་ཡང་བསྲེགས་པ་མེད་པ་དེ་འདྲར་ལགས། ༢༥། འབྱུང་བཞི་རྣམས་ནི་མཁའ་ལ་རབ་གནས་བཞིན། །ཚུལ་བཞིན་མ་ཡིན་ཡིད་ལ་བྱེད་པ་རྣམས། །ཆོས་ཀྱི་དབྱིངས་ལ་རྟག་ཏུ་བརྟེན་བྱས་ཀྱང་། །ངེས་དོན་འཇམ་དཔལ་གང་ལ་གནས་པ་མེད། ༢༦། འཆི་དང་ན་བ་རྒ་བའི་སྡུག་བསྔལ་རྣམས། །གདོད་མ་ཉིད་ནས་བག་ཆགས་བཅས་ཀུན་སྤངས། །འོན་ཀྱང་སྲིད་པར་རྗེས་སུ་བརྩེ་བ་ཡི། །སྙིང་རྗེའི་བདག་ཉིད་འཁོར་བའི་ཚུལ་སྟོན་ཞིང་། ༢༧། རྒྱལ་བས་ཞིང་མང་རྣམ་པ་སྣ་ཚོགས་སུ། །རྣམ་ཐར་དཔག་ཡས་ཆོས་སྒོ་གྲངས་མེད་སྟོན། །གདུལ་བྱའི་སྐྱེ་བོ་གཞོན་ནུའི་གཟུགས་ཀྱིས་འདུལ། །ཆོས་དབྱིངས་འཇམ་པའི་དབྱངས་ཀྱི་སྒྲ་སྒྲོགས་པ། ༢༨། རྒྱལ་སྲས་འཕགས་པའི་སྤྱོད་ཡུལ་ཐོབ་པ་ཡི། །བྱིས་པ་གཞོན་ནུའི་སྤྱོད་ཡུལ་སྟོན་པ་དེའི། །ཐབས་དང་སྙིང་རྗེའི་ལྕགས་ཀྱུའི་གཞན་ཡིད་འགུགས། །ལྷ་ཡི་དབང་ཕྱུག་དང་ནི་ཁྱོད་ཉིད་མཚུངས། ༢༩། སྲིད་པར་གནས་ཀྱང་སྲིད་པའི་སྐྱོན་ལས་གྲོལ། །ཇི་ལྟར་པདྨ་འདམ་ལས་སྐྱེ་བ་ཡང་། །དེ་ཡི་མ་གོས་ཤིན་ཏུ་དག་ཅིང་གཙང་། །དེ་བཞིན་བརྟན་པའི་འཁོར་ལོ་འཇིག་རྟེན་དུ། ༣༠། གཞན་ཕན་བྱ་བ་བསྒྲུབ་ལ་བསྙེལ་མེད་བློ། །སྐད་ཅིག་ཙམ་ཡང་དལ་བ་མེད་པ་འདི། །རྐྱེན་གྱིས་བསྐྱེད་པའི་མེ་ཆེན་འབར་བའམ། །ཚངས་པའི་རལ་ཀླུང་བབས་པ་ཡིན་ནམ་ཅི། ༣༡། ཞི་བའི་བསམ་བཏན་སྙོམས་འཇུག་བདུད་རྩི་ལ། །སྔོན་གྱི་འཕེན་པའི་དབང་དང་རྟོགས་བྲལ་ཕྱིར། །འབད་མེད་རྟག་ཏུ་སྙོམས་པར་ཞུགས་པ་ནི། །ཁམས་ཀྱི་ཏིང་འཛིན་ལས་འདས་ཟག་མེད་མཆོག༣༢། ཇི་ལྟར་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡི། །ཆབ་འབངས་རྣམས་ནི་སྣ་ཚོགས་སྤྱོད་ལམ་གྱི། །ཇི་ལྟར་འདུལ་ཚུལ་དེ་དེར་ཉིད་དུ་ཤེས། །སེམས་དཔའ་ཁྱོད་ནི་འཁོར་ལོའི་བསྒྱུར་རྒྱལ་བཞིན། ༣༣། ཐོགས་པ་མེད་པའི་བློ་གྲོས་དང་ལྡན་པ། །བྱ་བའི་དོན་ལ་ཡང་དག་རབ་འཇུག་པ། །ངང་པ་པདྨའི་མཚོ་རུ་འཇུག་པ་བཞིན། །སྲིད་པའི་མཚོར་འཇུག་ཆོས་ཀུན་མཉམ་པ་ཉིད། ༣༤། རྟག་བརྟན་ཞི་བ་གཡུང་དྲུང་ཆེན་པོའི་སྐུ། །ཟག་པ་བཅས་པའི་ཆོས་ཐུན་མཐའ་ལས་འདས། །དང་པོའི་སངས་རྒྱས་ཆོས་སྐུ་དེ་བཞིན་གཤེགས། །རྒྱལ་བ་རྣམས་ཀྱི་སྤྱི་མེས་ཆེན་པོ་ལགས། ༣༥། ཇི་ལྟ་གནས་ལུགས་དེ་བཞིན་གཟིགས་པ་ཡི། །བདེ་བར་གཤེགས་འདི་དམ་པའི་དོན་མཐར་ཐུག །འཕགས་པས་མངོན་སུམ་བྱ་བ་ཁྱོད་ཉིད་དེ། །རྒྱལ་ཀུན་ཐུགས་ཀྱི་རྡོ་རྗེའང་དེ་ཉིད་ཡིན། ༣༦། འོད་དཀར་ཅན་གྱི་པདྨའི་བཞིན་རས་བསྡུད། །མྱང་འདས་ཆེན་པོས་དམན་པའི་ལམ་ཀུན་འཇོམས། །མིང་ཙམ་མཚུངས་ཀྱང་དོན་གྱིས་ཁྱད་པར་ནི། །དབྱེ་བ་བཞི་ཡིས་འགལ་བ་ཉིད་དུ་རྟོགས། ༣༧། ཆོས་དབྱེར་མེད་ཅིང་དེ་བཞིན་ཐོབ་པ་དང་། །རྫུན་མེད་བསླུ་བ་མེད་པའི་ཆོས་ཉིད་དང་། །རྣམ་ཀུན་མངོན་པར་རྫོགས་པར་བྱང་ཆུབ་པའི། །འཇམ་དཔལ་དཔའ་བོའི་ཁོ་ལག་ཡོངས་སུ་རྫོགས། ༣༨། ཐབས་དང་ཤེས་རབ་ཆོས་ཀུན་ལྷུན་གྱིས་གྲུབ། །རྒྱལ་བའི་སྲས་ཀྱི་སྤྱོད་པ་དྲི་མ་མེད། །ཕ་རོལ་ཕྱིན་དྲུག་ཚོགས་གཉིས་མ་མ་ལས། །འཁྲུངས་པ་ཁྱེད་ནི་རྒྱལ་སྲས་ཐུ་བོར་གྱུར། ༣༩། ཉོན་མོངས་སྤངས་པས་ཆགས་པ་མེད་པ་དང་། །ཤེས་སྒྲིབ་དག་པས་ཐམས་ཅད་ཐོགས་པ་མེད། །སྒྲིབ་གཉིས་རྩུབ་པའི་རེག་བྱ་དང་བྲལ་བ། །གཉིས་མེད་གསུམ་བྲལ་ཟུར་ཕུད་ལྔ་པ་ནི། ༤༠། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི། །དཔལ་གྱི་འཁྱུད་པ་ཤཱཀྱའི་རྒྱལ་པོ་དང་། །ཁྱོད་མཚུངས་དཔེ་བྱར་འོས་པ་གཞན་མ་མཆིས། །གང་གཱའི་བྱེ་མ་ལས་འདས་ཡོན་ཏན་གཏེར། ༤༡། ཨེ་མ་ཧོཿབསམ་མཉམ་བྲལ་བའི་སེམས་ཀྱི་རྡོ་རྗེ་ནི། །འཇམ་དཔལ་དྲི་མེད་ཉེས་ཀུན་སྤངས་པའི་བདག །སྣ་ཚོགས་དམ་ཆོས་འོད་ཟེར་སྣ་ཚོགས་པས། །འགྲོ་དོན་བསྒྲུབ་ཀྱང་སྣ་ཚོགས་དེ་དངོས་མིན། ༤༢། ཞི་བའི་ལམ་འཇུག་རབ་སྨིན་རྒྱུ་ཡི་གཟུགས། །འཆི་མེད་ལམ་བཟང་གཟུགས་ཀྱི་ཁམས་བརྟན་བཞིན། །འདིར་ནི་རྟག་གནས་མི་འཇེད་བདག་པོ་དང་། །མཚུངས་པ་འཇམ་དཔལ་གཞོན་ནུ་ཉིད་དུ་ཟད། ༤༣། ཟབ་དང་རྒྱ་ཆེའི་བདག་ཉིད་ཡོན་ཏན་གྱི། །ཆོས་ཀྱི་རབ་ཏུ་ཕྱེ་བའི་རང་བཞིན་ནི། །སྐུ་གསུམ་ལྷུན་གྱིས་གྲུབ་པའི་བདག་ཉིད་ཆེ། །འཇམ་པའི་དབྱངས་ཞེས་ཞིང་ཁམས་ཀུན་ཏུ་གྲགས། ༤༤། ཡོན་ཏན་ལྔ་ལྡན་ངོ་བོ་ཉིད་ཀྱི་སྐུ། །སྒྲིབ་གསུམ་ལས་གྲོལ་དག་དང་འོད་གསལ་བ། །གཞལ་གྲངས་མཉམ་མེད་དག་པའི་མཐར་ཐུག་པའི། །ཡོན་ཏན་རྒྱ་མཚོ་ཟད་མི་ཤེས་པའི་དཔལ། ༤༥། སྣ་ཚོགས་རྒྱ་ཡིས་ཆོས་ལ་རྫོགས་ལོངས་སྤྱོད། །འདོད་པ་ཇི་བཞིན་ཡོངས་སུ་བསྐང་བའི་ཕྱིར། །ཡིད་བཞིན་ནོར་བུ་ལྟ་བུའི་རྫུ་འཕྲུལ་གྱིས། །ངེས་པ་ལྔ་དང་ལྡན་པའི་ལོངས་སྐུ་ཆེ། ༤༦། ཐུགས་རྗེ་ཆེན་པོས་འཇིག་རྟེན་མ་ལུས་མཁྱེན། །ཆོས་ཀྱི་སྐུ་ལས་མ་གཡོས་རི་དབང་ལྟར། །སྤྲུལ་པའི་རང་བཞིན་ཟླ་བའི་འོད་ཟེར་དང་། །ཙནྡན་ཆུ་ལྟར་འགྲོ་གདུང་བསིལ་བར་བྱས། ༤༧། སྤྲུལ་པའི་རང་བཞིན་དག་དང་མ་དག་གཟིགས། །སྣ་ཚོགས་མཛད་པས་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་ཕྱག་རྒྱ་བཞིས། །སྲིད་གསུམ་སྐྱོ་བསྐྱེད་མེ་འོབས་ལས་ཕྱུང་བཞིན། ༤༨། ཐབས་དང་ཤེས་རབ་ཀྱིས་ནི་ཡོངས་བཟུང་བས། །ཐེག་མཆོག་ལ་སྨིན་བྱང་ཆུབ་ཁྲི་འཕང་ཆེར། །འཇོག་ནས་བྱང་ཆུབ་ལུང་བསྟན་མཛད་པ་པོ། །སྨྲ་བའི་ཉི་མ་རྐང་གཉིས་རྣམས་ཀྱི་མཆོག༤༩། རང་དོན་དོན་དམ་པ་ཡི་སྐུ་དེ་ལ། །བྲལ་དང་རྣམ་སྨིན་གྱིས་ཕྱེས་ཡོན་ཏན་གྱི། །དབྱེ་བ་དྲུག་ཅུ་རྩ་བཞིའི་ཚོགས་རྣམས་ཀྱི། །བྱང་ཆུབ་ཆོས་སྤྲིན་འབྱོར་པས་མཛེས་པར་བྱས། ༥༠། མངོན་པར་བྱང་ཆུབ་ཞི་བ་ཆོས་ཀྱི་སྐུ། །གཞན་དོན་གཟུགས་སྐུ་བལྟ་བས་མི་ངོམ་པ། །མཚན་དཔེའི་མེ་ཏོག་པདྨ་བཞིན་དུ་བཀྲ། །ཆུ་ཟླ་བཞིན་དུ་གདུལ་བྱའི་མཁའ་ལ་འཆར། ༥༡། མ་རིག་སྒྲིབ་པའི་གཉེན་པོ་མང་མོད་ཀྱང་། །གང་གི་སྟོབས་བཅུ་ཞོ་འཐུང་རྡོ་རྗེ་བཞིན། །མི་འཇིགས་གདོང་ལྔ་བཞིན་དུ་བག་ཚ་མེད། །ཁྱོད་ཀྱི་མ་འདྲེས་ཀུན་དང་ཐུན་མོང་མིན། ༥༢། གང་ཞིག་ལུང་གི་བསྟན་པ་རིན་པོ་ཆེ། །རྟོགས་པའི་བསྟན་པ་རྣམ་པ་གཉིས་པོ་ནི། །ཟུང་དུ་འཇུག་པ་སེམས་དཔའ་ཁྱོད་འདོམ་ལྟར། །གཞན་དུ་ཡོད་མིན་ཙནྡན་དྲི་བཞིན་ནོ། ༥༣། གནས་དང་གནས་མིན་ལས་དང་རྣམ་སྨིན་དབང་། །ཁམས་མོས་ཀུན་འགྲོ་བསམ་གཏན་ཉོན་དྲི་མེད། །གནས་ནི་རྗེས་དྲན་ལྟ་མིག་ཞི་ཆེན་སྟོབས། །གོ་ཆ་རྩིགས་བསྟན་ཤིང་འབིགས་འཇིགས་གཅོད་མཚུངས། ༥༤། བྱང་ཆུབ་གེགས་ནི་འགོག་བྱེད་ལམ་སྟོན་དང་། །འགོག་སྟོན་མི་འཇིགས་རྣམ་པ་བཞི་པོ་ནི། །ཤེས་བྱ་སྤངས་བྱ་བསྟན་བྱ་ཐོབ་བྱ་བཞི། །བདེན་སྟོན་རི་དྭགས་དབང་པོ་རྒྱུ་བ་ལྟར། ༥༥། ཁྱོད་ནི་མི་ཡི་སེང་གེ་འཇིགས་པ་མེད། །ལེགས་གནས་ལྟོས་མེད་བརྟན་པའི་རྩལ་ལྡན་པ། །ཁྱོད་ཀྱི་ཟླ་འོས་སྲིད་པའི་ཁམས་འདི་ན། །ལྷ་ཡི་ལྷ་ཡས་གཞན་དུ་ཡོད་མ་ཡིན། ༥༦། གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོ་ལྔར། །ཡོན་ཏན་གཞན་དང་མ་འདྲེས་ཆོས་བཅོ་བརྒྱད། །རྒྱལ་བ་ལ་མངའ་སྲིད་པ་ཐ་མལ་པའི། །བྱང་སེམས་དབང་པོ་ཁྱོད་ལ་ཡང་དག་བདེན། ༥༧། གང་རྟོགས་འགྲོ་བར་འཇིགས་མེད་དམ་ཆོས་ཀྱི། །འཁོར་ལོ་དམ་པ་རབ་ཏུ་བསྐོར་བ་དང་། །ཕྱིར་མི་ལྡོག་པ་ཐེག་མཆོག་སེང་གེའི་སྒྲ། །མཚུངས་མེད་དམ་པར་བསྒྲགས་པ་ཁྱོད་ཅིག་པུ། ༥༨། ཁྱེད་སྐུ་རི་དབང་ཇི་བཞིན་མཐོ་ཞིང་དྲངས་ལ་ནྱ་གྲོའི་ལྗོན་ལྟར་ཆུ་ཤིང་གབ། །གཙོ་མ་གསེར་དང་ཀཾ་བུ་ར་དང་བཻཌཱུཪྻ་ཡི་འོད་ལྟར་དག་ཅིང་གསལ་བ་ཡི། །པགས་པའི་མདོག་ནི་སྲབ་ལ་འཇམ་ཤིང་སྤྱི་གཙུག་གནག་སྣུམ་རལ་པའི་ཐོར་ཅོག་བཅིངས། །ཟུར་ཕུད་ལྔ་ལྡན་ཅུང་ཟད་གཡོན་འཕྱང་རིན་ཆེན་རྩེ་བྲན་གྱིས་མཛེས་རྒྱས་པའི་དབུ། ༥༩། སྐྲ་མཚོམས་མཐོ་ལ་ལེགས་ཕྱེད་དཔྲལ་དབྱེས་ཀུནྡ་དུང་དང་པདྨའི་རྩ་བ་ལྟར། །དྲི་མེད་མཛོད་སྤུ་སྨིན་མའི་དབུས་མཛེས་འཇམ་སྣུམ་སྤུ་མཉམ་སྨིན་ཚུགས་རིང་ལ་སྟུགས། །མ་འཛིང་ཁྱུ་མཆོག་རྫི་མ་སྤྱན་དཀྱུས་ཨུཏྤལ་མཐིང་གའི་འདབ་མ་མ་འདྲེས་པ། །མཚམས་ཞིང་མཐོ་བའི་གཙང་མའི་ཤངས་ལེགས་ཡིད་འོང་མཆུ་ནི་བིམ་པ་ལྟར་དམར་ཤིང་། ༦༠། དཀར་ཞིང་ཚད་མཉམ་ཚེམ་ཐག་ཤིན་ཏུ་བཟང་ལ་འགྲམ་པ་རི་དྭགས་རྒྱལ་པོ་དང་། །སྲབ་མཉེན་ལྗགས་ཀྱི་ཞལ་དཀྱིལ་ཁེབས་པའི་ཆོ་འཕྲུལ་མངོན་པར་འདུ་མཛད་ཚེ། །ཕྱོགས་བཅུའི་འཇིག་རྟེན་ཀུན་ཏུ་བརྐྱངས་ཡང་ངལ་མེད་སྙན་ཤལ་རིང་དུ་འཕྱང་། །རིན་ཆེན་རྣ་ཆ་ཕྲེང་རྒྱན་མགྲིན་པ་གསེར་ཐུམ་གཟི་འོད་འཁྱུགས་པས་མཛེས་པར་བྱས། ༦༡། རྩ་དྲྭ་མི་མངོན་ཟླུམ་རྒྱས་ཡོངས་སུ་གང་བ་སྐུ་ཡི་སྟོད་རྒྱས་གདོང་ལྔ་པ། །ལྷུན་པོའི་ངོས་ཡངས་བྲང་དང་དཔུང་མགོ་ལེགས་ཟླུམ་ཕྱག་ནི་གླང་པོའི་སྣ་ལྟར་མཛེས། །སོར་མོ་མཛེས་པ་དྲྭ་བས་ལེགས་འབྲེལ་ངང་པའི་རྒྱལ་པོ་དམར་བའི་མདངས་ཆགས་པའི། །སོར་མོའི་ཕྲེང་བས་དངར་བའི་སོར་མོ་དཔག་བསམ་ཡལ་འདབ་ལྕུགས་ཕྲན་ལྟར་རིང་ཤིང་། ༦༢། རྒྱས་གསལ་འཇམ་ཤིང་གཞོན་ཤ་ཆགས་པའི་ཕྱག་ཞབས་ངོས་ལ་རྩིབས་སྟོང་འཁོར་ལོ་རབ་ཏུ་བཀྲ། །ལྷ་ཡི་ནོར་བུས་དཔུང་རྒྱན་གདུ་བུའི་མཛེས་བྱས་ཀུན་ནས་དབྱེ་བར་བྱེད་པའི་ཆོས། །མཐིང་སྔོན་རལ་གྲི་འབར་བའི་འོད་ལྡན་ཨུཏྤལ་ལྟེ་བར་ཟབ་མོ་རྟེན་འབྲེལ་གྱི། །དོན་རབ་སྟོན་པའི་གླེགས་བམ་མཆོག་འཛིན་ལྷ་ཡི་གོས་ནི་བཟང་ཞིང་སྲབ་ལ་འཇམ། ༦༣། སྣ་ཚོགས་སྨད་གཡོགས་གསེར་གྱི་འོག་པགས་སིལ་སིལ་སྒྲ་སྒྲོགས་སྐེད་སྐབས་མཛེས་བསྡོམ་ཤིང་། །གསང་གནས་སྦུབས་ནི་རྟ་ཡི་རྒྱལ་པོ་འཇམ་འཁྲིལ་བ་སྤུ་གཡས་སུ་རབ་འཁྱིལ་ཞིང་། །བྱིན་ལེགས་ཞབས་ཀྱི་མཁྲིག་མ་ལོང་བུས་འབུར་དབེན་ཞབས་མཐིལ་ཀུན་མཉམ་རུ་སྦལ་ལྟོ། །མཛེས་པའི་ཞབས་ཟུང་སྒྲ་ལྡན་གདུ་བུ་མཛེས་པའི་ཞབས་ཀྱི་མཁྲིག་མ་ལ་འཁྱུད་ཅིང་། ༦༤། རྡོ་རྗེའི་སྐྱིལ་ཀྲུང་སེམས་དཔའ་དང་ནི་བཟང་པོའི་བཞུགས་སྟངས་གཅིག་ཏུ་མ་ངེས་ལ། །སྐུ་ཡི་བཀོད་པ་མིག་འཕྲུལ་ཇི་བཞིན་མཐའ་དག་ཀུན་མཁྱེན་གྱིས་ཀྱང་བརྗོད་མི་ནུས། །བཟང་པོའི་སྐུ་ནི་བལྟ་བས་མི་ངོམ་འོད་ཀྱི་ཕུང་པོ་ཕྱོགས་བཅུར་འཕྲོ་བའི་སྐུ། །བསོད་ནམས་རྒྱུ་ལས་འཁྲུངས་པ་འཇིག་རྟེན་ལྷར་བཅས་མཛེས་བྱེད་མཆོག་གི་རྒྱན་དུ་གྱུར། ༦༥། ཇི་ལྟར་སྤྲིན་མེད་མཁའ་ཡི་ཟླ་བའི་གཟུགས། །སྟོན་ཀའི་ཆུ་མཚོ་རྒྱལ་སྲས་འཁོར་གྱི་དཀྱིལ། །ཁྱབ་བདག་གཟུགས་ནི་སྐུ་མཆོག་ལྷང་ངེ་དང་། །གསུངས་དབྱངས་ལྷན་ནེ་ཐུགས་མཆོག་ལྷམ་མེར་བཞུགས། ༦༦། ཞིང་ཁམས་ཀུན་ནས་འགེངས་པའི་གསུངས་དབྱངས་ཀྱི། །ཡིད་མཐུན་ཟིལ་གནོན་དབྱངས་ཀྱི་ང་རོ་ནི། །རྣ་བར་ལྷུང་ན་སྡུག་བསྔལ་འཕྲོག་པར་བྱེད། །མཉེན་འཇམ་ཡིད་འོང་འཐད་ལ་དག་ཅིང་གསལ། ༦༧། སྙན་འཇེབ་མཉན་འོས་མི་ཚུགས་སྙན་ལ་དུལ། །ལུས་སེམས་ཚིམ་ལ་དགའ་བདེ་བསྐྱེད་པར་བྱེད། །གདུང་མེད་ཀུན་ཏུ་ཤེས་དང་རྣམ་པར་རིག །རྣམ་གསལ་དགའ་དང་རྣམ་པར་དགའ་ཀུན་ཤེས། ༦༨། རྣམ་རིག་རིག་དང་ཟློས་བྲལ་སེང་གེ་དང་། །གླང་ཆེན་འབྲུག་དང་ལག་འགྲོ་དབང་པོ་དང་། །ཀཱ་ལ་པིང་ཀ་དྲི་ཟ་ཚངས་པ་དང་། །ཤང་ཤང་ཏེའུའི་རྔ་སྒྲ་དབང་པོའི་དབྱངས། ༦༩། ཚིགས་ཟུར་ཕྱིན་ཅིང་མ་ཚང་མེད་པ་དང་། །མ་ཞུམ་མི་ཞན་རབ་དགའ་ཁྱབ་ཅིང་ཆུབ། །རྒྱུན་འབྲེལ་སྒྲ་རྫོགས་དབང་ཚིམ་སྨད་མི་འགྱུར། །འཁོར་གྱི་དཀྱིལ་འཁོར་ཀུན་ཏུ་གང་དེ་གྲགས། ༧༠། དུག་གསུམ་གཅོང་ནད་དྲག་པོ་སེལ་བྱེད་པའི། །སྨན་མཆོག་བདུད་རྩི་བདུད་དཔུང་ཚར་གཅོད་པའི། །གསང་བ་པ་ཡི་རྡོ་རྗེ་རྩེ་བརྒྱ་པ། །གཅིག་ལ་མ་ཚང་མེད་པ་ནམ་མཁའི་མཐའ། ༧༡། ཉེ་རིང་ཆེ་ཆུང་མ་ཡིན་ཀུན་ནས་འབྱུང་། །གསེར་འོད་འཁྱུགས་པ་མཛེས་པས་བཅིངས་པ་ཡི། །སྤྲིན་སྐྱེས་ནང་གི་འབྲུག་སྒྲ་ཇི་བཞིན་འབྱུང་། །དེ་འདྲའི་གསུང་ནི་རྒྱལ་བའི་མྱུ་གུ་ལ། ༧༢། གྲུབ་མཐའ་འཁྲུལ་པ་ཐམས་ཅད་རྣམ་པར་སྤངས། །དོན་གསུམ་ཐེ་ཚོམ་མེད་པའི་བློ་མངའ་བ། །ཀུན་ནས་ཀུན་ཏུ་གཟིགས་པ་མཁྱེན་པའི་གཏེར། །ཟབ་ཅིང་རྒྱ་ཆེ་རྟོགས་དཀའི་འབྱུང་གནས་ཉིད། ༧༣། ཀུན་རྫོབ་པ་དང་དམ་པའི་དོན་གྱིས་བདེན། །ཇི་བཞིན་འཇལ་བྱེད་མ་ནོར་ཚད་མ་ཉིད། །ཤེས་རབ་མིག་བཟང་མཆོག་ཏུ་བསྒྲུབ་པ་ཡི། །བདག་པོའི་རྐྱེན་དུ་གྱུར་པ་ཁྱོད་གཅིག་པུ། ༧༤། བྱ་བ་བྱེད་དང་ཡོན་ཏན་ཐ་སྙད་ཀྱི། །ཆོས་ཉིད་རྣམ་ཐར་གསུམ་ལྡན་ཆོས་ཀྱི་དབྱིངས། །དོན་དམ་རང་བཞིན་འཐད་པར་བསྒྲུབ་པ་སྟེ། །རིག་པ་བཞི་ཡིས་སྣང་བ་སྟེར་བ་པོ། ༧༥། རྗེས་སུ་དཔག་པ་མངོན་སུམ་རྩ་བ་ཅན། །དབང་ཡིད་རང་རིག་རྣལ་འབྱོར་བློ་ཡི་ཡུལ། །མངོན་དུ་གྱུར་པའི་ཆོས་ལ་སྒྲོ་འདོགས་སེལ། །རྟོགས་བཅས་རྗེས་སུ་དཔག་པ་ཚད་གསུམ་དང་། ༧༦། རྟགས་གསུམ་སོགས་ཀྱི་ཆོས་ཀུན་ཇི་སྙེད་པ། །དགག་དང་སྒྲུབ་པ་གཉིས་སུ་རབ་བསྡུས་ནས། །ཚད་མ་གཏན་ལ་དབབ་པའི་འབྱུང་གནས་ནི། །ཚད་མར་གྱུར་པ་བཅོམ་ལྡན་མཁྱེན་པའི་གཏེར། ༧༧། མ་དག་ཚུ་རོལ་མཐོང་བའི་ཚད་མ་དང་། །དག་པ་ཡེ་ཤེས་གཟིགས་པའི་ཐ་སྙད་ཏེ། །ཀུན་རྫོབ་འཇལ་བར་བྱེད་པའི་ཚད་མ་གཉིས། །དོན་དམ་རྣམ་གྲངས་རྣམ་གྲངས་མིན་པ་སྟེ། ༧༨། བསྐྱེད་བྱེད་རིག་པའི་གཤོག་ཟུང་ལ་བརྟེན་ནས། །འཁྲུལ་དང་མ་འཁྲུལ་ཚད་མ་ཚད་མིན་སོགས། །ཀུན་རྫོབ་ཐབས་ཀྱི་ཆ་ལ་རབ་བརྟེན་ནས། །དོན་དམ་ཁང་པར་བསྒྲོད་པའི་ཐེམ་སྐས་ཆེ། ༧༩། གཞལ་བྱ་འཇལ་བྱེད་བློ་དང་རང་རིག་སོགས། །གྲུབ་མཐས་བརྟག་རྣམས་མ་གྲུབ་ཆུ་ཟླ་འདྲ། །བདེན་གཉིས་དབྱེར་མེད་མྱང་འདས་མཐར་ཐུག་པ། །དབྱེར་མེད་ཡེ་ཤེས་སྣང་བ་མཐའ་དབུས་བྲལ། ༨༠། དངོས་དང་དངོས་པོ་མེད་པའི་ཆོས་རྣམས་ཀུན། །བློ་ཡིས་མདུན་ན་ཉེ་བར་མི་གནས་ཤིང་། །ཟབ་ཞི་སྤྲོས་བྲལ་འོད་གསལ་དབུ་མ་ཆེ། །པྲཛྙཱ་པཱ་ར་མི་ཏའི་སྐུ་ཅན་ཁྱོད། ༨༡། དཔའ་བར་འགྲོ་དང་རྡོ་རྗེ་ལྟ་བུ་དང་། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་སྒོ། །བརྒྱ་ཕྲག་དུ་མར་སྙོམས་པར་འཇུག་པ་དང་། །རྣམ་ཐར་སྒོ་གསུམ་དུས་གསུམ་མཉམ་པར་འཇུག༨༢། ཕ་རོལ་ཕྱིན་དང་གཟུངས་དྲན་ཏིང་ངེ་འཛིན། །མངོན་ཤེས་སྤོབས་པའི་གཏེར་ཆེན་བརྡོལ་བ་དང་། །ཆགས་ཐོགས་མེད་པའི་བློ་གྲོས་སྩོལ་མཛད་པ། །གུར་གུམ་མདངས་ལྡན་གཞོན་ནུ་མཁྱེན་པའི་ལྷ། ༨༣། རྒྱལ་བ་བདེན་པར་སྨྲ་བའི་སེང་གེའི་སྒྲས། །གདུལ་བྱ་སྟོན་པ་བཞི་ལ་བསྟན་དགོས་ཤེས། །རྩལ་བ་ཁྱེད་ཀྱི་སྐུ་མཆོག་བསྒོམ་པ་དང་། །རིགས་སྔགས་བཟླས་པས་ལེགས་པ་རྙེད་པར་འགྱུར། ༨༤། ཕྱི་ནང་གྲུབ་པའི་མཐའ་དང་རྡོ་རྗེའི་ཐེག །མཐའ་དྲུག་ཚུལ་བཞི་རྡོ་རྗེ་འཆང་ཆེན་པོའི། །ཕྱག་རྒྱས་བཏབ་པ་འཇམ་དབྱངས་བླ་མ་ཡི། །མན་ངག་དང་འགྲོགས་གཏན་དབབ་བདག་པོའི་རྒྱུ། ༨༥། ཁྱོད་ཀྱི་ཐུགས་རྗེ་མི་བཟད་རླུང་དང་འདྲ། །བྱང་ཆུབ་མཐའ་དང་དབུས་མེད་ནམ་མཁའི་ཁམས། །ཚོགས་གཉིས་ཉི་མ་སེམས་ཅན་ཁམས་ནི་གཏེར། །བདག་དང་སེམས་ཅན་མཚུངས་པར་གཟིགས་པ་གང་། ༨༦། བརྒྱ་བྱིན་རྔ་སྒྲ་ཚངས་པ་ནོར་བུ་དང་། །སྒྲ་སྙན་ནམ་མཁའ་ས་གཞི་བཻཌཱུཪྻ། །རྣམ་རྒྱལ་ཁང་བཟང་གཞལ་ཡས་སྣ་ཚོགས་སོགས། །ཅིར་ཡང་འཆར་ལ་ཅི་ཡང་སྟོན་དུ་རུང་། ༨༧། བརྩེ་རླུང་འགྲོ་དགེ་མངོན་པར་འཕེལ་བའི་ཕྱིར། །ཆོས་ཀྱི་སྤྲིན་ལས་དམ་ཆོས་ཆར་པ་འབེབས། །ཁྱོད་ནི་མཐའ་ཡས་འགྲོ་བའི་གཉེན་གཅིག་པུ། །མ་རིག་མུན་འཇོམས་འོད་ཟེར་བརྒྱ་པ་ཉིད། ༨༨། སྲིད་པའི་གདུང་བ་སྐྱོབས་པའི་དཔག་བསམ་ཤིང་། །དགོས་འདོད་མ་ལུས་སྩོལ་བའི་ཡིད་བཞིན་ནོར། །དྲན་པ་ཙམ་གྱིས་དོན་ཀུན་གྲུབ་མཛད་པའི། །ཐར་པའི་གླིང་དུ་འཁྲིད་པའི་དེད་དཔོན་མཆོག༨༩། དུག་གསུམ་ནད་སེལ་རྣམ་གྲོལ་ལམ་བཟང་སྟོན། །འཇིགས་སྐྱོབས་གྲོལ་བརྟན་ཉོན་མོངས་གཡུལ་ངོ་བཟློག །སྡིག་འཁྲུད་རྟོག་བསྲེགས་བདག་ལྟའི་ཆུ་འཛིན་བྲལ། །དེད་དཔོན་སྨན་དང་སྨན་པ་བཤེས་གཉེན་ཉིད། ༩༠། དམག་དཔོན་ཆུ་རྒྱུན་མེ་ལྕེ་རླུང་ཆེན་དང་། །དགེ་ལེགས་བརྟེན་ཅིང་དོན་གཉིས་མཐར་ཕྱིན་ཞིང་། །བདེན་གཉིས་ཟུང་འཇུག་རིག་གྲོལ་གཉིས་ལྡན་རྣམས། །གཅིག་འདུས་རྗེ་བཙུན་མཁྱེན་པའི་དཔལ་མགོན་རྗེ། ༩༡། སྲིད་ཞིའི་མཆོག་སྦྱིན་མི་ཕྱེད་རྡོ་རྗེའི་མཆོག །ཡང་དག་ཤེས་རབ་མཐར་གྱུར་རྣམས་མེད་ལ། །སྙོམས་པར་འཇུག་བཞིན་རྣམ་བཅས་སྟོང་ཉིད་ལས། །བྱུང་བའི་སངས་རྒྱས་བྱང་ཆུབ་ཆེན་པོའི་ཚུལ། ༩༢། སྒྲིབ་གཉིས་མུན་སངས་འོད་གསལ་གཉུག་མར་ཆགས། །རྩུབ་རེག་སྤངས་པའི་ཟག་མེད་འདོད་ལ་རོལ། །སངས་རྒྱས་ཀུན་དང་རོ་གཅིག་སྟོང་པའི་གཟུགས། །ཕྱག་རྒྱ་ཆེན་མོར་དགའ་བས་སྙེམས་པའི་བདག༩༣། ན་དཱའི་གསུངས་དང་དེ་ཉིད་རོ་གཅིག་ཐུགས། །ཚད་མེད་ལས་བྱུང་འབྱུང་དང་འཕེལ་བའི་གཞི། །ནམ་མཁའ་ལས་བྱུང་སྟོང་པའི་ཡེ་ཤེས་ལས། །སྒྱུ་མའི་རྣམ་འཕྲུལ་སྤྲུལ་པའི་དྲྭ་བ་འཆང་། ༩༤། སངས་རྒྱས་རོལ་མོ་ཅིར་ཡང་སྟོན་མཛད་ཅིང་། །ཐམས་ཅད་སྦྱིན་མཛད་ཐམས་ཅད་རྗེས་འགྲོ་བ། །སྨྲ་བའི་སེང་གེ་འཇམ་པའི་དབྱངས་ཞེས་པ། །ཡེ་ཤེས་ལྔ་ལྡན་དེ་ལ་གུས་པས་བསྟོད། ༩༥། དེ་ལྟར་མགོན་པོ་ཁྱོད་ལ་བསྟོད་པ་ཡི། །དགེ་བ་འདི་ཡིས་སྐྱབས་མཆོག་མགོན་པོ་ཁྱོད། །མི་འབྲལ་གཙུག་གི་རྒྱན་དུ་བརྟེན་པ་ལ། །ཚིག་དོན་རྣམ་པར་འབྱེད་པའི་བློ་གྲོས་མཐུ། །ཟབ་དང་རྒྱ་ཆེའི་རྣོ་མྱུར་ཤེས་རབ་སྩོལ། ༩༦། གང་གིས་མི་བརྫི་ཞུམས་པ་དང་བྲལ་ཞིང་། །འཇིགས་མེད་རྡོ་རྗེ་ལྟ་བུ་སྤོབས་པའི་མཆོག །ཚིག་དོན་བརྗེད་པ་མ་མཆིས་ནམ་མཁའ་ལྟར། །ཡངས་པའི་གཟུགས་ཀྱིས་གཏེར་ཆེན་བདག་ལ་སྩོལ། ༩༧། ཤེས་རབ་དབྱངས་ཅན་མགྲིན་པའི་རོལ་མཚོར་རོལ། །གངས་ཅན་མཁས་པའི་ཡིད་འཕྲོག་ཚིག་གི་ཉམས། །ཉམས་འགྱུར་འབུམ་ལྡན་ངག་གི་དབང་ཕྱུག་གི། གྲུབ་པ་དམ་པར་བདག་ནི་བསྒྲུབ་ཏུ་གསོལ། ༩༨། རྒྱལ་དང་རྒྱལ་སྲས་ལ་སོགས་འཇིག་རྟེན་འདས། །ལྷ་ཀླུ་གནོད་སྦྱིན་མི་དང་དྲང་སྲོང་སོགས། །འཇིག་རྟེན་འདིར་མཆིས་བློ་གྲོས་མཆོག་རྣམས་དང་། །མགོན་པོ་ཁྱེད་ཀྱི་མཁྱེན་བརྩེ་བདག་ལ་བྱིན། ༩༩། ཐོས་བསམ་བསྒོམ་པའི་དཀྱིལ་འཁོར་ཡོངས་སུ་རྫོགས། །བསླབ་གསུམ་ནོར་བུའི་རྒྱན་གྱིས་རྣམ་པར་བརྒྱན། །འཆད་རྩོད་རྩོམ་པའི་འོད་ཟེར་འབུམ་བརྡལ་ཞིང་། །སྙོམ་མེད་གཞན་ཕན་སྙིང་བརྩེས་ཡོངས་གང་ཤོག༡༠༠། རྒྱལ་བ་བུ་རམ་ཤིང་པའི་བསྟན་པ་དང་། །དེ་སྲོལ་འཛིན་པའི་ཤིང་རྟ་ཆེན་པོ་བརྒྱད། །འགལ་མེད་ཡོངས་སུ་རྫོགས་པར་རྟོགས་ནས་ནི། །བསྟན་པ་རིས་མེད་ཕྱོགས་བརྒྱར་འཕེལ་བར་མཛོད། ༡༠༡། བདག་ནི་འདི་ནས་བྱང་ཆུབ་མ་ཐོབ་བར། །བསྟན་པའི་འཁོར་ལོའི་ཞབས་ཀྱི་པདྨོ་ལ། །སྤྱི་བོས་རེག་པའི་སྐལ་བཟང་ཉམས་སུ་མྱོང་། །རབ་གསལ་སྤོབས་པའི་གཏེར་ཆེན་བརྒྱད་གྲོལ་ཞིང་། །ཕྱོགས་ལས་རྣམ་པར་རྒྱལ་བའི་དངོས་གྲུབ་སྩོལ། ༡༠༢། {{TibChung|རྒྱལ་བའི་ཡེ་ཤེས་ཀྱི་སྐུ་གཅིག་པུ་སྤྲོ་བསྡུའི་བྱེད་པོ་འཁོར་འདས་ཀུན་གྱི་ཁྱབ་བདག་ལྷག་པའི་ལྷ་མཆོག་ས་བཅུའི་སེམས་དཔའི་ཚུལ་བཟུང་མཉྫུ་ཤྲཱི་ལ་བསྟོད་པ་ངེས་དོན་རྣ་ཆ་ཞེས་བྱ་བའི་སྨོན་ལམ་དང་བཅས་པ་འདི་ཡང་མཁས་བཙུན་བཟང་དང་གྲུབ་པའི་ཡོན་ཏན་མཆོག་ཏུ་མངའ་ཡང་སྦས་པའི་རྣལ་འབྱོར་གྱི་ཚུལ་བཟུང་བ་ཁྱབ་བདག་འཁོར་ལོའི་མགོན་པོ་དྷྱཱ་ན་མ་ཏིས་གསུང་གི་བསྐུལ་བ་གུས་པས་སྤྱི་བོར་བླངས་ཏེ་རྨོངས་བཏུལ་འདུ་ཤེས་གསུམ་པ་གཙུག་ལག་ལུང་རིག་ཉི་མ་སྨྲ་བའི་སེང་གེས་སྲིན་པོ་ཞེས་པ་ཤིང་མོ་ཡོས་ཀྱི་ལོ་རྟ་པ་ཟླའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཚེས་བཟང་པོར་གསོལ་བ་བཏབ་པའི་ཡི་གེ་པ་ནི་འཇིགས་མེད་བློ་གྲོས་པས་བགྱིས་པ་འདིས་ཀྱང་འགྲོ་ཀུན་སོ་སོར་རྟོགས་པའི་ཡེ་ཤེས་ལ་དབང་འབྱོར་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ། ། །།}} }} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Revision as of 11:07, 24 November 2021
Wylie title | bcom ldan 'das ngag gi dbang phyug 'jam dpal dbyangs la bstod pa nges don gyi rna cha | |
---|---|---|
Location | chos kyi blo gros bka' 'bum Volume 2, Text 11, Pages 343-363 (Folios 1a to 11a5) | |
Author | འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |
Less details More details | ||
Citation | 'jam dbyangs mkhyen brtse chos kyi blo gros. bcom ldan 'das ngag gi dbang phyug 'jam dpal dbyangs la bstod pa nges don gyi rna cha. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: 343-363. Bir, H.P.: Khyentse Labrang, 2012. | |
Genre | Verses of Praise - bstod pa | |
Deity | 'jam dpal dbyangs | |
Colophon |
རྒྱལ་བའི་ཡེ་ཤེས་ཀྱི་སྐུ་གཅིག་པུ་སྤྲོ་བསྡུའི་བྱེད་པོ་འཁོར་འདས་ཀུན་གྱི་ཁྱབ་བདག་ལྷག་པའི་ལྷ་མཆོག་ས་བཅུའི་སེམས་དཔའི་ཚུལ་བཟུང་མཉྫུ་ཤྲཱི་ལ་བསྟོད་པ་ངེས་དོན་རྣ་ཆ་ཞེས་བྱ་བའི་སྨོན་ལམ་དང་བཅས་པ་འདི་ཡང་མཁས་བཙུན་བཟང་དང་གྲུབ་པའི་ཡོན་ཏན་མཆོག་ཏུ་མངའ་ཡང་སྦས་པའི་རྣལ་འབྱོར་གྱི་ཚུལ་བཟུང་བ་ཁྱབ་བདག་འཁོར་ལོའི་མགོན་པོ་དྷྱཱ་ན་མ་ཏིས་གསུང་གི་བསྐུལ་བ་གུས་པས་སྤྱི་བོར་བླངས་ཏེ་རྨོངས་བཏུལ་འདུ་ཤེས་གསུམ་པ་གཙུག་ལག་ལུང་རིག་ཉི་མ་སྨྲ་བའི་སེང་གེས་སྲིན་པོ་ཞེས་པ་ཤིང་མོ་ཡོས་ཀྱི་ལོ་རྟ་པ་ཟླའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཚེས་བཟང་པོར་གསོལ་བ་བཏབ་པའི་ཡི་གེ་པ་ནི་འཇིགས་མེད་བློ་གྲོས་པས་བགྱིས་པ་འདིས་ཀྱང་འགྲོ་ཀུན་སོ་སོར་རྟོགས་པའི་ཡེ་ཤེས་ལ་དབང་འབྱོར་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ། ། །། | |
rgyal ba'i ye shes kyi sku gcig pu spro bsdu'i byed po 'khor 'das kun gyi khyab bdag lhag pa'i lha mchog sa bcu'i sems dpa'i tshul bzung many+dzu shrI la bstod pa nges don rna cha zhes bya ba'i smon lam dang bcas pa 'di yang mkhas btsun bzang dang grub pa'i yon tan mchog tu mnga' yang sbas pa'i rnal 'byor gyi tshul bzung ba khyab bdag 'khor lo'i mgon po d+h+yA na ma tis gsung gi bskul ba gus pas spyi bor blangs te rmongs btul 'du shes gsum pa gtsug lag lung rig nyi ma smra ba'i seng ges srin po zhes pa shing mo yos kyi lo rta pa zla'i dmar phyogs mkha' 'gro 'du ba'i dus tshes bzang por gsol ba btab pa'i yi ge pa ni 'jigs med blo gros pas bgyis pa 'dis kyang 'gro kun so sor rtogs pa'i ye shes la dbang 'byor pa'i rgyur gyur cig__/sarba dA mang+ga laM/__/ |
1 Texts in this Section (sde tshan or chos tshan)
343-363
|
བཅོམ་ལྡན་འདས་ངག་གི་དབང་ཕྱུག་འཇམ་དཔལ་དབྱངས་ལ་བསྟོད་པ་ངེས་དོན་གྱི་རྣ་ཆ། bcom ldan 'das ngag gi dbang phyug 'jam dpal dbyangs la bstod pa nges don gyi rna cha
|
Text page View PDF |
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]] |