SPCD-KABUM-02-KHA-012: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
 
(2 intermediate revisions by the same user not shown)
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|sectionheading=No
|fulltitletib=ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་གསོལ་འདེབས།
|fulltitle=kun mkhyen dri med 'od zer gyi gsol 'debs
|citation=[['phags mchog rdo rje]]. ''Kun mkhyen dri med 'od zer gyi gsol 'debs''. In ''Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che '', Vol. 2: 401-416.  Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004.
|collectiontitletib=འཕགས་མཆོག་བཀའ་འབུམ།
|collectiontitle='phags mchog bka' 'bum
|collectiontitle='phags mchog bka' 'bum
|collectiontitletib=འཕགས་མཆོག་བཀའ་འབུམ།
|totalvolumes=3
|author='phags mchog rdo rje
|author='phags mchog rdo rje
|authortib=འཕགས་མཆོག་རྡོ་རྗེ་
|authortib=འཕགས་མཆོག་རྡོ་རྗེ་
|citation=[['phags mchog rdo rje]]. ''''. In ''Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che '', Vol. : .  Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004.
|associatedpeople=Klong chen pa
|associatedpeopletib=ཀློང་ཆེན་རབ་འབྱམས་
|tibgenre=Supplications - gsol 'debs
|terma=No
|language=Tibetan
|language=Tibetan
|volumenumber=02
|volnumtib=༢
|volnumtib=༢
|volyigtib=ཁ་
|volyigtib=ཁ་
|volumenumber=02
|totalvolumes=3
|volumeLetter=KHA
|textnuminvol=012
|textnuminvol=012
|pagenumbers=401-416
|totalpages=16
|beginfolioline=1a1
|endfolioline=8b1
|totalfolios=8
|multivolumework=No
|versonotes=gsol 'debs
|colophontib=།ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ། །བསྟན་པའི་ཉི་མ་གཅིག་པུར། །མི་ཕྱེད་དད་པས་བསྐུལ་ཞིང་། །གདུང་བའི་དབྱངས་དང་བཅས་ཏེ། །རང་སྐྱོན་སྟོན་པའི་ཁུལ་ལས། །ཡོན་ཏན་ཅུང་ཟད་མེད་པ། །གྲུབ་སྲས་མིང་ཙམ་རློམ་པོས། །གསོལ་བ་འདེབས་ཡུལ་བརྗེད་ནས། །ནེའུ་ཙོས་ཆོས་འདོན་བཞིན་དུ། །འགྱུར་བར་དོགས་ཀྱིས་གནོང་སྟེ། །མཚན་མཆོག་ཡང་ཡང་སྨོན་ནས། །གསོལ་བ་དེ་ལྟར་བཏབ་བོ། །དགེའོ།།
|colophonwylie=/kun mkhyen chos kyi rgyal po/_/bstan pa'i nyi ma gcig pur/_/mi phyed dad pas bskul zhing /_/gdung ba'i dbyangs dang bcas te/_/rang skyon ston pa'i khul las/_/yon tan cung zad med pa/_/grub sras ming tsam rlom pos/_/gsol ba 'debs yul brjed nas/_/ne'u tsos chos 'don bzhin du/_/'gyur bar dogs kyis gnong ste/_/mtshan mchog yang yang smon nas/_/gsol ba de ltar btab bo/_/dge'o//
|pdflink=File:SPCD-KABUM-02-KHA-012.pdf
|pdflink=File:SPCD-KABUM-02-KHA-012.pdf
|volumeLetter=KHA
|InitCategories=Khyentse Lineage Project; SPCD-KABUM-Volume-02-KHA
|InitCategories=Khyentse Lineage Project; SPCD-KABUM-Volume-02-KHA
}}
}}
Line 21: Line 37:
{{TibP|
{{TibP|
༄༅། །ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་གསོལ་འདེབས་བཞུགས་སོ།།
༄༅། །ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་གསོལ་འདེབས་བཞུགས་སོ།།
ཆོས་ཉིད་ཟད་སར་འདྲེན་པའི། །འོད་གསལ་ཐེག་པའི་ཤིང་རྟ། །ཀུན་མཁྱེན་དྲི་མེད་འོད་ཟེར། །གདོད་མའི་མགོན་དེ་མཁྱེན་ནོ། །མཚན་དཔེའི་དཀྱིལ་འཁོར་རབ་བརྗིད། །བལྟ་བས་ཆོག་མི་ཤེས་པའི། །ཟག་མེད་རྡོ་རྗེའི་སྐུ་ལ། །སྒོ་གསུམ་གུས་པས་འདུད་དོ། །བསྟན་བཅོས་ཀུན་གྱི་ཡ་གྱལ། །གསུང་རབ་མཛོད་བདུན་སོགས་ལ། །སྒོ་གསུམ་གུས་པས་འདུད་དོ། །ཇི་ལྟ་མཁྱེན་པའི་མཁའ་དབྱིངས། །ཇི་སྙེད་རྒྱུ་སྐར་བཀྲ་བཞིན། །མཁྱེན་བརྩེ་ནུས་མངའི་ཐུགས་ལ། །སྒོ་གསུམ་གུས་པས་འདུད་དོ། །ངེས་འབྱུང་ཆེན་པོས་དཀའ་སྤྱད། །ཐོས་བསམ་སྒོམ་པའི་རྩེར་ཕྱིན། །ཡོན་ཏན་ཕྲིན་ལས་རྒྱ་མཚོར། །སྒོ་གསུམ་གུས་པས་འདུད་དོ། །དལ་འབྱོར་ཕུན་སུམ་ཚོགས་དུས། །སྙིང་པོ་ཆོས་ལ་འཇུག་པའི། །རྒྱལ་བ་ཀློང་ཆེན་རབ་འབྱམས། །བདག་རྒྱུད་བྱིན་གྱིས་རློབས་ཤིག །ངེས་ཤེས་ཁྱད་འཕགས་སྐྱེས་ནས། །སྒྲུབ་རྒྱུ་ཆོས་ལས་མེད་པའི། །རྒྱལ་བ་ཀློང་ཆེན་རབ་འབྱམས། །བདག་རྒྱུད་བྱིན་གྱིས་རློབས་ཤིག །སྣོད་བཅུད་མི་རྟག་རང་བཞིན། ཚེ་འདིའི་བློ་སྣ་ཐུང་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །སྐྱོ་ཤས་རྒྱུན་ཆགས་སྐྱེས་ནས། །ཉིན་མཚན་གཅིག་ཏུ་དྲིལ་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ལས་འབྲས་བསླུ་མེད་ངེས་ནས། །དགེ་སྡིག་བླང་དོར་ཞིབ་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཉེས་བྱས་སྐྱོན་གྱིས་མ་གོས། །དགེ་བ་རླབས་ཆེན་འགྲུབ་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །རིགས་དྲུག་སྡུག་བསྔལ་འདི་ལས། །ཐར་ལམ་མྱུར་དུ་བགྲོད་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །མ་གྱུར་འགྲོ་བ་རྣམས་ཀྱང་། །ཕྱམ་གཅིག་འདྲེན་པར་ནུས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །མི་རྟག་རང་མཚང་ངོམ་བཞིན། །བློ་སྣ་རྦད་ཀྱིས་སྟུང་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །བྱ་བ་ཟིན་མེད་ཡིན་བཞིན། །ད་ནི་བློ་ཐག་ཆོད་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ནམ་འཆི་ཆ་མེད་ཡིན་བཞིན། །འཆི་གྲབས་ལན་གྲངས་བྱེད་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཆོས་སྤྱོད་གོང་ནས་གོང་འཕེལ། །དགེ་བ་ཚགས་སུ་ཚུད་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །འབྱོར་བཞིན་དབུལ་བར་མི་འདོད། །གཏན་ནོར་དམ་ཆོས་སྒྲུབ་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །མྱོང་བཞིན་སྐྱེ་འཆིའི་བར་འདིར། །བརྩོན་པས་རླབས་ཆེན་འགྲུབ་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཤེས་བཞིན་དུག་ཅན་མི་ཟ། །སྡིག་ལས་རིང་དུ་བྱོལ་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །མཐོང་བཞིན་གཡང་ལ་མི་མཆོང་། །ཐར་པའི་ལམ་ལ་འཛེག་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཁ་ཟས་རྒྱབ་གོས་བྲལ་དུས། །དགོས་ངེས་དམ་ཆོས་ཉག་གཅིག །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ལུས་དང་གནས་མལ་འབྲལ་དུས། །དམ་པའི་ཆོས་ཤིག་དགོས་པའི། རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཚེ་འདིའི་སྣང་བ་ནུབ་དུས། །དམ་པའི་ཆོས་ལས་མགོན་མེད། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །བར་དོའི་སྣང་བ་ཤར་དུས། །མི་འཇིགས་གདེང་ཞིག་དགོས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །རྣམ་ཤེས་རླུང་ལྟར་རྒྱུ་དུས། །ངན་སོང་སྐྱེ་སྒོ་ཁེགས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །དབུལ་ཕོངས་ཉམ་ཐག་མཐོང་དུས། །སེར་སྣའི་མདུད་པ་གྲོལ་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །གཞན་ཕན་སྣ་རེའི་ཕྱིར་དུ། །དཀའ་བའི་ཁུར་ཆེན་འདེགས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །མགྲོན་པོའི་ཞག་ཚུགས་ལྟ་བུ། །ཚེ་འདི་བློ་ཡིས་ཐོངས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ནོར་རྫས་སྒྱུ་མར་ཤེས་ནས། །དགོས་མེད་ཆོག་ཤེས་བརྟེན་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །དགྲ་གཉེན་ངེས་ངེས་མེད་བཞིན། །གཅིག་པུར་རི་ཁྲོད་ཟིན་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ལུས་དང་སྲོག་ལ་ཐུག་ཀྱང་། །རྣམ་ཀུན་སྡིག་ལས་ལྡོག་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །མནོ་བསམ་དྲན་འཕྲུལ་རྒོད་པ། །སྒོམ་ཆེན་རང་མཚང་ཤེས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཚོང་དང་ཁེ་སྤོག་བསགས་བསྲུང་། །ཆོས་པའི་རང་མཚང་ཤེས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཤིན་ཏུ་དབེན་པའི་གནས་སུ། །སྒོ་གསུམ་ཐུགས་ཉམས་ཕབ་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཆོས་དང་ཆོས་མིན་རྣམ་པ། །ཡང་དག་འབྱེད་པར་ནུས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །སྒྱུ་ལུས་གཡར་པོ་མཐོང་ནས། །ཟས་གོས་གང་བྱུང་ཆོག་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ངེས་འབྱུང་སྐྱོ་ཤས་དྲག་པོས། །དཀའ་སྤྱད་སྙིང་རུས་ནུས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །འཁོར་བའི་སྡུག་བསྔལ་དྲན་ནས། །སྐྱི་སྡུག་རོ་མཉམ་ནུས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །སྙན་དང་མི་སྙན་རྣམ་པ། །གྲགས་སྟོང་བྲག་ཆར་རྟོགས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །མི་ཚེ་རི་ལ་སྐྱེལ་བཞིན། །ངེས་འབྱུང་ཡང་དག་སྐྱེ་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །དགེ་བ་རྒྱ་ཆེན་འགྲུབ་བཞིན། །བྱང་ཆུབ་སེམས་ཀྱིས་ཟིན་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཐོས་བསམ་ཕ་མཐར་སོན་བཞིན། །སྒོམ་པའི་ངང་རྒྱུན་བསྲིང་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །མཚམས་སྒྲུབ་དུས་ཀྱིས་འདའ་བཞིན། །ཉམས་རྟོགས་ཡང་དག་སྐྱེ་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཆོས་དྲེད་ངན་གོམས་འདི་ལས། །བརྩོན་འགྲུས་ན་རིམ་འཕེལ་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །རྣ་བ་བརྒྱ་ལམ་འདི་ལ། །ཐོས་པའི་གོ་རྒྱ་བསྐྱེད་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །རང་སེམས་དམུས་ལོང་འདི་ལ། །བསམ་པའི་སྒྲོ་འདོགས་ཆོད་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །སྒྱུ་ལུས་བལ་འདབ་འདི་ལ། །སྒོམ་རྒྱུན་རྡོ་ཡིས་ནོན་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཆགས་སྤྱོད་རྐུན་ཟས་ལྟར་མིན། །དམ་ཚིག་ངོ་ལྐོག་མེད་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཆགས་སྡང་དུག་རོ་ལང་ལང་། །བག་ཆགས་རྩད་ནས་ཆོད་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །འགྲན་སེམས་ཕྲག་དོག་ངོམ་དུས། །དམ་ཚིག་དཔང་པོ་ཁུར་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཆོས་བརྒྱད་རྐུན་པོ་འཇབ་བྱུང་། །སྐྱོ་ཤས་དྲན་རྫི་ལང་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །འདིར་སྣང་ཞེན་པའི་འབྲེལ་གྲགས། །བྱིན་རླབས་ཐོག་བཞིན་འབེབས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཉེ་འབྲེལ་ཐག་པ་ཆད་ནས། །ཕྱོགས་མེད་རི་ཁྲོད་འགྲིམ་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །བསགས་དང་བསྲུང་བའི་རྒྱུ་ནོར། །གང་ཡོད་ཆོས་ཕྱོགས་ཐོང་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཕལ་ཆེར་འཁྲི་བ་ཆོད་ཀྱང་། །ཡོངས་སུ་འཁྲི་བ་ཆོད་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཆོས་དང་བླ་མར་དད་ཅིང་། །དག་སྣང་ཕྱོགས་མེད་འཆར་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །བཀའ་དྲིན་འཁོར་མེད་དྲན་ནས། །བཟོད་མེད་མོས་གུས་འབར་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །བརྒྱུད་ལྡན་བླ་མའི་བྱིན་རླབས། །རང་རྒྱུད་འཕོ་བར་ནུས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །མོས་གུས་སྙིང་རྗེ་དྲག་པོས། །གཞན་སྣང་དབང་དུ་འདུ་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །རང་འདོད་འཁྲི་བ་ཆོད་ནས། །ཅི་བྱས་ཆོས་སུ་འགྱུར་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །དགེ་ཚོགས་ཀུན་གྱི་གཞི་མ། །སྡོམ་དང་དམ་ཚིག་གཙང་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །བཅས་དང་ལྟུང་བས་མ་གོས། །དྲན་ཤེས་བག་ཡོད་ལྡན་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །མི་བརྗེད་གཟུང་བ་ཐོབ་ནས། །གསུང་རབ་ཁོང་དུ་ཆུད་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །སྤོབས་པའི་གཏེར་ཁ་རྡོལ་ནས། །ཆོས་ཀུན་ཉམས་འོག་ཚུད་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །འཆད་རྩོད་རྩོམ་པ་གང་ལ། །བློ་གྲོས་ཐོགས་མེད་རྒྱས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །འཁོར་ལོ་གསུམ་གྱི་བྱ་བས། །གཞན་དོན་རླབས་ཆེན་འབྱུང་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །དགྲ་གཉེན་བར་མའི་འགྲོ་རྣམས། །ཕ་མ་དྲིན་ཅན་ཤེས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །བདེ་སྡུག་ཐོབ་བྲལ་འདོད་གཅིག །བདག་གཞན་བརྗེ་བར་ནུས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །འདི་ཕྱི་དགེ་བདེའི་འབྱོར་ཚོགས། །བདག་ལས་གཞན་གཅེས་སྒྲུབ་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །སྙིང་རྗེའི་ཚན་ཁ་རྡོལ་ནས། །འགྲོ་དོན་ཕྱོགས་མེད་ནུས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །སེམས་རྒྱུད་ཆོས་དང་འདྲེས་ཏེ། སྣང་སྲིད་དཔེ་ཆར་ཤར་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཆོས་བརྒྱད་ཉམས་འོག་ཚུད་ནས། །སྒྲུབ་པའི་རང་ཚོ་ཐུབ་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །འགལ་རྐྱེན་བར་ཆད་ཞི་ནས། །ཚེ་དང་སྒྲུབ་པ་མཉམ་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །བསྐྱེད་རིམ་མངོན་དུ་གྱུར་ནས། །ཅིར་སྣང་ལྷ་སྐུར་འཆར་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །རྫོགས་རིམ་ཚད་དུ་ཕྱིན་ནས། །སྒྲ་གྲགས་སྔགས་སུ་ཤེས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །བསྐྱེད་རྫོགས་དབྱེར་མེད་རྟོགས་ནས། །དྲན་རྟོག་ཐུགས་སུ་ཆུད་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །གསང་ལམ་ཐབས་ཀྱི་རིམ་པ། །བདེ་སྟོང་དབྱེར་མེད་རྟོགས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །རྣམ་རྟོག་ཤར་གྲོལ་གཉིས་ལས། །འཁོར་འདས་གཞན་མེད་ཤེས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །སྣང་ཞིང་སྲིད་པའི་ཆོས་རྣམས། །བཟང་ངན་སེམས་སུ་ཤེས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །བདེ་སྡུག་སེམས་ཀྱི་ཆོ་འཕྲུལ། །རང་ཤར་རང་གྲོལ་རྟོགས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཉི་ཤར་མུན་པ་སངས་བཞིན། །མ་རིག་གནས་ཀུན་སངས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ནྃམ་མཁའ་སྤྲིན་ཐག་ཆད་བཞིན། །ཀུན་རྟོག་བཙལ་ཀྱང་མེད་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །མཁའ་ལ་ཉི་མ་ཤར་བཞིན། །མཁྱེན་གཉིས་ཕྱོགས་མེད་རྒྱས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །སྒོམ་པ་བྱ་རྩོལ་བྲལ་ནས། །རང་རིག་འཕོ་འགྱུར་མེད་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །འཁོར་འདས་དབྱེར་མེད་ཁྱབ་བརྡལ། །ཐམས་ཅད་དབྱིངས་གཅིག་གྱུར་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས་རློབས། །ཀུན་བརྟག་བློ་ཡི་རི་མོ། །རྒྱུ་འབྲས་རྩོལ་སྒྲུབ་འདས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ས་དང་ལམ་གྱི་རིམ་པ། །བྲལ་ཐོབ་ཀུན་ལས་འདས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །རང་རིག་ཟང་ཐལ་ཆེན་པོས། །སྒྱུ་ལུས་རྡུལ་ཕྲན་དེངས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །སྣང་ཉམས་ཚད་དུ་ཕྱིན་ནས། །འཇའ་ལུས་འོད་སྐུར་འགྲུབ་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །བྱ་སྤྱོད་མ་བྱས་ཡེ་ཟིན། །འགྲོ་དོན་ལྷུན་གྱིས་གྲུབ་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །གདོད་ནས་འཁོར་འདས་དབྱེར་མེད། །ད་གཟོད་བྲལ་ཐོབ་འདས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །དོན་གཉིས་མཐའ་རུ་ཕྱིན་ནས། །འཁོར་བ་དོང་སྤྲུགས་ནུས་པའི། །རྒྱལ་བ་ཀློང་ཆེན་རབ་འབྱམས། །བདག་རྒྱུད་བྱིན་གྱིས་རློབས་ཤིག །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ། །བསྟན་པའི་ཉི་མ་གཅིག་པུར། །མི་ཕྱེད་དད་པས་བསྐུལ་ཞིང་། །གདུང་བའི་དབྱངས་དང་བཅས་ཏེ། །རང་སྐྱོན་སྟོན་པའི་ཁུལ་ལས། །ཡོན་ཏན་ཅུང་ཟད་མེད་པ། །གྲུབ་སྲས་མིང་ཙམ་རློམ་པོས། །གསོལ་བ་འདེབས་ཡུལ་བརྗེད་ནས། །ནེའུ་ཙོས་ཆོས་འདོན་བཞིན་དུ། །འགྱུར་བར་དོགས་ཀྱིས་གནོང་སྟེ། །མཚན་མཆོག་ཡང་ཡང་སྨོན་ནས། །གསོལ་བ་དེ་ལྟར་བཏབ་བོ། །དགེའོ།། །།}}
 
༄༅། །ཆོས་ཉིད་ཟད་སར་འདྲེན་པའི། །འོད་གསལ་ཐེག་པའི་ཤིང་རྟ། །ཀུན་མཁྱེན་དྲི་མེད་འོད་ཟེར། །གདོད་མའི་མགོན་དེ་མཁྱེན་ནོ། །མཚན་དཔེའི་དཀྱིལ་འཁོར་རབ་བརྗིད། །བལྟ་བས་ཆོག་མི་ཤེས་པའི། །ཟག་མེད་རྡོ་རྗེའི་སྐུ་ལ། །སྒོ་གསུམ་གུས་པས་འདུད་དོ། །བསྟན་བཅོས་ཀུན་གྱི་ཡ་གྱལ། །གསུང་རབ་མཛོད་བདུན་སོགས་ལ། །སྒོ་གསུམ་གུས་པས་འདུད་དོ། །ཇི་ལྟ་མཁྱེན་པའི་མཁའ་དབྱིངས། །ཇི་སྙེད་རྒྱུ་སྐར་བཀྲ་བཞིན། །མཁྱེན་བརྩེ་ནུས་མངའི་ཐུགས་ལ། །སྒོ་གསུམ་གུས་པས་འདུད་དོ། །ངེས་འབྱུང་ཆེན་པོས་དཀའ་སྤྱད། །ཐོས་བསམ་སྒོམ་པའི་རྩེར་ཕྱིན། །ཡོན་ཏན་ཕྲིན་ལས་རྒྱ་མཚོར། །སྒོ་གསུམ་གུས་པས་འདུད་དོ། །དལ་འབྱོར་ཕུན་སུམ་ཚོགས་དུས། །སྙིང་པོ་ཆོས་ལ་འཇུག་པའི། །རྒྱལ་བ་ཀློང་ཆེན་རབ་འབྱམས། །བདག་རྒྱུད་བྱིན་གྱིས་རློབས་ཤིག །ངེས་ཤེས་ཁྱད་འཕགས་སྐྱེས་ནས། །སྒྲུབ་རྒྱུ་ཆོས་ལས་མེད་པའི། །རྒྱལ་བ་ཀློང་ཆེན་རབ་འབྱམས། །བདག་རྒྱུད་བྱིན་གྱིས་རློབས་ཤིག །སྣོད་བཅུད་མི་རྟག་རང་བཞིན། ཚེ་འདིའི་བློ་སྣ་ཐུང་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །སྐྱོ་ཤས་རྒྱུན་ཆགས་སྐྱེས་ནས། །ཉིན་མཚན་གཅིག་ཏུ་དྲིལ་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ལས་འབྲས་བསླུ་མེད་ངེས་ནས། །དགེ་སྡིག་བླང་དོར་ཞིབ་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཉེས་བྱས་སྐྱོན་གྱིས་མ་གོས། །དགེ་བ་རླབས་ཆེན་འགྲུབ་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །རིགས་དྲུག་སྡུག་བསྔལ་འདི་ལས། །ཐར་ལམ་མྱུར་དུ་བགྲོད་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །མ་གྱུར་འགྲོ་བ་རྣམས་ཀྱང་། །ཕྱམ་གཅིག་འདྲེན་པར་ནུས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །མི་རྟག་རང་མཚང་ངོམ་བཞིན། །བློ་སྣ་རྦད་ཀྱིས་སྟུང་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །བྱ་བ་ཟིན་མེད་ཡིན་བཞིན། །ད་ནི་བློ་ཐག་ཆོད་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ནམ་འཆི་ཆ་མེད་ཡིན་བཞིན། །འཆི་གྲབས་ལན་གྲངས་བྱེད་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཆོས་སྤྱོད་གོང་ནས་གོང་འཕེལ། །དགེ་བ་ཚགས་སུ་ཚུད་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །འབྱོར་བཞིན་དབུལ་བར་མི་འདོད། །གཏན་ནོར་དམ་ཆོས་སྒྲུབ་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །མྱོང་བཞིན་སྐྱེ་འཆིའི་བར་འདིར། །བརྩོན་པས་རླབས་ཆེན་འགྲུབ་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཤེས་བཞིན་དུག་ཅན་མི་ཟ། །སྡིག་ལས་རིང་དུ་བྱོལ་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །མཐོང་བཞིན་གཡང་ལ་མི་མཆོང་། །ཐར་པའི་ལམ་ལ་འཛེག་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཁ་ཟས་རྒྱབ་གོས་བྲལ་དུས། །དགོས་ངེས་དམ་ཆོས་ཉག་གཅིག །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ལུས་དང་གནས་མལ་འབྲལ་དུས། །དམ་པའི་ཆོས་ཤིག་དགོས་པའི། རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཚེ་འདིའི་སྣང་བ་ནུབ་དུས། །དམ་པའི་ཆོས་ལས་མགོན་མེད། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །བར་དོའི་སྣང་བ་ཤར་དུས། །མི་འཇིགས་གདེང་ཞིག་དགོས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །རྣམ་ཤེས་རླུང་ལྟར་རྒྱུ་དུས། །ངན་སོང་སྐྱེ་སྒོ་ཁེགས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །དབུལ་ཕོངས་ཉམ་ཐག་མཐོང་དུས། །སེར་སྣའི་མདུད་པ་གྲོལ་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །གཞན་ཕན་སྣ་རེའི་ཕྱིར་དུ། །དཀའ་བའི་ཁུར་ཆེན་འདེགས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །མགྲོན་པོའི་ཞག་ཚུགས་ལྟ་བུ། །ཚེ་འདི་བློ་ཡིས་ཐོངས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ནོར་རྫས་སྒྱུ་མར་ཤེས་ནས། །དགོས་མེད་ཆོག་ཤེས་བརྟེན་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །དགྲ་གཉེན་ངེས་ངེས་མེད་བཞིན། །གཅིག་པུར་རི་ཁྲོད་ཟིན་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ལུས་དང་སྲོག་ལ་ཐུག་ཀྱང་། །རྣམ་ཀུན་སྡིག་ལས་ལྡོག་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །མནོ་བསམ་དྲན་འཕྲུལ་རྒོད་པ། །སྒོམ་ཆེན་རང་མཚང་ཤེས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཚོང་དང་ཁེ་སྤོག་བསགས་བསྲུང་། །ཆོས་པའི་རང་མཚང་ཤེས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཤིན་ཏུ་དབེན་པའི་གནས་སུ། །སྒོ་གསུམ་ཐུགས་ཉམས་ཕབ་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཆོས་དང་ཆོས་མིན་རྣམ་པ། །ཡང་དག་འབྱེད་པར་ནུས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །སྒྱུ་ལུས་གཡར་པོ་མཐོང་ནས། །ཟས་གོས་གང་བྱུང་ཆོག་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ངེས་འབྱུང་སྐྱོ་ཤས་དྲག་པོས། །དཀའ་སྤྱད་སྙིང་རུས་ནུས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །འཁོར་བའི་སྡུག་བསྔལ་དྲན་ནས། །སྐྱི་སྡུག་རོ་མཉམ་ནུས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །སྙན་དང་མི་སྙན་རྣམ་པ། །གྲགས་སྟོང་བྲག་ཆར་རྟོགས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །མི་ཚེ་རི་ལ་སྐྱེལ་བཞིན། །ངེས་འབྱུང་ཡང་དག་སྐྱེ་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །དགེ་བ་རྒྱ་ཆེན་འགྲུབ་བཞིན། །བྱང་ཆུབ་སེམས་ཀྱིས་ཟིན་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཐོས་བསམ་ཕ་མཐར་སོན་བཞིན། །སྒོམ་པའི་ངང་རྒྱུན་བསྲིང་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །མཚམས་སྒྲུབ་དུས་ཀྱིས་འདའ་བཞིན། །ཉམས་རྟོགས་ཡང་དག་སྐྱེ་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཆོས་དྲེད་ངན་གོམས་འདི་ལས། །བརྩོན་འགྲུས་ན་རིམ་འཕེལ་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །རྣ་བ་བརྒྱ་ལམ་འདི་ལ། །ཐོས་པའི་གོ་རྒྱ་བསྐྱེད་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །རང་སེམས་དམུས་ལོང་འདི་ལ། །བསམ་པའི་སྒྲོ་འདོགས་ཆོད་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །སྒྱུ་ལུས་བལ་འདབ་འདི་ལ། །སྒོམ་རྒྱུན་རྡོ་ཡིས་ནོན་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཆགས་སྤྱོད་རྐུན་ཟས་ལྟར་མིན། །དམ་ཚིག་ངོ་ལྐོག་མེད་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཆགས་སྡང་དུག་རོ་ལང་ལང་། །བག་ཆགས་རྩད་ནས་ཆོད་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །འགྲན་སེམས་ཕྲག་དོག་ངོམ་དུས། །དམ་ཚིག་དཔང་པོ་ཁུར་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཆོས་བརྒྱད་རྐུན་པོ་འཇབ་བྱུང་། །སྐྱོ་ཤས་དྲན་རྫི་ལང་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །འདིར་སྣང་ཞེན་པའི་འབྲེལ་གྲགས། །བྱིན་རླབས་ཐོག་བཞིན་འབེབས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཉེ་འབྲེལ་ཐག་པ་ཆད་ནས། །ཕྱོགས་མེད་རི་ཁྲོད་འགྲིམ་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །བསགས་དང་བསྲུང་བའི་རྒྱུ་ནོར། །གང་ཡོད་ཆོས་ཕྱོགས་ཐོང་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཕལ་ཆེར་འཁྲི་བ་ཆོད་ཀྱང་། །ཡོངས་སུ་འཁྲི་བ་ཆོད་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཆོས་དང་བླ་མར་དད་ཅིང་། །དག་སྣང་ཕྱོགས་མེད་འཆར་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །བཀའ་དྲིན་འཁོར་མེད་དྲན་ནས། །བཟོད་མེད་མོས་གུས་འབར་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །བརྒྱུད་ལྡན་བླ་མའི་བྱིན་རླབས། །རང་རྒྱུད་འཕོ་བར་ནུས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །མོས་གུས་སྙིང་རྗེ་དྲག་པོས། །གཞན་སྣང་དབང་དུ་འདུ་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །རང་འདོད་འཁྲི་བ་ཆོད་ནས། །ཅི་བྱས་ཆོས་སུ་འགྱུར་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །དགེ་ཚོགས་ཀུན་གྱི་གཞི་མ། །སྡོམ་དང་དམ་ཚིག་གཙང་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །བཅས་དང་ལྟུང་བས་མ་གོས། །དྲན་ཤེས་བག་ཡོད་ལྡན་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །མི་བརྗེད་གཟུང་བ་ཐོབ་ནས། །གསུང་རབ་ཁོང་དུ་ཆུད་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །སྤོབས་པའི་གཏེར་ཁ་རྡོལ་ནས། །ཆོས་ཀུན་ཉམས་འོག་ཚུད་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །འཆད་རྩོད་རྩོམ་པ་གང་ལ། །བློ་གྲོས་ཐོགས་མེད་རྒྱས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །འཁོར་ལོ་གསུམ་གྱི་བྱ་བས། །གཞན་དོན་རླབས་ཆེན་འབྱུང་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །དགྲ་གཉེན་བར་མའི་འགྲོ་རྣམས། །ཕ་མ་དྲིན་ཅན་ཤེས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །བདེ་སྡུག་ཐོབ་བྲལ་འདོད་གཅིག །བདག་གཞན་བརྗེ་བར་ནུས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །འདི་ཕྱི་དགེ་བདེའི་འབྱོར་ཚོགས། །བདག་ལས་གཞན་གཅེས་སྒྲུབ་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །སྙིང་རྗེའི་ཚན་ཁ་རྡོལ་ནས། །འགྲོ་དོན་ཕྱོགས་མེད་ནུས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །སེམས་རྒྱུད་ཆོས་དང་འདྲེས་ཏེ། སྣང་སྲིད་དཔེ་ཆར་ཤར་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཆོས་བརྒྱད་ཉམས་འོག་ཚུད་ནས། །སྒྲུབ་པའི་རང་ཚོ་ཐུབ་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །འགལ་རྐྱེན་བར་ཆད་ཞི་ནས། །ཚེ་དང་སྒྲུབ་པ་མཉམ་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །བསྐྱེད་རིམ་མངོན་དུ་གྱུར་ནས། །ཅིར་སྣང་ལྷ་སྐུར་འཆར་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །རྫོགས་རིམ་ཚད་དུ་ཕྱིན་ནས། །སྒྲ་གྲགས་སྔགས་སུ་ཤེས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །བསྐྱེད་རྫོགས་དབྱེར་མེད་རྟོགས་ནས། །དྲན་རྟོག་ཐུགས་སུ་ཆུད་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །གསང་ལམ་ཐབས་ཀྱི་རིམ་པ། །བདེ་སྟོང་དབྱེར་མེད་རྟོགས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །རྣམ་རྟོག་ཤར་གྲོལ་གཉིས་ལས། །འཁོར་འདས་གཞན་མེད་ཤེས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །སྣང་ཞིང་སྲིད་པའི་ཆོས་རྣམས། །བཟང་ངན་སེམས་སུ་ཤེས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །བདེ་སྡུག་སེམས་ཀྱི་ཆོ་འཕྲུལ། །རང་ཤར་རང་གྲོལ་རྟོགས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཉི་ཤར་མུན་པ་སངས་བཞིན། །མ་རིག་གནས་ཀུན་སངས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ནྃམ་མཁའ་སྤྲིན་ཐག་ཆད་བཞིན། །ཀུན་རྟོག་བཙལ་ཀྱང་མེད་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །མཁའ་ལ་ཉི་མ་ཤར་བཞིན། །མཁྱེན་གཉིས་ཕྱོགས་མེད་རྒྱས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །སྒོམ་པ་བྱ་རྩོལ་བྲལ་ནས། །རང་རིག་འཕོ་འགྱུར་མེད་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །འཁོར་འདས་དབྱེར་མེད་ཁྱབ་བརྡལ། །ཐམས་ཅད་དབྱིངས་གཅིག་གྱུར་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས་རློབས། །ཀུན་བརྟག་བློ་ཡི་རི་མོ། །རྒྱུ་འབྲས་རྩོལ་སྒྲུབ་འདས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ས་དང་ལམ་གྱི་རིམ་པ། །བྲལ་ཐོབ་ཀུན་ལས་འདས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །རང་རིག་ཟང་ཐལ་ཆེན་པོས། །སྒྱུ་ལུས་རྡུལ་ཕྲན་དེངས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །སྣང་ཉམས་ཚད་དུ་ཕྱིན་ནས། །འཇའ་ལུས་འོད་སྐུར་འགྲུབ་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །བྱ་སྤྱོད་མ་བྱས་ཡེ་ཟིན། །འགྲོ་དོན་ལྷུན་གྱིས་གྲུབ་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །གདོད་ནས་འཁོར་འདས་དབྱེར་མེད། །ད་གཟོད་བྲལ་ཐོབ་འདས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །དོན་གཉིས་མཐའ་རུ་ཕྱིན་ནས། །འཁོར་བ་དོང་སྤྲུགས་ནུས་པའི། །རྒྱལ་བ་ཀློང་ཆེན་རབ་འབྱམས། །བདག་རྒྱུད་བྱིན་གྱིས་རློབས་ཤིག །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ། །བསྟན་པའི་ཉི་མ་གཅིག་པུར། །མི་ཕྱེད་དད་པས་བསྐུལ་ཞིང་། །གདུང་བའི་དབྱངས་དང་བཅས་ཏེ། །རང་སྐྱོན་སྟོན་པའི་ཁུལ་ལས། །ཡོན་ཏན་ཅུང་ཟད་མེད་པ། །གྲུབ་སྲས་མིང་ཙམ་རློམ་པོས། །གསོལ་བ་འདེབས་ཡུལ་བརྗེད་ནས། །ནེའུ་ཙོས་ཆོས་འདོན་བཞིན་དུ། །འགྱུར་བར་དོགས་ཀྱིས་གནོང་སྟེ། །མཚན་མཆོག་ཡང་ཡང་སྨོན་ནས། །གསོལ་བ་དེ་ལྟར་བཏབ་བོ། །དགེའོ།། །།}}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Latest revision as of 08:10, 25 September 2024

Wylie title kun mkhyen dri med 'od zer gyi gsol 'debs SPCD-KABUM-02-KHA-012.pdf
Location 'phags mchog bka' 'bum
Volume 2, Text 12, Pages 401-416 (Folios 1a1 to 8b1)
Author འཕགས་མཆོག་རྡོ་རྗེ་
Less details More details
Associated People ཀློང་ཆེན་རབ་འབྱམས་ (Klong chen pa)
Citation 'phags mchog rdo rje. Kun mkhyen dri med 'od zer gyi gsol 'debs. In Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che , Vol. 2: 401-416. Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004.
Genre Supplications - gsol 'debs
Colophon

།ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ། །བསྟན་པའི་ཉི་མ་གཅིག་པུར། །མི་ཕྱེད་དད་པས་བསྐུལ་ཞིང་། །གདུང་བའི་དབྱངས་དང་བཅས་ཏེ། །རང་སྐྱོན་སྟོན་པའི་ཁུལ་ལས། །ཡོན་ཏན་ཅུང་ཟད་མེད་པ། །གྲུབ་སྲས་མིང་ཙམ་རློམ་པོས། །གསོལ་བ་འདེབས་ཡུལ་བརྗེད་ནས། །ནེའུ་ཙོས་ཆོས་འདོན་བཞིན་དུ། །འགྱུར་བར་དོགས་ཀྱིས་གནོང་སྟེ། །མཚན་མཆོག་ཡང་ཡང་སྨོན་ནས། །གསོལ་བ་དེ་ལྟར་བཏབ་བོ། །དགེའོ།།

/kun mkhyen chos kyi rgyal po/_/bstan pa'i nyi ma gcig pur/_/mi phyed dad pas bskul zhing /_/gdung ba'i dbyangs dang bcas te/_/rang skyon ston pa'i khul las/_/yon tan cung zad med pa/_/grub sras ming tsam rlom pos/_/gsol ba 'debs yul brjed nas/_/ne'u tsos chos 'don bzhin du/_/'gyur bar dogs kyis gnong ste/_/mtshan mchog yang yang smon nas/_/gsol ba de ltar btab bo/_/dge'o//

[edit]

༄༅། །ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་གསོལ་འདེབས་བཞུགས་སོ།།

༄༅། །ཆོས་ཉིད་ཟད་སར་འདྲེན་པའི། །འོད་གསལ་ཐེག་པའི་ཤིང་རྟ། །ཀུན་མཁྱེན་དྲི་མེད་འོད་ཟེར། །གདོད་མའི་མགོན་དེ་མཁྱེན་ནོ། །མཚན་དཔེའི་དཀྱིལ་འཁོར་རབ་བརྗིད། །བལྟ་བས་ཆོག་མི་ཤེས་པའི། །ཟག་མེད་རྡོ་རྗེའི་སྐུ་ལ། །སྒོ་གསུམ་གུས་པས་འདུད་དོ། །བསྟན་བཅོས་ཀུན་གྱི་ཡ་གྱལ། །གསུང་རབ་མཛོད་བདུན་སོགས་ལ། །སྒོ་གསུམ་གུས་པས་འདུད་དོ། །ཇི་ལྟ་མཁྱེན་པའི་མཁའ་དབྱིངས། །ཇི་སྙེད་རྒྱུ་སྐར་བཀྲ་བཞིན། །མཁྱེན་བརྩེ་ནུས་མངའི་ཐུགས་ལ། །སྒོ་གསུམ་གུས་པས་འདུད་དོ། །ངེས་འབྱུང་ཆེན་པོས་དཀའ་སྤྱད། །ཐོས་བསམ་སྒོམ་པའི་རྩེར་ཕྱིན། །ཡོན་ཏན་ཕྲིན་ལས་རྒྱ་མཚོར། །སྒོ་གསུམ་གུས་པས་འདུད་དོ། །དལ་འབྱོར་ཕུན་སུམ་ཚོགས་དུས། །སྙིང་པོ་ཆོས་ལ་འཇུག་པའི། །རྒྱལ་བ་ཀློང་ཆེན་རབ་འབྱམས། །བདག་རྒྱུད་བྱིན་གྱིས་རློབས་ཤིག །ངེས་ཤེས་ཁྱད་འཕགས་སྐྱེས་ནས། །སྒྲུབ་རྒྱུ་ཆོས་ལས་མེད་པའི། །རྒྱལ་བ་ཀློང་ཆེན་རབ་འབྱམས། །བདག་རྒྱུད་བྱིན་གྱིས་རློབས་ཤིག །སྣོད་བཅུད་མི་རྟག་རང་བཞིན། ཚེ་འདིའི་བློ་སྣ་ཐུང་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །སྐྱོ་ཤས་རྒྱུན་ཆགས་སྐྱེས་ནས། །ཉིན་མཚན་གཅིག་ཏུ་དྲིལ་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ལས་འབྲས་བསླུ་མེད་ངེས་ནས། །དགེ་སྡིག་བླང་དོར་ཞིབ་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཉེས་བྱས་སྐྱོན་གྱིས་མ་གོས། །དགེ་བ་རླབས་ཆེན་འགྲུབ་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །རིགས་དྲུག་སྡུག་བསྔལ་འདི་ལས། །ཐར་ལམ་མྱུར་དུ་བགྲོད་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །མ་གྱུར་འགྲོ་བ་རྣམས་ཀྱང་། །ཕྱམ་གཅིག་འདྲེན་པར་ནུས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །མི་རྟག་རང་མཚང་ངོམ་བཞིན། །བློ་སྣ་རྦད་ཀྱིས་སྟུང་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །བྱ་བ་ཟིན་མེད་ཡིན་བཞིན། །ད་ནི་བློ་ཐག་ཆོད་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ནམ་འཆི་ཆ་མེད་ཡིན་བཞིན། །འཆི་གྲབས་ལན་གྲངས་བྱེད་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཆོས་སྤྱོད་གོང་ནས་གོང་འཕེལ། །དགེ་བ་ཚགས་སུ་ཚུད་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །འབྱོར་བཞིན་དབུལ་བར་མི་འདོད། །གཏན་ནོར་དམ་ཆོས་སྒྲུབ་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །མྱོང་བཞིན་སྐྱེ་འཆིའི་བར་འདིར། །བརྩོན་པས་རླབས་ཆེན་འགྲུབ་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཤེས་བཞིན་དུག་ཅན་མི་ཟ། །སྡིག་ལས་རིང་དུ་བྱོལ་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །མཐོང་བཞིན་གཡང་ལ་མི་མཆོང་། །ཐར་པའི་ལམ་ལ་འཛེག་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཁ་ཟས་རྒྱབ་གོས་བྲལ་དུས། །དགོས་ངེས་དམ་ཆོས་ཉག་གཅིག །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ལུས་དང་གནས་མལ་འབྲལ་དུས། །དམ་པའི་ཆོས་ཤིག་དགོས་པའི། རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཚེ་འདིའི་སྣང་བ་ནུབ་དུས། །དམ་པའི་ཆོས་ལས་མགོན་མེད། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །བར་དོའི་སྣང་བ་ཤར་དུས། །མི་འཇིགས་གདེང་ཞིག་དགོས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །རྣམ་ཤེས་རླུང་ལྟར་རྒྱུ་དུས། །ངན་སོང་སྐྱེ་སྒོ་ཁེགས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །དབུལ་ཕོངས་ཉམ་ཐག་མཐོང་དུས། །སེར་སྣའི་མདུད་པ་གྲོལ་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །གཞན་ཕན་སྣ་རེའི་ཕྱིར་དུ། །དཀའ་བའི་ཁུར་ཆེན་འདེགས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །མགྲོན་པོའི་ཞག་ཚུགས་ལྟ་བུ། །ཚེ་འདི་བློ་ཡིས་ཐོངས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ནོར་རྫས་སྒྱུ་མར་ཤེས་ནས། །དགོས་མེད་ཆོག་ཤེས་བརྟེན་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །དགྲ་གཉེན་ངེས་ངེས་མེད་བཞིན། །གཅིག་པུར་རི་ཁྲོད་ཟིན་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ལུས་དང་སྲོག་ལ་ཐུག་ཀྱང་། །རྣམ་ཀུན་སྡིག་ལས་ལྡོག་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །མནོ་བསམ་དྲན་འཕྲུལ་རྒོད་པ། །སྒོམ་ཆེན་རང་མཚང་ཤེས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཚོང་དང་ཁེ་སྤོག་བསགས་བསྲུང་། །ཆོས་པའི་རང་མཚང་ཤེས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཤིན་ཏུ་དབེན་པའི་གནས་སུ། །སྒོ་གསུམ་ཐུགས་ཉམས་ཕབ་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཆོས་དང་ཆོས་མིན་རྣམ་པ། །ཡང་དག་འབྱེད་པར་ནུས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །སྒྱུ་ལུས་གཡར་པོ་མཐོང་ནས། །ཟས་གོས་གང་བྱུང་ཆོག་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ངེས་འབྱུང་སྐྱོ་ཤས་དྲག་པོས། །དཀའ་སྤྱད་སྙིང་རུས་ནུས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །འཁོར་བའི་སྡུག་བསྔལ་དྲན་ནས། །སྐྱི་སྡུག་རོ་མཉམ་ནུས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །སྙན་དང་མི་སྙན་རྣམ་པ། །གྲགས་སྟོང་བྲག་ཆར་རྟོགས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །མི་ཚེ་རི་ལ་སྐྱེལ་བཞིན། །ངེས་འབྱུང་ཡང་དག་སྐྱེ་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །དགེ་བ་རྒྱ་ཆེན་འགྲུབ་བཞིན། །བྱང་ཆུབ་སེམས་ཀྱིས་ཟིན་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཐོས་བསམ་ཕ་མཐར་སོན་བཞིན། །སྒོམ་པའི་ངང་རྒྱུན་བསྲིང་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །མཚམས་སྒྲུབ་དུས་ཀྱིས་འདའ་བཞིན། །ཉམས་རྟོགས་ཡང་དག་སྐྱེ་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཆོས་དྲེད་ངན་གོམས་འདི་ལས། །བརྩོན་འགྲུས་ན་རིམ་འཕེལ་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །རྣ་བ་བརྒྱ་ལམ་འདི་ལ། །ཐོས་པའི་གོ་རྒྱ་བསྐྱེད་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །རང་སེམས་དམུས་ལོང་འདི་ལ། །བསམ་པའི་སྒྲོ་འདོགས་ཆོད་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །སྒྱུ་ལུས་བལ་འདབ་འདི་ལ། །སྒོམ་རྒྱུན་རྡོ་ཡིས་ནོན་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཆགས་སྤྱོད་རྐུན་ཟས་ལྟར་མིན། །དམ་ཚིག་ངོ་ལྐོག་མེད་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཆགས་སྡང་དུག་རོ་ལང་ལང་། །བག་ཆགས་རྩད་ནས་ཆོད་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །འགྲན་སེམས་ཕྲག་དོག་ངོམ་དུས། །དམ་ཚིག་དཔང་པོ་ཁུར་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཆོས་བརྒྱད་རྐུན་པོ་འཇབ་བྱུང་། །སྐྱོ་ཤས་དྲན་རྫི་ལང་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །འདིར་སྣང་ཞེན་པའི་འབྲེལ་གྲགས། །བྱིན་རླབས་ཐོག་བཞིན་འབེབས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཉེ་འབྲེལ་ཐག་པ་ཆད་ནས། །ཕྱོགས་མེད་རི་ཁྲོད་འགྲིམ་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །བསགས་དང་བསྲུང་བའི་རྒྱུ་ནོར། །གང་ཡོད་ཆོས་ཕྱོགས་ཐོང་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཕལ་ཆེར་འཁྲི་བ་ཆོད་ཀྱང་། །ཡོངས་སུ་འཁྲི་བ་ཆོད་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཆོས་དང་བླ་མར་དད་ཅིང་། །དག་སྣང་ཕྱོགས་མེད་འཆར་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །བཀའ་དྲིན་འཁོར་མེད་དྲན་ནས། །བཟོད་མེད་མོས་གུས་འབར་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །བརྒྱུད་ལྡན་བླ་མའི་བྱིན་རླབས། །རང་རྒྱུད་འཕོ་བར་ནུས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །མོས་གུས་སྙིང་རྗེ་དྲག་པོས། །གཞན་སྣང་དབང་དུ་འདུ་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །རང་འདོད་འཁྲི་བ་ཆོད་ནས། །ཅི་བྱས་ཆོས་སུ་འགྱུར་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །དགེ་ཚོགས་ཀུན་གྱི་གཞི་མ། །སྡོམ་དང་དམ་ཚིག་གཙང་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །བཅས་དང་ལྟུང་བས་མ་གོས། །དྲན་ཤེས་བག་ཡོད་ལྡན་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །མི་བརྗེད་གཟུང་བ་ཐོབ་ནས། །གསུང་རབ་ཁོང་དུ་ཆུད་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །སྤོབས་པའི་གཏེར་ཁ་རྡོལ་ནས། །ཆོས་ཀུན་ཉམས་འོག་ཚུད་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །འཆད་རྩོད་རྩོམ་པ་གང་ལ། །བློ་གྲོས་ཐོགས་མེད་རྒྱས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །འཁོར་ལོ་གསུམ་གྱི་བྱ་བས། །གཞན་དོན་རླབས་ཆེན་འབྱུང་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །དགྲ་གཉེན་བར་མའི་འགྲོ་རྣམས། །ཕ་མ་དྲིན་ཅན་ཤེས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །བདེ་སྡུག་ཐོབ་བྲལ་འདོད་གཅིག །བདག་གཞན་བརྗེ་བར་ནུས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །འདི་ཕྱི་དགེ་བདེའི་འབྱོར་ཚོགས། །བདག་ལས་གཞན་གཅེས་སྒྲུབ་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །སྙིང་རྗེའི་ཚན་ཁ་རྡོལ་ནས། །འགྲོ་དོན་ཕྱོགས་མེད་ནུས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །སེམས་རྒྱུད་ཆོས་དང་འདྲེས་ཏེ། སྣང་སྲིད་དཔེ་ཆར་ཤར་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཆོས་བརྒྱད་ཉམས་འོག་ཚུད་ནས། །སྒྲུབ་པའི་རང་ཚོ་ཐུབ་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །འགལ་རྐྱེན་བར་ཆད་ཞི་ནས། །ཚེ་དང་སྒྲུབ་པ་མཉམ་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །བསྐྱེད་རིམ་མངོན་དུ་གྱུར་ནས། །ཅིར་སྣང་ལྷ་སྐུར་འཆར་བའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །རྫོགས་རིམ་ཚད་དུ་ཕྱིན་ནས། །སྒྲ་གྲགས་སྔགས་སུ་ཤེས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །བསྐྱེད་རྫོགས་དབྱེར་མེད་རྟོགས་ནས། །དྲན་རྟོག་ཐུགས་སུ་ཆུད་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །གསང་ལམ་ཐབས་ཀྱི་རིམ་པ། །བདེ་སྟོང་དབྱེར་མེད་རྟོགས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །རྣམ་རྟོག་ཤར་གྲོལ་གཉིས་ལས། །འཁོར་འདས་གཞན་མེད་ཤེས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །སྣང་ཞིང་སྲིད་པའི་ཆོས་རྣམས། །བཟང་ངན་སེམས་སུ་ཤེས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །བདེ་སྡུག་སེམས་ཀྱི་ཆོ་འཕྲུལ། །རང་ཤར་རང་གྲོལ་རྟོགས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ཉི་ཤར་མུན་པ་སངས་བཞིན། །མ་རིག་གནས་ཀུན་སངས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ནྃམ་མཁའ་སྤྲིན་ཐག་ཆད་བཞིན། །ཀུན་རྟོག་བཙལ་ཀྱང་མེད་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །མཁའ་ལ་ཉི་མ་ཤར་བཞིན། །མཁྱེན་གཉིས་ཕྱོགས་མེད་རྒྱས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །སྒོམ་པ་བྱ་རྩོལ་བྲལ་ནས། །རང་རིག་འཕོ་འགྱུར་མེད་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །འཁོར་འདས་དབྱེར་མེད་ཁྱབ་བརྡལ། །ཐམས་ཅད་དབྱིངས་གཅིག་གྱུར་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས་རློབས། །ཀུན་བརྟག་བློ་ཡི་རི་མོ། །རྒྱུ་འབྲས་རྩོལ་སྒྲུབ་འདས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །ས་དང་ལམ་གྱི་རིམ་པ། །བྲལ་ཐོབ་ཀུན་ལས་འདས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །རང་རིག་ཟང་ཐལ་ཆེན་པོས། །སྒྱུ་ལུས་རྡུལ་ཕྲན་དེངས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །སྣང་ཉམས་ཚད་དུ་ཕྱིན་ནས། །འཇའ་ལུས་འོད་སྐུར་འགྲུབ་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །བྱ་སྤྱོད་མ་བྱས་ཡེ་ཟིན། །འགྲོ་དོན་ལྷུན་གྱིས་གྲུབ་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །གདོད་ནས་འཁོར་འདས་དབྱེར་མེད། །ད་གཟོད་བྲལ་ཐོབ་འདས་པའི། །རྒྱལ་བ་ཀློང་ཆེན༴ །བདག་རྒྱུད་བྱིན་གྱིས༴ །དོན་གཉིས་མཐའ་རུ་ཕྱིན་ནས། །འཁོར་བ་དོང་སྤྲུགས་ནུས་པའི། །རྒྱལ་བ་ཀློང་ཆེན་རབ་འབྱམས། །བདག་རྒྱུད་བྱིན་གྱིས་རློབས་ཤིག །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ། །བསྟན་པའི་ཉི་མ་གཅིག་པུར། །མི་ཕྱེད་དད་པས་བསྐུལ་ཞིང་། །གདུང་བའི་དབྱངས་དང་བཅས་ཏེ། །རང་སྐྱོན་སྟོན་པའི་ཁུལ་ལས། །ཡོན་ཏན་ཅུང་ཟད་མེད་པ། །གྲུབ་སྲས་མིང་ཙམ་རློམ་པོས། །གསོལ་བ་འདེབས་ཡུལ་བརྗེད་ནས། །ནེའུ་ཙོས་ཆོས་འདོན་བཞིན་དུ། །འགྱུར་བར་དོགས་ཀྱིས་གནོང་སྟེ། །མཚན་མཆོག་ཡང་ཡང་སྨོན་ནས། །གསོལ་བ་དེ་ལྟར་བཏབ་བོ། །དགེའོ།། །།