DKYD-KABUM-04-NGA-037: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
 
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|sectionheading=No
|fulltitletib=བླ་མ་ཡང་གསང་ཁྲོས་པ་ལསཿ གུ་རུའི་གསང་སྒྲུབ་བདུད་རྩིའི་བཅུད་འདྲེནཿ
|fulltitle=bla ma yang gsang khros pa las gu ru'i gsang sgrub bdud rtsi'i bcud 'dren
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=mdo mkhyen brtse bka' 'bum

|totalvolumes=8
|author=Mdo mkhyen brtse
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|authortib=མདོ་མཁྱེན་བརྩེ་
|sourcerevealer=Mdo mkhyen brtse
|sourcerevealer=Mdo mkhyen brtse
|sourcerevealertib=མདོ་མཁྱེན་བརྩེ་
|sourcerevealertib=མདོ་མཁྱེན་བརྩེ་
|tibgenre=Sadhanas - Evocation Ritual - sgrub thabs
|terma=Yes
|terma=Yes
|cycle=bla ma yang gsang khros pa
|cycle=bla ma yang gsang khros pa
|cycletib=བླ་མ་ཡང་གསང་ཁྲོས་པ་
|cycletib=བླ་མ་ཡང་གསང་ཁྲོས་པ་
|language=Tibetan
|language=Tibetan
|volumenumber=04
|volnumtib=༣
|volnumtib=༣
|volyigtib=ང
|volyigtib=ང
|pagestatus=Temporary stub only
|totalvolumes=8
|volumenumber=04
|volumeLetter=NGA
|textnuminvol=037
|textnuminvol=037
|multivolumework=No
|colophontib=པདྨ་ཐོད་ཕྲེང་བཀའ་བཞིན་དུཿ ངོ་མཚར་གསང་བའི་བརྡ་རིས་ལསཿ འཁྲུལ་ཞིག་འཇའ་ལུས་རྡོ་རྗེ་ཕབསཿ རིག་པའི་ཡེ་ཤེས་ཡི་གེར་བཀོདཿ ཟབ་པའི་མཐར་ཐུག་ཨེ་མ་ཧོཿ
|colophonwylie=pad+ma thod phreng bka' bzhin du:_ngo mtshar gsang ba'i brda ris las:_'khrul zhig 'ja' lus rdo rje phabs:_rig pa'i ye shes yi ger bkod:_zab pa'i mthar thug e ma ho:
|pdflink=File:DKYD-KABUM-04-NGA-037.pdf
|pdflink=File:DKYD-KABUM-04-NGA-037.pdf
|volumeLetter=NGA
|InitCategories=Khyentse Lineage Project; DKYD-KABUM-Volume-04-NGA

}}
}}
<h1>Tibetan Text</h1>
<h1>Tibetan Text</h1>
<onlyinclude>
<onlyinclude>
{{TibP|བླ་མ་ཡང་གསང་ཁྲོས་པ་ལསཿ གུ་རུའི་གསང་སྒྲུབ་བདུད་རྩིའི་བཅུད་འདྲེན་བཞུགས་སོཿ«རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལཿ དྲི་མ་མེད་ལ་གུས་པས་བདུདཿ བདག་འདྲ་པདྨ་འབྱུང་གནས་ཀྱིསཿ རང་གི་སྒྲུབ་པ་རང་གིས་བསྟནཿ ཐོག་མར་སྔོན་འགྲོའི་ལམ་རིམ་ནིཿ» སྐྱབས་གནས་ཀུན་འདུས་གུ་རུ་རིན་པོ་ཆེཿ མཁྱེན་ནོ་བདག་རྒྱུད་བྱིན་གྱིས་བརླབ་ཏུ་གསོལཿ ཙིཏྟ་རིན་ཆེན་དཔལ་རིའི་ཞིང་ཁམས་ནསཿ དབུ་མའི་ལམ་བརྒྱུད་བདེ་ཆེན་འཁོར་ལོར་བྱོནཿ བྱིན་རླབས་འོད་ཟེར་སྤྲིན་ཕུང་འཐིབ་བཞིན་བཞུགསཿ བདག་སོགས་མཁའ་མཉམ་འགྲོ་ལ་ཐུགས་རྗེས་གཟིགསཿ དལ་འབྱོར་རིན་ཆེན་ལུས་འདི་རྙེད་པར་དཀའཿ འཇིག་རྟེན་མི་རྟག་སྒྱུ་མའི་གྲོང་ཁྱེར་བཞིནཿ འཆི་བ་ནམ་འོང་མི་ཤེས་སྙིང་རུས་བསྐྱེདཿ དཀར་ནག་ལས་འབྲས་ནམ་ཡང་བསླུ་མེད་ཕྱིརཿ རིགས་དྲུག་སྡུག་བསྔལ་རྒྱ་མཚོར་ཀྱེ་མ་ཧུདཿ ཐར་འདོད་བྱང་ཆུབ་ལས་ལ་འཇུག་བའི་ཕྱིརཿ ལྟེམ་རྐྱང་མེད་པར་བླ་མ་མཆོག་ཏུ་བསྟེནཿ «སྐྱབས་འགྲོ་སེམས་བསྐྱེད་རྡོར་སེམས་བསྒོམ་བཟླས་ནིཿ» ནམ་མཁའ་གང་བའི་བླ་མ་རྩ་གསུམ་ལྟརཿ བདག་དང་མཁའ་མཉམ་འགྲོ་ཀུན་སྐྱབས་སུ་མཆིཿ རང་ངོ་མ་ཤེས་མཁའ་མཉམ་འགྲོ་བ་ཀུནཿ རྫོགས་སངས་རྒྱས་ཕྱིར་བྱང་ཆུབ་སེམས་མཆོག་བསྐྱེདཿ བླ་མ་རྡོར་སེམས་ཡབ་ཡུམ་སྦྱོར་མཚམས་ནསཿ བདུད་རྩིའི་རྒྱུན་བབ་འགྲོ་དྲུག་སྒྲིབ་པ་སྦྱངསཿ གཟུགས་སྣང་རྡོར་སེམས་སྒྲར་གྲགས་ཡི་གེ་བརྒྱཿ དྲན་རྟོག་ཆོས་ཉིད་རིག་པའི་ཡེ་ཤེས་ངངཿ «ཡི་གེ་བརྒྱ་པ་ཉེར་ཅིག་བཟླཿ» རྡོར་སེམས་འོད་ཞུ་རང་ལ་ཐིམཿ རང་ཉིད་རྡོ་རྗེ་སེམས་དཔའ་ཆེཿ སྣང་སྟོང་འཇའ་ཚོན་སྐུ་རུ་ཤརཿ ཨོཾ་ཨཱཿབཛྲ་ས་ཏྭ་ཧཱུྃཿ «བརྒྱ་རྩ་བརྒྱད་བཟླས་དམིགས་མེད་ངངཿ »ཕྱི་སྣོད་སྟོང་གསུམ་འཇིག་རྟེན་ནང་རང་ལུསཿ ངེས་པ་ལྔ་ལྡན་ལོངས་སྐུ་ཆེན་པོའི་ཞིངཿ རང་རིག་གསལ་སྟོང་འོག་མིན་ཆོས་ཀྱི་དབྱིངསཿ རིགས་བརྒྱའི་བདག་ཉིད་ཐོད་ཕྲེང་རྩལ་ལ་འབུལཿ གུ་རུ་རཏྣ་མཎྜལ་པཱུ་ཙ་ཧོཿ «གཉིས་པ་བླ་མའི་རྣལ་འབྱོར་ནིཿ »མཁའ་དབྱིངས་འཇའ་ཚོན་སྤྲིན་ཕུང་འཁྲིགས་པའི་དབུསཿ ཨུ་རྒྱན་གུ་རུ་པདྨ་ཐོད་ཕྲེང་རྩལཿ ཕོད་ཁ་ཆོས་གོས་ཟ་བེར་འདུང་མ་གསོལཿ ཤ་བའི་སྙན་ཞུ་གསེར་རྡོར་རྒོད་སྒྲོས་བརྒྱནཿ ཕྱག་གཡས་རྡོ་རྗེ་གཡོན་པས་ཐོད་བུམ་བསྣམསཿ རྒྱལ་པོ་རོལ་སྟབས་མཆན་ཁུང་ཡུམ་དང་བཅསཿ རྩ་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོརཿ ཐུགས་རྗེའི་སྤྱན་གྱིས་བདག་ལ་ལྷང་ངེར་གཟིགསཿ ན་མོཿ བླ་མ་ཡི་དམ་མཁའ་འགྲོ་སྤྱན་འདྲེན་གཤེགསཿ སྤྱི་གཙུག་ཉི་ཟླ་པདྨའི་གདན་ལ་བཞུགསཿ བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆིཿ འགྲོ་དོན་སྨོན་འཇུག་དོན་དམ་སེམས་མཆོག་བསྐྱེདཿ སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོཿ ཕྱི་ནང་གསང་བའི་མཆོད་པ་དཔག་མེད་འབུལཿ ཉམས་ཆག་སྡིག་སྒྲིབ་ཐམས་ཅད་མཐོལ་ལོ་བཤགསཿ གསང་སྔགས་མཛད་པ་སྒྲུབ་ལ་རྗེས་ཡི་རངསཿ སྨིན་གྲོལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལཿ འགྲོ་བའི་དོན་དུ་མྱ་ངན་མི་འདའ་བཞུགསཿ དགེ་ཚོགས་བླ་མེད་བྱང་ཆུབ་ཆེན་པོར་བསྔོཿ «གསུམ་པ་ཐུགས་དམ་རྒྱུད་བསྐུལ་གྱིཿ གསོལ་འདེབས་བྱིན་རླབས་སྤྲིན་ཕུང་ནིཿ» ཨེ་མ་ཧོཿ ཆོས་དབྱིངས་དོན་གྱི་འོག་མིན་ཆེན་པོ་ནསཿ རིགས་བརྒྱའི་ཁྱབ་བདག་ཀུན་བཟང་ཡབ་ཡུམ་ཟུངཿ ངེས་པ་ལྔ་ལྡན་འོག་མིན་སྟུག་པོ་བཀོདཿ ལོངས་སྤྱོད་རྫོགས་སྐུ་རིགས་ལྔ་སྟོང་གསལ་ལྷཿ སྣང་བ་རྣམ་དག་འོག་མིན་ཞིང་ཁམས་ནསཿ སྤྲུལ་པའི་སྐུར་སྣང་དྲང་སྲོང་དྲི་མ་མེདཿ སྐུ་གསུམ་སྟོན་པ་མཆོག་ལ་གསོལ་པ་འདེབསཿ བརྩེ་ཆེན་ཐུགས་རྗེས་བདག་ལ་ཉེ་བར་དགོངསཿ སྐུ་གསུམ་རྒྱལ་དང་དེ་སྲས་ཚོགས་རྣམས་ཀྱིཿ སྤྱི་གཟུགས་རིགས་ཀུན་འདུས་ཞལ་བླ་མ་མཆོགཿ འགྲོ་བ་སྤྱི་དང་ཁྱད་པར་བྷོ་ཊའི་ལྗོངསཿ སྐྱོབ་མཛད་བླ་མ་གུ་རུ་རིན་པོ་ཆེཿ གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགསཿ མེ་རི་དགུ་ཀློང་འཁྱིལ་བའི་གཞལ་ཡས་སུཿ ཁྲག་འཐུང་རྒྱལ་པོ་རྔམས་བརྗིད་ཧེ་རུ་ཀཿ ཞི་ཆགས་ཁྲོ་བའི་ལྷ་ཚོགས་ཀུན་འདུས་དཔལཿ དཀྱིལ་འཁོར་གཙོ་བོ་གུ་རུ་རིན་པོ་ཆེཿ གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབསཿ མཁའ་སྤྱོད་འོག་མིན་སྤྲུལ་པའི་གནས་མཆོག་ཏུཿ རྡོ་རྗེ་ཕག་མོ་གསང་ཡེ་བདུད་འདུལ་མཿ ཡེ་ཤེས་དམ་ཚིག་ཤ་ཟ་ལས་མཛད་སོགསཿ ཌཱཀྐིའི་མེས་པོ་གུ་རུ་རིན་པོ་ཆེཿ གསོལ་བ་འདེབས་སོ་ས་ལམ་བར་ཆད་སོལཿ འཇིགས་རུང་དུར་ཁྲོད་བརྒྱད་དང་གནས་ཡུལ་ནསཿ དམ་ཚིག་ཅན་གྱི་མ་མགོན་གཟའ་རྡོར་སོགསཿ བསྟན་པ་བསྲུང་བར་ཞལ་བཞེས་དྲེགས་པའི་སྡེཿ ཆོས་སྐྱོང་སྲོག་བདག་གུ་རུ་རིན་པོ་ཆེཿ གསོལ་བ་འདེབས་སོ་དབང་བསྡུས་བྲན་དུ་བཀོལཿ ཀྱེ་མ་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལཿ འཁྲུལ་སྣང་སྡུག་བསྔལ་དྲག་པོས་གཟིར་བ་ཡིཿ ལས་ངན་བདག་ལ་ཐུགས་རྗེའི་སྤྱན་གྱིས་གཟིགསཿ སྙིགས་མ་ལྔ་འདོས་དུས་ཀྱི་མར་གཤམ་འདིརཿ བདེ་བ་འདོད་ཀྱང་སྡུག་བསྔལ་རྒྱུར་སྤྱོད་ཅིངཿ སོ་ཐར་བྱང་ཆུབ་སེམས་དཔའི་བསླབ་སྡོམ་འཆལཿ ཁྱད་པར་རིག་འཛིན་སྔགས་ཀྱི་སྒོར་ཞུགས་ཀྱངཿ སྡོམ་པ་རལ་ཞིང་དབང་བཞིའི་དམ་ཚིག་ཉམསཿ ལྟ་བ་གོལ་ཤོར་ནོར་སའི་འཕྲང་ལ་གཡེངཿ ཆོས་ཉིད་ཟབ་མོའི་གནས་ལུགས་དོན་མ་རྟོགསཿ སྒོམ་པ་རྣམ་གཡེང་འཁྲུལ་བའི་གཞན་དབང་གྱུརཿ སྤྱོད་པ་སྤང་བླང་རེ་དོགས་ཐ་མལ་ཤོརཿ བསྐྱེད་རིམ་མངོན་ཞེན་རྫོགས་རིམ་འཛིན་པས་བཅིངཿ མི་རྟག་འཆི་བ་ཐོག་ཏུ་བབ་པའི་ཚེཿ ངན་སོང་སྡུག་བསྔལ་གནས་ལས་མ་ཐར་བའིཿ སྐྱབས་མེད་སྡུག་བསྔལ་སེམས་ཅན་ལས་ངན་བདགཿ སྔར་བཅས་སྡིག་ལྟུང་ཁོང་དུ་དུག་སོང་བཞིནཿ སྙིང་ནས་འགྱོད་པ་དྲག་པོས་བཤགས་པ་འབུལཿ སླན་ཆད་སྲོག་ལ་བབ་ཀྱང་མི་བགྱིད་པའིཿ སྡོམ་སེམས་བརྟན་པོས་སྙིང་ལ་དམ་བཅའ་འཛིནཿ གདུང་ཤུགས་དྲག་པོས་ལྷང་ལྷང་གསོལ་འདེབས་ནཿ སྔོན་གྱི་ཞལ་བཞེས་ཐུགས་དམ་བརྩེར་དགོངས་ལཿ ཐུགས་གསང་བདེ་བའི་ཡེ་ཤེས་ཆེན་པོ་ལསཿ བྱིན་རླབས་འོད་ཟེར་སྤྲིན་ཕུང་རབ་གཡོས་ཤིངཿ ལས་ངན་བག་ཆགས་སྡུག་བསྔལ་རྒྱ་མཚོ་སྐེམཿ མ་རིག་ཉོན་མོངས་ཤེས་བྱའི་སྒྲིབ་པ་དགཿ དད་དམ་སྙིང་རྗེ་ཆེན་པོ་རྒྱུད་ལ་སྐྱེསཿ བསྐྱེད་རྫོགས་གདེང་རྙེད་ཁྱེད་ཀྱི་དགོངས་པ་རྟོགསཿ འཁོར་བ་དོང་སྤྲུགས་འགྲོ་དོན་མཐར་ཕྱིན་པའིཿ བདག་རྒྱུད་བྱིན་གྱིས་རློབས་ཤིག་རིན་པོ་ཆེཿ བདག་ལ་རེ་ས་གཞན་ན་མ་མཆིས་ཏེཿ བསྐལ་མང་གོང་ནས་ཁྱེད་ཀྱིས་རྗེས་སུ་བཟུངཿ གང་ལ་གང་འདུལ་ཐབས་ཀྱིས་བདག་དོན་མཛདཿ བདག་ནི་མ་རིག་རྨོངས་པའི་གཞན་དབང་གིསཿ ཁྱེད་ཞལ་ལྟ་བའི་འདྲེན་བྱེད་ཅེ་རེ་ལོངཿ ལོག་ལྟ་དམ་ཉམས་ཉེས་པ་དཔག་མེད་བསགསཿ འོན་ཀྱང་མ་དང་བུ་ཡི་འདུ་ཤེས་ཀྱིསཿ དད་དང་སྙིང་རྗེ་ཆེན་པོའི་རྗེས་བཟུང་བའིཿ བདག་གི་དོན་དུ་མི་ཡི་སྲིད་བཟུང་ཞིངཿ སྣ་ཚོགས་ཐབས་ཀྱིས་དབུགས་དབྱུང་གཟེངས་བསྟོད་པསཿ དེ་ནི་གྲོལ་བའི་འབྲས་བུ་མངོན་གྱུར་ནཿ དམ་བཅའ་ཐུགས་དམ་དུས་ལ་བབ་ལགས་པས༔ འགྲོ་བ་འདྲེན་པའི་དེད་དཔོན་མཆོག་གྱུར་ནསཿ སེམས་ཅན་དོན་དུ་ལུས་དང་སྲོག་གཏོང་ཞིངཿ གང་དང་གང་དུ་སྡུག་བསྔལ་གནས་རྣམས་སུཿ དེ་ལ་དེར་མཐུན་འགྲོ་དོན་མཐར་ཕྱིན་ནསཿ མ་ཧཱ་གུ་རུའི་སྲས་ཀྱི་ཐུ་བོ་རུཿ གྱུར་ནས་སྟོན་འཁོར་དགོངས་པ་དབྱེར་མེད་ཤོགཿ «དེ་ལྟར་མོས་གུས་རྩེ་གཅིག་གིསཿ གསོལ་བ་བཏབ་ཅིང་ཐུགས་ཡིད་བསྲེསཿ» ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ «གསོལ་འདེབས་ཡང་སྙིང་འདི་ལ་འབདཿ བཞི་པ་གུ་རུའི་སྒྲུབ་པ་ནིཿ ཐུགས་ཀྱི་སྙིང་ཁུ་ཉམས་ལེན་གནདཿ» རིགས་བདག་བླ་མའི་ལྷ་ཚོགས་རྣམསཿ འོད་དུ་ཞུ་ནས་རང་ལ་ཐིམཿ གདོས་བཅས་ཕུང་ཁམས་སྐྱེ་མཆེད་ཀུནཿ དམིགས་མེད་ནམ་མཁའི་འཇའ་ལྟར་ཡལཿ སྟོང་ཉིད་སྤྲོས་དང་བྲལ་བ་ལསཿ དམིགས་པ་མེད་པའི་སྙིང་རྗེ་ཤརཿ བྱིན་རླབས་འོད་ཕུང་ལྡེམས་སེ་ལྡེམཿ ཆུ་ལས་ཆུ་བུར་བརྡོལ་བ་བཞིནཿ རང་ཉིད་པདྨ་ཐོད་ཕྲེང་རྩལཿ དམར་སྨུག་ཞལ་གཅིག་ཕྱག་གཉིས་པཿ ཞི་མ་ཁྲོ་ཡི་ཉམས་དང་ལྡནཿ སྤྱན་གསུམ་ཞལ་གདངས་ལྗགས་འདྲིལ་ཞིངཿ མཆེ་གཙིག་སྨ་ར་སྨིན་མ་འབརཿ ཕྱག་གཡས་གསེར་རྡོར་རྩེ་དགུ་ཕྱརཿ གཡོན་པས་གནམ་ལྕགས་ཕུར་བུ་བསྡིགསཿ དབུ་སྐྲ་ཐོར་ཅོག་རུས་རྒྱན་དངཿ དུར་ཁྲོད་རོལ་བའི་ཆས་ཀྱིས་སྤུདཿ པདྨ་ཉི་ཟླའི་གདན་ཀྱི་སྟེངཿ རྒྱལ་པོ་རོལ་པའི་སྟབས་སུ་འགྱིངཿ སྐུ་ལ་རྒྱུད་སྡེའི་དཀྱིལ་འཁོར་དངཿ གནས་ཡུལ་ཉེར་བཞིའི་བཀོད་པ་རྫོགསཿ དཔའ་བོ་མཁའ་འགྲོའི་ཆོགས་ཀྱིས་བསྐོརཿ སྣང་ལ་རང་བཞིན་མེད་པར་གསལཿ ཧཱུྃཿ རྔ་ཡབ་དཔལ་གྱི་རི་བོ་ནསཿ རྗེ་བཙུན་པདྨ་ཐོད་ཕྲེང་རྩལཿ རྩ་གསུམ་ཀུན་འདུས་དཀྱིལ་འཁོར་གཙོཿ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལཿ དགྱེས་པར་བཞུགས་ལ་གུས་ཕྱག་འཚལཿ ཕྱི་ནང་གསང་མཆོད་དམ་པར་འབུལཿ སྐུ་གསུམ་རིགས་བརྒྱ་འདུས་པའི་དཔལཿ རྡོ་རྗེ་དྲག་པོ་རྩལ་ལ་བསྟོདཿ ཐུགས་ཀར་གསེར་གྱི་རྡོ་རྗེའི་དབུསཿ པདྨ་ཉི་སྟེང་ཧཱུྃ་ཡིག་གསལཿ དེ་ལས་ཧཱུྃ་གི་ཚོགས་འཕྲོས་པསཿ རང་ལུས་དངོས་ཞེན་བག་ཆགས་སྦྱངཿ སྟོང་གསལ་འཛིན་པ་བྲལ་བའི་ངངཿ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃཿ དྲག་པོའི་ཧཱུྃ་གླུ་ཀྱུ་རུ་རུཿ སྣང་སྲིད་ཐམས་ཅད་ཧཱུྃ་གིས་གངཿ ཕྱི་སྣོད་འཇིག་རྟེན་ཀུན་སྦྱོང་ཞིངཿ སྣང་སྲིད་མཁའ་འགྲོ་སྡེ་ལྔའི་ཞིངཿ བྱིན་རླབས་འོད་ཟེར་སྤྲིན་ཕུང་འཁྲིགསཿ དབང་དང་དངོས་གྲུབ་བྱིན་རླབས་བསྡུསཿ ཐོད་ཕྲེང་རྩལ་དང་དབྱེར་མེད་གྱུརཿ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃཿ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃཿ «སྐབས་སུ་སྣང་བ་གཏན་མེད་བཏངཿ རེ་འགའ་ཧཱུྃ་གི་རྒྱང་གླུ་ལེནཿ ཟབ་གནད་དམིགས་པའི་འཕྲུལ་འཁོར་གཅེསཿ གཉིས་འཛིན་མདུད་པ་མ་འགྲོལ་བརཿ འདི་ལ་རྟག་ཏུ་ནན་ཏན་གྱིསཿ མོས་གུས་ལྡན་པས་རྩེ་གཅིག་གིསཿ ཟླ་དྲུག་དག་ཏུ་འབད་བྱས་ནཿ ང་དང་དགོངས་པ་དབྱེར་མེད་འདྲེསཿ འཁོར་འདས་སྤྱི་དཔལ་ཆེན་པོར་གྱུརཿ རྗེས་ལ་མཆོད་བསྟོད་བཤགས་པ་བྱཿ ཡེ་ནས་ལྷ་ཡི་རང་བཞིན་ལཿ བསྡུ་རིམ་བཤགས་པའི་སྤྲོས་པ་དོརཿ བློ་འདས་ཆོས་སྐུའི་ངང་མདངས་བསྐྱངཿ ལྔ་པ་མཚན་མོའི་རྣལ་འབྱོར་ནིཿ» རང་ལུས་ལྷར་གསལ་ཙིཏྟ་སྙིང་གི་དབུསཿ པདྨ་འབྱུང་གནས་རྡོ་རྗེ་ཐོད་ཕྲེང་རྩལཿ ལོངས་སྐུའི་ཆས་རྫོགས་རྡོ་རྗེའི་སྐྱིལ་ཀྲུང་བཞུགསཿ གཡས་པས་རྡོ་རྗེ་གཡོན་པས་ཐོད་བུམ་བསྣམསཿ ཐུགས་ཀར་ཨཱཿདཀར་དྲི་མེད་ཤེལ་གྱི་མདོགཿ འོད་དང་འོད་ཟེར་མུ་མཐའ་མེད་པར་འཕྲོསཿ རང་རིག་གསལ་སྟོང་འདུས་མ་བྱས་པའི་ངངཿ ཨ་ཨ་ཨཿ «ཆགས་སྡང་རྣམ་རྟོག་འཁོར་མོར་མི་འབྱམས་པརཿ» ཀ་དག་རིག་པ་སྤྲོས་དང་བྲལ་བའི་ངངཿ ལྷུན་གྲུབ་འོད་ལྔའི་ཟེར་དང་མི་འབྲལ་ཞིང༔ ལྷན་སྐྱེས་ཡེ་ཤེས་རྩལ་ཆེན་རྫོགས་པར་བྱཿ རྨི་ལམ་འོད་གསལ་ཟུང་འཇུག་མ་བུ་བསྲེསཿ ང་དང་དབྱེར་མེད་ཆོས་སྐུའི་ཞིང་དུ་གྲོལཿ «ང་ཉིད་ཨ་ཙར་དམར་པོ་ཡིཿ རང་གི་སྒྲུབ་པ་ཀུན་གྱི་བཅུདཿ དམར་བྱང་མཁའ་འགྲོའི་སྙིང་ཁྲག་འདིཿ རྡོ་རྗེ་ཕག་མོའི་་ཐུགས་ཀློང་སྦསཿ ལྔ་ཕྲག་དུས་ཀྱི་ཐ་མ་ལཿ བྱང་ཕྱོགས་ཁ་བ་ཅན་གྱི་ཡུལཿ ཐུགས་ཐིག་འགྲོ་དོན་དར་བའི་དུསཿ ང་སྤྲུལ་ཁྲག་འཐུང་དཔའ་བོ་ལཿ རྟེན་འབྲེལ་བརྡ་རྟགས་དུས་བབས་ཚེཿ སྙན་བརྒྱུད་ཡི་གེ་མེད་པའི་སྐོརཿ ཌཱཀྐི་མ་དང་འཕྲད་པར་ཤོགཿ ཡ་བ་མ་ལ་ས་མ་ཏིཿ མ་མོ་གཟའ་དང་རྡོ་རྗེ་ལེགསཿ དྲེགས་པའི་གཙོ་བོས་ཐུབ་པར་སྲུངསཿ ས་མ་ཡཿ ཁ་ཐཾཿ གུཧྱཿ སྐུའི་རྒྱཿ གསུང་གི་རྒྱཿ ཐུགས་ཀྱི་རྒྱཿ པདྨ་ཐོད་ཕྲེང་བཀའ་བཞིན་དུཿ འཁྲུལ་ཞིག་འཇའ་ལུས་རྡོ་རྗེས་ཕབ༔ རིག་པའི་ཡེ་ཤེས་ཡི་གེར་བཀོདཿ ཟབ་པའི་མཐར་ཐུག་ས་མ་ཏིཿ འདོད་ཡོན་ཚོགས་ཀྱི་འཁོར་ལོ་ནིཿ» རཾ་ཡཾ་ཁཾཿ དངོས་འཛིན་དྲི་མ་བསྲེགས་གཏོར་བཀྲུསཿ ཟག་མེད་ཡེ་ཤེས་བདུད་རྩིར་བསྒྱུརཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཧྲཱིཿ རྗེ་བཙུན་པདྨ་ཐོད་ཕྲེང་རྩལཿ ཁྲོ་བོ་འཆོལ་པ་སེང་གེའི་སྒྲཿ རྩ་གསུམ་དཔའ་བོ་མཁའ་འགྲོའི་ཚོགསཿ རྔ་ཡབ་གླིང་ནས་སྤྱན་འདྲེན་གཤེགསཿ དམ་རྫས་ཚོགས་ལ་བྱིན་ཆེན་ཕོབསཿ མོས་པའི་བུ་ལ་དབང་མཆོག་སྐུརཿ མ་ཧཱ་པཉྩ་ཨ་མྲྀ་ཏ་སིདྡྷི་ཕ་ལ་ཧཱུྃཿ བཅུ་དྲུག་ཕོ་ཉ་གར་མཁན་མསཿ རོ་བརྒྱ་ནུས་པ་སྟོང་ལྡན་ཚོགསཿ འཆི་མེད་ཡེ་ཤེས་བདུད་རྩིའི་བཅུདཿ ཀུན་འདུས་དཀྱིལ་འཁོར་ལྷ་ཚོགས་མཆོདཿ མེ་ཏོག་བདུག་སྤོས་མར་མེ་ཆབཿ ལྷ་བཤོས་གཟུགས་སྒྲ་དྲི་རོ་རེགཿ དགའ་བཞི་ཡེ་ཤེས་བདེ་བའི་རོཿ ཆོས་ཀྱི་ཕྱག་རྒྱས་ཐུགས་དམ་བསྐངཿ གཟུང་འཛིན་ཆོས་དབྱིངས་ཀློང་དུ་སྒྲོལཿ དགའ་བཞི་བདེ་བ་ཆེན་པོར་སྦྱོརཿ ག་ཎ་ཙཀྲ་པཱུ་ཙ་ཧོཿ ས་མ་ཡ་ཤུདྡྷེ་ཨཱཿ ཏ་ན་ག་ན་པཱུ་ཙ་ཨ་ལ་ལ་ཧོཿ ཧཱུྃཿ མཁའ་འགྲོ་མ་དང་ཤུགས་འགྲོ་མཿ དམ་ཚིག་ལས་དང་ཤ་ཟའི་ཚོགསཿ གིང་དང་ལང་ཀ་དབང་ཕྱུག་མཿ འབར་མ་བཀའ་ཡི་སྲུང་མར་བཅསཿ ཧེ་རུ་ཀ་ཡི་ཕ་འབབ་ལོངསཿ བཀའ་དང་དམ་ལས་མ་འདའ་པརཿ སྦྱོར་སྒྲོལ་བླ་མེད་གསང་སྔགས་སྐྱོངསཿ བཀའ་འདས་བཟླག་པའི་ཕྲིན་ལས་མཛོདཿ «བརྡ་རིས་ངོས་ནས་དག་པར་ཕབཿ ས་མ་ཡཿ རྒྱ་རྒྱ་རྒྱཿ པདྨ་ཐོད་ཕྲེང་བཀའ་བཞིན་དུཿ ངོ་མཚར་གསང་བའི་བརྡ་རིས་ལསཿ འཁྲུལ་ཞིག་འཇའ་ལུས་རྡོ་རྗེ་ཕབསཿ རིག་པའི་ཡེ་ཤེས་ཡི་གེར་བཀོདཿ ཟབ་པའི་མཐར་ཐུག་ཨེ་མ་ཧོཿ  
{{TibP|བླ་མ་ཡང་གསང་ཁྲོས་པ་ལསཿ གུ་རུའི་གསང་སྒྲུབ་བདུད་རྩིའི་བཅུད་འདྲེན་བཞུགས་སོཿ
 
«རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལཿ དྲི་མ་མེད་ལ་གུས་པས་བདུདཿ བདག་འདྲ་པདྨ་འབྱུང་གནས་ཀྱིསཿ རང་གི་སྒྲུབ་པ་རང་གིས་བསྟནཿ ཐོག་མར་སྔོན་འགྲོའི་ལམ་རིམ་ནིཿ» སྐྱབས་གནས་ཀུན་འདུས་གུ་རུ་རིན་པོ་ཆེཿ མཁྱེན་ནོ་བདག་རྒྱུད་བྱིན་གྱིས་བརླབ་ཏུ་གསོལཿ ཙིཏྟ་རིན་ཆེན་དཔལ་རིའི་ཞིང་ཁམས་ནསཿ དབུ་མའི་ལམ་བརྒྱུད་བདེ་ཆེན་འཁོར་ལོར་བྱོནཿ བྱིན་རླབས་འོད་ཟེར་སྤྲིན་ཕུང་འཐིབ་བཞིན་བཞུགསཿ བདག་སོགས་མཁའ་མཉམ་འགྲོ་ལ་ཐུགས་རྗེས་གཟིགསཿ དལ་འབྱོར་རིན་ཆེན་ལུས་འདི་རྙེད་པར་དཀའཿ འཇིག་རྟེན་མི་རྟག་སྒྱུ་མའི་གྲོང་ཁྱེར་བཞིནཿ འཆི་བ་ནམ་འོང་མི་ཤེས་སྙིང་རུས་བསྐྱེདཿ དཀར་ནག་ལས་འབྲས་ནམ་ཡང་བསླུ་མེད་ཕྱིརཿ རིགས་དྲུག་སྡུག་བསྔལ་རྒྱ་མཚོར་ཀྱེ་མ་ཧུདཿ ཐར་འདོད་བྱང་ཆུབ་ལས་ལ་འཇུག་བའི་ཕྱིརཿ ལྟེམ་རྐྱང་མེད་པར་བླ་མ་མཆོག་ཏུ་བསྟེནཿ «སྐྱབས་འགྲོ་སེམས་བསྐྱེད་རྡོར་སེམས་བསྒོམ་བཟླས་ནིཿ» ནམ་མཁའ་གང་བའི་བླ་མ་རྩ་གསུམ་ལྟརཿ བདག་དང་མཁའ་མཉམ་འགྲོ་ཀུན་སྐྱབས་སུ་མཆིཿ རང་ངོ་མ་ཤེས་མཁའ་མཉམ་འགྲོ་བ་ཀུནཿ རྫོགས་སངས་རྒྱས་ཕྱིར་བྱང་ཆུབ་སེམས་མཆོག་བསྐྱེདཿ བླ་མ་རྡོར་སེམས་ཡབ་ཡུམ་སྦྱོར་མཚམས་ནསཿ བདུད་རྩིའི་རྒྱུན་བབ་འགྲོ་དྲུག་སྒྲིབ་པ་སྦྱངསཿ གཟུགས་སྣང་རྡོར་སེམས་སྒྲར་གྲགས་ཡི་གེ་བརྒྱཿ དྲན་རྟོག་ཆོས་ཉིད་རིག་པའི་ཡེ་ཤེས་ངངཿ «ཡི་གེ་བརྒྱ་པ་ཉེར་ཅིག་བཟླཿ» རྡོར་སེམས་འོད་ཞུ་རང་ལ་ཐིམཿ རང་ཉིད་རྡོ་རྗེ་སེམས་དཔའ་ཆེཿ སྣང་སྟོང་འཇའ་ཚོན་སྐུ་རུ་ཤརཿ ཨོཾ་ཨཱཿབཛྲ་ས་ཏྭ་ཧཱུྃཿ «བརྒྱ་རྩ་བརྒྱད་བཟླས་དམིགས་མེད་ངངཿ »ཕྱི་སྣོད་སྟོང་གསུམ་འཇིག་རྟེན་ནང་རང་ལུསཿ ངེས་པ་ལྔ་ལྡན་ལོངས་སྐུ་ཆེན་པོའི་ཞིངཿ རང་རིག་གསལ་སྟོང་འོག་མིན་ཆོས་ཀྱི་དབྱིངསཿ རིགས་བརྒྱའི་བདག་ཉིད་ཐོད་ཕྲེང་རྩལ་ལ་འབུལཿ གུ་རུ་རཏྣ་མཎྜལ་པཱུ་ཙ་ཧོཿ «གཉིས་པ་བླ་མའི་རྣལ་འབྱོར་ནིཿ »མཁའ་དབྱིངས་འཇའ་ཚོན་སྤྲིན་ཕུང་འཁྲིགས་པའི་དབུསཿ ཨུ་རྒྱན་གུ་རུ་པདྨ་ཐོད་ཕྲེང་རྩལཿ ཕོད་ཁ་ཆོས་གོས་ཟ་བེར་འདུང་མ་གསོལཿ ཤ་བའི་སྙན་ཞུ་གསེར་རྡོར་རྒོད་སྒྲོས་བརྒྱནཿ ཕྱག་གཡས་རྡོ་རྗེ་གཡོན་པས་ཐོད་བུམ་བསྣམསཿ རྒྱལ་པོ་རོལ་སྟབས་མཆན་ཁུང་ཡུམ་དང་བཅསཿ རྩ་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོརཿ ཐུགས་རྗེའི་སྤྱན་གྱིས་བདག་ལ་ལྷང་ངེར་གཟིགསཿ ན་མོཿ བླ་མ་ཡི་དམ་མཁའ་འགྲོ་སྤྱན་འདྲེན་གཤེགསཿ སྤྱི་གཙུག་ཉི་ཟླ་པདྨའི་གདན་ལ་བཞུགསཿ བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆིཿ འགྲོ་དོན་སྨོན་འཇུག་དོན་དམ་སེམས་མཆོག་བསྐྱེདཿ སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོཿ ཕྱི་ནང་གསང་བའི་མཆོད་པ་དཔག་མེད་འབུལཿ ཉམས་ཆག་སྡིག་སྒྲིབ་ཐམས་ཅད་མཐོལ་ལོ་བཤགསཿ གསང་སྔགས་མཛད་པ་སྒྲུབ་ལ་རྗེས་ཡི་རངསཿ སྨིན་གྲོལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལཿ འགྲོ་བའི་དོན་དུ་མྱ་ངན་མི་འདའ་བཞུགསཿ དགེ་ཚོགས་བླ་མེད་བྱང་ཆུབ་ཆེན་པོར་བསྔོཿ «གསུམ་པ་ཐུགས་དམ་རྒྱུད་བསྐུལ་གྱིཿ གསོལ་འདེབས་བྱིན་རླབས་སྤྲིན་ཕུང་ནིཿ» ཨེ་མ་ཧོཿ ཆོས་དབྱིངས་དོན་གྱི་འོག་མིན་ཆེན་པོ་ནསཿ རིགས་བརྒྱའི་ཁྱབ་བདག་ཀུན་བཟང་ཡབ་ཡུམ་ཟུངཿ ངེས་པ་ལྔ་ལྡན་འོག་མིན་སྟུག་པོ་བཀོདཿ ལོངས་སྤྱོད་རྫོགས་སྐུ་རིགས་ལྔ་སྟོང་གསལ་ལྷཿ སྣང་བ་རྣམ་དག་འོག་མིན་ཞིང་ཁམས་ནསཿ སྤྲུལ་པའི་སྐུར་སྣང་དྲང་སྲོང་དྲི་མ་མེདཿ སྐུ་གསུམ་སྟོན་པ་མཆོག་ལ་གསོལ་པ་འདེབསཿ བརྩེ་ཆེན་ཐུགས་རྗེས་བདག་ལ་ཉེ་བར་དགོངསཿ སྐུ་གསུམ་རྒྱལ་དང་དེ་སྲས་ཚོགས་རྣམས་ཀྱིཿ སྤྱི་གཟུགས་རིགས་ཀུན་འདུས་ཞལ་བླ་མ་མཆོགཿ འགྲོ་བ་སྤྱི་དང་ཁྱད་པར་བྷོ་ཊའི་ལྗོངསཿ སྐྱོབ་མཛད་བླ་མ་གུ་རུ་རིན་པོ་ཆེཿ གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགསཿ མེ་རི་དགུ་ཀློང་འཁྱིལ་བའི་གཞལ་ཡས་སུཿ ཁྲག་འཐུང་རྒྱལ་པོ་རྔམས་བརྗིད་ཧེ་རུ་ཀཿ ཞི་ཆགས་ཁྲོ་བའི་ལྷ་ཚོགས་ཀུན་འདུས་དཔལཿ དཀྱིལ་འཁོར་གཙོ་བོ་གུ་རུ་རིན་པོ་ཆེཿ གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབསཿ མཁའ་སྤྱོད་འོག་མིན་སྤྲུལ་པའི་གནས་མཆོག་ཏུཿ རྡོ་རྗེ་ཕག་མོ་གསང་ཡེ་བདུད་འདུལ་མཿ ཡེ་ཤེས་དམ་ཚིག་ཤ་ཟ་ལས་མཛད་སོགསཿ ཌཱཀྐིའི་མེས་པོ་གུ་རུ་རིན་པོ་ཆེཿ གསོལ་བ་འདེབས་སོ་ས་ལམ་བར་ཆད་སོལཿ འཇིགས་རུང་དུར་ཁྲོད་བརྒྱད་དང་གནས་ཡུལ་ནསཿ དམ་ཚིག་ཅན་གྱི་མ་མགོན་གཟའ་རྡོར་སོགསཿ བསྟན་པ་བསྲུང་བར་ཞལ་བཞེས་དྲེགས་པའི་སྡེཿ ཆོས་སྐྱོང་སྲོག་བདག་གུ་རུ་རིན་པོ་ཆེཿ གསོལ་བ་འདེབས་སོ་དབང་བསྡུས་བྲན་དུ་བཀོལཿ ཀྱེ་མ་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལཿ འཁྲུལ་སྣང་སྡུག་བསྔལ་དྲག་པོས་གཟིར་བ་ཡིཿ ལས་ངན་བདག་ལ་ཐུགས་རྗེའི་སྤྱན་གྱིས་གཟིགསཿ སྙིགས་མ་ལྔ་འདོས་དུས་ཀྱི་མར་གཤམ་འདིརཿ བདེ་བ་འདོད་ཀྱང་སྡུག་བསྔལ་རྒྱུར་སྤྱོད་ཅིངཿ སོ་ཐར་བྱང་ཆུབ་སེམས་དཔའི་བསླབ་སྡོམ་འཆལཿ ཁྱད་པར་རིག་འཛིན་སྔགས་ཀྱི་སྒོར་ཞུགས་ཀྱངཿ སྡོམ་པ་རལ་ཞིང་དབང་བཞིའི་དམ་ཚིག་ཉམསཿ ལྟ་བ་གོལ་ཤོར་ནོར་སའི་འཕྲང་ལ་གཡེངཿ ཆོས་ཉིད་ཟབ་མོའི་གནས་ལུགས་དོན་མ་རྟོགསཿ སྒོམ་པ་རྣམ་གཡེང་འཁྲུལ་བའི་གཞན་དབང་གྱུརཿ སྤྱོད་པ་སྤང་བླང་རེ་དོགས་ཐ་མལ་ཤོརཿ བསྐྱེད་རིམ་མངོན་ཞེན་རྫོགས་རིམ་འཛིན་པས་བཅིངཿ མི་རྟག་འཆི་བ་ཐོག་ཏུ་བབ་པའི་ཚེཿ ངན་སོང་སྡུག་བསྔལ་གནས་ལས་མ་ཐར་བའིཿ སྐྱབས་མེད་སྡུག་བསྔལ་སེམས་ཅན་ལས་ངན་བདགཿ སྔར་བཅས་སྡིག་ལྟུང་ཁོང་དུ་དུག་སོང་བཞིནཿ སྙིང་ནས་འགྱོད་པ་དྲག་པོས་བཤགས་པ་འབུལཿ སླན་ཆད་སྲོག་ལ་བབ་ཀྱང་མི་བགྱིད་པའིཿ སྡོམ་སེམས་བརྟན་པོས་སྙིང་ལ་དམ་བཅའ་འཛིནཿ གདུང་ཤུགས་དྲག་པོས་ལྷང་ལྷང་གསོལ་འདེབས་ནཿ སྔོན་གྱི་ཞལ་བཞེས་ཐུགས་དམ་བརྩེར་དགོངས་ལཿ ཐུགས་གསང་བདེ་བའི་ཡེ་ཤེས་ཆེན་པོ་ལསཿ བྱིན་རླབས་འོད་ཟེར་སྤྲིན་ཕུང་རབ་གཡོས་ཤིངཿ ལས་ངན་བག་ཆགས་སྡུག་བསྔལ་རྒྱ་མཚོ་སྐེམཿ མ་རིག་ཉོན་མོངས་ཤེས་བྱའི་སྒྲིབ་པ་དགཿ དད་དམ་སྙིང་རྗེ་ཆེན་པོ་རྒྱུད་ལ་སྐྱེསཿ བསྐྱེད་རྫོགས་གདེང་རྙེད་ཁྱེད་ཀྱི་དགོངས་པ་རྟོགསཿ འཁོར་བ་དོང་སྤྲུགས་འགྲོ་དོན་མཐར་ཕྱིན་པའིཿ བདག་རྒྱུད་བྱིན་གྱིས་རློབས་ཤིག་རིན་པོ་ཆེཿ བདག་ལ་རེ་ས་གཞན་ན་མ་མཆིས་ཏེཿ བསྐལ་མང་གོང་ནས་ཁྱེད་ཀྱིས་རྗེས་སུ་བཟུངཿ གང་ལ་གང་འདུལ་ཐབས་ཀྱིས་བདག་དོན་མཛདཿ བདག་ནི་མ་རིག་རྨོངས་པའི་གཞན་དབང་གིསཿ ཁྱེད་ཞལ་ལྟ་བའི་འདྲེན་བྱེད་ཅེ་རེ་ལོངཿ ལོག་ལྟ་དམ་ཉམས་ཉེས་པ་དཔག་མེད་བསགསཿ འོན་ཀྱང་མ་དང་བུ་ཡི་འདུ་ཤེས་ཀྱིསཿ དད་དང་སྙིང་རྗེ་ཆེན་པོའི་རྗེས་བཟུང་བའིཿ བདག་གི་དོན་དུ་མི་ཡི་སྲིད་བཟུང་ཞིངཿ སྣ་ཚོགས་ཐབས་ཀྱིས་དབུགས་དབྱུང་གཟེངས་བསྟོད་པསཿ དེ་ནི་གྲོལ་བའི་འབྲས་བུ་མངོན་གྱུར་ནཿ དམ་བཅའ་ཐུགས་དམ་དུས་ལ་བབ་ལགས་པས༔ འགྲོ་བ་འདྲེན་པའི་དེད་དཔོན་མཆོག་གྱུར་ནསཿ སེམས་ཅན་དོན་དུ་ལུས་དང་སྲོག་གཏོང་ཞིངཿ གང་དང་གང་དུ་སྡུག་བསྔལ་གནས་རྣམས་སུཿ དེ་ལ་དེར་མཐུན་འགྲོ་དོན་མཐར་ཕྱིན་ནསཿ མ་ཧཱ་གུ་རུའི་སྲས་ཀྱི་ཐུ་བོ་རུཿ གྱུར་ནས་སྟོན་འཁོར་དགོངས་པ་དབྱེར་མེད་ཤོགཿ «དེ་ལྟར་མོས་གུས་རྩེ་གཅིག་གིསཿ གསོལ་བ་བཏབ་ཅིང་ཐུགས་ཡིད་བསྲེསཿ» ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ «གསོལ་འདེབས་ཡང་སྙིང་འདི་ལ་འབདཿ བཞི་པ་གུ་རུའི་སྒྲུབ་པ་ནིཿ ཐུགས་ཀྱི་སྙིང་ཁུ་ཉམས་ལེན་གནདཿ» རིགས་བདག་བླ་མའི་ལྷ་ཚོགས་རྣམསཿ འོད་དུ་ཞུ་ནས་རང་ལ་ཐིམཿ གདོས་བཅས་ཕུང་ཁམས་སྐྱེ་མཆེད་ཀུནཿ དམིགས་མེད་ནམ་མཁའི་འཇའ་ལྟར་ཡལཿ སྟོང་ཉིད་སྤྲོས་དང་བྲལ་བ་ལསཿ དམིགས་པ་མེད་པའི་སྙིང་རྗེ་ཤརཿ བྱིན་རླབས་འོད་ཕུང་ལྡེམས་སེ་ལྡེམཿ ཆུ་ལས་ཆུ་བུར་བརྡོལ་བ་བཞིནཿ རང་ཉིད་པདྨ་ཐོད་ཕྲེང་རྩལཿ དམར་སྨུག་ཞལ་གཅིག་ཕྱག་གཉིས་པཿ ཞི་མ་ཁྲོ་ཡི་ཉམས་དང་ལྡནཿ སྤྱན་གསུམ་ཞལ་གདངས་ལྗགས་འདྲིལ་ཞིངཿ མཆེ་གཙིག་སྨ་ར་སྨིན་མ་འབརཿ ཕྱག་གཡས་གསེར་རྡོར་རྩེ་དགུ་ཕྱརཿ གཡོན་པས་གནམ་ལྕགས་ཕུར་བུ་བསྡིགསཿ དབུ་སྐྲ་ཐོར་ཅོག་རུས་རྒྱན་དངཿ དུར་ཁྲོད་རོལ་བའི་ཆས་ཀྱིས་སྤུདཿ པདྨ་ཉི་ཟླའི་གདན་ཀྱི་སྟེངཿ རྒྱལ་པོ་རོལ་པའི་སྟབས་སུ་འགྱིངཿ སྐུ་ལ་རྒྱུད་སྡེའི་དཀྱིལ་འཁོར་དངཿ གནས་ཡུལ་ཉེར་བཞིའི་བཀོད་པ་རྫོགསཿ དཔའ་བོ་མཁའ་འགྲོའི་ཆོགས་ཀྱིས་བསྐོརཿ སྣང་ལ་རང་བཞིན་མེད་པར་གསལཿ ཧཱུྃཿ རྔ་ཡབ་དཔལ་གྱི་རི་བོ་ནསཿ རྗེ་བཙུན་པདྨ་ཐོད་ཕྲེང་རྩལཿ རྩ་གསུམ་ཀུན་འདུས་དཀྱིལ་འཁོར་གཙོཿ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལཿ དགྱེས་པར་བཞུགས་ལ་གུས་ཕྱག་འཚལཿ ཕྱི་ནང་གསང་མཆོད་དམ་པར་འབུལཿ སྐུ་གསུམ་རིགས་བརྒྱ་འདུས་པའི་དཔལཿ རྡོ་རྗེ་དྲག་པོ་རྩལ་ལ་བསྟོདཿ ཐུགས་ཀར་གསེར་གྱི་རྡོ་རྗེའི་དབུསཿ པདྨ་ཉི་སྟེང་ཧཱུྃ་ཡིག་གསལཿ དེ་ལས་ཧཱུྃ་གི་ཚོགས་འཕྲོས་པསཿ རང་ལུས་དངོས་ཞེན་བག་ཆགས་སྦྱངཿ སྟོང་གསལ་འཛིན་པ་བྲལ་བའི་ངངཿ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃཿ དྲག་པོའི་ཧཱུྃ་གླུ་ཀྱུ་རུ་རུཿ སྣང་སྲིད་ཐམས་ཅད་ཧཱུྃ་གིས་གངཿ ཕྱི་སྣོད་འཇིག་རྟེན་ཀུན་སྦྱོང་ཞིངཿ སྣང་སྲིད་མཁའ་འགྲོ་སྡེ་ལྔའི་ཞིངཿ བྱིན་རླབས་འོད་ཟེར་སྤྲིན་ཕུང་འཁྲིགསཿ དབང་དང་དངོས་གྲུབ་བྱིན་རླབས་བསྡུསཿ ཐོད་ཕྲེང་རྩལ་དང་དབྱེར་མེད་གྱུརཿ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃཿ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃཿ «སྐབས་སུ་སྣང་བ་གཏན་མེད་བཏངཿ རེ་འགའ་ཧཱུྃ་གི་རྒྱང་གླུ་ལེནཿ ཟབ་གནད་དམིགས་པའི་འཕྲུལ་འཁོར་གཅེསཿ གཉིས་འཛིན་མདུད་པ་མ་འགྲོལ་བརཿ འདི་ལ་རྟག་ཏུ་ནན་ཏན་གྱིསཿ མོས་གུས་ལྡན་པས་རྩེ་གཅིག་གིསཿ ཟླ་དྲུག་དག་ཏུ་འབད་བྱས་ནཿ ང་དང་དགོངས་པ་དབྱེར་མེད་འདྲེསཿ འཁོར་འདས་སྤྱི་དཔལ་ཆེན་པོར་གྱུརཿ རྗེས་ལ་མཆོད་བསྟོད་བཤགས་པ་བྱཿ ཡེ་ནས་ལྷ་ཡི་རང་བཞིན་ལཿ བསྡུ་རིམ་བཤགས་པའི་སྤྲོས་པ་དོརཿ བློ་འདས་ཆོས་སྐུའི་ངང་མདངས་བསྐྱངཿ ལྔ་པ་མཚན་མོའི་རྣལ་འབྱོར་ནིཿ» རང་ལུས་ལྷར་གསལ་ཙིཏྟ་སྙིང་གི་དབུསཿ པདྨ་འབྱུང་གནས་རྡོ་རྗེ་ཐོད་ཕྲེང་རྩལཿ ལོངས་སྐུའི་ཆས་རྫོགས་རྡོ་རྗེའི་སྐྱིལ་ཀྲུང་བཞུགསཿ གཡས་པས་རྡོ་རྗེ་གཡོན་པས་ཐོད་བུམ་བསྣམསཿ ཐུགས་ཀར་ཨཱཿདཀར་དྲི་མེད་ཤེལ་གྱི་མདོགཿ འོད་དང་འོད་ཟེར་མུ་མཐའ་མེད་པར་འཕྲོསཿ རང་རིག་གསལ་སྟོང་འདུས་མ་བྱས་པའི་ངངཿ ཨ་ཨ་ཨཿ «ཆགས་སྡང་རྣམ་རྟོག་འཁོར་མོར་མི་འབྱམས་པརཿ» ཀ་དག་རིག་པ་སྤྲོས་དང་བྲལ་བའི་ངངཿ ལྷུན་གྲུབ་འོད་ལྔའི་ཟེར་དང་མི་འབྲལ་ཞིང༔ ལྷན་སྐྱེས་ཡེ་ཤེས་རྩལ་ཆེན་རྫོགས་པར་བྱཿ རྨི་ལམ་འོད་གསལ་ཟུང་འཇུག་མ་བུ་བསྲེསཿ ང་དང་དབྱེར་མེད་ཆོས་སྐུའི་ཞིང་དུ་གྲོལཿ «ང་ཉིད་ཨ་ཙར་དམར་པོ་ཡིཿ རང་གི་སྒྲུབ་པ་ཀུན་གྱི་བཅུདཿ དམར་བྱང་མཁའ་འགྲོའི་སྙིང་ཁྲག་འདིཿ རྡོ་རྗེ་ཕག་མོའི་་ཐུགས་ཀློང་སྦསཿ ལྔ་ཕྲག་དུས་ཀྱི་ཐ་མ་ལཿ བྱང་ཕྱོགས་ཁ་བ་ཅན་གྱི་ཡུལཿ ཐུགས་ཐིག་འགྲོ་དོན་དར་བའི་དུསཿ ང་སྤྲུལ་ཁྲག་འཐུང་དཔའ་བོ་ལཿ རྟེན་འབྲེལ་བརྡ་རྟགས་དུས་བབས་ཚེཿ སྙན་བརྒྱུད་ཡི་གེ་མེད་པའི་སྐོརཿ ཌཱཀྐི་མ་དང་འཕྲད་པར་ཤོགཿ ཡ་བ་མ་ལ་ས་མ་ཏིཿ མ་མོ་གཟའ་དང་རྡོ་རྗེ་ལེགསཿ དྲེགས་པའི་གཙོ་བོས་ཐུབ་པར་སྲུངསཿ ས་མ་ཡཿ ཁ་ཐཾཿ གུཧྱཿ སྐུའི་རྒྱཿ གསུང་གི་རྒྱཿ ཐུགས་ཀྱི་རྒྱཿ པདྨ་ཐོད་ཕྲེང་བཀའ་བཞིན་དུཿ འཁྲུལ་ཞིག་འཇའ་ལུས་རྡོ་རྗེས་ཕབ༔ རིག་པའི་ཡེ་ཤེས་ཡི་གེར་བཀོདཿ ཟབ་པའི་མཐར་ཐུག་ས་མ་ཏིཿ འདོད་ཡོན་ཚོགས་ཀྱི་འཁོར་ལོ་ནིཿ» རཾ་ཡཾ་ཁཾཿ དངོས་འཛིན་དྲི་མ་བསྲེགས་གཏོར་བཀྲུསཿ ཟག་མེད་ཡེ་ཤེས་བདུད་རྩིར་བསྒྱུརཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཧྲཱིཿ རྗེ་བཙུན་པདྨ་ཐོད་ཕྲེང་རྩལཿ ཁྲོ་བོ་འཆོལ་པ་སེང་གེའི་སྒྲཿ རྩ་གསུམ་དཔའ་བོ་མཁའ་འགྲོའི་ཚོགསཿ རྔ་ཡབ་གླིང་ནས་སྤྱན་འདྲེན་གཤེགསཿ དམ་རྫས་ཚོགས་ལ་བྱིན་ཆེན་ཕོབསཿ མོས་པའི་བུ་ལ་དབང་མཆོག་སྐུརཿ མ་ཧཱ་པཉྩ་ཨ་མྲྀ་ཏ་སིདྡྷི་ཕ་ལ་ཧཱུྃཿ བཅུ་དྲུག་ཕོ་ཉ་གར་མཁན་མསཿ རོ་བརྒྱ་ནུས་པ་སྟོང་ལྡན་ཚོགསཿ འཆི་མེད་ཡེ་ཤེས་བདུད་རྩིའི་བཅུདཿ ཀུན་འདུས་དཀྱིལ་འཁོར་ལྷ་ཚོགས་མཆོདཿ མེ་ཏོག་བདུག་སྤོས་མར་མེ་ཆབཿ ལྷ་བཤོས་གཟུགས་སྒྲ་དྲི་རོ་རེགཿ དགའ་བཞི་ཡེ་ཤེས་བདེ་བའི་རོཿ ཆོས་ཀྱི་ཕྱག་རྒྱས་ཐུགས་དམ་བསྐངཿ གཟུང་འཛིན་ཆོས་དབྱིངས་ཀློང་དུ་སྒྲོལཿ དགའ་བཞི་བདེ་བ་ཆེན་པོར་སྦྱོརཿ ག་ཎ་ཙཀྲ་པཱུ་ཙ་ཧོཿ ས་མ་ཡ་ཤུདྡྷེ་ཨཱཿ ཏ་ན་ག་ན་པཱུ་ཙ་ཨ་ལ་ལ་ཧོཿ ཧཱུྃཿ མཁའ་འགྲོ་མ་དང་ཤུགས་འགྲོ་མཿ དམ་ཚིག་ལས་དང་ཤ་ཟའི་ཚོགསཿ གིང་དང་ལང་ཀ་དབང་ཕྱུག་མཿ འབར་མ་བཀའ་ཡི་སྲུང་མར་བཅསཿ ཧེ་རུ་ཀ་ཡི་ཕ་འབབ་ལོངསཿ བཀའ་དང་དམ་ལས་མ་འདའ་པརཿ སྦྱོར་སྒྲོལ་བླ་མེད་གསང་སྔགས་སྐྱོངསཿ བཀའ་འདས་བཟླག་པའི་ཕྲིན་ལས་མཛོདཿ «བརྡ་རིས་ངོས་ནས་དག་པར་ཕབཿ ས་མ་ཡཿ རྒྱ་རྒྱ་རྒྱཿ པདྨ་ཐོད་ཕྲེང་བཀའ་བཞིན་དུཿ ངོ་མཚར་གསང་བའི་བརྡ་རིས་ལསཿ འཁྲུལ་ཞིག་འཇའ་ལུས་རྡོ་རྗེ་ཕབསཿ རིག་པའི་ཡེ་ཤེས་ཡི་གེར་བཀོདཿ ཟབ་པའི་མཐར་ཐུག་ཨེ་མ་ཧོཿ  

}}
}}

Latest revision as of 15:14, 24 June 2024

Wylie title bla ma yang gsang khros pa las gu ru'i gsang sgrub bdud rtsi'i bcud 'dren
Location mdo mkhyen brtse bka' 'bum
Volume 4, Text 37, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Sadhanas - Evocation Ritual - sgrub thabs
Cycle བླ་མ་ཡང་གསང་ཁྲོས་པ་ (bla ma yang gsang khros pa)
Colophon

པདྨ་ཐོད་ཕྲེང་བཀའ་བཞིན་དུཿ ངོ་མཚར་གསང་བའི་བརྡ་རིས་ལསཿ འཁྲུལ་ཞིག་འཇའ་ལུས་རྡོ་རྗེ་ཕབསཿ རིག་པའི་ཡེ་ཤེས་ཡི་གེར་བཀོདཿ ཟབ་པའི་མཐར་ཐུག་ཨེ་མ་ཧོཿ

pad+ma thod phreng bka' bzhin du:_ngo mtshar gsang ba'i brda ris las:_'khrul zhig 'ja' lus rdo rje phabs:_rig pa'i ye shes yi ger bkod:_zab pa'i mthar thug e ma ho:

[edit]
བླ་མ་ཡང་གསང་ཁྲོས་པ་ལསཿ གུ་རུའི་གསང་སྒྲུབ་བདུད་རྩིའི་བཅུད་འདྲེན་བཞུགས་སོཿ