SPCD-KABUM-02-KHA-022: Difference between revisions
From Khyentse Lineage - A Tsadra Foundation Project
No edit summary |
No edit summary |
||
(One intermediate revision by the same user not shown) | |||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=སྲིད་པ་ཧྲུལ་པོ་མཐོང་བའི་གཏམ་ཆོས་ལ་བསྐུལ་བའི་ལྕགས་ཀྱུ། | |||
|fulltitle=srid pa hrul po mthong ba'i gtam chos la bskul ba'i lcags kyu | |||
|citation=[['phags mchog rdo rje]]. ''Srid pa hrul po mthong ba'i gtam chos la bskul ba'i lcags kyu''. In ''Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che '', Vol. 2: 515-523. Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004. | |||
|collectiontitletib=འཕགས་མཆོག་བཀའ་འབུམ། | |||
|collectiontitle='phags mchog bka' 'bum | |collectiontitle='phags mchog bka' 'bum | ||
|author='phags mchog rdo rje | |author='phags mchog rdo rje | ||
|authortib=འཕགས་མཆོག་རྡོ་རྗེ་ | |authortib=འཕགས་མཆོག་རྡོ་རྗེ་ | ||
| | |tibgenre=Discourses - gtam | ||
|terma=No | |||
|language=Tibetan | |language=Tibetan | ||
|volumenumber=02 | |volumenumber=02 | ||
| | |volnumtib=༢ | ||
|volyigtib=ཁ་ | |||
|totalvolumes=3 | |||
|textnuminvol=022 | |textnuminvol=022 | ||
|pagenumbers=515-523 | |||
|totalpages=9 | |||
|beginfolioline=1a1 | |||
|endfolioline=5a4 | |||
|totalfolios=5 | |||
|multivolumework=No | |||
|versonotes=chos la bskul ba'i lcags kyu | |||
|pdflink=File:SPCD-KABUM-02-KHA-022.pdf | |pdflink=File:SPCD-KABUM-02-KHA-022.pdf | ||
|volumeLetter=KHA | |||
|InitCategories=Khyentse Lineage Project; SPCD-KABUM-Volume-02-KHA | |InitCategories=Khyentse Lineage Project; SPCD-KABUM-Volume-02-KHA | ||
}} | }} | ||
Line 20: | Line 33: | ||
{{TibP| | {{TibP| | ||
༄༅། །སྲིད་པ་ཧྲུལ་པོ་མཐོང་བའི་གཏམ་ཆོས་ལ་བསྐུལ་བའི་ལྕགས་ཀྱུ་བཞུགས་སོ།། | ༄༅། །སྲིད་པ་ཧྲུལ་པོ་མཐོང་བའི་གཏམ་ཆོས་ལ་བསྐུལ་བའི་ལྕགས་ཀྱུ་བཞུགས་སོ།། | ||
༄༅། །བདག་བླུན་པོའི་གཏམ་ལ་གོ་བདེ་ཞིག་ཡོད་གྲགས། །སླར་གསོན་དང་སྙིང་སྡུག་བརྩེ་བ་ནི་ཅན་རྣམས། །ཕྱི་ཚོགས་དྲུག་ཡུལ་ལ་རྣམ་ཤེས་འདི་ལྡིང་བས། །ནང་འབྱུང་ལུས་རྒས་པ་ངེས་པར་ཞིག་མ་ཚོར། །ལར་སྣོད་བཅུད་སྣང་བས་མགོ་བོ་འདི་བསྐོར་ཏེ། །ལུས་འགྲོ་འདུག་བྱ་བྱེད་རབ་རིབ་ཀྱི་བར་ནས། །ཚེ་གློ་བུར་ཟད་འདྲའི་འཆི་ལ་ནི་ཉེ་འདུག །རྟེན་མཐུན་རྐྱེན་ཕུན་སུམ་ཚོགས་པ་ཡི་སྐབས་འདིར། །ཆོས་ཉིན་མཚན་འདའ་བའི་བརྩོན་འགྲུས་ལ་འབད་འཚལ། །ཚེ་འདིར་སྣང་ཞེན་རྣམས་བྱིས་པ་བཞིན་བློ་ཆུང་། །ཐབས་ལུས་རྟེན་འབྲལ་ཚེ་ཅི་འདྲ་ཞིག་བྱེད་སྙམ། །དུས་ད་ལྟ་སྣང་བ་བདེ་ཁུལ་ལ་ཞེན་ཀྱང་། །དོན་སྐྱེ་རྒ་ན་འཆིས་མདོ་འགགས་སུ་བསྡམ་རན། །ཚེ་ཕྱི་མར་ཕན་ངེས་དམ་ཆོས་ལས་ཨེ་འདུག །ལུས་བེམ་རིག་བྲལ་དུས་ཤིག་གསོན་ཀུན་ཤེས་ཡོང་། །ཚེ་འདིར་སྣང་རང་དོན་དུད་འགྲོས་ཀྱང་སྒྲུབ་ཤེས། །ཐབས་མི་ལུས་ཁྱད་འཕགས་གཏན་དོན་རང་བསྒྲུབ་རན། །ཆོས་དགེ་སྡིག་འདྲ་འདྲེས་རྣམ་གཡེང་གིས་མགོ་བསྐོར། །དོན་རང་ཡིད་ཆེས་ངེས་གདམས་ངག་ལ་འབད་མཛོད། །སེམས་ཆོས་ལ་འདུན་ཀྱང་ལེ་ལོ་དང་གཡེང་བ། །དེ་སྡིག་པའི་དཔུང་གི་ཕྱི་གཤོལ་ནི་ཡིན་ཤག །དོན་འདོད་པ་གཏན་གྱི་བདེ་བ་རང་ཡིན་རུང་། །ལས་མངོན་ཞེན་སྣ་ཚོགས་ཟིན་སྐབས་ཞིག་མ་བྱུང་། །ནང་རྣམ་ཤེས་ངན་འགྲོའི་དྲྭ་བ་རུ་ཆུད་ཚེ། །ཐབས་རྒྱལ་པོ་ཡིན་ཀྱང་ལྷག་པར་དུ་བླུན་ཡོང་། །ཡུལ་དགྲ་འདུལ་གཉེན་སྐྱོང་བློ་ཡིས་ནི་མི་ཐོངས། །རང་དགོས་ངེས་དུས་ན་ཕན་མཁན་ཞིག་འབྱུང་ངམ། །དུས་ད་ལྟ་རྙེད་བདེ་གྲགས་བསྟོད་ཀྱིས་དབུལ་རུང་། །གནས་ངན་སོང་གཡང་དུ་མ་ལྷུང་ན་དེས་ཆོག །ལས་རྒྱུ་འབྲས་ཞིབ་ལ་ངོས་ལྐོག་ཀུན་མཚུངས་ཚེ། བན་བླ་མའི་མིང་དོན་ལྡན་ངེས་རེ་ཡོད་སྲིད། །ཚེ་འདིར་སྣང་ཆོས་བརྒྱད་བསླུ་བྲིད་ནི་མཁས་པས། །ལས་བསམ་སྦྱོར་ཕལ་ཆེར་ཐ་མལ་དུ་འཆོར་བྲབ། །ཆོས་མི་ལ་བཤད་ཡམ་བདེན་བདེན་ལྟར་སྣང་རུང་། །དོན་རང་རྒྱུད་འཁྲུལ་བས་བསླུ་ཤོམ་འདི་གཟིགས་སམ། །ཕྱི་ལྟར་སྣང་མཛེས་ཆོས་འགྲོ་དོན་གྱིས་དབུལ་རུང་། །སླར་རང་རྒྱུད་ཉོན་མོངས་ཐུལ་བའང་ཟབ་འདུག །ཆོས་སྙན་ཆོས་མཛེས་ཆོས་འདིར་སྣང་གི་ལད་མོ། །ལས་རྒྱུ་འབྲས་ཞིབ་དུས་ངེས་ཕེར་ཅན་དཀོན་གྲགས། །ལར་རྫོགས་ཆེན་ལྟ་བ་ཁ་གཡར་གྱིས་མཐོ་རུང་། །སེམས་འཛིན་པའི་དྲྭ་བ་ཕག་ཏུ་རང་ཡིན་འདུག །ཉམས་གོ་བ་འདྲ་འདྲེས་ཡིད་དཔྱོད་ཀྱི་གདེང་འཆའ། །དེ་རྟོགས་ལྡན་རབ་ལས་འབྱེད་མཁས་ཤིག་མ་རེད། །གནས་ཤིན་ཏུ་དབེན་པའི་ཡང་ཁྲོད་སོགས་བརྟེན་ཏེ། །དོན་ཡང་དག་རྟོགས་ཕྱིར་ཐུགས་ཉམས་རང་ཕོབས་ཤོག །ས་ཐག་རིང་ཉམ་ཐག་ཨར་སྐྱོ་རྣམས་མཐོང་བས། །སེམས་ལྷག་བསམ་ཅན་དེ་སྙིང་ནས་རང་སྐྱོ་བྱུང་། །ལྷ་ཇོ་བོའི་སྙིང་པོ་རང་རྒྱུད་ན་བཞུགས་བཞིན། །ཡུལ་གང་དུ་ཚོལ་ཀྱང་ཡང་དག་ཞིག་མི་རྙེད། །ལུས་དཀའ་སྤྱད་མང་པོས་ས་ཐག་རིང་མ་བསྐོར། །སེམས་འཛིན་པའི་དྲྭ་བ་རང་ས་ནས་ཟླུམ་མཛོད། །སྐུ་འདུས་བྱས་མ་ཡིན་ཆོས་སྐུ་ཡི་རང་བཞིན། །ལར་དུས་གསུམ་རྒྱལ་བའི་བསྒྲུབ་བྱ་ནི་དེ་རང་། །ཐང་ཆད་ཆད་ཕྱིན་ཀྱང་རང་དོན་ཙམ་འགྲུབ་དཀའ། །ཆོས་རྩ་བ་རྟོགས་ན་གཞན་དོན་དག་ལྷུན་གྲུབ། །གཏན་བདེ་བ་འདོད་ན་མཐར་ཐུག་གི་གསེང་ལམ། །སྔོན་ལས་འཕྲོ་བཟང་ན་ཐུགས་ཉམས་འདིར་ཕོབས་ཤོག །ཁྲིམས་ཀུན་སྤྱོད་གཙང་ཡང་ལེགས་སྨོན་གྱི་ཚུལ་འཆོས། །སེམས་ངེས་འབྱུང་སྐྱེས་ཀྱང་འཇིགས་སྐྱོབ་ཀྱི་ཆོས་ཙམ། །རྒྱུད་ཞི་དུལ་མེད་པས་གྲྭ་མང་གིས་ཅི་བྱ། །སླར་སྲིད་པའི་ང་རྒྱལ་སྒྲེང་བྱེད་ལས་འདུག་གམ། ད་སྒྲུབ་པ་བ་ཕལ་ཆེར་འདིར་སྣང་ལ་ཞེན་ཏེ། །ཕྱོགས་རི་ཁྲོད་འགྲིམས་ཀྱང་ཀུན་སྤྱོད་ནི་ཐ་མལ། །ཕྱི་བྱ་བྲལ་འདོད་ཀྱང་རྒྱུ་ནོར་ལ་སྙིང་དམར། །གྲོགས་མཆེད་གྲོགས་ཡིན་ཀྱང་འགྲན་སེམས་འདི་ཤུགས་དྲག །ཆོས་ཡང་དག་བསྒྲུབས་ཀྱང་ཆོས་བརྒྱད་ཀྱི་ཆོམ་རྐུན། །ལར་གང་ལ་བསམས་ཀྱང་སྙིང་ནས་རང་སྐྱོ་བྱུང་། །སླར་སེམས་རྒྱུད་ཆོས་ལ་ཡང་ཡང་དུ་བསྲེ་མཛོད། །མཐོ་མི་ངོ་རྒྱུ་ངོའི་རང་སྣང་འདི་འུར་བྱེད། །ལུས་ཟས་གོས་རྒྱགས་པས་དུག་ལྔ་ཡི་དཔུང་བསྐྱེད། །གཉེན་ཉེ་འབྲེལ་ཡིན་ཀྱང་ཆགས་སྡང་གི་གཞི་མ། །འཁོར་སློབ་འབངས་མང་ན་དམ་སེལ་གྱི་གཡའ་ཞུགས། །གྲོགས་འགྲོགས་ཡུན་རིང་ན་ངས་བྱས་ཀྱི་ཡུས་ཆེ། །སེམས་ལྷག་བསམ་བསྐྱེད་ཀྱང་རྙིང་པ་ལས་མི་འོང་། །རྒྱུད་ང་རྒྱལ་ཕྲག་དོག་ཁེངས་དྲེགས་དང་ལྡན་ཕྱིན། །སེམས་ཆོས་དང་འདྲེས་པ་དཀའ་མོ་ལས་མི་འདུག །ལུས་མཛེས་ཆོས་སྤྲད་ནས་སྣང་བ་དེ་མ་འུར། །ནད་འཆི་ནད་དྲག་པོ་ནང་ཁྲོལ་ལས་ལྡང་ཡོང་། །དོན་གལ་ཆེན་ཚེ་འདིའི་གཡེང་ཐབས་ནི་ཅི་ཡོད། །མི་ཐབས་ཤེས་ལྡན་པས་ལྷག་པར་དུ་གཟབ་མཛོད། །རྟེན་མི་ལུས་ཐོབ་དུས་དགེ་སྡིག་ནི་མི་ཞིབ། །དེ་སྨྱོ་བ་མིན་ཀྱང་སྨྱོ་ཚབ་ལས་ཆེས་གྲགས། །ཕོ་སྤྱང་གྲུང་རྒོད་རྣམས་ལོག་ལྟ་ཡི་མིག་རྣོ། །ཆོས་དག་སྣང་ལམ་ལ་འཇུག་མཁས་ཤིག་མ་རེད། །གནས་རི་ཁྲོད་མ་ཚུགས་གྲོང་ཡུལ་དུ་ཤག་རྒྱུག །སླར་བཟང་རྫུན་འདོད་ནས་རི་ཁྲོད་ལ་ཕྱིན་ཀྱང་། །དོན་འགྲོ་འདུག་བར་ནས་མི་ཚེ་དེ་ཟད་ཤོམ། །ཆོས་འདི་འགྲུབ་གཏད་སོ་ཡང་སྙིང་འགའ་འདུག་གམ། །བདག་ལུས་རྟེན་འདི་ལ་སྙིང་པོ་ཅང་མེད་ན། །ཕྱི་རྒྱུ་ནོར་འབྱོར་ཚོགས་དགོས་དགུ་བཅས་དེ་ཙམ། །རྒྱུ་བདག་འདོད་རྩོལ་སྒྲུབ་འཁོར་བ་ཡི་ལྕགས་སྒྲོག །བན་བླ་མ་རྣམས་ནི་ཆོག་ཤེས་ཀྱིས་གྲོལ་དགོས། །ཟས་ཅི་ཞིམ་ཟོས་པའི་རོ་མ་ལ་ལྟོས་དང་། །ཕྱི་རྩོལ་སྒྲུབ་ཞེན་རྣམས་ཆོག་ཤེས་ཤིག་ཟིན་ཡོང་། །གོས་རིན་ཐང་ཆེ་རྣམས་བུག་རལ་ལ་ལྟོས་དང་། །ཚེ་དེ་ཙམ་ཟད་པའི་རྒྱུས་ཉམས་ཞིག་ལོས་ལོན། །ལུས་གཅེས་པར་སྤྲས་པའི་ངོ་སྒོག་ལ་ལྟོས་དང་། །སེམས་ཕུ་ཐག་ཆོད་པའི་གདམས་ངག་ཅིག་བསྒོམ་རན། །ཚེ་མི་རྟག་མགྲོན་པོའི་ཞག་ས་ཙམ་ཁེལ་བས། །དུས་ད་ལྟ་གནས་ཁང་གཟབ་འཆོར་ཚོས་ཅི་བྱ། །སྔོན་བདེ་སྐྱིད་སྙན་གྲགསཆེ་བ་ནི་རྣམས་ཀྱང་། །དུས་དེང་སང་མིང་གི་ལྷག་མ་ཙམ་ཟད་འདུག །ཚེ་འདིར་སྣང་བྱ་བའི་དོན་སྒོ་ཡང་ཅི་འདུག །ལས་སྔར་ལམ་འདས་པའི་རྗེས་ཤུལ་ལ་གཟིགས་གྲུབ། །ད་དེ་ལྟར་བསམ་ཀྱིན་བློ་སྣ་ཀུན་བསྟུངས་ཏེ། །དོན་སྙིང་པོའི་ཆོས་ལ་བརྩོན་འགྲུས་རང་བསྐྱེད་དགོས། །ཚེ་འདིར་སྣང་ཞུ་བ་སྙན་པོ་ཅང་མེད་རུང་། །བློ་ཆོས་ལ་བསྐུལ་ཕྱིར་དྲང་གཏམ་ལས་ཅི་ཡོད། །ཚིག་རྣམ་གྲངས་མང་པོ་ཉམས་མྱོང་གི་གནད་འདུས། །དེ་གྲུབ་པ་རྣམས་ཀྱི་ཁྱད་ཆོས་རང་ཡིན་འདུག་གོ། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> |
Latest revision as of 09:44, 5 July 2024
🚧 This website is under continued development. We appreciate your patience!
Wylie title | srid pa hrul po mthong ba'i gtam chos la bskul ba'i lcags kyu | |
---|---|---|
Location | 'phags mchog bka' 'bum Volume 2, Text 22, Pages 515-523 (Folios 1a1 to 5a4) | |
Author | འཕགས་མཆོག་རྡོ་རྗེ་ | |
Less details More details | ||
Citation | 'phags mchog rdo rje. Srid pa hrul po mthong ba'i gtam chos la bskul ba'i lcags kyu. In Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che , Vol. 2: 515-523. Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004. | |
Genre | Discourses - gtam |