DKYD-KABUM-03-GA-057: Difference between revisions

From Khyentse Lineage - A Tsadra Foundation Project
DKYD-KABUM-03-GA-057
No edit summary
No edit summary
 
(2 intermediate revisions by the same user not shown)
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|sectionheading=No
|fulltitletib=ཡང་གསང་བླ་མེད་རིག་འཛིན་ཐུགས་ཐིག་ལསཿ མེ་མཆོད་ཕྲིན་ལས་གློག་ཞགསཿ
|fulltitle=yang gsang bla med rig 'dzin thugs thig las me mchod phrin las glog zhags
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=mdo mkhyen brtse bka' 'bum

|totalvolumes=8
|author=Mdo mkhyen brtse
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|authortib=མདོ་མཁྱེན་བརྩེ་
|sourcerevealer=Mdo mkhyen brtse
|sourcerevealer=Mdo mkhyen brtse
|sourcerevealertib=མདོ་མཁྱེན་བརྩེ་
|sourcerevealertib=མདོ་མཁྱེན་བརྩེ་
|tibgenre=Fire Offerings - sbyin sreg
|terma=Yes
|terma=Yes
|cycle=yang gsang bla med rig 'dzin thugs thig

|cycletib=ཡང་གསང་བླ་མེད་རིག་འཛིན་ཐུགས་ཐིག་

|language=Tibetan
|language=Tibetan
|volumenumber=03
|volnumtib=༣
|volnumtib=༣
|volyigtib=ག
|volyigtib=ག
|pagestatus=Temporary stub only
|totalvolumes=8
|volumenumber=03
|textnuminvol=057
|multivolumework=No
|colophontib=བདག་འདྲ་གཏེར་མིང་ཁྲག་འཐུང་རྡོ་རྗེས་བརྡ་རིས་ལས་དག་པར་ཕབ་ཅིང་དགའ་རབ་དཔའ་བོས་དག་པར་མཛད་པ་ཡི་གེར་འདུ་བྱེད་སློབ་བུ་རི་སྨྲི་མིང་འཛིན་གྱིས་བགྱིས་ཤིན་ཏུ་དགེ་བར་གྱུར་ཅིགཿ
|colophonwylie=bdag 'dra gter ming khrag 'thung rdo rjes brda ris las dag par phab cing dga' rab dpa' bos dag par mdzad pa yi ger 'du byed slob bu ri smri ming 'dzin gyis bgyis shin tu dge bar gyur cig:
|pdflink=File:DKYD-KABUM-03-GA-057.pdf
|volumeLetter=GA
|volumeLetter=GA
|textnuminvol=056
|pdflink=File:DKYD-KABUM-03-GA-056.pdf
|InitCategories=Khyentse Lineage Project; DKYD-KABUM-Volume-03-GA

}}
}}
<h1>Tibetan Text</h1>
<h1>Tibetan Text</h1>
<onlyinclude>
<onlyinclude>
{{TibP|ཡང་གསང་བླ་མེད་རིག་འཛིན་ཐུགས་ཐིག་ལསཿ མེ་མཆོད་ཕྲིན་ལས་གློག་ཞགས་བཞུགསཿ ྅྅྅ «མངོན་རྫོགས་ཞིང་དུ་ཁྲག་འཐུང་རྒྱལ༔ རྔ་ཡབ་གླིང་དུ་ཐོད་ཕྲེང་རྩལ༔ ཡི་དམ་དབྱེར་མེད་གྲོ་བོ་ལོད༔ རྩ་གསུམ་སྤྱི་དཔལ་གཙོ་ལ་འདུད༔ དམ་ཚིག་དང་ལྡན་པའི་རྣལ་འབྱོར་པ་ཧེ་རུ་ཀའི་དཀྱིལ་འཁོར་དུ་རང་གཞན་གྱི་ཚོགས་རྫོགས་སྒྲིབ་དག་གེགས་དང་བར་ཆད་ཉེ་བར་ཞི་བའི་ཕྱིར་དུ་མེ་མཆོད་འབུལ་བར་འདོད་ན༔ ཡར་གཞི་གཞུང་ལྟར་ལ་བདག་བསྐྱེད་བཟླས་པ་མཆོད་བསྟོད་ལས་བུམ་བསྒྲུབ་པ་སོགས་གནད་སྨིན་སོང་རྗེས་ས་ལྟར་གཏོར་མ་སྤྱིན༔ མདུན་དཀྱིལ་གཙང་མའི་ས་སྟེགས་གྲུ་བཞི་རྒྱ་དཔང་ཡུལ་དུས་དང་འཚམས་པར༔ ལྟེ་བར་ཟླུམ་པོར་བསྐོར་བའི་དབུས་སུ་ཆོས་འབྱུང་ཟུར་གསུམ་གྱི་ལྟེ་བར་རྡོ་རྗེ་ཧཱུྃ་གིས་མཚན་པ༔ དེའི་ཕྱིར་པདྨ་འདབ་བརྒྱད༔ མཆུ་དང་ཁ་ཁྱེར་ལ་རྡོ་ར་མེ་རིའི་བསྐོར་བའི་སྟེང་དུ་སྲོག་ཆགས་མེད་པའི་གནག་ལྕི་ལོ་འབྲས་བུ་ཅན་གྱི་ཤིང་ག་ཟླུམ་པོར་བརྩིགས་ཅིང་བསྲེགས་རྫས་བ་ལི་ཉ་སྦྲིད་འོམ་བུ་གང་རུང་གི་ཡམ་ཤིང་སོར་བཅུ་གཉིས་པ༔ འབྲུ་མར་རམ་རྩི་དམར་གྱི་མར་ཁུ༔ ཏིལ༔ འབྲས༔ སོ་བཿ གྲོ༔ ནས༔ སྲན་མ༔ ཞོ་ཟན༔ དུརྺ༔ ཀུ་ཤ༔ མེ་ཏོག་དང་འབྲས་བུ་སྣ་ཚོགས་དཀར་གསུམ་མངར་གསུམ་རིན་ཆེན་ཕྱེ་མར་སྨན་སྣ་དར་ཟབ་སོགས་གཅིག་ཏུ་སྣམ་ལ༔ ཞི་བར་གཙོ་བོར་འདོད་ན་འོ་མ༔ རྒྱས་པར་མར་ཁུ༔ དབང་ལ་ཆང༔ དྲག་པོ་ལ་རཀྟའི་སྦག༔ གཞན་ཡང་སོ་རྩི་གོས་ཟུང་མེ་དར་སོགས་དགོས་པའི་ཡོ་བྱད་རྣམས་མ་ཚང་མེད་པར་བསགས༔ སློབ་དཔོན་གྱི་མདུན་དུ་རྡོར་དྲིལ་ཐོད་པའི་ཌཱ་མ་རུ་དགངས་བླུགས་སོགས་འདུ་བྱས་ལ༔ »ཨོཾ་བཛྲ་ཨ་མྲྀ་ཏ་ཀུན་ཌཱ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ༔ སྭ་བྷཱ་ཝ་ཤུདྡྷོ་སརྦ་དྷརྨཱ་སྭཱ་བྷ་ཝ་ཤུདྡྷོ྅་ཧཾཿ སྟོང་པའི་ངང་ལས་ཧཱུྃ་ལས་རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ་བ༔ མུཾ་ལས་དྲིལ་བུ་ཤེས་རབ་ཀྱི་རང་བཞིན་ཆོས་ཉིད་སྟོང་པའི་རང་སྒྲ་སྒྲོགས་པར་གྱུར༔ ཨོཾ་བཛྲ་ཧཱུྃཿ གྷཎྜེ་ཧོཿ དྷརྨཱ་དྷརྟུ་ཨཱཿ «སླར་ཡང་མཆོད་རྫས་དང་བསྲེགས་རྫས་རྣམས་ལ་ལས་བུམ་གྱི་ཆུས་འཐོར་ཞིངཿ» ཨོཾ་བཛྲ་ཨ་མྲྀ་ཏ་ཀུན་ཌཱ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ༔ སྭཱ་བྷ་ཝ་ཤུདྡྷོ་སརྦ་དྷརྨ་སྭཱ་བྷ་ཝ་ཤུདྡྷོ྅་ཧོཿ རྫས་རྣམས་མ་དག་ཉེས་སྐྱོན་དྲི་མ་སྦྱངསཿ མིང་ཡིག་དང་པོ་ཐིག་ལེའི་བརྒྱན་པ་ལསཿ རང་རང་དམ་ཚིག་རྫས་རྣམས་ལས་གང་འདོདཿ ཐོགས་མེད་འགྲུབ་ཅིང་ངོ་བོ་ཡེ་ཤེས་ཀྱིཿ བདུད་རྩིའི་དཀྱིལ་འཁོར་ལྷ་ཚོགས་དགྱེས་སྐོང་གིཿ ནུས་སྟོབས་ཕུན་ཚོགས་འཛད་མེད་གཏེར་དུ་གྱུརཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ «ལན་བདུན་བརྗོདཿ» ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀ་ཏ་སྭཱ་ཧཱཿ «ཏིང་འཛིན་དམིགས་པས་བྱིན་གྱིས་རླབས་བྱས་ལཿ མཆོད་པ་ལྔ་དང་སྨན་གཏོར་རཀྟ་ཡངཿ རང་རང་སྔགས་ཀྱིསཿ» ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃཿ ཨོཾ་བཛྲ་དྷུབྦྷེ་ཨཱཿཧཱུྃཿ ཨོཾ་བཛྲ་ཨ་ལོ་ཀེ་ཨཱཿཧཱུྃཿ ཨོཾ་བཛྲ་གྷནྡྷེ་ཨཱཿཧཱུྃཿ ཨོཾ་བཛྲ་ནཻ་ཝི་དྱ་ཨཱཿཧཱུྃཿ ཨོཾ་བཛྲ་ཤབྡཨཱཿཧཱིཿ ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱྀཥྛཿ ཨོཾ་མ་ཧཱ་བ་ལིང་ཏ་ཧཱུྃ་ཧྲིཥྛཿ ཨོཾ་མ་ཧཱ་རགྟ་ཧཱུྃ་ཧྲི་ཥྟཿ «ནུས་ལྡན་བརླབསཿ མེ་ཐབས་ལས་བུམ་གྱི་ཆུས་བསང་ཤིངཿ» ཨོཾ་བཛྲ་ཨ་མྲྀ་ཏ་ཀུན་ཌཱ་ལི་ཧ་ན་ཧ་ན་ཧཱུྃ་ཕཊཿ སྭཱ་བྷ་ཝ་ཤུདྡྷོ་སརྦ་དྷ་རྨཱ་སྭ་བྷ་ཝ་ཤུདྡྷོ྅་ཧཾཿ ཧཱུྃཿ ཡུམ་ཆེན་ན་བཟའ་དཀར་མོའི་ཟེརཿ དམ་ཚིག་སྒྲོལ་མའི་ཤུགས་འགྲོགས་པའིཿ ཡེ་ཤེས་མེ་ཆེན་རབ་ཏུ་སྦརཿ ལས་ཉོན་བག་ཆགས་ཉམས་སྒྲིབ་བསྲེགསཿ ཡེ་ཤེས་སྣང་བ་རབ་གསལ་གྱུརཿ ཛྭ་ལ་རཾཿ ཤུདྡྷེ་ཨཱཿ «ཞེས་པའི་མེ་སྦར་རླུང་གཡབ་བོཿ» ཧཱུྃཿ མདུན་དཀྱིལ་མེ་ཐབ་རཾ་ཡིག་ཡོངས་གྱུར་ལསཿ ཡུམ་ཆེན་གོས་དཀར་ཌཱཀྐི་དམར་མོ་ནིཿ ཞི་མ་ཁྲོའི་ཉམས་གཅེར་མོ་གྲི་ཐོད་བསྣམསཿ རོལ་སྟབས་བཞུགས་པའི་ལྟེ་བར་གཞལ་ཡས་ཁངཿ རབ་འཇིགས་ཚད་དང་མཚན་ཉིད་ཡོངས་རྫོགས་དབུསཿ བདག་ཉིད་ཡི་དམ་ཐུགས་ལས་ཧཱུྃ་ཡིག་འཕྲོརཿ ཡོངས་གྱུར་དཔལ་ཆེན་རྡོ་རྗེ་གྲོལ་བོ་ལོདཿ དམར་ནག་རབ་འཇིགས་ཁྲོ་གཏུམ་བརྗིད་པའི་ཉམསཿ སྤྱན་གསུམ་དམར་ཟླུམ་མཆེ་བ་ཨཾ་གཙིགས་བསྡམསཿ དབུ་སྐྲ་ཨང་མིག་གཡས་འཁྱིལ་སྨིན་མ་དངཿ སྨ་ར་ཨག་ཚོམས་འགྱུར་མིག་མེ་སྟག་འཕྱོཿ ཕྱག་གཡས་རྡོ་རྗེ་གཡོན་པས་ཕུར་པ་བསྣམསཿ འཇིགས་རུང་དུར་ཁྲོད་ཆས་བརྒྱད་ཆོས་གོས་གསོལཿ མཁའ་འགྲོ་གཏུམ་ཆེན་སྟག་མོ་གྲུས་མ་ཆིབསཿ འཁོར་དུ་ཁྲོ་བོ་ཁྲོ་མོ་གིང་ཆེན་དངཿ དབང་ཕྱུག་འབར་མ་ལས་མཁན་ཚོགས་ཀྱིས་བསྐོརཿ བདག་མདུན་ཐུགས་ཀའི་འོད་ཟེར་འཕྲོས་པ་ཡིསཿ ཡེ་ཤེས་ལྟ་ཚོགས་འཁོར་བཅས་སྦྱན་དྲངས་གྱུརཿ «སྤྱན་འདྲེན་གདུང་བའི་དབྱངས་དང་བཅསཿ» ཧཱུྃཿ ཆོས་དབྱིངས་མ་བཅོས་ཀ་དག་སྤྲོས་བྲལ་ཀློངཿ ཀུན་བཟང་རྒྱལ་བ་རྒྱ་མཚོའི་བྱིན་རླབས་ལསཿ ཞི་ཆགས་ཁྲོ་བོའི་རྣམ་རོལ་དུ་མར་ཤརཿ གཏུམ་དྲག་རོལ་དང་མེ་རི་འབར་བའི་ཞིངཿ རྔམས་བརྗིད་འབར་བའི་དུར་ཁྲོད་ཆེན་པོ་ནསཿ ཁྲག་འཐུང་རྒྱལ་པོ་བཛྲ་གྲོ་བོ་ལོདཿ གཏུམ་ཆེན་རྔམས་པའི་ལྷ་ཚོགས་འཁོར་དང་བཅསཿ ཐུགས་དམ་ཞལ་བཞེས་དུས་ལས་མ་གཡེལ་བརཿ ཐུགས་རྗེ་གློག་ལྟར་མྱུར་བར་གཤེགས་སུ་གསོལཿ སྐལ་ལྡན་མོས་པའི་བུ་ལ་བྱིན་གྱིས་རློབསཿ གནས་མཆོག་འདི་རུ་བྱིན་ཆེན་བྱིན་ཕོབཿ དྲག་གཏུམ་འཆོལ་བ་ཆེན་པོའི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་ཛ་ཛཿསིདྡྷི་ཕ་ལ་ཧོཿ« བཞུགས་སུ་གསོལ་བ་ནིཿ »ཧཱུྃཿ ཡེ་ནས་རང་རིག་ལྷ་དང་འདུ་འབྲལ་མེདཿ སྤྱན་འདྲེན་བཞུགས་སུ་གསོལ་བ་མི་དམིགས་ཀྱངཿ གློ་བུར་མ་རིག་རྣམ་རྟོག་བསལ་བའི་ཕྱིརཿ ཡེ་ཤེས་ལྷ་ཚོགས་བདག་དང་དབྱེར་མེད་བཞུགསཿ ཇི་སྲིད་བྱང་ཆུབ་སྙིང་པོ་མཆིས་ཀྱི་བརཿ འབྲལ་མེད་བརྟན་པར་བཞུགས་ཤིག་ཏིཥྛ་ལྷནཿ སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱཿ« ཕྱག་འཚལ་བ་ནིཿ» ན་མོཿ ལས་དང་དམ་ཚིག་ཤ་ཟ་ཌཱཀྐི་མཿ ཁམས་གསུམ་དབང་བསྒྱུར་སྟོབས་ལྡན་དྲེགས་པའི་ཚོགསཿ དབང་མེད་བཀའ་རྟག་ཕྱག་རྒྱའི་ཟིལ་གྱིས་མནནཿ དཔའ་འཁུམས་སྒོ་གསུམ་གུས་པས་ཕྱག་འཚལ་ལོཿ ཨ་ཏི་པུ་ཧོཿ པྲ་ཏི་ཙྪ་ཧཿ «ཕྱི་མཆོད་འབུལ་བ་ནིཿ» ཧཱུྃཿ འདོད་ཡོན་མཆོད་པའི་ལྷ་མོ་དཔག་མེད་ཀྱིསཿ ཁྲག་ཆེན་ཨརྒྷཾ་སྨན་གྱི་ཞབས་བསིལ་དངཿ དབང་ལྔའི་མེ་ཏོག་ཤ་སྣའི་བདུག་སྦོས་དྲིཿ ཞུན་ཆེན་མར་མེ་མཁྲིས་སྣའི་དྲིས་བྱུག་པཿ ཤ་རུས་ཞལ་ཟས་རྐང་གླིང་ཐོད་རྔ་བཅསཿ གཞན་ཡང་གཟུགས་སྒྲ་དྲི་རོ་རེགས་བྱའི་ཚོགསཿ དཔལ་ཆེན་དཀྱིལ་འཁོར་ལྷ་ལ་མཆོད་པ་འབུལཿ བཛྲ་ཨརྒྷཾ་པ་དྱཾ་བུཥྤེ་དྷུཔྤེ་ཨ་ལོ་ཀེ་གྷནྡྷེ་ནཻ་ཝི་དྱ་ཤབྡ་རཱུ་པཱ་ཤབྟ་གྷནྡྷེ་རཱ་ས་སྤརྴེ་པཱུ་ཙ་ཧོཿ «ནང་མཆོད་འབུལ་བ་ནི༔» ཧཱུྃཿ རྩ་བ་བརྒྱད་ལ་ཡན་ལག་སྟོང་སྦྱར་བར༔ རིགས་ལྔའི་ཡེ་ཤེས་བདུད་རྩིར་བྱིན་རླབས་སྨནཿ ཁམས་གསུམ་དུག་གསུམ་རུ་ཏྲ་བསྒྲལ་བ་ཡིས༔ ཤ་ཁྲག་རུས་གླད་སྦྱར་བའི་བ་ལིང་ཏཿ རྒྱུ་གཉིས་རྐྱེན་བཞིའི་དགྲ་གདོན་སྙིང་ཁྲག་དངཿ མཁའ་དབྱིངས་མཚལ་ཆེན་སྦྱར་བའི་རཀྟའི་བཅུདཿ ཁྲོ་བོ་འཆོལ་པ་འཁོར་དང་བཅས་ལ་འབུལཿ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧིཿ མ་ཧཱ་བ་ལིང་ཏ་ཁཱ་ཧིཿ མ་ཧཱ་རཀྟ་ཁཱ་ཧཱིཿ« གསང་མཆོད་འབུལ་བ་ནིཿ »ཧཱུྃཿ བཅུ་དྲུག་མཛེས་ལྡན་ལྷ་མོ་རི་དྭགས་མིགཿ རྩ་བཅུད་ཁམས་ཀྱི་ཆགས་པ་རབ་གཡོས་པསཿ བདེ་ཆེན་དགའ་བཞིའི་ཡེ་ཤེས་བདེ་བའི་རོཿ མ་རིག་རྣམ་རྟོག་གཟུང་འཛིན་རུ་ཏྲ་དངཿ གློ་བུར་འཁྲུལ་སྣང་དགྲ་གདོན་བགེགས་ཀྱི་ཚོགསཿ ཐུགས་རྗེའི་ཤུགས་ཀྱིས་བསད་པའི་དུག་ལྔའི་ཁམསཿ གཏུམ་ཆེན་ཁྲོ་རྒྱལ་འབར་བའི་ལྷ་ཚོགས་ལཿ འབུལ་ལོ་ཚོགས་རྫོགས་སྒྲིབ་པ་ཡོངས་དག་ཤོགཿ ཨ་ལ་ལ་ཧོཿ ཏ་ན་གྷ་ན་པཱུ་ཙ་ཧོཿ «བསྟོད་པ་བྱ་བ་ནིཿ »ཧཱུྃཿ གཏུམ་ཆེན་འབར་བ་ཁྲག་འཐུང་དཔལ་ཆེན་པོཿ རྔམས་བརྗིད་རྒྱལ་པོ་རྡོ་རྗེ་གྲོ་བོ་ལོདཿ སྐུ་མདོག་དམར་ནག་གར་དགུ་རོལ་པའི་ཉམསཿ མཐོང་བ་ཙམ་གྱི་ཁམས་གསུམ་བརྒྱལ་བར་བྱེདཿ གསུང་ནི་དྲག་པོའི་ང་རོ་ས་གསུམ་གཡོཿ ཁྲོ་བོ་ཁྲོ་མོའི་གད་རྒྱངས་འབྲུག་སྟོང་ལྡིངཿ རྒྱ་སྟག་ངར་སྐད་སྒྲོགས་པའི་དམ་སྲི་དཔུངཿ སྲོག་སྙིང་འགས་ཤིང་རང་གཤེད་རང་ལ་དབབཿ ཆོས་སྐུ་འགྱུར་མེད་བདེ་བ་ཆེན་པོ་ལས༔ ཐུགས་མཆོག་སྙིང་རྗེ་ཁྲོས་པའི་ཞེ་སྡང་གཅོདཿ ཁམས་གསུམ་རྣམ་ཤེས་དབྱིངས་སུ་སྤར་མཛད་པའིཿ གཏུམ་ཆེན་འབར་བའི་གསང་བ་གསུམ་ལ་བསྟོདཿ རྩེ་གཅིག་གཡེལ་བ་མེད་པར་ཁྱོད་སྒྲུབ་ནཿ རང་རིག་ཡི་དམ་ལྷ་དང་དབྱེར་མེད་འདྲེསཿ སྒོ་གསུམ་རྡོ་རྗེ་གསུམ་དུ་གནས་འགྱུར་ཞིངཿ ཁམས་གསུམ་གདུག་པ་འདུལ་བའི་བྱིན་རླབས་སྩོལཿ «མེ་མཆོད་དངོས་ལ་འཇུག་པ་ནིཿ» ཧཱུྃཿ རང་གི་ཐུགས་ལས་སྤྲུལ་པའི་ཌཱཀྐི་ལྔསཿ བསྲེག་རྫས་ཡེ་ཤེས་བདུད་རྩིའི་རྒྱུན་དྲངས་སྟེཿ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕུལ་བ་ཡིསཿ བདག་དང་འགྲོ་བའི་སྒྲིབ་གཉིས་བག་ཆགས་བྱངཿ བསོད་ནམས་ཡེ་ཤེས་ཚོགས་ཆེན་རབ་རྫོགས་ཤིངཿ མཆོག་ཐུན་དངོས་གྲུབ་མཐུ་ནུས་སྩལ་དུ་གསོལཿ ཨོཾ་མ་ཧཱ་གུ་རུ་བཛྲ་གྲོ་བོ་ལོད་སརྦ་སིདྡྷི་ཝ་ཤཾ་ཀུ་རུ་ཨཱཿཧཱུྃཿ ཨཀྞེ་ཡེ་སཱ་ཧཱཿ «བཅུ་གསུམ་གྱི་བྱོན་སྐྱེམས་ཕུལཿ ཡམ་ཤིང་མར་ཁུ་རྫས་རྣམས་ལཿ »ཨོཾ་མ་ཧཱ་གུ་རུ་བཛྲ་གྲོ་བོ་ལོད་སརྦ་སིདྡྷི་ཝ་ཤཾ་ཀུ་རུ་ཨཱཿཧཱུྃཿ སརྦ་པཱ་པཾ་ཤིནྟིཾ་ཀུ་རུ་ཡེ་སྭཱ་ཧཱཿ «དམིགས་བསལ་ཞི་བ་ལཿ» ནད་གདོན་འཇིགས་བརྒྱད་ཤཱིནྟིཾཀུ་རུ་ཡེ་སྭཱ་ཧཱཿ «རྒྱས་པ་ལཿ »ཚེ་དང་བསོད་ནམས་པུཥྟཾ་ཀུ་རུ་ཡེ་སྭཱ་ཧཱཿ «དབར་ལ་»ཁམས་གསུམ་སྲིད་གསུམ་གཟུགས་ཅན་གཟུགས་མེད་བླ་ཡིད་ཝ་ཤིཾ་ཀུ་རུ་ཧོཿ དྲག་པོ་ལཿ གནོད་བྱེད་དགྲ་གདོན་བྱད་ཕུར་མ་ར་ཡ་ཕཊཿ «རྫས་རྣམས་མ་རྫོགས་པར་སྡེབསཿ »འདོད་གསོལ་ནིཿ དཔལ་ཆེན་ཁྲག་འཐུང་འཁོར་དང་བཅསཿ བསྲེག་བླུགས་མཆོད་པ་འདི་བཞེས་ལཿ བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགསཿ ལས་ཉོན་བག་ཆགས་ཉམས་གྲིབ་དགཿ ཞི་རྒྱས་དབང་དང་དྲག་པོའི་ལསཿ མྱུར་འགྲུབ་མཆོག་ཐུན་དངོས་གྲུབ་སྩོལཿ« ཅེས་བརྗོད་དམིགས་པའི་སྡེ་ཁ་བསྒྱུརཿ རྗེས་ལཿ» ཨོཾ་བཛྲ་ཏཾ་བུ་ལ་ཡེ་སྭཱ་ཧཱཿ «གོས་ཟུང»ཿབཛྲ་ཝསྟྲ་ཡེ་སྭཱ་ཧཱཿ «ཕུལཿ» «ཤིན་ཏུ་རྒྱས་པར་སྤྲོ་ན་ཚོགས་འཁོར་བྱཿ གཞུང་བཞིན་མཆོད་ཅིང་བསྟོད་ལ་བཤགས་པ་བྱཿ ཡི་གེ་བརྒྱ་བ་བདུན་གྱིས་ལྷག་ཆད་བསྐངསཿ སླར་ཡང་རྩ་སྔགས་བདུན་གྱིས་གཤགས་སྐྱེམས་ཕུལ་ལཿ »ཁྲག་འཐུང་གཏུམ་ཆེན་ལྷ་ཚོགས་འཁོར་དང་བཅསཿ ཆོས་ཉིད་བདེ་ཆེན་རིག་པའི་ཀློང་དུ་གཤེགས༔ བདག་དང་འགྲོ་བའི་ཚོགས་བསགས་སྒྲིབ་སྦྱངས་ཕྱིར༔ གསོལ་བཏབ་དུས་སུ་སླར་ཡང་འབྱོན་པར་འཚལ༔ བཛྲ་མུཾཿ ཡེ་ཤེས་པ་གཤེགསཿ དམ་ཚིག་པ་རང་ལ་བསྡུཿ «དེ་ནས་བསྔོ་བ་ནིཿ» འདིར་མཚོན་དུས་གསུམ་དགེ་བ་ཅི་བསགས་པཿ ནམ་མཁའི་མཐར་ཐུག་འགྲོ་བ་མ་ལུས་ཀུནཿ སྡུག་བསྔལ་འཁོར་བའི་རྒྱ་མཚོ་ལས་ཐར་ནས༔ རྣམ་མཁྱེན་རྒྱལ་པའི་གོ་འཕང་ཐོབ་ཕྱིར་བསྔོཿ «སྨོན་ལམ་ནིཿ »གསང་སྔགས་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་དུ༔ དམ་ཚིག་གཅིག་ཏུ་འབྲེལ་བའི་བདག་ཅག་མཆེདཿ ས་དང་ལམ་གྱི་ཡོན་ཏན་མཐར་ཕྱིན་ནསཿ གཏུམ་དྲག་ཞིང་དུ་མངོན་འཚང་རྒྱ་བར་ཤོག༔ «བཀྲ་ཤིས་གང་རྒྱས་ཀྱིས་མཐའ་བརྒྱན་པར་བྱའོ༔ རྗེས་ཀྱི་རིམ་པ་གསང་སྔགས་སྤྱི་ལྟར་རོ༔ ཨེ་མཿ གསང་བ་སྔགས་ཀྱི་རྣལ་འབྱོར་གྱིསཿ ལམ་གྱི་གྲོགས་སུ་ཚོགས་བསགས་གཅེསཿ སྐད་ཅིག་གཅིག་གིས་སངས་རྒྱ་བའིཿ ས་ལམ་བགྲོད་པའི་ཐབས་ཆེན་པོཿ ཚོགས་དང་སྤྱིན་བསྲེགས་མཆོད་པ་ཡིསཿ ཉམས་པ་བསྐང་ཞིང་ཚོགས་གཉིས་འཕེལཿ ས་ལམ་བར་ཆད་ཡོངས་བསལ་ནསཿ འབྲས་བུའི་ཐུས་ཀ་དུས་སྨིན་དུསཿ འདི་ལས་ལྷག་པ་གཞན་མེད་གསུངཿ དེ་ཕྱིར་རྟག་ཏུ་འབད་པ་གཅེསཿ བདག་ཉིད་ཐོད་ཕྲེང་དྲག་རྩལ་གྱིསཿ མ་འོངས་ལྷ་ལྕམ་ཌཱཀྐི་མའིཿ ཕྲིན་ལས་ཆ་ལག་བཀོད་པའོཿ ས་མ་ཡཿ རྒྱ་རྒྱ་རྒྱཿ བདག་འདྲ་གཏེར་མིང་ཁྲག་འཐུང་རྡོ་རྗེས་བརྡ་རིས་ལས་དག་པར་ཕབ་ཅིང་དགའ་རབ་དཔའ་བོས་དག་པར་མཛད་པ་ཡི་གེར་འདུ་བྱེད་སློབ་བུ་རི་སྨྲི་མིང་འཛིན་གྱིས་བགྱིས་ཤིན་ཏུ་དགེ་བར་གྱུར་ཅིགཿ  
{{TibP|ཡང་གསང་བླ་མེད་རིག་འཛིན་ཐུགས་ཐིག་ལསཿ མེ་མཆོད་ཕྲིན་ལས་གློག་ཞགས་བཞུགསཿ  
྅྅྅ «མངོན་རྫོགས་ཞིང་དུ་ཁྲག་འཐུང་རྒྱལ༔ རྔ་ཡབ་གླིང་དུ་ཐོད་ཕྲེང་རྩལ༔ ཡི་དམ་དབྱེར་མེད་གྲོ་བོ་ལོད༔ རྩ་གསུམ་སྤྱི་དཔལ་གཙོ་ལ་འདུད༔ དམ་ཚིག་དང་ལྡན་པའི་རྣལ་འབྱོར་པ་ཧེ་རུ་ཀའི་དཀྱིལ་འཁོར་དུ་རང་གཞན་གྱི་ཚོགས་རྫོགས་སྒྲིབ་དག་གེགས་དང་བར་ཆད་ཉེ་བར་ཞི་བའི་ཕྱིར་དུ་མེ་མཆོད་འབུལ་བར་འདོད་ན༔ ཡར་གཞི་གཞུང་ལྟར་ལ་བདག་བསྐྱེད་བཟླས་པ་མཆོད་བསྟོད་ལས་བུམ་བསྒྲུབ་པ་སོགས་གནད་སྨིན་སོང་རྗེས་ས་ལྟར་གཏོར་མ་སྤྱིན༔ མདུན་དཀྱིལ་གཙང་མའི་ས་སྟེགས་གྲུ་བཞི་རྒྱ་དཔང་ཡུལ་དུས་དང་འཚམས་པར༔ ལྟེ་བར་ཟླུམ་པོར་བསྐོར་བའི་དབུས་སུ་ཆོས་འབྱུང་ཟུར་གསུམ་གྱི་ལྟེ་བར་རྡོ་རྗེ་ཧཱུྃ་གིས་མཚན་པ༔ དེའི་ཕྱིར་པདྨ་འདབ་བརྒྱད༔ མཆུ་དང་ཁ་ཁྱེར་ལ་རྡོ་ར་མེ་རིའི་བསྐོར་བའི་སྟེང་དུ་སྲོག་ཆགས་མེད་པའི་གནག་ལྕི་ལོ་འབྲས་བུ་ཅན་གྱི་ཤིང་ག་ཟླུམ་པོར་བརྩིགས་ཅིང་བསྲེགས་རྫས་བ་ལི་ཉ་སྦྲིད་འོམ་བུ་གང་རུང་གི་ཡམ་ཤིང་སོར་བཅུ་གཉིས་པ༔ འབྲུ་མར་རམ་རྩི་དམར་གྱི་མར་ཁུ༔ ཏིལ༔ འབྲས༔ སོ་བཿ གྲོ༔ ནས༔ སྲན་མ༔ ཞོ་ཟན༔ དུརྺ༔ ཀུ་ཤ༔ མེ་ཏོག་དང་འབྲས་བུ་སྣ་ཚོགས་དཀར་གསུམ་མངར་གསུམ་རིན་ཆེན་ཕྱེ་མར་སྨན་སྣ་དར་ཟབ་སོགས་གཅིག་ཏུ་སྣམ་ལ༔ ཞི་བར་གཙོ་བོར་འདོད་ན་འོ་མ༔ རྒྱས་པར་མར་ཁུ༔ དབང་ལ་ཆང༔ དྲག་པོ་ལ་རཀྟའི་སྦག༔ གཞན་ཡང་སོ་རྩི་གོས་ཟུང་མེ་དར་སོགས་དགོས་པའི་ཡོ་བྱད་རྣམས་མ་ཚང་མེད་པར་བསགས༔ སློབ་དཔོན་གྱི་མདུན་དུ་རྡོར་དྲིལ་ཐོད་པའི་ཌཱ་མ་རུ་དགངས་བླུགས་སོགས་འདུ་བྱས་ལ༔ »ཨོཾ་བཛྲ་ཨ་མྲྀ་ཏ་ཀུན་ཌཱ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ༔ སྭ་བྷཱ་ཝ་ཤུདྡྷོ་སརྦ་དྷརྨཱ་སྭཱ་བྷ་ཝ་ཤུདྡྷོ྅་ཧཾཿ སྟོང་པའི་ངང་ལས་ཧཱུྃ་ལས་རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ་བ༔ མུཾ་ལས་དྲིལ་བུ་ཤེས་རབ་ཀྱི་རང་བཞིན་ཆོས་ཉིད་སྟོང་པའི་རང་སྒྲ་སྒྲོགས་པར་གྱུར༔ ཨོཾ་བཛྲ་ཧཱུྃཿ གྷཎྜེ་ཧོཿ དྷརྨཱ་དྷརྟུ་ཨཱཿ «སླར་ཡང་མཆོད་རྫས་དང་བསྲེགས་རྫས་རྣམས་ལ་ལས་བུམ་གྱི་ཆུས་འཐོར་ཞིངཿ» ཨོཾ་བཛྲ་ཨ་མྲྀ་ཏ་ཀུན་ཌཱ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ༔ སྭཱ་བྷ་ཝ་ཤུདྡྷོ་སརྦ་དྷརྨ་སྭཱ་བྷ་ཝ་ཤུདྡྷོ྅་ཧོཿ རྫས་རྣམས་མ་དག་ཉེས་སྐྱོན་དྲི་མ་སྦྱངསཿ མིང་ཡིག་དང་པོ་ཐིག་ལེའི་བརྒྱན་པ་ལསཿ རང་རང་དམ་ཚིག་རྫས་རྣམས་ལས་གང་འདོདཿ ཐོགས་མེད་འགྲུབ་ཅིང་ངོ་བོ་ཡེ་ཤེས་ཀྱིཿ བདུད་རྩིའི་དཀྱིལ་འཁོར་ལྷ་ཚོགས་དགྱེས་སྐོང་གིཿ ནུས་སྟོབས་ཕུན་ཚོགས་འཛད་མེད་གཏེར་དུ་གྱུརཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ «ལན་བདུན་བརྗོདཿ» ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀ་ཏ་སྭཱ་ཧཱཿ «ཏིང་འཛིན་དམིགས་པས་བྱིན་གྱིས་རླབས་བྱས་ལཿ མཆོད་པ་ལྔ་དང་སྨན་གཏོར་རཀྟ་ཡངཿ རང་རང་སྔགས་ཀྱིསཿ» ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃཿ ཨོཾ་བཛྲ་དྷུབྦྷེ་ཨཱཿཧཱུྃཿ ཨོཾ་བཛྲ་ཨ་ལོ་ཀེ་ཨཱཿཧཱུྃཿ ཨོཾ་བཛྲ་གྷནྡྷེ་ཨཱཿཧཱུྃཿ ཨོཾ་བཛྲ་ནཻ་ཝི་དྱ་ཨཱཿཧཱུྃཿ ཨོཾ་བཛྲ་ཤབྡཨཱཿཧཱིཿ ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱྀཥྛཿ ཨོཾ་མ་ཧཱ་བ་ལིང་ཏ་ཧཱུྃ་ཧྲིཥྛཿ ཨོཾ་མ་ཧཱ་རགྟ་ཧཱུྃ་ཧྲི་ཥྟཿ «ནུས་ལྡན་བརླབསཿ མེ་ཐབས་ལས་བུམ་གྱི་ཆུས་བསང་ཤིངཿ» ཨོཾ་བཛྲ་ཨ་མྲྀ་ཏ་ཀུན་ཌཱ་ལི་ཧ་ན་ཧ་ན་ཧཱུྃ་ཕཊཿ སྭཱ་བྷ་ཝ་ཤུདྡྷོ་སརྦ་དྷ་རྨཱ་སྭ་བྷ་ཝ་ཤུདྡྷོ྅་ཧཾཿ ཧཱུྃཿ ཡུམ་ཆེན་ན་བཟའ་དཀར་མོའི་ཟེརཿ དམ་ཚིག་སྒྲོལ་མའི་ཤུགས་འགྲོགས་པའིཿ ཡེ་ཤེས་མེ་ཆེན་རབ་ཏུ་སྦརཿ ལས་ཉོན་བག་ཆགས་ཉམས་སྒྲིབ་བསྲེགསཿ ཡེ་ཤེས་སྣང་བ་རབ་གསལ་གྱུརཿ ཛྭ་ལ་རཾཿ ཤུདྡྷེ་ཨཱཿ «ཞེས་པའི་མེ་སྦར་རླུང་གཡབ་བོཿ» ཧཱུྃཿ མདུན་དཀྱིལ་མེ་ཐབ་རཾ་ཡིག་ཡོངས་གྱུར་ལསཿ ཡུམ་ཆེན་གོས་དཀར་ཌཱཀྐི་དམར་མོ་ནིཿ ཞི་མ་ཁྲོའི་ཉམས་གཅེར་མོ་གྲི་ཐོད་བསྣམསཿ རོལ་སྟབས་བཞུགས་པའི་ལྟེ་བར་གཞལ་ཡས་ཁངཿ རབ་འཇིགས་ཚད་དང་མཚན་ཉིད་ཡོངས་རྫོགས་དབུསཿ བདག་ཉིད་ཡི་དམ་ཐུགས་ལས་ཧཱུྃ་ཡིག་འཕྲོརཿ ཡོངས་གྱུར་དཔལ་ཆེན་རྡོ་རྗེ་གྲོལ་བོ་ལོདཿ དམར་ནག་རབ་འཇིགས་ཁྲོ་གཏུམ་བརྗིད་པའི་ཉམསཿ སྤྱན་གསུམ་དམར་ཟླུམ་མཆེ་བ་ཨཾ་གཙིགས་བསྡམསཿ དབུ་སྐྲ་ཨང་མིག་གཡས་འཁྱིལ་སྨིན་མ་དངཿ སྨ་ར་ཨག་ཚོམས་འགྱུར་མིག་མེ་སྟག་འཕྱོཿ ཕྱག་གཡས་རྡོ་རྗེ་གཡོན་པས་ཕུར་པ་བསྣམསཿ འཇིགས་རུང་དུར་ཁྲོད་ཆས་བརྒྱད་ཆོས་གོས་གསོལཿ མཁའ་འགྲོ་གཏུམ་ཆེན་སྟག་མོ་གྲུས་མ་ཆིབསཿ འཁོར་དུ་ཁྲོ་བོ་ཁྲོ་མོ་གིང་ཆེན་དངཿ དབང་ཕྱུག་འབར་མ་ལས་མཁན་ཚོགས་ཀྱིས་བསྐོརཿ བདག་མདུན་ཐུགས་ཀའི་འོད་ཟེར་འཕྲོས་པ་ཡིསཿ ཡེ་ཤེས་ལྟ་ཚོགས་འཁོར་བཅས་སྦྱན་དྲངས་གྱུརཿ «སྤྱན་འདྲེན་གདུང་བའི་དབྱངས་དང་བཅསཿ» ཧཱུྃཿ ཆོས་དབྱིངས་མ་བཅོས་ཀ་དག་སྤྲོས་བྲལ་ཀློངཿ ཀུན་བཟང་རྒྱལ་བ་རྒྱ་མཚོའི་བྱིན་རླབས་ལསཿ ཞི་ཆགས་ཁྲོ་བོའི་རྣམ་རོལ་དུ་མར་ཤརཿ གཏུམ་དྲག་རོལ་དང་མེ་རི་འབར་བའི་ཞིངཿ རྔམས་བརྗིད་འབར་བའི་དུར་ཁྲོད་ཆེན་པོ་ནསཿ ཁྲག་འཐུང་རྒྱལ་པོ་བཛྲ་གྲོ་བོ་ལོདཿ གཏུམ་ཆེན་རྔམས་པའི་ལྷ་ཚོགས་འཁོར་དང་བཅསཿ ཐུགས་དམ་ཞལ་བཞེས་དུས་ལས་མ་གཡེལ་བརཿ ཐུགས་རྗེ་གློག་ལྟར་མྱུར་བར་གཤེགས་སུ་གསོལཿ སྐལ་ལྡན་མོས་པའི་བུ་ལ་བྱིན་གྱིས་རློབསཿ གནས་མཆོག་འདི་རུ་བྱིན་ཆེན་བྱིན་ཕོབཿ དྲག་གཏུམ་འཆོལ་བ་ཆེན་པོའི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་ཛ་ཛཿསིདྡྷི་ཕ་ལ་ཧོཿ« བཞུགས་སུ་གསོལ་བ་ནིཿ »ཧཱུྃཿ ཡེ་ནས་རང་རིག་ལྷ་དང་འདུ་འབྲལ་མེདཿ སྤྱན་འདྲེན་བཞུགས་སུ་གསོལ་བ་མི་དམིགས་ཀྱངཿ གློ་བུར་མ་རིག་རྣམ་རྟོག་བསལ་བའི་ཕྱིརཿ ཡེ་ཤེས་ལྷ་ཚོགས་བདག་དང་དབྱེར་མེད་བཞུགསཿ ཇི་སྲིད་བྱང་ཆུབ་སྙིང་པོ་མཆིས་ཀྱི་བརཿ འབྲལ་མེད་བརྟན་པར་བཞུགས་ཤིག་ཏིཥྛ་ལྷནཿ སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱཿ« ཕྱག་འཚལ་བ་ནིཿ» ན་མོཿ ལས་དང་དམ་ཚིག་ཤ་ཟ་ཌཱཀྐི་མཿ ཁམས་གསུམ་དབང་བསྒྱུར་སྟོབས་ལྡན་དྲེགས་པའི་ཚོགསཿ དབང་མེད་བཀའ་རྟག་ཕྱག་རྒྱའི་ཟིལ་གྱིས་མནནཿ དཔའ་འཁུམས་སྒོ་གསུམ་གུས་པས་ཕྱག་འཚལ་ལོཿ ཨ་ཏི་པུ་ཧོཿ པྲ་ཏི་ཙྪ་ཧཿ «ཕྱི་མཆོད་འབུལ་བ་ནིཿ» ཧཱུྃཿ འདོད་ཡོན་མཆོད་པའི་ལྷ་མོ་དཔག་མེད་ཀྱིསཿ ཁྲག་ཆེན་ཨརྒྷཾ་སྨན་གྱི་ཞབས་བསིལ་དངཿ དབང་ལྔའི་མེ་ཏོག་ཤ་སྣའི་བདུག་སྦོས་དྲིཿ ཞུན་ཆེན་མར་མེ་མཁྲིས་སྣའི་དྲིས་བྱུག་པཿ ཤ་རུས་ཞལ་ཟས་རྐང་གླིང་ཐོད་རྔ་བཅསཿ གཞན་ཡང་གཟུགས་སྒྲ་དྲི་རོ་རེགས་བྱའི་ཚོགསཿ དཔལ་ཆེན་དཀྱིལ་འཁོར་ལྷ་ལ་མཆོད་པ་འབུལཿ བཛྲ་ཨརྒྷཾ་པ་དྱཾ་བུཥྤེ་དྷུཔྤེ་ཨ་ལོ་ཀེ་གྷནྡྷེ་ནཻ་ཝི་དྱ་ཤབྡ་རཱུ་པཱ་ཤབྟ་གྷནྡྷེ་རཱ་ས་སྤརྴེ་པཱུ་ཙ་ཧོཿ «ནང་མཆོད་འབུལ་བ་ནི༔» ཧཱུྃཿ རྩ་བ་བརྒྱད་ལ་ཡན་ལག་སྟོང་སྦྱར་བར༔ རིགས་ལྔའི་ཡེ་ཤེས་བདུད་རྩིར་བྱིན་རླབས་སྨནཿ ཁམས་གསུམ་དུག་གསུམ་རུ་ཏྲ་བསྒྲལ་བ་ཡིས༔ ཤ་ཁྲག་རུས་གླད་སྦྱར་བའི་བ་ལིང་ཏཿ རྒྱུ་གཉིས་རྐྱེན་བཞིའི་དགྲ་གདོན་སྙིང་ཁྲག་དངཿ མཁའ་དབྱིངས་མཚལ་ཆེན་སྦྱར་བའི་རཀྟའི་བཅུདཿ ཁྲོ་བོ་འཆོལ་པ་འཁོར་དང་བཅས་ལ་འབུལཿ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧིཿ མ་ཧཱ་བ་ལིང་ཏ་ཁཱ་ཧིཿ མ་ཧཱ་རཀྟ་ཁཱ་ཧཱིཿ« གསང་མཆོད་འབུལ་བ་ནིཿ »ཧཱུྃཿ བཅུ་དྲུག་མཛེས་ལྡན་ལྷ་མོ་རི་དྭགས་མིགཿ རྩ་བཅུད་ཁམས་ཀྱི་ཆགས་པ་རབ་གཡོས་པསཿ བདེ་ཆེན་དགའ་བཞིའི་ཡེ་ཤེས་བདེ་བའི་རོཿ མ་རིག་རྣམ་རྟོག་གཟུང་འཛིན་རུ་ཏྲ་དངཿ གློ་བུར་འཁྲུལ་སྣང་དགྲ་གདོན་བགེགས་ཀྱི་ཚོགསཿ ཐུགས་རྗེའི་ཤུགས་ཀྱིས་བསད་པའི་དུག་ལྔའི་ཁམསཿ གཏུམ་ཆེན་ཁྲོ་རྒྱལ་འབར་བའི་ལྷ་ཚོགས་ལཿ འབུལ་ལོ་ཚོགས་རྫོགས་སྒྲིབ་པ་ཡོངས་དག་ཤོགཿ ཨ་ལ་ལ་ཧོཿ ཏ་ན་གྷ་ན་པཱུ་ཙ་ཧོཿ «བསྟོད་པ་བྱ་བ་ནིཿ »ཧཱུྃཿ གཏུམ་ཆེན་འབར་བ་ཁྲག་འཐུང་དཔལ་ཆེན་པོཿ རྔམས་བརྗིད་རྒྱལ་པོ་རྡོ་རྗེ་གྲོ་བོ་ལོདཿ སྐུ་མདོག་དམར་ནག་གར་དགུ་རོལ་པའི་ཉམསཿ མཐོང་བ་ཙམ་གྱི་ཁམས་གསུམ་བརྒྱལ་བར་བྱེདཿ གསུང་ནི་དྲག་པོའི་ང་རོ་ས་གསུམ་གཡོཿ ཁྲོ་བོ་ཁྲོ་མོའི་གད་རྒྱངས་འབྲུག་སྟོང་ལྡིངཿ རྒྱ་སྟག་ངར་སྐད་སྒྲོགས་པའི་དམ་སྲི་དཔུངཿ སྲོག་སྙིང་འགས་ཤིང་རང་གཤེད་རང་ལ་དབབཿ ཆོས་སྐུ་འགྱུར་མེད་བདེ་བ་ཆེན་པོ་ལས༔ ཐུགས་མཆོག་སྙིང་རྗེ་ཁྲོས་པའི་ཞེ་སྡང་གཅོདཿ ཁམས་གསུམ་རྣམ་ཤེས་དབྱིངས་སུ་སྤར་མཛད་པའིཿ གཏུམ་ཆེན་འབར་བའི་གསང་བ་གསུམ་ལ་བསྟོདཿ རྩེ་གཅིག་གཡེལ་བ་མེད་པར་ཁྱོད་སྒྲུབ་ནཿ རང་རིག་ཡི་དམ་ལྷ་དང་དབྱེར་མེད་འདྲེསཿ སྒོ་གསུམ་རྡོ་རྗེ་གསུམ་དུ་གནས་འགྱུར་ཞིངཿ ཁམས་གསུམ་གདུག་པ་འདུལ་བའི་བྱིན་རླབས་སྩོལཿ «མེ་མཆོད་དངོས་ལ་འཇུག་པ་ནིཿ» ཧཱུྃཿ རང་གི་ཐུགས་ལས་སྤྲུལ་པའི་ཌཱཀྐི་ལྔསཿ བསྲེག་རྫས་ཡེ་ཤེས་བདུད་རྩིའི་རྒྱུན་དྲངས་སྟེཿ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕུལ་བ་ཡིསཿ བདག་དང་འགྲོ་བའི་སྒྲིབ་གཉིས་བག་ཆགས་བྱངཿ བསོད་ནམས་ཡེ་ཤེས་ཚོགས་ཆེན་རབ་རྫོགས་ཤིངཿ མཆོག་ཐུན་དངོས་གྲུབ་མཐུ་ནུས་སྩལ་དུ་གསོལཿ ཨོཾ་མ་ཧཱ་གུ་རུ་བཛྲ་གྲོ་བོ་ལོད་སརྦ་སིདྡྷི་ཝ་ཤཾ་ཀུ་རུ་ཨཱཿཧཱུྃཿ ཨཀྞེ་ཡེ་སཱ་ཧཱཿ «བཅུ་གསུམ་གྱི་བྱོན་སྐྱེམས་ཕུལཿ ཡམ་ཤིང་མར་ཁུ་རྫས་རྣམས་ལཿ »ཨོཾ་མ་ཧཱ་གུ་རུ་བཛྲ་གྲོ་བོ་ལོད་སརྦ་སིདྡྷི་ཝ་ཤཾ་ཀུ་རུ་ཨཱཿཧཱུྃཿ སརྦ་པཱ་པཾ་ཤིནྟིཾ་ཀུ་རུ་ཡེ་སྭཱ་ཧཱཿ «དམིགས་བསལ་ཞི་བ་ལཿ» ནད་གདོན་འཇིགས་བརྒྱད་ཤཱིནྟིཾཀུ་རུ་ཡེ་སྭཱ་ཧཱཿ «རྒྱས་པ་ལཿ »ཚེ་དང་བསོད་ནམས་པུཥྟཾ་ཀུ་རུ་ཡེ་སྭཱ་ཧཱཿ «དབར་ལ་»ཁམས་གསུམ་སྲིད་གསུམ་གཟུགས་ཅན་གཟུགས་མེད་བླ་ཡིད་ཝ་ཤིཾ་ཀུ་རུ་ཧོཿ དྲག་པོ་ལཿ གནོད་བྱེད་དགྲ་གདོན་བྱད་ཕུར་མ་ར་ཡ་ཕཊཿ «རྫས་རྣམས་མ་རྫོགས་པར་སྡེབསཿ »འདོད་གསོལ་ནིཿ དཔལ་ཆེན་ཁྲག་འཐུང་འཁོར་དང་བཅསཿ བསྲེག་བླུགས་མཆོད་པ་འདི་བཞེས་ལཿ བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགསཿ ལས་ཉོན་བག་ཆགས་ཉམས་གྲིབ་དགཿ ཞི་རྒྱས་དབང་དང་དྲག་པོའི་ལསཿ མྱུར་འགྲུབ་མཆོག་ཐུན་དངོས་གྲུབ་སྩོལཿ« ཅེས་བརྗོད་དམིགས་པའི་སྡེ་ཁ་བསྒྱུརཿ རྗེས་ལཿ» ཨོཾ་བཛྲ་ཏཾ་བུ་ལ་ཡེ་སྭཱ་ཧཱཿ «གོས་ཟུང»ཿབཛྲ་ཝསྟྲ་ཡེ་སྭཱ་ཧཱཿ «ཕུལཿ» «ཤིན་ཏུ་རྒྱས་པར་སྤྲོ་ན་ཚོགས་འཁོར་བྱཿ གཞུང་བཞིན་མཆོད་ཅིང་བསྟོད་ལ་བཤགས་པ་བྱཿ ཡི་གེ་བརྒྱ་བ་བདུན་གྱིས་ལྷག་ཆད་བསྐངསཿ སླར་ཡང་རྩ་སྔགས་བདུན་གྱིས་གཤགས་སྐྱེམས་ཕུལ་ལཿ »ཁྲག་འཐུང་གཏུམ་ཆེན་ལྷ་ཚོགས་འཁོར་དང་བཅསཿ ཆོས་ཉིད་བདེ་ཆེན་རིག་པའི་ཀློང་དུ་གཤེགས༔ བདག་དང་འགྲོ་བའི་ཚོགས་བསགས་སྒྲིབ་སྦྱངས་ཕྱིར༔ གསོལ་བཏབ་དུས་སུ་སླར་ཡང་འབྱོན་པར་འཚལ༔ བཛྲ་མུཾཿ ཡེ་ཤེས་པ་གཤེགསཿ དམ་ཚིག་པ་རང་ལ་བསྡུཿ «དེ་ནས་བསྔོ་བ་ནིཿ» འདིར་མཚོན་དུས་གསུམ་དགེ་བ་ཅི་བསགས་པཿ ནམ་མཁའི་མཐར་ཐུག་འགྲོ་བ་མ་ལུས་ཀུནཿ སྡུག་བསྔལ་འཁོར་བའི་རྒྱ་མཚོ་ལས་ཐར་ནས༔ རྣམ་མཁྱེན་རྒྱལ་པའི་གོ་འཕང་ཐོབ་ཕྱིར་བསྔོཿ «སྨོན་ལམ་ནིཿ »གསང་སྔགས་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་དུ༔ དམ་ཚིག་གཅིག་ཏུ་འབྲེལ་བའི་བདག་ཅག་མཆེདཿ ས་དང་ལམ་གྱི་ཡོན་ཏན་མཐར་ཕྱིན་ནསཿ གཏུམ་དྲག་ཞིང་དུ་མངོན་འཚང་རྒྱ་བར་ཤོག༔ «བཀྲ་ཤིས་གང་རྒྱས་ཀྱིས་མཐའ་བརྒྱན་པར་བྱའོ༔ རྗེས་ཀྱི་རིམ་པ་གསང་སྔགས་སྤྱི་ལྟར་རོ༔ ཨེ་མཿ གསང་བ་སྔགས་ཀྱི་རྣལ་འབྱོར་གྱིསཿ ལམ་གྱི་གྲོགས་སུ་ཚོགས་བསགས་གཅེསཿ སྐད་ཅིག་གཅིག་གིས་སངས་རྒྱ་བའིཿ ས་ལམ་བགྲོད་པའི་ཐབས་ཆེན་པོཿ ཚོགས་དང་སྤྱིན་བསྲེགས་མཆོད་པ་ཡིསཿ ཉམས་པ་བསྐང་ཞིང་ཚོགས་གཉིས་འཕེལཿ ས་ལམ་བར་ཆད་ཡོངས་བསལ་ནསཿ འབྲས་བུའི་ཐུས་ཀ་དུས་སྨིན་དུསཿ འདི་ལས་ལྷག་པ་གཞན་མེད་གསུངཿ དེ་ཕྱིར་རྟག་ཏུ་འབད་པ་གཅེསཿ བདག་ཉིད་ཐོད་ཕྲེང་དྲག་རྩལ་གྱིསཿ མ་འོངས་ལྷ་ལྕམ་ཌཱཀྐི་མའིཿ ཕྲིན་ལས་ཆ་ལག་བཀོད་པའོཿ ས་མ་ཡཿ རྒྱ་རྒྱ་རྒྱཿ བདག་འདྲ་གཏེར་མིང་ཁྲག་འཐུང་རྡོ་རྗེས་བརྡ་རིས་ལས་དག་པར་ཕབ་ཅིང་དགའ་རབ་དཔའ་བོས་དག་པར་མཛད་པ་ཡི་གེར་འདུ་བྱེད་སློབ་བུ་རི་སྨྲི་མིང་འཛིན་གྱིས་བགྱིས་ཤིན་ཏུ་དགེ་བར་གྱུར་ཅིགཿ  

}}
}}

Latest revision as of 14:49, 21 June 2024

Wylie title yang gsang bla med rig 'dzin thugs thig las me mchod phrin las glog zhags
Location mdo mkhyen brtse bka' 'bum
Volume 3, Text 57, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Fire Offerings - sbyin sreg
Cycle ཡང་གསང་བླ་མེད་རིག་འཛིན་ཐུགས་ཐིག་ (yang gsang bla med rig 'dzin thugs thig)
Colophon

བདག་འདྲ་གཏེར་མིང་ཁྲག་འཐུང་རྡོ་རྗེས་བརྡ་རིས་ལས་དག་པར་ཕབ་ཅིང་དགའ་རབ་དཔའ་བོས་དག་པར་མཛད་པ་ཡི་གེར་འདུ་བྱེད་སློབ་བུ་རི་སྨྲི་མིང་འཛིན་གྱིས་བགྱིས་ཤིན་ཏུ་དགེ་བར་གྱུར་ཅིགཿ

bdag 'dra gter ming khrag 'thung rdo rjes brda ris las dag par phab cing dga' rab dpa' bos dag par mdzad pa yi ger 'du byed slob bu ri smri ming 'dzin gyis bgyis shin tu dge bar gyur cig:

[edit]
ཡང་གསང་བླ་མེད་རིག་འཛིན་ཐུགས་ཐིག་ལསཿ མེ་མཆོད་ཕྲིན་ལས་གློག་ཞགས་བཞུགསཿ