JKW-KABUM-21-ZHA-002-047: Difference between revisions
From Khyentse Lineage - A Tsadra Foundation Project
JKW-KABUM-21-ZHA-002-047
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|citation=[['jam dbyangs mkhyen brtse'i dbang po]]. ''''. In '''jam dbyangs mkhyen brtse'i dbang po'i bka' 'bum'', Vol. 21: . Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |fulltitletib=ཁྱད་པར་ཀླུ་དབང་རྒྱལ་པོའི་སྒོ་ནས་བསྒྲུབ་ན། | ||
|fulltitle=khyad par klu dbang rgyal po'i sgo nas bsgrub na | |||
|citation=[['jam dbyangs mkhyen brtse'i dbang po]]. ''khyad par klu dbang rgyal po'i sgo nas bsgrub na''. In '''jam dbyangs mkhyen brtse'i dbang po'i bka' 'bum'', Vol. 21: 251-253. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |||
|collectiontitletib=མཁྱེན་བརྩེའི་བཀའ་འབུམ་ | |||
|collectiontitle=mkhyen brtse'i bka' 'bum | |collectiontitle=mkhyen brtse'i bka' 'bum | ||
|author='jam dbyangs mkhyen brtse'i dbang po | |author='jam dbyangs mkhyen brtse'i dbang po | ||
|authortib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |||
|editor=rdzong sar blo gros phun tshogs | |editor=rdzong sar blo gros phun tshogs | ||
|editortib=རྫོང་སར་བློ་གྲོས་ཕུན་ཚོགས་ | |editortib=རྫོང་སར་བློ་གྲོས་ཕུན་ཚོགས་ | ||
|tibgenre=Offering Rituals - mchod sbyin | |||
|terma=No | |terma=No | ||
|sabcadcategory=Eight | |sabcadcategory=Eight | ||
Line 18: | Line 21: | ||
|textnuminvol=002 | |textnuminvol=002 | ||
|textsubnumber=047 | |textsubnumber=047 | ||
|pagenumbers=251-253 | |||
|totalpages=3 | |||
|beginfolioline=67a6 | |||
|endfolioline=68a4 | |||
|totalfolios=2 | |||
|multivolumework=No | |multivolumework=No | ||
|rectonotes=sde tshan 2 | |rectonotes=sde tshan 2 | ||
Line 26: | Line 34: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP| | {{TibP|ཁྱད་པར་ཀླུ་དབང་རྒྱལ་པོའི་སྒོ་ནས་བསྒྲུབ་ན། ནཱྃ་སྟེང་མའི་སྟེང་དུ། ཀླུ་དབང་རྒྱལ་པོའི་སྐུ་ཁམས་ས་གཙང་མ་ལ་རིན་པོ་ཆེ་དང་ཀླུ་སྨན་བསྲེས་པས་སྤར་བཏབ་པའི་ནང་དུ་གཟུངས་སྔགས་འདོད་གསོལ་དང་བཅས་པའི་ཤོག་དྲིལ་རེ་བཅུག །ཕྱོགས་བཞིར་འཁོར་བཞི་འབྱོར་ན་སྐུ་བརྙན་དང་། མ་འབྱོར་ན་ཤར་ནས་གཡས་བསྐོར་གྱིས། སྐཾ་མཻཾ་དྷཱི་ཧྲཱིཿ བྲིས་པ་ཞལ་ནང་བསྟན་དུ་དྲིལ་ལོ། །དེ་ཙམ་སྟབས་བདེའི་དབང་དུ་བྱས་ཀྱི། གཞུང་གི་དངོས་བསྟན་ལྟར་ན་བུམ་པ་གཉིས་སོ་སོར་བྱས་ཏེ། འོག་ཏུ་ཀླུ་བུམ་དང་སྟེང་དུ་ཀླུ་དབང་རྒྱལ་པོའི་བུམ་པ་བཞག་པར་གསུངས་ཤིང་། རྒྱས་པར་ན་ཀླུ་ཆེན་དགུ་ལ་བུམ་པ་སོ་སོར་བྱ་བར་བཤད་དོ། །གང་ལྟར་ཡང་ཀླུའི་སྲོག་ཡིག་གི་མདུན་ཐད་ཙམ་དུ་ཁམ་ས་གཙང་མ་ཀླུ་སྨན་དང་སྦྱར་བ་བ་དམར་མོའི་འོ་མས་རིལ་བུ་སྟར་ག་ཙམ་བྱས་ཏེ་མན་ངག་ལས་འབྱུང་བ་ལྟར་ཀླུའི་ནོར་བུར་བྱིན་གྱིས་བརླབས་པ་ཡོད་ན་བཞག །གཞན་ཡང་ཀླུ་སྨན་གྱི་རིལ་བུ་དང་ཕྱེ་མ། དར་སྣ། རས་སྣ། ཀླུ་ལ་མི་གནོད་པའི་རིན་པོ་ཆེ་སྣ་ཚོགས། ག་བུར་དང་། སྤོས་དཀར་སོགས་ཀླུའི་སྤོས་སྣ་ཚོགས། བ་གསར་དམར་ཟལ་ལས་བྱུང་བའི་ཞོ། འོ་མ། མར་ཏེ་དཀར་གསུམ་ལ། བལ་པོའི་ཤེལ་ཀར། བུ་རམ་མར་གྱིས་བཞུས་པ། སྦྲང་སྦྲང་རོ་སོགས་ཀྱི་སླད་མེད་པའི་དྭངས་མ་བཅས་མངར་གསུམ་སྦྱར་བའི་རིལ་བུ་རྣམས་བཅུག །ཁར་ཀླུ་ལ་མི་གནོད་པའི་སྨན་དང་། མེ་ཏོག་དང་། སྤོས་དང་། འབྲས་བུ་སོགས་ཀྱིས་བཀང་ནས་འཇིམ་པས་བཅད། རས་དཀར་གྱི་ཁ་གཅོད་དང་མགུལ་ཆིངས་དཀར་པོ་བྱའོ། །གོང་གི་གཟུངས་སོགས་འབྲི་རྫས་མཚལ་དཀར་དང་། རྒྱ་སྣག་ལ་བལ་པོའི་ཤེལ་དཀར་གྱི་དམ་རྩི་སྦྱར་བ་ལས་སྤྱིན་སོགས་མ་འདྲེས་པའི་ཤིན་ཏུ་གཙང་སྦྲ་ཐོན་ངེས་གལ་ཆེ། དེ་བཞིན་དུ་ཀླུ་མཆོད་པའི་ཡོ་བྱད་ཀྱི་སྣོད་ཀྱང་། དངུལ་དང་ཟངས་དང་རྫ་མ་སོགས་ལས། ལྕགས་མཁར་བ་ར་གན་གཤའ་སོགས་མ་འདྲེས་པར་བྱ། ལས་བྱེད་པ་དང་། དེའི་ཉེ་འཁོར་ཐམས་ཅད་དུ་ཤ་ཆང་སྒོག་བཙོང་གླ་རྩི་སོགས་ཀྱི་དྲི་ཙམ་ཡང་མི་བྲོ་བར་ལག་ལེན་མཁན་རྣམས་ཀྱིས་ངེས་པར་བྱའོ། །མངྒ་ལཾ་བྷ་བ་ཏུ། ། ༈}} | ||
ཁྱད་པར་ཀླུ་དབང་རྒྱལ་པོའི་སྒོ་ནས་བསྒྲུབ་ན། ནཱྃ་སྟེང་མའི་སྟེང་དུ། ཀླུ་དབང་རྒྱལ་པོའི་སྐུ་ཁམས་ས་གཙང་མ་ལ་རིན་པོ་ཆེ་དང་ཀླུ་སྨན་བསྲེས་པས་སྤར་བཏབ་པའི་ནང་དུ་གཟུངས་སྔགས་འདོད་གསོལ་དང་བཅས་པའི་ཤོག་དྲིལ་རེ་བཅུག །ཕྱོགས་བཞིར་འཁོར་བཞི་འབྱོར་ན་སྐུ་བརྙན་དང་། མ་འབྱོར་ན་ཤར་ནས་གཡས་བསྐོར་གྱིས། སྐཾ་མཻཾ་དྷཱི་ཧྲཱིཿ བྲིས་པ་ཞལ་ནང་བསྟན་དུ་དྲིལ་ལོ། །དེ་ཙམ་སྟབས་བདེའི་དབང་དུ་བྱས་ཀྱི། གཞུང་གི་དངོས་བསྟན་ལྟར་ན་བུམ་པ་གཉིས་སོ་སོར་བྱས་ཏེ། འོག་ཏུ་ཀླུ་བུམ་དང་སྟེང་དུ་ཀླུ་དབང་རྒྱལ་པོའི་བུམ་པ་བཞག་པར་གསུངས་ཤིང་། རྒྱས་པར་ན་ཀླུ་ཆེན་དགུ་ལ་བུམ་པ་སོ་སོར་བྱ་བར་བཤད་དོ། །གང་ལྟར་ཡང་ཀླུའི་སྲོག་ཡིག་གི་མདུན་ཐད་ཙམ་དུ་ཁམ་ས་གཙང་མ་ཀླུ་སྨན་དང་སྦྱར་བ་བ་དམར་མོའི་འོ་མས་རིལ་བུ་སྟར་ག་ཙམ་བྱས་ཏེ་མན་ངག་ལས་འབྱུང་བ་ལྟར་ཀླུའི་ནོར་བུར་བྱིན་གྱིས་བརླབས་པ་ཡོད་ན་བཞག །གཞན་ཡང་ཀླུ་སྨན་གྱི་རིལ་བུ་དང་ཕྱེ་མ། དར་སྣ། རས་སྣ། ཀླུ་ལ་མི་གནོད་པའི་རིན་པོ་ཆེ་སྣ་ཚོགས། ག་བུར་དང་། སྤོས་དཀར་སོགས་ཀླུའི་སྤོས་སྣ་ཚོགས། བ་གསར་དམར་ཟལ་ལས་བྱུང་བའི་ཞོ། འོ་མ། མར་ཏེ་དཀར་གསུམ་ལ། བལ་པོའི་ཤེལ་ཀར། བུ་རམ་མར་གྱིས་བཞུས་པ། སྦྲང་སྦྲང་རོ་སོགས་ཀྱི་སླད་མེད་པའི་དྭངས་མ་བཅས་མངར་གསུམ་སྦྱར་བའི་རིལ་བུ་རྣམས་བཅུག །ཁར་ཀླུ་ལ་མི་གནོད་པའི་སྨན་དང་། མེ་ཏོག་དང་། སྤོས་དང་། འབྲས་བུ་སོགས་ཀྱིས་བཀང་ནས་འཇིམ་པས་བཅད། རས་དཀར་གྱི་ཁ་གཅོད་དང་མགུལ་ཆིངས་དཀར་པོ་བྱའོ། །གོང་གི་གཟུངས་སོགས་འབྲི་རྫས་མཚལ་དཀར་དང་། རྒྱ་སྣག་ལ་བལ་པོའི་ཤེལ་དཀར་གྱི་དམ་རྩི་སྦྱར་བ་ལས་སྤྱིན་སོགས་མ་འདྲེས་པའི་ཤིན་ཏུ་གཙང་སྦྲ་ཐོན་ངེས་གལ་ཆེ། དེ་བཞིན་དུ་ཀླུ་མཆོད་པའི་ཡོ་བྱད་ཀྱི་སྣོད་ཀྱང་། དངུལ་དང་ཟངས་དང་རྫ་མ་སོགས་ལས། ལྕགས་མཁར་བ་ར་གན་གཤའ་སོགས་མ་འདྲེས་པར་བྱ། ལས་བྱེད་པ་དང་། དེའི་ཉེ་འཁོར་ཐམས་ཅད་དུ་ཤ་ཆང་སྒོག་བཙོང་གླ་རྩི་སོགས་ཀྱི་དྲི་ཙམ་ཡང་མི་བྲོ་བར་ལག་ལེན་མཁན་རྣམས་ཀྱིས་ངེས་པར་བྱའོ། །མངྒ་ལཾ་བྷ་བ་ཏུ། ། ༈}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Revision as of 12:14, 29 July 2021
🚧 This website is under continued development. We appreciate your patience!
ཁྱད་པར་ཀླུ་དབང་རྒྱལ་པོའི་སྒོ་ནས་བསྒྲུབ་ན།
Wylie title | khyad par klu dbang rgyal po'i sgo nas bsgrub na | |
---|---|---|
Location | mkhyen brtse'i bka' 'bum Volume 21, sde tshan 2, Text 47, Pages 251-253 (Folios 67a6 to 68a4) | |
Author | འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |
Less details More details | ||
Citation | 'jam dbyangs mkhyen brtse'i dbang po. khyad par klu dbang rgyal po'i sgo nas bsgrub na. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 21: 251-253. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |
Genre | Offering Rituals - mchod sbyin |
1 Texts in this Section (sde tshan or chos tshan)
47 251-253
|
ཁྱད་པར་ཀླུ་དབང་རྒྱལ་པོའི་སྒོ་ནས་བསྒྲུབ་ན། khyad par klu dbang rgyal po'i sgo nas bsgrub na
|
Text page View PDF |
[[|འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ()]] |