DKYD-KABUM-08-NYA-010: Difference between revisions
No edit summary |
No edit summary |
||
(2 intermediate revisions by the same user not shown) | |||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=རིག་འཛིན་ཐུགས་ཀྱི་ཐིག་ལེ་པད་རག་ཡི་གེ་ཅན་བྱིན་རླབས་མཁའ་འགྲོའི་ཁ་རླང་ཆིལ་ལེ་བཿ | |||
|fulltitle=rig 'dzin thugs kyi thig le pad rag yi ge can byin rlabs mkha' 'gro'i kha rlang chil le ba | |||
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=mdo mkhyen brtse bka' 'bum | |collectiontitle=mdo mkhyen brtse bka' 'bum | ||
|author=Mdo mkhyen brtse | |author=Mdo mkhyen brtse | ||
|authortib=མདོ་མཁྱེན་བརྩེ་ | |authortib=མདོ་མཁྱེན་བརྩེ་ | ||
| | |sourcerevealer=Mdo mkhyen brtse | ||
|sourcerevealertib=མདོ་མཁྱེན་བརྩེ་ | |||
|tibgenre=Pith Instructions - man ngag | |||
|terma=Yes | |||
|cycle=rig 'dzin thugs kyi thig le | |||
|cycletib=རིག་འཛིན་ཐུགས་ཀྱི་ཐིག་ལེ་ | |||
|language=Tibetan | |language=Tibetan | ||
|volumenumber=08 | |volumenumber=08 | ||
| | |volnumtib=༨ | ||
|volyigtib=ཉ | |||
|totalvolumes=8 | |||
|textnuminvol=010 | |textnuminvol=010 | ||
|multivolumework=No | |||
|colophontib=བདག་འདྲ་ཨ་ཙར་དམར་པོས་དགའ་རབ་རྡོ་རྗེའི་བརྡ་རིས་ལས་གསུངས་བཞིན་དག་པར་ཕབ་པ་དྲི་མ་མེད་པས་ཞུས་ཤིང་དག་པར་མཛད་པ་སྟེཿ སྟོན་པ་རྣམ་གསུམ་གྱི་དགོངས་པའི་བཅུད་དོཿ གུ་ཧྱཿ ཁ་ཐཾཿ ཡི་གེའི་འདུ་བྱེད་སློབ་བུ་རིག་པའི་ཡེ་ཤེས་ཀྱིས་བགྱིས་པས་ཤིན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག ། | |||
|colophonwylie=bdag 'dra a tsar dmar pos dga' rab rdo rje'i brda ris las gsungs bzhin dag par phab pa dri ma med pas zhus shing dag par mdzad pa ste: ston pa rnam gsum gyi dgongs pa'i bcud do: gu h+ya: kha thaM: yi ge'i 'du byed slob bu rig pa'i ye shes kyis bgyis pas shin tu dge zhing bkra shis par gyur cig: | |||
|pdflink=File:DKYD-KABUM-08-NYA-010.pdf | |pdflink=File:DKYD-KABUM-08-NYA-010.pdf | ||
|volumeLetter=NYA | |||
|InitCategories=Khyentse Lineage Project; DKYD-KABUM-Volume-08-NYA | |InitCategories=Khyentse Lineage Project; DKYD-KABUM-Volume-08-NYA | ||
}} | }} | ||
Line 19: | Line 31: | ||
<onlyinclude> | <onlyinclude> | ||
{{TibP|༄༅། །རིག་འཛིན་ཐུགས་ཀྱི་ཐིག་ལེ་པད་རག་ཡི་གེ་ཅན་བྱིན་རླབས་མཁའ་འགྲོའི་ཁ་རླང་ཆིལ་ལེ་བ་བཞུགསཿ ཿ | {{TibP|༄༅། །རིག་འཛིན་ཐུགས་ཀྱི་ཐིག་ལེ་པད་རག་ཡི་གེ་ཅན་བྱིན་རླབས་མཁའ་འགྲོའི་ཁ་རླང་ཆིལ་ལེ་བ་བཞུགསཿ ཿ | ||
༄༅། །ཆོས་དབྱིངས་སྟོན་པ་འོད་མི་འགྱུར་བ་ལཿ རྣམ་པ་ཀུན་ཏུ་ཕྱག་འཚལ་སྐྱབས་སུ་མཆིཿ ཤིན་ཏུ་ཡང་གསང་ཐིག་ལེ་སྐོར་གསུམ་གྱིཿ བཅུད་བསྡུས་པད་རག་ཅན་གྱི་ཡི་གེ་འདིཿ དབང་རབ་སྐལ་ལྡན་དོན་དུ་འགོད་པ་ལཿ ཆོས་བདག་རིག་འཛིན་མཁའ་འགྲོས་གནང་བ་སྩོལཿ ཨོཾ་ཨཱཿཧཱུྃཿ རང་བཞིན་རྫོགས་པ་ཆེན་པོའི་མན་ངག་གི་རྒྱུད་ཤྭོ་ལོ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་གནད་ལས་གནད་དུ་བསྡུས་པ་ཡང་གསང་ཐིག་ལེ་སྐོར་གསུམ་ལསཿ སླར་ཡང་གང་ཟག་དབང་པོ་ཡང་རབ་གཅིག་ཆར་དུ་བསྒྲོད་པའི་ལམཿ དགའ་རབ་དཔའ་བོའི་ཁྱད་ཆོས་ཟབ་པ་ལས་ཀྱང་ཆེས་ཟབ་པཿ པདྨ་འབྱུང་གནས་ཐུགས་ཀྱི་ཐེག་ལེཿ ཆགས་ཆེན་པད་རག་ཡི་གེ་ཅན་ཞེས་བྱ་བཿ ཐོག་མར་བླ་མར་གསོལ་འདེབས་སྐྱབས་སུ་འགྲོཿ མཁའ་མཉམ་སེམས་ཅན་དོན་དུ་སེམས་མཆོག་བསྐྱེདཿ དེ་ནས་རྩ་རླུང་རྡོ་རྗེའི་དྲ་མིག་ནིཿ རང་ཉིད་བླ་མ་བུདྡྷ་ཐོད་ཕྲེང་རྩལཿ སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པཿ ཞལ་གཅིག་ཆགས་འཛུམ་ཕྱག་གཉིས་རྡོར་དྲིལ་བཅསཿ ཡུམ་འཁྱུད་ཞབས་གཉིས་འདོར་སྟབས་རིན་ཆེན་བརྒྱནཿ པདྨ་ཟླ་བ་ཉི་མའི་སྟེང་དུ་བཞུགསཿ ཡུམ་མཆོག་རྣལ་འབྱོར་དམར་མོ་གྲི་ཐོད་ཅནཿ མཛེས་འཛུམ་གཟི་འབར་ཆགས་པས་ཡབ་དང་སྦྱོརཿ སྣང་ལ་རང་བཞིན་མེད་པར་ལམ་གྱིས་གསལཿ དལ་དབུས་དབུ་མ་མཐིང་གསལ་མཚན་ཉིད་ལྡནཿ གཡས་གཡོན་རོ་རྐྱང་དཀར་དམར་ལྟེ་འོག་ནསཿ གྱེས་ཤིང་སྣ་བུག་གཉིས་སུ་ཧར་རེ་ཟུགཿ སྤྱི་བོར་བླ་མ་ཀུན་བཟང་ཡབ་ཡུམ་གསལཿ སྦྱོར་མཚམས་འོད་ཀྱིས་ལས་ཉོན་ཤེས་སྒྲིབ་སྦྱངསཿ རླུང་རོ་དགུ་འབུད་དམིགས་པས་གཞུར་ལ་དྲངསཿ སླར་ཡང་བླ་མའི་ཐུགས་ཀའི་འོད་ཟེར་གྱིསཿ རྒྱལ་བའི་བྱིན་རླབས་སྣོད་བཅུད་བཀྲག་མདངས་བསྡུསཿ རོ་རྐྱང་ནས་བརྒྱུད་དབུ་མའི་ལམ་དུ་སོངཿ རྩ་གནས་བྱིན་རླབས་འོད་ཀྱིས་ཁྲིགས་སེ་གངཿ སླར་ཡང་ཟེར་མདངས་སྤྱི་བོའི་གཙུག་ནས་ཐོནཿ རིག་བདག་བླ་མའི་ཐུགས་དམ་རྒྱུད་བསྐུལ་ཅིངཿ ཐུགས་ཀའི་འོད་ཀྱིས་སྣོད་བཅུད་འཁོར་འདས་ཀུནཿ འོད་དུ་བཞུས་ཤིང་མདུན་ཏུ་སྔོ་ཕྲིལ་བྱུངཿ རླུང་རོ་བསལ་ཞིང་ཧུབ་གསུམ་བཅུད་བསྡུས་པསཿ ལུས་ཀྱི་སྨད་ཀུན་ནམ་མཁའ་སྔོ་ཕྲིལ་གངཿ བླ་མ་མར་བྱུང་སྙིང་ཁའི་དབུས་སུ་བཞུགསཿ རླུང་ལྔ་ཐུགས་ཀར་བསྡུས་ཤིང་བཀྲག་མདངས་རྒྱསཿ རང་རིག་བླ་མ་དབྱེར་མེད་རང་ངོ་སྐྱོངཿ སླར་ཡང་བླ་མ་ཡར་འཕར་དུང་ཁང་དུཿ ཧཾ་ཡིག་བཀྲག་མདངས་གཟི་བརྗིད་ལྡན་པར་གནསཿ ཡུམ་ཉིད་མར་བྱོན་ཌཱཀྐི་དམར་གསལ་གྱུརཿ དེ་ཡང་འོད་ཞུས་ཐིག་དམར་ཨ་ཤད་མཚནཿ རླུང་གིས་ཨ་ཤད་བསྐུལ་བའི་ཡེ་ཤེས་མེསཿ གསང་གནས་རྩ་འཁོར་བདུན་ཅུ་རྩ་བདུན་ནསཿ ལྟེ་བ་སྙིང་ཁ་མགྲིན་པ་སྤྱི་བོའི་བརཿ རྩ་འཁོར་དྲུག་ཅུ་རྩ་བཞི་བརྒྱད་བཅུ་དྲུགཿ སུམ་ཅུ་རྩ་གཉིས་དམར་མཐིང་སེར་དཀར་མདོགཿ ཤེས་རབ་ཡེ་ཤེས་བདེ་བའི་མེ་ཡིས་གངཿ ཉོན་མོངས་ཤེས་བྱའི་སྒྲིབ་པ་བག་ཆགས་བསྲེགཿ མེ་ལྕེ་སྤྱི་བོའི་ཧཾ་ལ་རེག་པའི་ཚེཿ ཡབ་ཡུམ་བསྲུབ་སྦྱོར་བདེ་བར་སེམས་བཟུང་ཞིངཿ ཐིག་ལེའི་རྒྱུན་བབ་བདེ་ཆེན་འཁོར་ལོ་ནསཿ ལོངས་སྤྱོད་ཆོས་དང་སྤྲུལ་བ་བདེ་སྐྱོང་འབརཿ ཐིག་ལེས་གང་ཞིང་རྩ་འཁོར་རེར་བབ་ཚེཿ བདེ་བར་སེམས་བཟུང་ཡིད་རིག་ཆགས་པར་བསྐྱེདཿ ཐིག་ལེ་ཨ་ཤད་ལ་ཕོག་ལྷན་སྐྱེས་ཀྱིཿ ཡེ་ཤེས་ཆེན་པོ་ཐོབ་བསམ་རུ་སྦལ་དངཿ གར་མཁན་འཁྱུག་ལྟའི་མན་ངག་གནད་དུ་གཟེརཿ མེ་དང་བདུད་རྩི་དཀར་དམར་གྱེན་དུ་འཕྱུརཿ རྩ་འཁོར་ཡོངས་རྫོགས་དཀར་དམར་ལྟེམ་གྱིས་གང་ཿ ཧཾ་ཡིག་ཡར་འཕར་ནམ་མཁའི་འཁོར་ལོར་གནསཿ ཤེས་པ་མ་ཡེངས་རྩེ་གཅིག་དེ་ལ་གཏདཿ སླར་ཡང་མར་བབས་དུང་ཁང་ལ་གནས་ཤིངཿ བདུད་རྩིས་ལུས་གང་རྩ་གསུམ་ཀུན་ཁྱབ་ཚེཿ བསམ་གྱིས་མི་ཁྱབ་རྟོགས་པ་རྒྱུད་ལ་སྐྱེསཿ སྐྱུག་སྟངས་བསྣོན་སྟངས་སྤྲུག་སྟངས་འཁྲུལ་འཁོར་དངཿ བྲབ་གཞིལ་ཧ་སྤྲུག་བརྡབ་ཆུང་གསུམ་གྱིས་མཐརཿ དབྱིངས་རིག་བསྲེ་ཞིང་བརྟུལ་ཞུགས་རོ་ཉལ་བྱཿ དེས་ནི་ཐིག་ལེའི་རྣལ་འབྱོར་རང་བྱན་ཆུབཿ རྩ་རླུང་ཀུན་ཀྱི་གནད་བསྡུས་ཨེ་མ་ཧོཿ ༈ སྒྱུ་ལུས་ཟད་པའི་ཏིང་འཛིན་བསྒྲུབ་པ་ནིཿ སྣང་བ་ཕྱད་ཕྱོད་བན་བུན་ངང་དུ་བཞགཿ གཟུགས་སྒྲ་དྲི་རོ་རེག་བྱའི་ཆོས་སོ་ཅོགཿ བདེན་པར་མ་གྲུབ་སྒྱུ་མའི་ངང་དུ་སྦྱངསཿ ལུས་ཀྱི་སྤྱོད་ལམ་བག་ཡང་གང་དགར་བཏངཿ ངག་ནི་གཟའ་གཏད་མེད་པར་བག་མེད་བརྗོདཿ སེམས་ནི་གང་ཡང་ཡིད་ལ་མེད་པར་བཞགཿ གང་དྲན་སྨྱོན་པ་གཏད་མེད་ཅི་བཞིན་བརྗོདཿ རེ་དོག་ཤར་ཚེ་གཉན་ཐོག་གཉན་བབ་པའིཿ རེ་ཞིག་ཚེ་ན་ལུས་ངག་ཐང་ཆད་པསཿ སེམས་ཀྱང་ནམ་མཁའ་གཡའ་དག་ཇི་བཞིན་འགྱུརཿ དེ་ཚེ་ནམ་མཁའི་ཏིང་འཛིན་བསྒོམ་པ་ནིཿ སྙིང་ཁའི་རྩ་འཁོར་དབུས་སུ་ཨཱཿམཐིང་གསལཿ དེ་ཡི་འོད་ཀྱིས་རང་ལུས་འཛིན་བཅས་སྦྱངསཿ དང་པོ་བུམ་ཅན་ཐ་མར་བར་རླུང་སྦྲགཿ ཕྱི་ནང་སྣོད་བཅུད་ནམ་མཁའ་སྔོ་ཕྲིལ་སོངཿ དེ་ཡང་ན་བུན་དྭངས་བཞིན་སྟོང་པར་སྦྱངསཿ ལུས་ཀྱིས་མཆོང་རྒྱུག་རོལ་གར་ཅིར་ཡང་བསྒྱུརཿ ཞི་བདེར་ཉལ་དང་རྩུབ་སྤྱོད་ཉམས་དང་སྦྱརཿ གོམས་ཚེ་རང་ལུས་འཛིན་ཞེན་ཀུན་དག་ནསཿ མེད་སྙམ་སྟོང་པའི་རང་གཟུགས་མཐོང་བ་ནཿ ལྟེ་བར་ཨཱཿདམར་སེམས་བཟུང་མེའི་ཏིང་འཛིནཿ འོད་ཀྱིས་ལུས་སྦྱངས་ཨ་ཤད་མེ་འབར་དངཿ ཕྱི་སྣོད་དངོས་འཛིན་བསྲེག་དང་བག་ཆགས་སྦྱངཿ འདི་ནི་རླུང་གི་གནད་ཀྱིས་གནས་པར་སྦྱངཿ གོམས་ཚེ་གར་བསྒྱུར་རྩལ་སྦྱང་སྣོད་བཅུད་བསྲེགསཿ སླར་ཡང་ཨཱཿདམར་ཡེ་ཤེས་མེ་འབར་བཿ གསལ་ཞིང་གོམ་ཚེ་མེ་ཡི་ཏིང་འཛིན་འགྲུབཿ རླུང་ནི་གསང་གནས་ཨཱཿལྗང་སེམས་བཟུང་ཞིངཿ འོད་ཟེར་རླུང་ཤུགས་དྲག་པོས་རང་ལུས་དངཿ བག་ཆགས་དངོས་འཛིན་ཀུན་གཏོར་སྟོང་བར་སྦྱངཿ ཨཱཿལྗང་རླུང་ཤུགས་བར་སྣང་དག་ལ་གནསཿ གོམ་ཞིང་ལུས་ཀྱི་འཛིན་ཞེན་དག་པའི་ཚེཿ རླུང་གི་ཤུགས་ཀྱིས་གནས་གཞན་བགྲོད་པ་དངཿ ཤིན་ཏུ་བརྟན་ཚེ་ཞིང་ཁམས་བགྲོད་པའང་ནུསཿ ཆུ་ཡི་ཏིང་འཛིན་སྤྱི་བོའི་ཨཱཿདཀར་ལཿ སེམས་བཟུང་ཆུ་བྱུང་བག་ཆགས་སྒྱུ་ལུས་སྦྱངསཿ ལུས་ཀུན་འོད་ཀྱིས་ཡོལ་གོར་བདུད་རྩིས་ཆུསཿ ལྟེམ་གྱིས་གང་བ་ཡི་གེའི་སྙིང་པོ་ཅནཿ སེམས་བཟུང་བར་རླུང་དང་སྦྲག་འགུལ་བསྐྱོད་སྤངསཿ དེ་ཉིད་ཆེས་ཆེར་བསླབ་པས་ཏིང་འཛིན་འགྲུབཿ ས་ནི་མགྲིན་པར་ཨཱཿསེར་སེམས་བཟུང་སྟེཿ འོད་ཟེར་སེར་པོས་རང་ལུས་དངོས་འཛིན་སྦྱངཿ འོད་ཀྱི་གང་བུ་བྱ་ཆེན་སྒོ་ང་ཙམཿ སེམས་བཟུང་ལུས་ཞེན་མ་ཆོད་བར་དུ་སྦྱངཿ རང་སྣང་འོད་སེར་ལམ་ལམ་གྱུར་པའི་ཚེཿ རི་རབ་རྡོ་རྗེའི་བྲག་དང་མཆོད་རྟེན་སོགསཿ དམིགས་པའི་འཕྲུལ་འཁོར་གང་ལའང་བསྒྱུར་བར་ནུསཿ དེ་དག་ཀུན་ཀྱི་སྙིང་པོ་ཡང་ཟབ་ནིཿ ནམ་མཁར་སྐས་བཙུག་ཐོགས་མེད་བགྲོད་པ་དངཿ སེང་གེ་ཁྱུང་ཆེན་ཞོན་ཞིང་མཁའ་ལ་འགྲོཿ རང་ལུས་མི་སྣང་སྟོང་བར་སྦྱང་བ་སོགསཿ ཁྲེགས་ཆོད་རྩལ་སྦྱང་རུ་ཤན་ཆེན་མོས་རྟོགསཿ ༈ དེ་ནས་དངོས་གཞི་འཛིན་པར་གྲོལ་གྱིཿ གདམ་པ་ཟབ་མོ་ཉམས་སུ་ལེན་པ་ལཿ ཐོག་མར་འཁོར་བའི་ཀུན་རྟོག་ཀུན་སློང་ཞིངཿ དེ་ཡང་བག་ལ་ཉལ་བ་མངོན་དུ་ཕྱུངཿ རིགས་དྲུག་སྟོང་དང་སངས་རྒྱས་སྤྱོད་པ་སྤྱདཿ ཁྱད་པར་རང་གི་རྒྱུད་ཀྱི་རྟོག་པའི་ཆོསཿ དུག་ལྔ་རེ་དོགས་མཚན་མའང་ཀུན་བརྗོད་ཅིངཿ ལྕགས་ཀྱི་གཉེན་པོར་ལྕགས་ཀྱིས་གཅོད་པ་དངཿ མེ་ཡི་གཉེན་པོར་མེ་ཡིས་བསྲེག་པ་བཞིནཿ ཉོན་མོངས་གཉེན་པོར་ཉོན་མོངས་འཇོམས་པས་ནཿ རང་རང་ཞེན་པ་མ་ཆོད་བར་དུ་འབདཿ དེ་ཚེ་སྣང་བ་གཏད་མེད་འལ་མ་འོལཿ ཕྱད་ཕྱོད་གང་ལའང་རེ་དོགས་བྲལ་གྱུར་ཚེཿ ལུས་ནི་མི་རོ་ཅི་བཞིན་ཅི་བདེར་བཞགཿ ངག་ཀྱང་པི་ཝཾ་རྒྱུན་ཐག་ཆད་པ་ལྟརཿ སེམས་ནི་ཐད་ཀའི་ཤེས་པ་རང་བབ་ལྷོདཿ བྱ་བ་དགུ་ཕྲུགས་ཀུ་སུ་ལུ་ཡི་ངངཿ འཁོར་བར་འཕེན་བྱེད་སེམས་ལ་བརྟགས་པའི་ཚེཿ ད་ལྟའི་རྣམ་པར་རྟོག་པ་གྱ་མ་གྱུཿ ཐོག་མར་བྱུང་ས་བྱུང་མཁན་གཉིས་སུ་མེདཿ བྱུང་ས་བརྟགས་ཚེ་བྱུང་མཁན་རང་ཡང་བོརཿ སྐྱེ་མེད་རྟོགས་སོ་གནས་ས་གནས་མཁན་གྱིཿ མཁན་པོ་སྟོང་ཞིང་ཆུ་ལ་འཇུས་དང་མཚུངསཿ འགྲོ་འོང་བརྟགས་ཚེ་འགྲོ་ས་འགྲོ་མཁན་བྲལཿ གློ་བུར་རྣམ་རྟོག་ཉི་ཟེར་རྡུལ་འཁྲིགས་བཞིནཿ འཁྲུལ་པའི་གཟུང་འཛིན་གཉིས་སུ་ངོ་འཕྲོད་ཚེཿ ཤེས་པ་ནམ་མཁར་གཏད་ཅིང་ཞི་གནས་ཤེསཿ སླར་ཡང་རྩལ་སྦྱང་ཕྱི་ནང་རུ་ཤན་འབདཿ དེ་ཚེ་རྣམ་རྟོག་གང་ཤར་ལྷག་གིས་རིགཿ རིག་མ་ཐག་ཏུ་ངོས་བཟུང་ངག་ནས་བརྗོདཿ སྣང་བ་གང་ཤར་ཐམས་ཅད་བདག་མེད་དུཿ སེམས་ཀྱིས་ཐག་བཅད་ངག་གིས་བདག་མེད་བརྗོདཿ དགྲ་གཉེན་རྟོག་པ་གང་ཆེ་མངོན་དུ་ཕྱུངཿ འདི་དང་བརྟུལ་ཞུགས་རོ་ཉལ་ཆེན་པོ་གཉིསཿ རེས་མོས་འཁྲུལ་པ་མ་ཞིག་བར་དུ་འབདཿ ཇི་ཞིག་ཚེ་ན་རྣམ་རྟོག་ཤར་གྲོལ་མཉམཿ རང་གཞན་ངག་གི་བརྗོད་པའང་བྲག་ཆར་མཚུངསཿ རང་ལུས་འཛིན་ཞེན་དག་ཅིང་ཐེ་ཚོམ་ཞིགཿ རིག་པ་མ་བཅོས་ལྷག་གིས་མཐོང་བའི་ཚེཿ བླ་མས་དབང་བསྐུར་དབའ་རླབས་རྣམ་པ་གསུམཿ གང་རུང་ལ་བརྟེན་ཆོས་ཉིད་རང་ངོ་སྤྲདཿ དེ་ཚེ་མ་ཡེངས་མི་ཞེན་མི་སྒོམ་ཞིངཿ བརྗོད་མེད་ངང་ནས་ཀ་དག་རང་ངོ་ཤེསཿ ཐེ་ཚོམ་རྟོག་དཔྱོད་དྲི་མས་མ་གོས་པརཿ གང་ཤར་ཕན་གནོད་བྲལ་བར་རང་ཤུགས་གྲོལཿ ཉོན་མོངས་དགེ་སྡིག་མ་སྤངས་གནས་སུ་དགཿ རོ་སྙོམ་ཆེན་པོ་ཁྲེགས་ཆོད་འབྲས་བུ་ཐོབཿ གང་ལའང་མི་ཞེན་བླང་དོར་མཚན་མ་བྲལཿ ཐམས་ཅད་ཐམས་ཅད་རྨི་ལམ་སྒྱུ་མར་རྟོགསཿ སྐྱེ་དང་འཆི་བ་མིང་གི་བླ་དྭགས་ཙམཿ རིགས་དྲུག་སྡུག་བསྔལ་མེད་སྣང་སྟོང་གཟུགས་མཚུངསཿ དེ་ཚེ་ཀུན་བཟང་ཆོས་སྐུའི་དགོངས་པ་རྟོགསཿ བླ་ན་མེད་པའི་འབྲས་བུ་ཆེན་པོའོཿ སྐབས་ཀྱི་ངོ་སྤྲོད་གང་ཟག་རབ་འབྲིང་གིཿ རྒྱུད་ཚོད་དང་བསྟུན་བླ་མའི་ཞལ་ལས་ཤེསཿ དགའ་རབ་རྡོ་རྗེས་གསང་བའི་ངོ་སྤྲོད་ནིཿ ཀྱེ་སྐལ་ལྡན་རིགས་ཀྱི་བུ་དད་པ་དང་དམ་ཚིག་ལྡན་པ་ལེགས་པར་ཉོན་ཅིགཿ ཁྱོད་དཔའ་རླབས་ཆེན་མོའི་དུས་སུ་རིག་པ་སྨྲ་བསམ་བརྗོད་མེད་གཞི་མེད་རྩ་བྲལ་དུ་ཧད་ཀྱིས་ལུསཿ གཟུགས་སྣང་སྒྲར་སྣང་སོགས་ཡུལ་གང་ལའང་མཐོང་བ་ཙམ་ལས་ཚོར་བས་བདག་ཏུ་མ་བཟུང་ཞིངཿ ཐེ་ཚོམ་དང་རེ་དོགས་ཆགས་སྡང་ཀུན་ལས་འདས་པ་དེ་ཀ་དག་རིག་པ་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོའི་དགོངས་པའི་མཐིལ་ཆེན་པོའོཿ ངོ་ཤེས་པར་གྱིས་ཤིགཿ འབྲས་བུའི་གྲོལ་ས་ཆེན་པོའང་འདི་ཀའོཿ འོ་རིགས་ཀྱི་བུཿ ཡབ་ཡུམ་མཉམ་སྦྱོར་གྱི་ཚེ་ཆགས་པའི་ཤུགས་ཀྱིས་ཉོན་མོངས་པའི་ཀུན་རྟོག་བརྒྱད་ཁྲི་བཞི་སྟོང་རང་སར་འགགས་ནས་གཉིས་ཤོར་གཉིས་མཉམ་གྱི་ཚེཿ བདེ་བ་ཆེན་པོའི་ཤུགས་ལས་ལྷན་སྐྱེས་ཡེ་ཤེས་ཞེས་བྱ་བཿ བདེ་བ་དེའི་ངང་ལ་དར་ཅིག་གང་ཡང་ཡིད་ལ་མེད་པ་ནམ་མཁའ་གཡའ་དག་པ་ལྟར་ཐིམ་གྱིས་གནས་པ་དེ་ནི་བུམ་པ་སྐུའི་རང་གདངས་ཀུན་ཏུ་བཟང་པོའི་དགོངས་ཉམས་ཆེན་པོ་སྟེཿ ཐབས་ལ་བརྟེན་ནས་རྟོགས་པ་ཡིན་པས་ངོ་ཤེས་པར་གྱིས་ཤིགཿ སངས་རྒྱས་ཀྱི་དགོངས་པ་འདི་ཁོ་ནའོཿ འོ་རིགས་ཀྱི་བུ་ཡིད་ལ་མེད་པ་བླ་མས་ཕཊཿཀྱིས་བརྡ་དབང་བསྐུར་བའི་ཚེཿ སྔངས་ཤིང་རྣམ་རྟོག་རེ་ཞིག་རང་ཡལ་དུ་སོང་ནས་ཧ་ཕྱད་དེ་ལུས་པ་འདི་ཡང་རིག་པ་རང་བྱུང་གི་ཡེ་ཤེས་ཐ་མལ་ཤེས་པ་མ་བཅོས་ཟང་ཁ་མ་ཡིན་ཏེ་ངོ་ཤེས་པར་གྱིས་ཤིགཿ འོ་རྒྱུན་དུ་བླ་མའི་ཐུགས་དང་རང་གི་རིག་པ་དབྱེར་མེད་འཚོས་ལ་རང་གདངས་དང་མ་བྲལ་བར་གྱིས་ཤིགཿ སྐྱེ་མེད་རིག་པ་ངོ་འཕྲོད་ནཿ བདག་མེད་འཛིན་ཞེན་བྲལ་བར་རྟོགསཿ སྒོམ་མེད་ངོ་བོ་ཉིད་མེད་པཿ འཁོར་འདས་བདག་མེད་སྒྱུ་མར་རྟོགསཿ རྩལ་གྱི་རྣམ་རྟོག་བཟང་ངན་ཀུནཿ གང་ཤར་མ་ཞེན་ཤར་མཁན་རྟོགཿ ཤར་ཚེ་མཉམ་ཤར་བཟང་ངན་མེདཿ གྲོལ་ཚེ་མཉམ་གྲོལ་བཟང་ངན་མེདཿ རག་པའི་རྐྱེན་གྱིས་མ་བསྒྱུར་ཅིངཿ ཕྲ་བའི་རྐུན་བུས་མ་བསླུས་ནཿ གང་ཤར་ཆོས་ཉིད་རོལ་གར་རོཿ བསྒོམ་དུ་རྡུལ་ཙམ་མེད་པ་ལཿ ཡེངས་དང་མ་ཡེངས་འཛིན་ཞེན་གྲོལཿ བྱར་མེད་ལྷུག་པར་གནས་པ་དེཿ ཁྲེགས་ཆོད་ལྟ་བའི་འབྲས་བུའོཿ སྐལ་ལྡན་རྣམས་ཀྱི་སྙིང་ལ་འཆོངསཿ ཅེས་གསུངས་ཁྲེགས་ཆོད་ལམ་གྱི་མཐར་ཐུག་པཿ འདི་ལས་གཞན་དུ་ང་ཡིས་མ་མཐོང་ངོཿ ས་མ་ཡཿ ༈ ད་ནི་འོད་གསལ་རྫོགས་པ་ཆེའིཿ ཉམས་ལེན་བགྲོད་པ་གཅིག་པུའི་ལམཿ འོད་གསལ་ཐོད་རྒལ་ཆེན་པོ་ཡིཿ གནད་ཀྱི་གདམས་པ་བསྟན་གྱིས་ཉོནཿ ཐོག་མར་རོ་སྙོམ་ཅུང་ཟད་བྱཿ དེ་ནས་བྱ་བ་དགུ་ཕྲུགས་བཏངཿ ལུས་སེམས་རྣལ་དུ་ཕེབས་པའི་ཚེཿ སྤྲུལ་སྐུ་དྲང་སྲོང་འདུག་སྟངས་དངཿ ལོངས་སྐུ་གླང་པོ་ཆེ་ཡི་སྟངསཿ ཆོས་སྐུ་སེང་གེ་འདུག་སྟངས་གསུམཿ ཆོས་སྐུའི་གཟིགས་སྟངས་སྐྱེ་མེད་སྟེངཿ ལོངས་སྐུའི་གཟིགས་སྟངས་འགག་མེད་ཐདཿ སྤྲུལ་སྐུའི་གཟིགས་སྟངས་འགྲོ་དོན་འོགཿ མི་འགྱུར་རྡོ་རྗེའི་འདུག་སྟངས་ནིཿ གན་རྐྱལ་བར་རླུང་འོག་ཏུ་མནནཿ ལུས་བསྲངས་ནམ་མཁའ་དངས་པའི་ངོསཿ རིག་པ་གཏད་ཅིང་དར་ཅིག་བཞགཿ དེ་ནས་དབུས་དང་སྟེང་འོག་གཉིསཿ གཡས་གཡོན་ལྔ་རེ་སྤྱན་ལྔ་ལྡནཿ འོད་སྣང་དག་དང་བསྟུན་པའོཿ རེ་འགར་ཙོག་པུའི་འདུག་སྟངས་ཀྱིསཿ མུན་པའི་རྣལ་འབྱོར་དག་ལ་བསླབཿ ཉི་ཟླར་ཐོག་མར་ངོ་འཕྲོད་ཙམཿ རྒྱུན་དུ་ནམ་མཁའ་དྭངས་བ་དངཿ བར་སྣང་སྟོང་པར་སྦྱང་བར་བྱཿ ལུས་ནི་སྤྱོད་པར་མི་གནས་ཤིངཿ ངག་ནི་སྒྲ་ལ་མི་གནས་པརཿ སེམས་ནི་འཁྲུལ་བར་གནས་མི་བྱཿ མི་འགུལ་མི་སྨྲ་མ་བཅོས་པརཿ གནད་གསུམ་ཐེབ་པ་འདིའི་དགོངས་པཿ མི་འགུལ་མིག་ལ་མི་གཡོ་རླུངཿ མི་སེམས་རིག་པ་ཐོག་མར་གཅེསཿ གོམས་ཆ་ཐོབ་ནས་གང་བདེར་བཞགཿ སྐབས་སུ་སྨྱོན་པ་བརྟུལ་ཞུགས་ཀྱིསཿ གང་ཤར་སྤྱོད་པའི་རྩལ་སྦྱང་ངོཿ དེ་ཡང་ནང་གདངས་ཕྱི་གདངས་ཀྱིཿ སྣང་བ་བཞི་དང་སྒྲོན་མ་དྲུགཿ རྣལ་འབྱོར་ལྡན་པའི་རྡོ་རྗེའི་ལུསཿ སྙིང་དབུས་མི་ཤིགས་ཐིག་ལེ་ནིཿ ཙིཏྟ་ཤ་ཡི་སྒྲོན་མ་ཞེསཿ དྭངས་མ་ལྔ་འདུས་གཟུགས་སུ་གནསཿ དེ་དབུས་ཆོས་ཉིད་གཞིའི་སྒྲོན་མཿ ངོ་བོ་རང་བཞིན་ཐུགས་རྗེར་བཞུགསཿ ཡེ་ཤེས་ལྔ་ཡི་འཆར་གཞིའོཿ དེ་ལས་འོད་རྩ་དར་དཀར་གྱིཿ སྐུད་པ་ལྟ་བུས་མིག་གཉིས་འབྲེལཿ ཁྲག་དང་ཆུ་སེར་གྱིས་མ་གོསཿ འོད་རྩ་བ་མིན་རྭ་འདྲ་བཿ རྒྱང་ཞག་ཆུ་ཡི་སྒྲོན་མའོཿ ནམ་མཁའ་དངས་བའི་དབྱིངས་རུམ་དུཿ འོད་སྣང་རེ་ལྡེའམ་ཟ་འོག་བཀྲམཿ རྐྱེན་གྱིས་དཀར་སེར་དམར་ལྗང་མཐིངཿ སྣང་བ་རྣམ་དག་དབྱིངས་སྒྲོན་མཿ དེའི་དབུས་འོད་ལྔའི་ཐིག་ལེ་ནིཿ རྨ་བྱའི་མདོངས་ལྟར་བཀྲ་བ་དངཿ རྩིབ་ཤར་གྱེན་འགྲེང་གོར་མོར་བཟུངཿ ཐིག་ལེ་སྟོང་པའི་སྒྲོན་མའོཿ དེ་ཡང་རྩ་རིགས་ཁྱད་པར་ལསཿ ཐོག་མ་ཉིད་ནས་གསལ་བ་དངཿ རྣལ་འབྱོར་ཉམས་ལེན་གོ་བསྟུན་དངཿ མ་ངེས་གཟུགས་སུ་འཆར་བའང་ཡོདཿ དེ་དབུས་མུ་ཏིག་ཕྲེང་བའམཿ གསེར་སྐུད་བསྒྲིམས་པ་ལྟ་བུ་སྟེཿ གཅིག་ཏུ་མི་གནས་ཀུན་ཏུ་གཡོཿ ཁ་དོག་གཟུགས་སུ་གྲུབ་པ་མེདཿ བར་མཚམས་ཐིག་ལེ་ཕྲ་མོས་བརྒྱནཿ རིག་པ་རྡོ་རྗེ་ལུ་གུ་རྒྱུདཿ ཐོག་མའི་ཉམས་ལེན་མཐིལ་ཡིན་ཏེཿ འདི་ཉིད་ཡུལ་སྣང་གང་ལའང་འཆརཿ ཐོག་མར་བཞུགས་སྟངས་གཟིགས་སྟངས་གྱིཿ གནད་ཀྱིས་འདི་ལ་གོམ་འདྲིས་མཛོདཿ ༈ མུན་པའི་རྣལ་འབྱོར་ཆེན་པོ་ནིཿ དབྱིངས་སྒྲོན་ཟ་འོག་བཀྲམ་འདྲ་ལཿ ཐིག་ལེ་སྟོང་པར་གོར་མོག་ཆུརཿ རྡེལ་བརྒྱབ་ཇི་བཞིན་གྱི་ལེ་བཿ འོད་ལྔ་མ་ངེས་གཟུགས་སུ་འཆརཿ རྩིབ་ཤར་གྱེན་འགྲེངས་མཆོད་རྟེན་དངཿ ཁང་བུ་བརྩེགས་པའི་རྣམ་པར་འཆརཿ ལུ་གུ་རྒྱུད་ནི་ཐོག་མའི་དུསཿ ཁ་དོག་གཟུགས་སུ་མ་གྲུབ་ཀྱངཿ གྱ་གྱུ་འགྲོ་འོང་ཅན་དུ་འཆརཿ དེ་ལ་གོམ་ཞིང་འདྲེས་པ་ནིཿ ནང་གི་རིག་པའི་རྟེན་ཉིད་དུཿ ཞེན་ཆགས་མེད་པར་ཐད་ཀར་བཞགཿ ནང་གདངས་ཕྱི་རུ་ཤར་བ་སྟེཿ རང་འོད་ཡིན་པར་ཤེས་པར་གྱིསཿ དེ་ཡང་ཆོས་ཉིད་མངོན་སུམ་དུསཿ རིག་པ་བརྗོད་དུ་མེད་པ་ལཿ འོད་གདངས་ཁ་དོག་རྣམ་ལྔ་པོཿ འཕེལ་འགྲིབ་མེད་པར་གསལ་བ་ལཿ ལུག་རྒྱུད་རང་ངོ་ཤེས་པའི་ཚེཿ རི་རྩེའམ་ནི་མཐོ་པའི་སརཿ རྡོ་རྗེ་སློབ་དཔོན་ཐུགས་རྗེའི་གཏེརཿ རིགས་མ་དཔའ་བོ་མཁའ་འགྲོའི་ཚོགསཿ ཚོགས་དང་མཆོད་པས་མཉེས་བྱས་ལཿ ཉིན་གསུམ་ཐུགས་ཀྱི་དགོངས་པ་རྫོགསཿ ཐོག་མར་བྱིན་རླབས་དབང་ཆེན་བསྐུརཿ རིག་པའི་རྩལ་དབང་ཆེན་པོ་ནིཿ སློབ་དཔོན་ཆབ་ཀྱིས་སློབ་བུ་བཀྲུསཿ རྣམ་སྣང་ཆོས་བདུན་འདུག་སྟངས་ཀྱིསཿ སྟོད་གཡོགས་བསལ་ཞིང་བླ་སློབ་གཉིསཿ དད་དང་བརྩེ་བའི་དགོངས་པ་གཏདཿ བླ་མས་བྱིན་ཆེན་དབབ་མཛད་ཅིངཿ སྤོས་དང་རྫས་ལྔ་དུད་པས་བདུགཿ ཐབས་དང་བརྡ་ཡིས་རང་ངོ་སྤྲདཿ དབང་རབ་སྐལ་བ་ལྡན་པ་ལཿ སྲོད་དུས་གསང་བའི་དབང་མཆོག་བསྐུརཿ ནམ་གུང་ཤེས་རབ་ཡེ་ཤེས་ཀྱིསཿ རིག་པ་དོན་གྱི་རང་ངོ་སྤྲདཿ དེ་ཡང་བླ་མའི་དགོངས་པ་གཏདཿ ཀྱེ་ཧོ་སྐལ་ལྡན་སྙིང་གི་བུཿ གཉིས་ཤོར་གཉིས་མཉམ་དུས་འདི་རུཿ ཉོན་མོངས་རྟོག་ཚོགས་བརྒྱད་ཅུ་པོཿ ཐམས་ཅད་འདོད་པའི་ཀློང་དུ་ཐིམཿ འདོད་པ་བདེ་བའི་ངང་ཉིད་ལསཿ ཤིན་ཏུ་རྣམ་དག་ཧད་ཀྱིས་བརྒྱལཿ རིག་མའི་བདེ་བའི་ཤུགས་ཉིད་ལསཿ བརྗོད་དུ་མེད་པ་ཧ་ཕྱད་དེཿ སྟོན་གནམ་སྤྲིན་གྱིས་མ་གོས་པརཿ སྣང་བ་ཡུལ་ལ་མ་ཤར་བཿ འདི་ནི་ཀ་དག་གདོད་མའི་གཤིསཿ དབང་ལས་བྱུང་བའི་ཡེ་ཤེས་ཏེཿ འོད་གསལ་བར་དོའི་དུས་ཀྱི་ཚེཿ ཡར་གྱི་ཟང་ཐལ་འགྲོ་བ་ལཿ མ་པང་བུ་འཇུག་ལྟ་བུ་སྟེཿ འདི་ཉིད་རང་ངོ་ཤེས་པར་གྱིསཿ རྟག་ཏུ་འདི་དང་མ་བྲལ་ཅིགཿ གདོད་མ་གཞི་ཡི་གནས་ལུགས་སོཿ ཤེས་པར་གྱིས་ཤིག་རིགས་ཀྱི་བུཿ ཅེས་བརྗོད་རིག་པ་འཕྲོད་པར་བྱཿ དེ་ནས་སྐྱ་རེངས་ཤར་བའི་དུསཿ སྒྲོལ་བ་སྙིང་རྗེ་ཆེན་པོ་ཡིཿ ངོ་སྤྲོད་རྣམ་རྟོག་ཡེ་ཤེས་སུཿ གྲོལ་བས་གཟུང་འཛིན་གཞི་སྟོང་ཞིངཿ མ་རིག་རུ་ཏྲ་བསྒྲལ་བ་ལཿ བདག་ཉིད་བླ་མར་གསལ་བ་དངཿ ཡུམ་མཁའ་ཆོས་འབྱུང་གསལ་བ་དངཿ རྡོ་རྗེ་ཕུར་བུར་གསལ་བ་སྟེཿ རྣམ་རྟོག་གཟུང་འཛིན་རུ་ཏྲ་ནིཿ གཟུགས་ཕུང་དགྲ་གདོན་རྣྲྀཿཏྲིའི་སྲོགཿ ཏིང་ངེ་འཛིན་གྱིས་འགུགས་བྱེད་ཅིངཿ རྡོ་རྗེའི་ཕུར་པ་སྙིང་དབུས་གཟིརཿ སྲོག་དབུགས་མར་མེ་ཐིབས་ཀྱིས་བསདཿ ཚེ་བསོད་ནྲྀཿཡིག་རྣམ་པར་དྲངཿ རང་ལ་ཐིམ་པས་བཀྲག་མདངས་རྒྱསཿ རྣམ་ཤེས་རིག་པའི་ཀློང་དུ་བསྲེཿ དེ་ཚེ་རྣམ་རྟོག་ཆོས་སྐུའི་ཀློངཿ བརྟུལ་ཞུགས་ཆེན་པོའི་སྒྲོལ་བ་ནིཿ སྙིང་རྗེ་ཆེན་པོའི་ངོ་སྤྲད་དོཿ དེ་ཚེ་ངར་འཛིན་རུ་ཏྲ་ཞིཿ འཁྲུལ་པ་དབྱིངས་སུ་དག་པར་འགྱུརཿ དེ་ནས་ཉི་ཤར་དུས་ཀྱི་ཚེཿ སྟོད་གཡོགས་བསལ་ཞིང་བདུད་རྩི་ལྔསཿ སློབ་བུའི་ལུས་ཀུན་ཁྱབ་པར་བྱུགཿ ནམ་མཁའ་དྭངས་པའི་དབྱིངས་ཉིད་དུཿ སྤྲུལ་སྐུའི་འདུག་སྟངས་དང་བཅས་བལྟཿ ཀྱེ་རིགས་ཀྱི་བུ་མ་ཡེངས་པར་ལྟོས་ཤིགཿ ཆོས་ཉིད་དོན་གྱི་སྒྲོན་མ་ཙིཏྟ་ཤ་ཡི་སྒྲོན་མའི་གདངསཿ རྒྱང་ཞག་ཆུ་ཡི་སྒྲོན་མའི་ལམ་ནས་བརྒྱུདཿ ཉི་མའི་དཀྱིལ་འཁོར་གྱི་རྐྱེན་ལས་ཕྱིར་ཤར་བ་སྟེཿ དབྱིངས་སྣང་རེ་ལྡེའི་གཟུགས་སུ་བྱུང་བ་འདི་ནི་ཆོས་སྐུའི་གདང་ངོཿ ཐིག་ལེ་སྟོང་པའི་སྒྲོན་མ་རྨ་བྱའི་མདོངས་ལྟ་བུ་ཐིག་ལེའི་གཟུགས་སུ་གནས་ཤིངཿ རྩིབ་ཤར་དང་གྱེན་འགྲེང་གི་རྣམ་པའི་བར་ན་སྐུ་དང་ཡིག་འབྲུའི་རྣམ་པ་མི་གསལ་ཡང་སྣང་བར་རིག་པ་ཙམ་ནི་ལོངས་སྐུའི་གདངས་སོཿ དེའི་སྟེང་ན་རིག་པ་ལུ་གུ་རྒྱུད་ཀྱི་སྒྲོན་མ་མུ་ཏིག་ཕྲ་མོའི་ཕྲེང་བ་དང་གསེར་སྐུད་བསྒྲིལ་བ་ལྟ་བུར་ཤར་བ་ཡེ་ཤེས་ཀྱི་རླུང་གིས་བསྐྱོད་པའི་འགྲོ་འོང་ཅན་གདོད་ནས་འཁྲུལ་མ་མྱོང་བའི་མཚན་མར་མ་གྲུབ་པ་འཁྲུལ་པ་གཞི་ལ་དག་པས་གཅིག་ཏུ་མ་ངེས་པ་ནི་སྤྲུལ་པ་སྐུ་ཡི་གདངས་ཏེ་ངོ་ཤེས་པར་གྱིས་ཤིགཿ རྒྱུན་དུ་འདི་དང་མ་བྲལ་བར་ཡེངས་མེད་འཛིན་མེད་དུ་རྒྱུན་སྐྱོང་ལཿ གཤིས་ལུགས་དང་དབྱེར་མེད་དུ་མ་བྲལ་བར་གྱིས་ཤིགཿ ཇི་ཞིག་ན་འབྲས་བུ་མངོན་དུ་འགྱུར་བའོཿ ཆོས་ཅན་གྱི་སྣང་བ་ཀུན་ཆོས་ཉིད་ཀྱི་ཀློང་དུ་གྲོལ་ཞིང་གཞོན་ནུ་བུམ་སྐུའི་གློང་དུ་གྲོལ་ཞིང་བཙན་ས་ཟིན་པར་འགྱུར་རོཿ དེ་ནས་ལོངས་སྐུའི་འདུག་སྟངས་ཀྱིསཿ སློབ་དཔོན་ཕྱག་ཏུ་ཁ་དོག་ལྔའིཿ མདའ་དར་ཐོགས་ལ་འདི་སྐད་དོཿ ཀྱེ་མཿ སྐལ་ལྡན་རིགས་ཀྱི་བུ་ཁྱོད་མ་ཡེངས་པར་ཉོན་ཅིགཿ ཆོས་ཉིད་གཞི་ཡི་རྩལ་མདངསཿ ཙིཏྟ་ཤ་ཡི་སྒྲོན་མའི་འོད་མདངས་ཤར་བ་སྟེཿ དཀར་པོ་ནི་རྡོ་རྗེ་སེམས་དཔའ་མེ་ལོང་ཡེ་ཤེས་ཀྱི་འོད་དོཿ སེར་པོ་ནི་རིན་ཆེན་འབྱུང་ལྡན་མཉམ་ཉིད་ཡེ་ཤེས་ཀྱི་འོད་དོཿ དམར་པོ་ནི་སྣང་བ་མཐའ་ཡས་སོར་རྟོག་ཡེ་ཤེས་ཀྱི་འོད་དོཿ ལྗང་གུ་ནི་དོན་ཡོད་གྲུབ་པ་བྱ་གྲུབ་ཡེ་ཤེས་ཀྱི་འོད་དོཿ མཐིང་ག་ནི་རྣམ་པར་སྣང་མཛད་ཆོས་དབྱིངས་ཡེ་ཤེས་ཀྱི་འོད་དེཿ སྐུ་དང་ཡེ་ཤེས་ཀྱི་རང་འོད་འདི་དང་མ་བྲལ་བར་གྱིས་ཤིགཿ གལ་ཏེ་ཆོས་ཉིད་བར་དོར་ཁ་འཁྱལ་ནའང་རང་འོད་ངོ་ཤེས་པ་དང་གྲོལ་བ་དུས་མཉམ་དུ་འོང་ངོཿ ཁྱོད་ཀྱི་འཁྲུལ་སྣང་གང་ཤར་བདག་མེད་དུ་བོར་ལ་རང་གྲོལ་དུ་ཐོང་ཞིགཿ སྣང་བ་སྣ་ཚོགས་སུ་འཆར་ཏེཿ དེ་དག་ཀྱང་རང་གདངས་ལས་འཁྲུལ་པ་གཞི་ཐོག་ཏུ་གྲོལ་བའི་རྟགས་མཚན་ཏེཿ གང་ལའང་རེ་དོགས་དང་འཛིན་ཞེན་མ་བྱེད་པར་མེ་ལོང་གི་གཟུགས་བརྙན་ལ་ལྟ་བ་ལྟར་ཆགས་མེད་དུ་ཞོག་ཅིགཿ མུན་པའི་སྣང་བ་ལ་འདི་ལྟར་འཆར་ཏེཿ དེ་ཚེ་ཅུང་ཞིག་འཇིགས་སྐྲག་གི་སྣང་བའང་འཆར་རོཿ རིག་པ་མ་བཅོས་པར་བོག་འདོན་དང་རྩལ་སྦྱང་ལམ་ཁྱེར་ལ་འབད་ན་བར་དོར་གྲོལ་བའི་མན་ངག་གོཿ དེ་ལྟར་ངོ་སྤྲོད་ཅུང་ཟད་ལྷོདཿ སླར་ཡང་ཆོས་སྐུའི་བཞུགས་སྟངས་ཀྱིསཿ ནམ་མཁའ་དྭངས་པའི་ངོས་ལ་གཏདཿ སློབ་དཔོན་ཕྱག་ཏུ་མན་ཤེལ་ཐོགསཿ ཨེ་མ་ཧོཿ སྐལ་ལྡན་རིགས་ཀྱི་བུཿ དབྱིངས་རྣམ་དག་གི་སྒྲོན་མ་འོད་ལྔ་དྭངས་ཤིང་རེ་ལྡེ་ལྟརཿ ཁ་དོག་གཟུགས་སུ་མ་གྲུབ་པཿ གཏད་ཚེ་མི་མཐོང་ལྷོད་ཚེ་འཆརཿ རིག་པ་འདི་ལ་མ་ཡེངས་ལྟོསཿ ནམ་མཁའི་དབྱིངས་སུ་ཐིམ་ལྟར་གཏོདཿ དེ་ཚེ་སྟོང་ཆེན་ཀ་དག་གིཿ ཆོས་ཉིད་ངོ་བོ་འགྱུར་བ་མེདཿ བརྗོད་མེད་དོན་གྱི་ཡེ་ཤེས་ཆེཿ འདི་ནི་ཆོས་སྐུའི་ངོ་བོ་སྟེཿ འོད་གསལ་བར་དོའི་དུས་ཀྱི་ཚེཿ འོད་གསལ་ཟུང་འཇུག་ཆེན་པོ་ལཿ ཐིམ་ཚེ་དེ་ཉིད་ངོ་ཤེས་ནཿ གདོད་མའི་གཞི་ཐོག་ཆེན་པོ་རུཿ གྲོལ་འགྱུར་ཐེ་ཚོམ་ཡོད་མ་ཡིནཿ མ་པང་བུ་འཇུག་གདམས་པའོཿ ཡིད་ལ་འཆོངས་ཤིག་སྐལ་ལྡན་བུཿ རང་ངོ་རང་གིས་ཤེས་གྱུར་ནཿ ཡེ་སངས་རྒྱས་པའི་དགོངས་པ་རྟོགསཿ ང་དང་དབྱེར་མེད་གྲོལ་བར་འགྱུརཿ དེ་ལྟར་ངོ་སྤྲོད་རྣམ་གསུམ་གྱིསཿ ཆོས་ཉིད་མངོན་སུམ་མཐོང་བར་འགྱུརཿ ༈ མངོན་སུམ་སྣང་བ་ལ་གོམ་པསཿ དབྱིངས་རིག་སྨིན་མཚམས་དང་བྲལ་ཏེཿ སྣང་བ་ཐམས་ཅད་འོད་ལྔར་འཆརཿ སྐབས་སུ་ཞིང་ཁམས་སྣང་བ་དངཿ ཐིག་ལེ་ཕྲ་མོས་ཡུལ་འགའ་ཁྱབཿ ལྔ་ཚོམ་ཉིས་སྤྲེལ་གསུམ་སྤྲེལ་སོགསཿ དབུས་སུ་སྤྲུལ་པའི་སྐུར་འཆར་ཞིངཿ ཕྱག་མཚན་ཡིག་འབྲུའི་རྣམ་པར་གསལཿ འོད་ལྔ་བཀྲག་མདངས་རང་རྒྱས་ཤིངཿ སྐབས་སུ་དག་པའི་སྣང་བ་ལཿ སྤྲུལ་སྐུའི་ཞིང་ཁམས་འགའ་མཐོང་ཞིངཿ ཉིན་སྣང་འོད་དང་འབྲལ་མི་ཕོདཿ མུན་པའི་རྣལ་འབྱོར་ལ་བལྟས་ཚེཿ གླིང་བཞི་དང་ནི་གླིང་ཕྲན་སོགསཿ འགའ་འགའ་མཐོང་ཞིང་སྤྲུལ་པའི་སྐུའིཿ ཞིང་ཁམས་ལན་རེར་རིག་ཀྱང་སྲིདཿ འདི་དུས་འཇིག་རྟེན་མཁའ་འགྲོ་ཡིཿ བར་ཆད་འཇུག་སྒོ་ལྡང་སྲིད་པསཿ རྒྱུན་དུ་བླ་མར་གསོལ་འདེབས་ཤིངཿ སྙིང་དབུས་བསྒོམས་ལ་རང་གི་ལུསཿ བླ་མ་དྲག་པོར་ལམ་ལམ་གསལཿ ཧཱུྃ་ཕཊཿགད་རྒྱང་སྒྲོག་བྱེད་ཅིངཿ གང་ཤར་སྣང་བ་ཐོག་བརྫིས་དངཿ ཅིར་ཡང་ཞེན་པ་མེད་པ་རུཿ ལྷ་དང་འདྲེར་འཛིན་རྟོག་ཚོགས་ཀུནཿ བརྟུལ་ཞུགས་ཆེན་པོར་རོ་སྙོམ་བྱཿ སྲིད་པ་རུ་ལོག་ཕྱག་རྒྱའང་བསྒོམཿ མཁའ་འགྲོའི་བར་ཆད་འཕྲང་འདི་ལསཿ རྣལ་འབྱོར་ཕལ་ཆེར་ཐར་བར་དཀའཿ འདི་ལས་ཐར་ན་ཐར་ལམ་གྱིསཿ བགྲོད་པ་ཉི་ཟླ་ལས་ཀྱང་མགྱོགསཿ དེ་ཚེ་རྟོག་ཚོགས་གང་ཤར་ཀུནཿ རྨི་ལམ་དང་ནི་སྒྱུ་མ་ལྟརཿ གཏད་མེད་ཆེན་པོར་ལ་བཟླ་ཞིངཿ ལྷ་འདྲེ་དགྲ་གཉེན་འཁོར་འདས་ཆོསཿ མཉམ་པ་ཉིད་དུ་རྟོགས་གྱུར་ནསཿ བླ་མ་ལས་གཞན་སྐྱབས་མེད་ནཿ བར་ཆད་བདུད་ལས་རྒྱལ་བ་སྟེཿ ཚད་ཕེབས་ཆེན་པོའི་གཞི་ཚུག་གོཿ དེ་ནས་འོད་སྣང་འཁྲུལ་རྟོག་སྲབཿ སྣང་བ་ཐམས་ཅད་འལ་མ་འོལཿ ཐིག་ལེ་ལྔ་ཚོམ་དབུས་ཉིད་དུཿ རིགས་ལྔ་ཡབ་ཡུམ་གསལ་བ་དངཿ སྐབས་སུ་ཞི་བའི་ལྷ་ཚོགས་འཆརཿ ཐ་མལ་ལུས་ཀྱི་འཛིན་ཞེན་ཞིགཿ རུས་སྦལ་འཁར་གཞོང་བཞག་དང་མཚུངསཿ མ་བསླབ་ཆོས་ཀུན་རང་གྲོལ་ཤེསཿ ལོངས་སྤྱོད་འཁོར་ལོའི་གསང་མཛོད་རྡོལཿ ཅི་སྨྲས་གཞན་ལ་ཕན་ཐོགས་ཤིངཿ ཞེན་ཆགས་མེད་པར་འགྲོ་དོན་སྤྱོདཿ སེམས་ནི་གཞི་མེད་རྩ་བ་བྲལཿ འཁྲུལ་བའི་རྣམ་རྟོག་དབྱིངས་སུ་ཡལཿ སྒོམ་གྱི་རྫུན་ཕུག་རྡིབ་པ་སྟེཿ དེ་ཚེ་མུན་པའི་རྣལ་འབྱོར་ལཿ ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་འཆརཿ རྨི་ལམ་ཉིང་འཁྲུལ་བར་དོ་ཉིདཿ གྲོལ་ཞིང་ལོངས་སྐུའི་ཞིང་ཁམས་ཉུལཿ སངས་རྒྱས་མང་པོའི་ཞལ་ཡང་མཐོངཿ མདོ་རྒྱུད་དགོངས་པ་ཐུགས་སུ་ཆུདཿ ལུས་ངག་ཡིད་གསུམ་ཚད་ཕེབས་པསཿ སངས་རྒྱས་རྣམས་ཀྱི་བྱིན་རླབས་ཞུགསཿ རིག་འཛིན་རྣམ་བཞིར་སྨིན་པ་སྟེཿ ཚད་ཕེབས་ཆེན་པོའི་མཐའ་འདི་རུཿ འཕོ་བ་ཆེན་པོའི་སྐུར་བཞེངས་ནསཿ ཟད་པར་ས་ཆུ་མེ་རླུང་གིསཿ སྒྱུ་མ་ལུས་ཀྱི་བག་ཆགས་སྦྱངསཿ ལྷ་དང་རང་རིག་དབྱེར་མེད་ཀྱིསཿ སླར་ཡང་འོད་ལུས་ཆེན་པོར་སྒྲུབཿ དེ་ཡང་མ་དག་འཁོར་བའི་ཁམསཿ སྙིང་རྗེ་ཆེན་པོས་རྗེས་འཛིན་གྱིསཿ འགྲོ་བའི་དོན་ལ་གནས་པའོཿ འཕོ་མེད་ཆེན་པོར་ལ་བཟླ་ནཿ སྐུ་དང་ཞིང་ཁམས་འོད་སྣང་ཀུནཿ ནང་དབྱིངས་ཆེན་པོར་ལུགས་ལྡོག་ནསཿ སྤྲོས་པ་ཀུན་བྲལ་ཆོས་ཅན་ཁམསཿ ཆོས་ཉིད་དེ་བཞིན་ཉིད་ཀྱི་དབྱིངསཿ ཟག་པ་བག་ཆགས་བཅས་པར་ཟདཿ ལུས་ནི་དུར་ཁྲོད་མི་རོ་བཞིནཿ གཤེད་མ་སྟོང་གིས་ཉམ་མི་ངཿ ངག་ནི་སྒྲ་སྙན་རྒྱུན་ཐག་ཆདཿ གཞན་གྱི་ཅི་སྨྲས་བྲག་ཆར་མཚུངསཿ སེམས་ཉིད་གཞི་མེད་རྩ་བ་བྲལཿ ཆོས་སྐུ་སྐྱེ་མེད་ཀློང་ཆེན་པོརཿ གཞོན་ནུ་བུམ་སྐུར་གྲོལ་བ་སྟེཿ སྒྱུ་ལུས་འོད་ཀྱི་སྐུ་རུ་དེངསཿ དེ་ཡང་སྙིགས་མ་འཇོག་མི་འཇོགཿ འགྲོ་བའི་དོན་ལ་རག་ལས་སོཿ དེ་ཚེ་ལོངས་སྐུའི་ཞིང་ཁམས་ནསཿ དགོངས་པ་གཏད་པས་སེམས་ཅན་གྲོལཿ འགྲོ་དོན་མཆོག་གི་སྤྲུལ་སྐུར་མཚུངསཿ གདོད་མའི་རྒྱལ་ས་ཟིན་པའོཿ ༈ རྫོགས་ཆེན་དོན་གྱི་རྣལ་འབྱོར་པཿ ཚེ་འདིར་གྲོལ་བར་མ་གྱུར་ནཿ འཆི་ཁ་བར་དོའི་དུས་ཀྱི་ཚེཿ རང་ལུས་ཡི་དམ་ལྷ་རུ་བསྒོམཿ དབུ་མའི་ཡར་སྣ་རྒྱ་མཐོང་གིཿ ཐད་དུ་བླ་མའི་ཐུགས་ཀ་རུཿ ཨཱཿདཀར་དྲི་མེད་འོད་ཟེར་འཕྲོསཿ ཤེས་པ་མ་ཡེངས་དེ་ལ་གཏདཿ ཐིམ་རིམ་སྒྱུ་མ་རྨི་ལམ་ལྟརཿ འཛིན་མེད་ངང་བཞག་འོད་གསལ་གྱིཿ སྤྲོས་བྲལ་ནམ་མཁའ་ལྟ་བུ་ཡིཿ ཟུང་འཇུག་བདེ་བའི་ཡེ་ཤེས་འཆརཿ ད་ལྟའི་གོམས་སྟོབས་ཆེ་ཆུང་གིསཿ དད་པའི་ཤུགས་དང་ཐུགས་རྗེའི་ཤུགསཿ གཤིས་ཀྱི་ཤུགས་ཏེ་གང་རུང་གིསཿ བུམ་པ་ཆག་པའི་ནམ་མཁའ་བཞིནཿ བླ་མའི་ཐུགས་ཀྱི་ཀློང་དུ་འདྲེསཿ འཕོ་བྱ་འཕོ་བྱེད་ལས་འདས་ཀྱངཿ ཆོས་སྐུ་ལྟ་བ་རྒྱས་འདེབས་ཀྱིཿ མྱུར་ལམ་ཐབས་ཀྱི་ལམ་མཆོག་གོཿ དེ་ཚེ་འོད་མཐིང་ཀློང་དཀྱིལ་དུཿ ཐབས་ལམ་སྒོམ་པའི་རྣལ་འབྱོར་བརཿ གྲོགས་ཤར་དེ་ལ་བརྩེ་གདུང་གིསཿ ཆགས་པ་ཆེན་པོར་གྲོལ་བ་དངཿ འོད་ཀྱི་སྣང་བ་ཤར་བའི་ཚེཿ དཀར་སེར་དམར་དང་ལྗང་གུའི་མདོགཿ རིགས་མཆོག་ལྔ་དང་ཡེ་ཤེས་ལྔའིཿ རང་འོད་ཡིན་པར་ངོ་ཤེས་ནཿ ཞིང་ཁམས་ལྔ་རུ་གྲོལ་བར་འགྱུརཿ དབང་རབ་ཡར་གྱི་ཟང་ཐལ་དུཿ བགྲོད་འགྱུར་གསང་སྔགས་ཐབས་ཀྱི་ལམཿ བར་དོར་བགྲོད་པ་མེད་པའོཿ རྫོགས་ཆེན་དོན་གྱི་རྣལ་འབྱོར་པཿ གང་ལའང་ཞེན་པ་མེད་པ་དང་ཿ སེམས་ཅན་ཀུན་ཀྱི་དོན་སྤྱོད་ཅིང་ཿ སངས་རྒྱས་བཟང་པོས་ཕན་མ་བཏགསཿ སེམས་ཅན་ཀུན་ཀྱིས་གནོད་མ་བསྐྱལཿ དགེ་སྡིག་མིང་གི་བླ་དྭགས་ཙམཿ ཆགས་མེད་སྦྱིན་པ་གཏོང་བ་དངཿ ཆོས་ཀྱིས་འགྲོ་བའི་དོན་སྤྱོད་ཅིངཿ སྐྱིད་སྡུག་རོ་སྙོམས་ཆེན་པོར་རྟོགསཿ རྩལ་སྦྱོང་བོག་འདོན་འཛིན་མེད་སྤྱོདཿ འདི་ནི་རྒྱུན་གྱི་གདམས་པའོཿ རང་རང་སྐལ་བར་འཚམས་པ་ཡིསཿ ངོ་སྤྲོད་སློབ་དཔོན་མཁས་པ་ཡིཿ ཐུགས་ལས་ཐུགས་སུ་བརྒྱུད་པའོཿ ཨེ་མ་ཧོཿ སྟོན་པ་དྲི་མ་མེད་པ་ཡིཿ ཐུགས་བཅུད་ཡང་ཞུན་ཁྱད་འཕགས་ཆོསཿ གནད་ལས་གནད་དུ་བསྡུས་པ་སྟེཿ སྲིད་གསུམ་དཀོན་པའི་གནད་ཐིག་འདིཿ དགའ་རབ་དཔའ་བོ་ཉིད་་ལ་གཏདཿ དེས་ཀྱང་ཐུགས་ལས་ཐུགས་སུ་བརྒྱུདཿ མཆོད་རྟེན་བདེ་བྱེད་བརྩེགས་པ་རུཿ ཨ་ཙར་ཉི་མ་འོད་ཟེར་ལཿ ཌཱཀྐི་རྡོ་རྗེ་ཕག་མོ་ཡིསཿ དབང་བཞི་རྫོགས་པར་བསྐུར་བའི་ཚེཿ དགའ་རབ་དཔའ་བོའི་ཁྱད་ནོར་གནངཿ ཉམས་བླངས་ལྷུན་གྲུབ་རིག་འཛིན་གྱིཿ འཕོ་བ་ཆེན་པོའི་རྒྱལ་ས་ཟིནཿ རིན་ཆེན་པདྨ་རཀྟ་ཡིསཿ ཨོ་རྒྱན་བརྡ་རིས་ཆེན་མོར་བཀོདཿ རྡོ་རྗེ་ཕག་མོའི་ཐུགས་ཀློང་སྦསཿ གཅིག་བརྒྱུད་མནྡ་ར་བར་གནངཿ འོད་ལུས་འགྲུབ་ཅིང་མཁའ་སྤྱོད་གཤེགསཿ མ་འོངས་བསྐལ་པའི་ཐ་མ་ལཿ མཐའ་འཁོབ་པྲེ་ཏ་པུ་རིའི་ཞིང་ཿ གདོང་དམར་སྲིན་པོའི་གླིང་ཉིད་དུཿ ལྷ་ལྕམ་འགྲོ་དོན་སྤྱོད་པའི་ཚེཿ རྡོ་རྗེ་ཕག་མོའི་བྷ་ག་ནསཿ ང་སྤྲུལ་ཁྲག་འཐུང་དཔའ་བོས་རྙེདཿ ལྷ་ལྕམ་རང་དང་འཕྲད་གྱུར་ནསཿ འབྲས་བུ་མངོན་གྱུར་སྐལ་ལྡན་བུཿ མི་བདུན་འཇའ་ལུས་འོད་སྐུར་འགྲུབཿ བཀའ་འདི་སྔགས་ཀྱི་སྲུང་མ་དངཿ རྡོ་རྗེ་དྲག་མོ་རྒྱལ་ལ་གཏདཿ བྱེ་མའི་གྲངས་ཀྱི་འགྲོ་བའི་ཁམསཿ འགྲོ་དོན་མཐའ་རུ་འཁྱོལ་བར་ཤོགཿ ས་མ་ཡཿ སྐུ་གསུང་ཐུགས་ཀྱི་རྒྱཿ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུའི་རྒྱཿ བླ་མ་ཡི་དམ་མཁའ་འགྲོའི་རྒྱཿ ཟབ་རྒྱཿ གསང་རྒྱཿ སྦས་རྒྱཿ བདག་འདྲ་ཨ་ཙར་དམར་པོས་དགའ་རབ་རྡོ་རྗེའི་བརྡ་རིས་ལས་གསུངས་བཞིན་དག་པར་ཕབ་པ་དྲི་མ་མེད་པས་ཞུས་ཤིང་དག་པར་མཛད་པ་སྟེཿ སྟོན་པ་རྣམ་གསུམ་གྱི་དགོངས་པའི་བཅུད་དོཿ གུ་ཧྱཿ ཁ་ཐཾཿ ཡི་གེའི་འདུ་བྱེད་སློབ་བུ་རིག་པའི་ཡེ་ཤེས་ཀྱིས་བགྱིས་པས་ཤིན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག ། །། | ༄༅། །ཆོས་དབྱིངས་སྟོན་པ་འོད་མི་འགྱུར་བ་ལཿ རྣམ་པ་ཀུན་ཏུ་ཕྱག་འཚལ་སྐྱབས་སུ་མཆིཿ ཤིན་ཏུ་ཡང་གསང་ཐིག་ལེ་སྐོར་གསུམ་གྱིཿ བཅུད་བསྡུས་པད་རག་ཅན་གྱི་ཡི་གེ་འདིཿ དབང་རབ་སྐལ་ལྡན་དོན་དུ་འགོད་པ་ལཿ ཆོས་བདག་རིག་འཛིན་མཁའ་འགྲོས་གནང་བ་སྩོལཿ ཨོཾ་ཨཱཿཧཱུྃཿ རང་བཞིན་རྫོགས་པ་ཆེན་པོའི་མན་ངག་གི་རྒྱུད་ཤྭོ་ལོ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་གནད་ལས་གནད་དུ་བསྡུས་པ་ཡང་གསང་ཐིག་ལེ་སྐོར་གསུམ་ལསཿ སླར་ཡང་གང་ཟག་དབང་པོ་ཡང་རབ་གཅིག་ཆར་དུ་བསྒྲོད་པའི་ལམཿ དགའ་རབ་དཔའ་བོའི་ཁྱད་ཆོས་ཟབ་པ་ལས་ཀྱང་ཆེས་ཟབ་པཿ པདྨ་འབྱུང་གནས་ཐུགས་ཀྱི་ཐེག་ལེཿ ཆགས་ཆེན་པད་རག་ཡི་གེ་ཅན་ཞེས་བྱ་བཿ ཐོག་མར་བླ་མར་གསོལ་འདེབས་སྐྱབས་སུ་འགྲོཿ མཁའ་མཉམ་སེམས་ཅན་དོན་དུ་སེམས་མཆོག་བསྐྱེདཿ དེ་ནས་རྩ་རླུང་རྡོ་རྗེའི་དྲ་མིག་ནིཿ རང་ཉིད་བླ་མ་བུདྡྷ་ཐོད་ཕྲེང་རྩལཿ སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པཿ ཞལ་གཅིག་ཆགས་འཛུམ་ཕྱག་གཉིས་རྡོར་དྲིལ་བཅསཿ ཡུམ་འཁྱུད་ཞབས་གཉིས་འདོར་སྟབས་རིན་ཆེན་བརྒྱནཿ པདྨ་ཟླ་བ་ཉི་མའི་སྟེང་དུ་བཞུགསཿ ཡུམ་མཆོག་རྣལ་འབྱོར་དམར་མོ་གྲི་ཐོད་ཅནཿ མཛེས་འཛུམ་གཟི་འབར་ཆགས་པས་ཡབ་དང་སྦྱོརཿ སྣང་ལ་རང་བཞིན་མེད་པར་ལམ་གྱིས་གསལཿ དལ་དབུས་དབུ་མ་མཐིང་གསལ་མཚན་ཉིད་ལྡནཿ གཡས་གཡོན་རོ་རྐྱང་དཀར་དམར་ལྟེ་འོག་ནསཿ གྱེས་ཤིང་སྣ་བུག་གཉིས་སུ་ཧར་རེ་ཟུགཿ སྤྱི་བོར་བླ་མ་ཀུན་བཟང་ཡབ་ཡུམ་གསལཿ སྦྱོར་མཚམས་འོད་ཀྱིས་ལས་ཉོན་ཤེས་སྒྲིབ་སྦྱངསཿ རླུང་རོ་དགུ་འབུད་དམིགས་པས་གཞུར་ལ་དྲངསཿ སླར་ཡང་བླ་མའི་ཐུགས་ཀའི་འོད་ཟེར་གྱིསཿ རྒྱལ་བའི་བྱིན་རླབས་སྣོད་བཅུད་བཀྲག་མདངས་བསྡུསཿ རོ་རྐྱང་ནས་བརྒྱུད་དབུ་མའི་ལམ་དུ་སོངཿ རྩ་གནས་བྱིན་རླབས་འོད་ཀྱིས་ཁྲིགས་སེ་གངཿ སླར་ཡང་ཟེར་མདངས་སྤྱི་བོའི་གཙུག་ནས་ཐོནཿ རིག་བདག་བླ་མའི་ཐུགས་དམ་རྒྱུད་བསྐུལ་ཅིངཿ ཐུགས་ཀའི་འོད་ཀྱིས་སྣོད་བཅུད་འཁོར་འདས་ཀུནཿ འོད་དུ་བཞུས་ཤིང་མདུན་ཏུ་སྔོ་ཕྲིལ་བྱུངཿ རླུང་རོ་བསལ་ཞིང་ཧུབ་གསུམ་བཅུད་བསྡུས་པསཿ ལུས་ཀྱི་སྨད་ཀུན་ནམ་མཁའ་སྔོ་ཕྲིལ་གངཿ བླ་མ་མར་བྱུང་སྙིང་ཁའི་དབུས་སུ་བཞུགསཿ རླུང་ལྔ་ཐུགས་ཀར་བསྡུས་ཤིང་བཀྲག་མདངས་རྒྱསཿ རང་རིག་བླ་མ་དབྱེར་མེད་རང་ངོ་སྐྱོངཿ སླར་ཡང་བླ་མ་ཡར་འཕར་དུང་ཁང་དུཿ ཧཾ་ཡིག་བཀྲག་མདངས་གཟི་བརྗིད་ལྡན་པར་གནསཿ ཡུམ་ཉིད་མར་བྱོན་ཌཱཀྐི་དམར་གསལ་གྱུརཿ དེ་ཡང་འོད་ཞུས་ཐིག་དམར་ཨ་ཤད་མཚནཿ རླུང་གིས་ཨ་ཤད་བསྐུལ་བའི་ཡེ་ཤེས་མེསཿ གསང་གནས་རྩ་འཁོར་བདུན་ཅུ་རྩ་བདུན་ནསཿ ལྟེ་བ་སྙིང་ཁ་མགྲིན་པ་སྤྱི་བོའི་བརཿ རྩ་འཁོར་དྲུག་ཅུ་རྩ་བཞི་བརྒྱད་བཅུ་དྲུགཿ སུམ་ཅུ་རྩ་གཉིས་དམར་མཐིང་སེར་དཀར་མདོགཿ ཤེས་རབ་ཡེ་ཤེས་བདེ་བའི་མེ་ཡིས་གངཿ ཉོན་མོངས་ཤེས་བྱའི་སྒྲིབ་པ་བག་ཆགས་བསྲེགཿ མེ་ལྕེ་སྤྱི་བོའི་ཧཾ་ལ་རེག་པའི་ཚེཿ ཡབ་ཡུམ་བསྲུབ་སྦྱོར་བདེ་བར་སེམས་བཟུང་ཞིངཿ ཐིག་ལེའི་རྒྱུན་བབ་བདེ་ཆེན་འཁོར་ལོ་ནསཿ ལོངས་སྤྱོད་ཆོས་དང་སྤྲུལ་བ་བདེ་སྐྱོང་འབརཿ ཐིག་ལེས་གང་ཞིང་རྩ་འཁོར་རེར་བབ་ཚེཿ བདེ་བར་སེམས་བཟུང་ཡིད་རིག་ཆགས་པར་བསྐྱེདཿ ཐིག་ལེ་ཨ་ཤད་ལ་ཕོག་ལྷན་སྐྱེས་ཀྱིཿ ཡེ་ཤེས་ཆེན་པོ་ཐོབ་བསམ་རུ་སྦལ་དངཿ གར་མཁན་འཁྱུག་ལྟའི་མན་ངག་གནད་དུ་གཟེརཿ མེ་དང་བདུད་རྩི་དཀར་དམར་གྱེན་དུ་འཕྱུརཿ རྩ་འཁོར་ཡོངས་རྫོགས་དཀར་དམར་ལྟེམ་གྱིས་གང་ཿ ཧཾ་ཡིག་ཡར་འཕར་ནམ་མཁའི་འཁོར་ལོར་གནསཿ ཤེས་པ་མ་ཡེངས་རྩེ་གཅིག་དེ་ལ་གཏདཿ སླར་ཡང་མར་བབས་དུང་ཁང་ལ་གནས་ཤིངཿ བདུད་རྩིས་ལུས་གང་རྩ་གསུམ་ཀུན་ཁྱབ་ཚེཿ བསམ་གྱིས་མི་ཁྱབ་རྟོགས་པ་རྒྱུད་ལ་སྐྱེསཿ སྐྱུག་སྟངས་བསྣོན་སྟངས་སྤྲུག་སྟངས་འཁྲུལ་འཁོར་དངཿ བྲབ་གཞིལ་ཧ་སྤྲུག་བརྡབ་ཆུང་གསུམ་གྱིས་མཐརཿ དབྱིངས་རིག་བསྲེ་ཞིང་བརྟུལ་ཞུགས་རོ་ཉལ་བྱཿ དེས་ནི་ཐིག་ལེའི་རྣལ་འབྱོར་རང་བྱན་ཆུབཿ རྩ་རླུང་ཀུན་ཀྱི་གནད་བསྡུས་ཨེ་མ་ཧོཿ ༈ སྒྱུ་ལུས་ཟད་པའི་ཏིང་འཛིན་བསྒྲུབ་པ་ནིཿ སྣང་བ་ཕྱད་ཕྱོད་བན་བུན་ངང་དུ་བཞགཿ གཟུགས་སྒྲ་དྲི་རོ་རེག་བྱའི་ཆོས་སོ་ཅོགཿ བདེན་པར་མ་གྲུབ་སྒྱུ་མའི་ངང་དུ་སྦྱངསཿ ལུས་ཀྱི་སྤྱོད་ལམ་བག་ཡང་གང་དགར་བཏངཿ ངག་ནི་གཟའ་གཏད་མེད་པར་བག་མེད་བརྗོདཿ སེམས་ནི་གང་ཡང་ཡིད་ལ་མེད་པར་བཞགཿ གང་དྲན་སྨྱོན་པ་གཏད་མེད་ཅི་བཞིན་བརྗོདཿ རེ་དོག་ཤར་ཚེ་གཉན་ཐོག་གཉན་བབ་པའིཿ རེ་ཞིག་ཚེ་ན་ལུས་ངག་ཐང་ཆད་པསཿ སེམས་ཀྱང་ནམ་མཁའ་གཡའ་དག་ཇི་བཞིན་འགྱུརཿ དེ་ཚེ་ནམ་མཁའི་ཏིང་འཛིན་བསྒོམ་པ་ནིཿ སྙིང་ཁའི་རྩ་འཁོར་དབུས་སུ་ཨཱཿམཐིང་གསལཿ དེ་ཡི་འོད་ཀྱིས་རང་ལུས་འཛིན་བཅས་སྦྱངསཿ དང་པོ་བུམ་ཅན་ཐ་མར་བར་རླུང་སྦྲགཿ ཕྱི་ནང་སྣོད་བཅུད་ནམ་མཁའ་སྔོ་ཕྲིལ་སོངཿ དེ་ཡང་ན་བུན་དྭངས་བཞིན་སྟོང་པར་སྦྱངསཿ ལུས་ཀྱིས་མཆོང་རྒྱུག་རོལ་གར་ཅིར་ཡང་བསྒྱུརཿ ཞི་བདེར་ཉལ་དང་རྩུབ་སྤྱོད་ཉམས་དང་སྦྱརཿ གོམས་ཚེ་རང་ལུས་འཛིན་ཞེན་ཀུན་དག་ནསཿ མེད་སྙམ་སྟོང་པའི་རང་གཟུགས་མཐོང་བ་ནཿ ལྟེ་བར་ཨཱཿདམར་སེམས་བཟུང་མེའི་ཏིང་འཛིནཿ འོད་ཀྱིས་ལུས་སྦྱངས་ཨ་ཤད་མེ་འབར་དངཿ ཕྱི་སྣོད་དངོས་འཛིན་བསྲེག་དང་བག་ཆགས་སྦྱངཿ འདི་ནི་རླུང་གི་གནད་ཀྱིས་གནས་པར་སྦྱངཿ གོམས་ཚེ་གར་བསྒྱུར་རྩལ་སྦྱང་སྣོད་བཅུད་བསྲེགསཿ སླར་ཡང་ཨཱཿདམར་ཡེ་ཤེས་མེ་འབར་བཿ གསལ་ཞིང་གོམ་ཚེ་མེ་ཡི་ཏིང་འཛིན་འགྲུབཿ རླུང་ནི་གསང་གནས་ཨཱཿལྗང་སེམས་བཟུང་ཞིངཿ འོད་ཟེར་རླུང་ཤུགས་དྲག་པོས་རང་ལུས་དངཿ བག་ཆགས་དངོས་འཛིན་ཀུན་གཏོར་སྟོང་བར་སྦྱངཿ ཨཱཿལྗང་རླུང་ཤུགས་བར་སྣང་དག་ལ་གནསཿ གོམ་ཞིང་ལུས་ཀྱི་འཛིན་ཞེན་དག་པའི་ཚེཿ རླུང་གི་ཤུགས་ཀྱིས་གནས་གཞན་བགྲོད་པ་དངཿ ཤིན་ཏུ་བརྟན་ཚེ་ཞིང་ཁམས་བགྲོད་པའང་ནུསཿ ཆུ་ཡི་ཏིང་འཛིན་སྤྱི་བོའི་ཨཱཿདཀར་ལཿ སེམས་བཟུང་ཆུ་བྱུང་བག་ཆགས་སྒྱུ་ལུས་སྦྱངསཿ ལུས་ཀུན་འོད་ཀྱིས་ཡོལ་གོར་བདུད་རྩིས་ཆུསཿ ལྟེམ་གྱིས་གང་བ་ཡི་གེའི་སྙིང་པོ་ཅནཿ སེམས་བཟུང་བར་རླུང་དང་སྦྲག་འགུལ་བསྐྱོད་སྤངསཿ དེ་ཉིད་ཆེས་ཆེར་བསླབ་པས་ཏིང་འཛིན་འགྲུབཿ ས་ནི་མགྲིན་པར་ཨཱཿསེར་སེམས་བཟུང་སྟེཿ འོད་ཟེར་སེར་པོས་རང་ལུས་དངོས་འཛིན་སྦྱངཿ འོད་ཀྱི་གང་བུ་བྱ་ཆེན་སྒོ་ང་ཙམཿ སེམས་བཟུང་ལུས་ཞེན་མ་ཆོད་བར་དུ་སྦྱངཿ རང་སྣང་འོད་སེར་ལམ་ལམ་གྱུར་པའི་ཚེཿ རི་རབ་རྡོ་རྗེའི་བྲག་དང་མཆོད་རྟེན་སོགསཿ དམིགས་པའི་འཕྲུལ་འཁོར་གང་ལའང་བསྒྱུར་བར་ནུསཿ དེ་དག་ཀུན་ཀྱི་སྙིང་པོ་ཡང་ཟབ་ནིཿ ནམ་མཁར་སྐས་བཙུག་ཐོགས་མེད་བགྲོད་པ་དངཿ སེང་གེ་ཁྱུང་ཆེན་ཞོན་ཞིང་མཁའ་ལ་འགྲོཿ རང་ལུས་མི་སྣང་སྟོང་བར་སྦྱང་བ་སོགསཿ ཁྲེགས་ཆོད་རྩལ་སྦྱང་རུ་ཤན་ཆེན་མོས་རྟོགསཿ ༈ དེ་ནས་དངོས་གཞི་འཛིན་པར་གྲོལ་གྱིཿ གདམ་པ་ཟབ་མོ་ཉམས་སུ་ལེན་པ་ལཿ ཐོག་མར་འཁོར་བའི་ཀུན་རྟོག་ཀུན་སློང་ཞིངཿ དེ་ཡང་བག་ལ་ཉལ་བ་མངོན་དུ་ཕྱུངཿ རིགས་དྲུག་སྟོང་དང་སངས་རྒྱས་སྤྱོད་པ་སྤྱདཿ ཁྱད་པར་རང་གི་རྒྱུད་ཀྱི་རྟོག་པའི་ཆོསཿ དུག་ལྔ་རེ་དོགས་མཚན་མའང་ཀུན་བརྗོད་ཅིངཿ ལྕགས་ཀྱི་གཉེན་པོར་ལྕགས་ཀྱིས་གཅོད་པ་དངཿ མེ་ཡི་གཉེན་པོར་མེ་ཡིས་བསྲེག་པ་བཞིནཿ ཉོན་མོངས་གཉེན་པོར་ཉོན་མོངས་འཇོམས་པས་ནཿ རང་རང་ཞེན་པ་མ་ཆོད་བར་དུ་འབདཿ དེ་ཚེ་སྣང་བ་གཏད་མེད་འལ་མ་འོལཿ ཕྱད་ཕྱོད་གང་ལའང་རེ་དོགས་བྲལ་གྱུར་ཚེཿ ལུས་ནི་མི་རོ་ཅི་བཞིན་ཅི་བདེར་བཞགཿ ངག་ཀྱང་པི་ཝཾ་རྒྱུན་ཐག་ཆད་པ་ལྟརཿ སེམས་ནི་ཐད་ཀའི་ཤེས་པ་རང་བབ་ལྷོདཿ བྱ་བ་དགུ་ཕྲུགས་ཀུ་སུ་ལུ་ཡི་ངངཿ འཁོར་བར་འཕེན་བྱེད་སེམས་ལ་བརྟགས་པའི་ཚེཿ ད་ལྟའི་རྣམ་པར་རྟོག་པ་གྱ་མ་གྱུཿ ཐོག་མར་བྱུང་ས་བྱུང་མཁན་གཉིས་སུ་མེདཿ བྱུང་ས་བརྟགས་ཚེ་བྱུང་མཁན་རང་ཡང་བོརཿ སྐྱེ་མེད་རྟོགས་སོ་གནས་ས་གནས་མཁན་གྱིཿ མཁན་པོ་སྟོང་ཞིང་ཆུ་ལ་འཇུས་དང་མཚུངསཿ འགྲོ་འོང་བརྟགས་ཚེ་འགྲོ་ས་འགྲོ་མཁན་བྲལཿ གློ་བུར་རྣམ་རྟོག་ཉི་ཟེར་རྡུལ་འཁྲིགས་བཞིནཿ འཁྲུལ་པའི་གཟུང་འཛིན་གཉིས་སུ་ངོ་འཕྲོད་ཚེཿ ཤེས་པ་ནམ་མཁར་གཏད་ཅིང་ཞི་གནས་ཤེསཿ སླར་ཡང་རྩལ་སྦྱང་ཕྱི་ནང་རུ་ཤན་འབདཿ དེ་ཚེ་རྣམ་རྟོག་གང་ཤར་ལྷག་གིས་རིགཿ རིག་མ་ཐག་ཏུ་ངོས་བཟུང་ངག་ནས་བརྗོདཿ སྣང་བ་གང་ཤར་ཐམས་ཅད་བདག་མེད་དུཿ སེམས་ཀྱིས་ཐག་བཅད་ངག་གིས་བདག་མེད་བརྗོདཿ དགྲ་གཉེན་རྟོག་པ་གང་ཆེ་མངོན་དུ་ཕྱུངཿ འདི་དང་བརྟུལ་ཞུགས་རོ་ཉལ་ཆེན་པོ་གཉིསཿ རེས་མོས་འཁྲུལ་པ་མ་ཞིག་བར་དུ་འབདཿ ཇི་ཞིག་ཚེ་ན་རྣམ་རྟོག་ཤར་གྲོལ་མཉམཿ རང་གཞན་ངག་གི་བརྗོད་པའང་བྲག་ཆར་མཚུངསཿ རང་ལུས་འཛིན་ཞེན་དག་ཅིང་ཐེ་ཚོམ་ཞིགཿ རིག་པ་མ་བཅོས་ལྷག་གིས་མཐོང་བའི་ཚེཿ བླ་མས་དབང་བསྐུར་དབའ་རླབས་རྣམ་པ་གསུམཿ གང་རུང་ལ་བརྟེན་ཆོས་ཉིད་རང་ངོ་སྤྲདཿ དེ་ཚེ་མ་ཡེངས་མི་ཞེན་མི་སྒོམ་ཞིངཿ བརྗོད་མེད་ངང་ནས་ཀ་དག་རང་ངོ་ཤེསཿ ཐེ་ཚོམ་རྟོག་དཔྱོད་དྲི་མས་མ་གོས་པརཿ གང་ཤར་ཕན་གནོད་བྲལ་བར་རང་ཤུགས་གྲོལཿ ཉོན་མོངས་དགེ་སྡིག་མ་སྤངས་གནས་སུ་དགཿ རོ་སྙོམ་ཆེན་པོ་ཁྲེགས་ཆོད་འབྲས་བུ་ཐོབཿ གང་ལའང་མི་ཞེན་བླང་དོར་མཚན་མ་བྲལཿ ཐམས་ཅད་ཐམས་ཅད་རྨི་ལམ་སྒྱུ་མར་རྟོགསཿ སྐྱེ་དང་འཆི་བ་མིང་གི་བླ་དྭགས་ཙམཿ རིགས་དྲུག་སྡུག་བསྔལ་མེད་སྣང་སྟོང་གཟུགས་མཚུངསཿ དེ་ཚེ་ཀུན་བཟང་ཆོས་སྐུའི་དགོངས་པ་རྟོགསཿ བླ་ན་མེད་པའི་འབྲས་བུ་ཆེན་པོའོཿ སྐབས་ཀྱི་ངོ་སྤྲོད་གང་ཟག་རབ་འབྲིང་གིཿ རྒྱུད་ཚོད་དང་བསྟུན་བླ་མའི་ཞལ་ལས་ཤེསཿ དགའ་རབ་རྡོ་རྗེས་གསང་བའི་ངོ་སྤྲོད་ནིཿ ཀྱེ་སྐལ་ལྡན་རིགས་ཀྱི་བུ་དད་པ་དང་དམ་ཚིག་ལྡན་པ་ལེགས་པར་ཉོན་ཅིགཿ ཁྱོད་དཔའ་རླབས་ཆེན་མོའི་དུས་སུ་རིག་པ་སྨྲ་བསམ་བརྗོད་མེད་གཞི་མེད་རྩ་བྲལ་དུ་ཧད་ཀྱིས་ལུསཿ གཟུགས་སྣང་སྒྲར་སྣང་སོགས་ཡུལ་གང་ལའང་མཐོང་བ་ཙམ་ལས་ཚོར་བས་བདག་ཏུ་མ་བཟུང་ཞིངཿ ཐེ་ཚོམ་དང་རེ་དོགས་ཆགས་སྡང་ཀུན་ལས་འདས་པ་དེ་ཀ་དག་རིག་པ་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོའི་དགོངས་པའི་མཐིལ་ཆེན་པོའོཿ ངོ་ཤེས་པར་གྱིས་ཤིགཿ འབྲས་བུའི་གྲོལ་ས་ཆེན་པོའང་འདི་ཀའོཿ འོ་རིགས་ཀྱི་བུཿ ཡབ་ཡུམ་མཉམ་སྦྱོར་གྱི་ཚེ་ཆགས་པའི་ཤུགས་ཀྱིས་ཉོན་མོངས་པའི་ཀུན་རྟོག་བརྒྱད་ཁྲི་བཞི་སྟོང་རང་སར་འགགས་ནས་གཉིས་ཤོར་གཉིས་མཉམ་གྱི་ཚེཿ བདེ་བ་ཆེན་པོའི་ཤུགས་ལས་ལྷན་སྐྱེས་ཡེ་ཤེས་ཞེས་བྱ་བཿ བདེ་བ་དེའི་ངང་ལ་དར་ཅིག་གང་ཡང་ཡིད་ལ་མེད་པ་ནམ་མཁའ་གཡའ་དག་པ་ལྟར་ཐིམ་གྱིས་གནས་པ་དེ་ནི་བུམ་པ་སྐུའི་རང་གདངས་ཀུན་ཏུ་བཟང་པོའི་དགོངས་ཉམས་ཆེན་པོ་སྟེཿ ཐབས་ལ་བརྟེན་ནས་རྟོགས་པ་ཡིན་པས་ངོ་ཤེས་པར་གྱིས་ཤིགཿ སངས་རྒྱས་ཀྱི་དགོངས་པ་འདི་ཁོ་ནའོཿ འོ་རིགས་ཀྱི་བུ་ཡིད་ལ་མེད་པ་བླ་མས་ཕཊཿཀྱིས་བརྡ་དབང་བསྐུར་བའི་ཚེཿ སྔངས་ཤིང་རྣམ་རྟོག་རེ་ཞིག་རང་ཡལ་དུ་སོང་ནས་ཧ་ཕྱད་དེ་ལུས་པ་འདི་ཡང་རིག་པ་རང་བྱུང་གི་ཡེ་ཤེས་ཐ་མལ་ཤེས་པ་མ་བཅོས་ཟང་ཁ་མ་ཡིན་ཏེ་ངོ་ཤེས་པར་གྱིས་ཤིགཿ འོ་རྒྱུན་དུ་བླ་མའི་ཐུགས་དང་རང་གི་རིག་པ་དབྱེར་མེད་འཚོས་ལ་རང་གདངས་དང་མ་བྲལ་བར་གྱིས་ཤིགཿ སྐྱེ་མེད་རིག་པ་ངོ་འཕྲོད་ནཿ བདག་མེད་འཛིན་ཞེན་བྲལ་བར་རྟོགསཿ སྒོམ་མེད་ངོ་བོ་ཉིད་མེད་པཿ འཁོར་འདས་བདག་མེད་སྒྱུ་མར་རྟོགསཿ རྩལ་གྱི་རྣམ་རྟོག་བཟང་ངན་ཀུནཿ གང་ཤར་མ་ཞེན་ཤར་མཁན་རྟོགཿ ཤར་ཚེ་མཉམ་ཤར་བཟང་ངན་མེདཿ གྲོལ་ཚེ་མཉམ་གྲོལ་བཟང་ངན་མེདཿ རག་པའི་རྐྱེན་གྱིས་མ་བསྒྱུར་ཅིངཿ ཕྲ་བའི་རྐུན་བུས་མ་བསླུས་ནཿ གང་ཤར་ཆོས་ཉིད་རོལ་གར་རོཿ བསྒོམ་དུ་རྡུལ་ཙམ་མེད་པ་ལཿ ཡེངས་དང་མ་ཡེངས་འཛིན་ཞེན་གྲོལཿ བྱར་མེད་ལྷུག་པར་གནས་པ་དེཿ ཁྲེགས་ཆོད་ལྟ་བའི་འབྲས་བུའོཿ སྐལ་ལྡན་རྣམས་ཀྱི་སྙིང་ལ་འཆོངསཿ ཅེས་གསུངས་ཁྲེགས་ཆོད་ལམ་གྱི་མཐར་ཐུག་པཿ འདི་ལས་གཞན་དུ་ང་ཡིས་མ་མཐོང་ངོཿ ས་མ་ཡཿ ༈ ད་ནི་འོད་གསལ་རྫོགས་པ་ཆེའིཿ ཉམས་ལེན་བགྲོད་པ་གཅིག་པུའི་ལམཿ འོད་གསལ་ཐོད་རྒལ་ཆེན་པོ་ཡིཿ གནད་ཀྱི་གདམས་པ་བསྟན་གྱིས་ཉོནཿ ཐོག་མར་རོ་སྙོམ་ཅུང་ཟད་བྱཿ དེ་ནས་བྱ་བ་དགུ་ཕྲུགས་བཏངཿ ལུས་སེམས་རྣལ་དུ་ཕེབས་པའི་ཚེཿ སྤྲུལ་སྐུ་དྲང་སྲོང་འདུག་སྟངས་དངཿ ལོངས་སྐུ་གླང་པོ་ཆེ་ཡི་སྟངསཿ ཆོས་སྐུ་སེང་གེ་འདུག་སྟངས་གསུམཿ ཆོས་སྐུའི་གཟིགས་སྟངས་སྐྱེ་མེད་སྟེངཿ ལོངས་སྐུའི་གཟིགས་སྟངས་འགག་མེད་ཐདཿ སྤྲུལ་སྐུའི་གཟིགས་སྟངས་འགྲོ་དོན་འོགཿ མི་འགྱུར་རྡོ་རྗེའི་འདུག་སྟངས་ནིཿ གན་རྐྱལ་བར་རླུང་འོག་ཏུ་མནནཿ ལུས་བསྲངས་ནམ་མཁའ་དངས་པའི་ངོསཿ རིག་པ་གཏད་ཅིང་དར་ཅིག་བཞགཿ དེ་ནས་དབུས་དང་སྟེང་འོག་གཉིསཿ གཡས་གཡོན་ལྔ་རེ་སྤྱན་ལྔ་ལྡནཿ འོད་སྣང་དག་དང་བསྟུན་པའོཿ རེ་འགར་ཙོག་པུའི་འདུག་སྟངས་ཀྱིསཿ མུན་པའི་རྣལ་འབྱོར་དག་ལ་བསླབཿ ཉི་ཟླར་ཐོག་མར་ངོ་འཕྲོད་ཙམཿ རྒྱུན་དུ་ནམ་མཁའ་དྭངས་བ་དངཿ བར་སྣང་སྟོང་པར་སྦྱང་བར་བྱཿ ལུས་ནི་སྤྱོད་པར་མི་གནས་ཤིངཿ ངག་ནི་སྒྲ་ལ་མི་གནས་པརཿ སེམས་ནི་འཁྲུལ་བར་གནས་མི་བྱཿ མི་འགུལ་མི་སྨྲ་མ་བཅོས་པརཿ གནད་གསུམ་ཐེབ་པ་འདིའི་དགོངས་པཿ མི་འགུལ་མིག་ལ་མི་གཡོ་རླུངཿ མི་སེམས་རིག་པ་ཐོག་མར་གཅེསཿ གོམས་ཆ་ཐོབ་ནས་གང་བདེར་བཞགཿ སྐབས་སུ་སྨྱོན་པ་བརྟུལ་ཞུགས་ཀྱིསཿ གང་ཤར་སྤྱོད་པའི་རྩལ་སྦྱང་ངོཿ དེ་ཡང་ནང་གདངས་ཕྱི་གདངས་ཀྱིཿ སྣང་བ་བཞི་དང་སྒྲོན་མ་དྲུགཿ རྣལ་འབྱོར་ལྡན་པའི་རྡོ་རྗེའི་ལུསཿ སྙིང་དབུས་མི་ཤིགས་ཐིག་ལེ་ནིཿ ཙིཏྟ་ཤ་ཡི་སྒྲོན་མ་ཞེསཿ དྭངས་མ་ལྔ་འདུས་གཟུགས་སུ་གནསཿ དེ་དབུས་ཆོས་ཉིད་གཞིའི་སྒྲོན་མཿ ངོ་བོ་རང་བཞིན་ཐུགས་རྗེར་བཞུགསཿ ཡེ་ཤེས་ལྔ་ཡི་འཆར་གཞིའོཿ དེ་ལས་འོད་རྩ་དར་དཀར་གྱིཿ སྐུད་པ་ལྟ་བུས་མིག་གཉིས་འབྲེལཿ ཁྲག་དང་ཆུ་སེར་གྱིས་མ་གོསཿ འོད་རྩ་བ་མིན་རྭ་འདྲ་བཿ རྒྱང་ཞག་ཆུ་ཡི་སྒྲོན་མའོཿ ནམ་མཁའ་དངས་བའི་དབྱིངས་རུམ་དུཿ འོད་སྣང་རེ་ལྡེའམ་ཟ་འོག་བཀྲམཿ རྐྱེན་གྱིས་དཀར་སེར་དམར་ལྗང་མཐིངཿ སྣང་བ་རྣམ་དག་དབྱིངས་སྒྲོན་མཿ དེའི་དབུས་འོད་ལྔའི་ཐིག་ལེ་ནིཿ རྨ་བྱའི་མདོངས་ལྟར་བཀྲ་བ་དངཿ རྩིབ་ཤར་གྱེན་འགྲེང་གོར་མོར་བཟུངཿ ཐིག་ལེ་སྟོང་པའི་སྒྲོན་མའོཿ དེ་ཡང་རྩ་རིགས་ཁྱད་པར་ལསཿ ཐོག་མ་ཉིད་ནས་གསལ་བ་དངཿ རྣལ་འབྱོར་ཉམས་ལེན་གོ་བསྟུན་དངཿ མ་ངེས་གཟུགས་སུ་འཆར་བའང་ཡོདཿ དེ་དབུས་མུ་ཏིག་ཕྲེང་བའམཿ གསེར་སྐུད་བསྒྲིམས་པ་ལྟ་བུ་སྟེཿ གཅིག་ཏུ་མི་གནས་ཀུན་ཏུ་གཡོཿ ཁ་དོག་གཟུགས་སུ་གྲུབ་པ་མེདཿ བར་མཚམས་ཐིག་ལེ་ཕྲ་མོས་བརྒྱནཿ རིག་པ་རྡོ་རྗེ་ལུ་གུ་རྒྱུདཿ ཐོག་མའི་ཉམས་ལེན་མཐིལ་ཡིན་ཏེཿ འདི་ཉིད་ཡུལ་སྣང་གང་ལའང་འཆརཿ ཐོག་མར་བཞུགས་སྟངས་གཟིགས་སྟངས་གྱིཿ གནད་ཀྱིས་འདི་ལ་གོམ་འདྲིས་མཛོདཿ ༈ མུན་པའི་རྣལ་འབྱོར་ཆེན་པོ་ནིཿ དབྱིངས་སྒྲོན་ཟ་འོག་བཀྲམ་འདྲ་ལཿ ཐིག་ལེ་སྟོང་པར་གོར་མོག་ཆུརཿ རྡེལ་བརྒྱབ་ཇི་བཞིན་གྱི་ལེ་བཿ འོད་ལྔ་མ་ངེས་གཟུགས་སུ་འཆརཿ རྩིབ་ཤར་གྱེན་འགྲེངས་མཆོད་རྟེན་དངཿ ཁང་བུ་བརྩེགས་པའི་རྣམ་པར་འཆརཿ ལུ་གུ་རྒྱུད་ནི་ཐོག་མའི་དུསཿ ཁ་དོག་གཟུགས་སུ་མ་གྲུབ་ཀྱངཿ གྱ་གྱུ་འགྲོ་འོང་ཅན་དུ་འཆརཿ དེ་ལ་གོམ་ཞིང་འདྲེས་པ་ནིཿ ནང་གི་རིག་པའི་རྟེན་ཉིད་དུཿ ཞེན་ཆགས་མེད་པར་ཐད་ཀར་བཞགཿ ནང་གདངས་ཕྱི་རུ་ཤར་བ་སྟེཿ རང་འོད་ཡིན་པར་ཤེས་པར་གྱིསཿ དེ་ཡང་ཆོས་ཉིད་མངོན་སུམ་དུསཿ རིག་པ་བརྗོད་དུ་མེད་པ་ལཿ འོད་གདངས་ཁ་དོག་རྣམ་ལྔ་པོཿ འཕེལ་འགྲིབ་མེད་པར་གསལ་བ་ལཿ ལུག་རྒྱུད་རང་ངོ་ཤེས་པའི་ཚེཿ རི་རྩེའམ་ནི་མཐོ་པའི་སརཿ རྡོ་རྗེ་སློབ་དཔོན་ཐུགས་རྗེའི་གཏེརཿ རིགས་མ་དཔའ་བོ་མཁའ་འགྲོའི་ཚོགསཿ ཚོགས་དང་མཆོད་པས་མཉེས་བྱས་ལཿ ཉིན་གསུམ་ཐུགས་ཀྱི་དགོངས་པ་རྫོགསཿ ཐོག་མར་བྱིན་རླབས་དབང་ཆེན་བསྐུརཿ རིག་པའི་རྩལ་དབང་ཆེན་པོ་ནིཿ སློབ་དཔོན་ཆབ་ཀྱིས་སློབ་བུ་བཀྲུསཿ རྣམ་སྣང་ཆོས་བདུན་འདུག་སྟངས་ཀྱིསཿ སྟོད་གཡོགས་བསལ་ཞིང་བླ་སློབ་གཉིསཿ དད་དང་བརྩེ་བའི་དགོངས་པ་གཏདཿ བླ་མས་བྱིན་ཆེན་དབབ་མཛད་ཅིངཿ སྤོས་དང་རྫས་ལྔ་དུད་པས་བདུགཿ ཐབས་དང་བརྡ་ཡིས་རང་ངོ་སྤྲདཿ དབང་རབ་སྐལ་བ་ལྡན་པ་ལཿ སྲོད་དུས་གསང་བའི་དབང་མཆོག་བསྐུརཿ ནམ་གུང་ཤེས་རབ་ཡེ་ཤེས་ཀྱིསཿ རིག་པ་དོན་གྱི་རང་ངོ་སྤྲདཿ དེ་ཡང་བླ་མའི་དགོངས་པ་གཏདཿ ཀྱེ་ཧོ་སྐལ་ལྡན་སྙིང་གི་བུཿ གཉིས་ཤོར་གཉིས་མཉམ་དུས་འདི་རུཿ ཉོན་མོངས་རྟོག་ཚོགས་བརྒྱད་ཅུ་པོཿ ཐམས་ཅད་འདོད་པའི་ཀློང་དུ་ཐིམཿ འདོད་པ་བདེ་བའི་ངང་ཉིད་ལསཿ ཤིན་ཏུ་རྣམ་དག་ཧད་ཀྱིས་བརྒྱལཿ རིག་མའི་བདེ་བའི་ཤུགས་ཉིད་ལསཿ བརྗོད་དུ་མེད་པ་ཧ་ཕྱད་དེཿ སྟོན་གནམ་སྤྲིན་གྱིས་མ་གོས་པརཿ སྣང་བ་ཡུལ་ལ་མ་ཤར་བཿ འདི་ནི་ཀ་དག་གདོད་མའི་གཤིསཿ དབང་ལས་བྱུང་བའི་ཡེ་ཤེས་ཏེཿ འོད་གསལ་བར་དོའི་དུས་ཀྱི་ཚེཿ ཡར་གྱི་ཟང་ཐལ་འགྲོ་བ་ལཿ མ་པང་བུ་འཇུག་ལྟ་བུ་སྟེཿ འདི་ཉིད་རང་ངོ་ཤེས་པར་གྱིསཿ རྟག་ཏུ་འདི་དང་མ་བྲལ་ཅིགཿ གདོད་མ་གཞི་ཡི་གནས་ལུགས་སོཿ ཤེས་པར་གྱིས་ཤིག་རིགས་ཀྱི་བུཿ ཅེས་བརྗོད་རིག་པ་འཕྲོད་པར་བྱཿ དེ་ནས་སྐྱ་རེངས་ཤར་བའི་དུསཿ སྒྲོལ་བ་སྙིང་རྗེ་ཆེན་པོ་ཡིཿ ངོ་སྤྲོད་རྣམ་རྟོག་ཡེ་ཤེས་སུཿ གྲོལ་བས་གཟུང་འཛིན་གཞི་སྟོང་ཞིངཿ མ་རིག་རུ་ཏྲ་བསྒྲལ་བ་ལཿ བདག་ཉིད་བླ་མར་གསལ་བ་དངཿ ཡུམ་མཁའ་ཆོས་འབྱུང་གསལ་བ་དངཿ རྡོ་རྗེ་ཕུར་བུར་གསལ་བ་སྟེཿ རྣམ་རྟོག་གཟུང་འཛིན་རུ་ཏྲ་ནིཿ གཟུགས་ཕུང་དགྲ་གདོན་རྣྲྀཿཏྲིའི་སྲོགཿ ཏིང་ངེ་འཛིན་གྱིས་འགུགས་བྱེད་ཅིངཿ རྡོ་རྗེའི་ཕུར་པ་སྙིང་དབུས་གཟིརཿ སྲོག་དབུགས་མར་མེ་ཐིབས་ཀྱིས་བསདཿ ཚེ་བསོད་ནྲྀཿཡིག་རྣམ་པར་དྲངཿ རང་ལ་ཐིམ་པས་བཀྲག་མདངས་རྒྱསཿ རྣམ་ཤེས་རིག་པའི་ཀློང་དུ་བསྲེཿ དེ་ཚེ་རྣམ་རྟོག་ཆོས་སྐུའི་ཀློངཿ བརྟུལ་ཞུགས་ཆེན་པོའི་སྒྲོལ་བ་ནིཿ སྙིང་རྗེ་ཆེན་པོའི་ངོ་སྤྲད་དོཿ དེ་ཚེ་ངར་འཛིན་རུ་ཏྲ་ཞིཿ འཁྲུལ་པ་དབྱིངས་སུ་དག་པར་འགྱུརཿ དེ་ནས་ཉི་ཤར་དུས་ཀྱི་ཚེཿ སྟོད་གཡོགས་བསལ་ཞིང་བདུད་རྩི་ལྔསཿ སློབ་བུའི་ལུས་ཀུན་ཁྱབ་པར་བྱུགཿ ནམ་མཁའ་དྭངས་པའི་དབྱིངས་ཉིད་དུཿ སྤྲུལ་སྐུའི་འདུག་སྟངས་དང་བཅས་བལྟཿ ཀྱེ་རིགས་ཀྱི་བུ་མ་ཡེངས་པར་ལྟོས་ཤིགཿ ཆོས་ཉིད་དོན་གྱི་སྒྲོན་མ་ཙིཏྟ་ཤ་ཡི་སྒྲོན་མའི་གདངསཿ རྒྱང་ཞག་ཆུ་ཡི་སྒྲོན་མའི་ལམ་ནས་བརྒྱུདཿ ཉི་མའི་དཀྱིལ་འཁོར་གྱི་རྐྱེན་ལས་ཕྱིར་ཤར་བ་སྟེཿ དབྱིངས་སྣང་རེ་ལྡེའི་གཟུགས་སུ་བྱུང་བ་འདི་ནི་ཆོས་སྐུའི་གདང་ངོཿ ཐིག་ལེ་སྟོང་པའི་སྒྲོན་མ་རྨ་བྱའི་མདོངས་ལྟ་བུ་ཐིག་ལེའི་གཟུགས་སུ་གནས་ཤིངཿ རྩིབ་ཤར་དང་གྱེན་འགྲེང་གི་རྣམ་པའི་བར་ན་སྐུ་དང་ཡིག་འབྲུའི་རྣམ་པ་མི་གསལ་ཡང་སྣང་བར་རིག་པ་ཙམ་ནི་ལོངས་སྐུའི་གདངས་སོཿ དེའི་སྟེང་ན་རིག་པ་ལུ་གུ་རྒྱུད་ཀྱི་སྒྲོན་མ་མུ་ཏིག་ཕྲ་མོའི་ཕྲེང་བ་དང་གསེར་སྐུད་བསྒྲིལ་བ་ལྟ་བུར་ཤར་བ་ཡེ་ཤེས་ཀྱི་རླུང་གིས་བསྐྱོད་པའི་འགྲོ་འོང་ཅན་གདོད་ནས་འཁྲུལ་མ་མྱོང་བའི་མཚན་མར་མ་གྲུབ་པ་འཁྲུལ་པ་གཞི་ལ་དག་པས་གཅིག་ཏུ་མ་ངེས་པ་ནི་སྤྲུལ་པ་སྐུ་ཡི་གདངས་ཏེ་ངོ་ཤེས་པར་གྱིས་ཤིགཿ རྒྱུན་དུ་འདི་དང་མ་བྲལ་བར་ཡེངས་མེད་འཛིན་མེད་དུ་རྒྱུན་སྐྱོང་ལཿ གཤིས་ལུགས་དང་དབྱེར་མེད་དུ་མ་བྲལ་བར་གྱིས་ཤིགཿ ཇི་ཞིག་ན་འབྲས་བུ་མངོན་དུ་འགྱུར་བའོཿ ཆོས་ཅན་གྱི་སྣང་བ་ཀུན་ཆོས་ཉིད་ཀྱི་ཀློང་དུ་གྲོལ་ཞིང་གཞོན་ནུ་བུམ་སྐུའི་གློང་དུ་གྲོལ་ཞིང་བཙན་ས་ཟིན་པར་འགྱུར་རོཿ དེ་ནས་ལོངས་སྐུའི་འདུག་སྟངས་ཀྱིསཿ སློབ་དཔོན་ཕྱག་ཏུ་ཁ་དོག་ལྔའིཿ མདའ་དར་ཐོགས་ལ་འདི་སྐད་དོཿ ཀྱེ་མཿ སྐལ་ལྡན་རིགས་ཀྱི་བུ་ཁྱོད་མ་ཡེངས་པར་ཉོན་ཅིགཿ ཆོས་ཉིད་གཞི་ཡི་རྩལ་མདངསཿ ཙིཏྟ་ཤ་ཡི་སྒྲོན་མའི་འོད་མདངས་ཤར་བ་སྟེཿ དཀར་པོ་ནི་རྡོ་རྗེ་སེམས་དཔའ་མེ་ལོང་ཡེ་ཤེས་ཀྱི་འོད་དོཿ སེར་པོ་ནི་རིན་ཆེན་འབྱུང་ལྡན་མཉམ་ཉིད་ཡེ་ཤེས་ཀྱི་འོད་དོཿ དམར་པོ་ནི་སྣང་བ་མཐའ་ཡས་སོར་རྟོག་ཡེ་ཤེས་ཀྱི་འོད་དོཿ ལྗང་གུ་ནི་དོན་ཡོད་གྲུབ་པ་བྱ་གྲུབ་ཡེ་ཤེས་ཀྱི་འོད་དོཿ མཐིང་ག་ནི་རྣམ་པར་སྣང་མཛད་ཆོས་དབྱིངས་ཡེ་ཤེས་ཀྱི་འོད་དེཿ སྐུ་དང་ཡེ་ཤེས་ཀྱི་རང་འོད་འདི་དང་མ་བྲལ་བར་གྱིས་ཤིགཿ གལ་ཏེ་ཆོས་ཉིད་བར་དོར་ཁ་འཁྱལ་ནའང་རང་འོད་ངོ་ཤེས་པ་དང་གྲོལ་བ་དུས་མཉམ་དུ་འོང་ངོཿ ཁྱོད་ཀྱི་འཁྲུལ་སྣང་གང་ཤར་བདག་མེད་དུ་བོར་ལ་རང་གྲོལ་དུ་ཐོང་ཞིགཿ སྣང་བ་སྣ་ཚོགས་སུ་འཆར་ཏེཿ དེ་དག་ཀྱང་རང་གདངས་ལས་འཁྲུལ་པ་གཞི་ཐོག་ཏུ་གྲོལ་བའི་རྟགས་མཚན་ཏེཿ གང་ལའང་རེ་དོགས་དང་འཛིན་ཞེན་མ་བྱེད་པར་མེ་ལོང་གི་གཟུགས་བརྙན་ལ་ལྟ་བ་ལྟར་ཆགས་མེད་དུ་ཞོག་ཅིགཿ མུན་པའི་སྣང་བ་ལ་འདི་ལྟར་འཆར་ཏེཿ དེ་ཚེ་ཅུང་ཞིག་འཇིགས་སྐྲག་གི་སྣང་བའང་འཆར་རོཿ རིག་པ་མ་བཅོས་པར་བོག་འདོན་དང་རྩལ་སྦྱང་ལམ་ཁྱེར་ལ་འབད་ན་བར་དོར་གྲོལ་བའི་མན་ངག་གོཿ དེ་ལྟར་ངོ་སྤྲོད་ཅུང་ཟད་ལྷོདཿ སླར་ཡང་ཆོས་སྐུའི་བཞུགས་སྟངས་ཀྱིསཿ ནམ་མཁའ་དྭངས་པའི་ངོས་ལ་གཏདཿ སློབ་དཔོན་ཕྱག་ཏུ་མན་ཤེལ་ཐོགསཿ ཨེ་མ་ཧོཿ སྐལ་ལྡན་རིགས་ཀྱི་བུཿ དབྱིངས་རྣམ་དག་གི་སྒྲོན་མ་འོད་ལྔ་དྭངས་ཤིང་རེ་ལྡེ་ལྟརཿ ཁ་དོག་གཟུགས་སུ་མ་གྲུབ་པཿ གཏད་ཚེ་མི་མཐོང་ལྷོད་ཚེ་འཆརཿ རིག་པ་འདི་ལ་མ་ཡེངས་ལྟོསཿ ནམ་མཁའི་དབྱིངས་སུ་ཐིམ་ལྟར་གཏོདཿ དེ་ཚེ་སྟོང་ཆེན་ཀ་དག་གིཿ ཆོས་ཉིད་ངོ་བོ་འགྱུར་བ་མེདཿ བརྗོད་མེད་དོན་གྱི་ཡེ་ཤེས་ཆེཿ འདི་ནི་ཆོས་སྐུའི་ངོ་བོ་སྟེཿ འོད་གསལ་བར་དོའི་དུས་ཀྱི་ཚེཿ འོད་གསལ་ཟུང་འཇུག་ཆེན་པོ་ལཿ ཐིམ་ཚེ་དེ་ཉིད་ངོ་ཤེས་ནཿ གདོད་མའི་གཞི་ཐོག་ཆེན་པོ་རུཿ གྲོལ་འགྱུར་ཐེ་ཚོམ་ཡོད་མ་ཡིནཿ མ་པང་བུ་འཇུག་གདམས་པའོཿ ཡིད་ལ་འཆོངས་ཤིག་སྐལ་ལྡན་བུཿ རང་ངོ་རང་གིས་ཤེས་གྱུར་ནཿ ཡེ་སངས་རྒྱས་པའི་དགོངས་པ་རྟོགསཿ ང་དང་དབྱེར་མེད་གྲོལ་བར་འགྱུརཿ དེ་ལྟར་ངོ་སྤྲོད་རྣམ་གསུམ་གྱིསཿ ཆོས་ཉིད་མངོན་སུམ་མཐོང་བར་འགྱུརཿ ༈ མངོན་སུམ་སྣང་བ་ལ་གོམ་པསཿ དབྱིངས་རིག་སྨིན་མཚམས་དང་བྲལ་ཏེཿ སྣང་བ་ཐམས་ཅད་འོད་ལྔར་འཆརཿ སྐབས་སུ་ཞིང་ཁམས་སྣང་བ་དངཿ ཐིག་ལེ་ཕྲ་མོས་ཡུལ་འགའ་ཁྱབཿ ལྔ་ཚོམ་ཉིས་སྤྲེལ་གསུམ་སྤྲེལ་སོགསཿ དབུས་སུ་སྤྲུལ་པའི་སྐུར་འཆར་ཞིངཿ ཕྱག་མཚན་ཡིག་འབྲུའི་རྣམ་པར་གསལཿ འོད་ལྔ་བཀྲག་མདངས་རང་རྒྱས་ཤིངཿ སྐབས་སུ་དག་པའི་སྣང་བ་ལཿ སྤྲུལ་སྐུའི་ཞིང་ཁམས་འགའ་མཐོང་ཞིངཿ ཉིན་སྣང་འོད་དང་འབྲལ་མི་ཕོདཿ མུན་པའི་རྣལ་འབྱོར་ལ་བལྟས་ཚེཿ གླིང་བཞི་དང་ནི་གླིང་ཕྲན་སོགསཿ འགའ་འགའ་མཐོང་ཞིང་སྤྲུལ་པའི་སྐུའིཿ ཞིང་ཁམས་ལན་རེར་རིག་ཀྱང་སྲིདཿ འདི་དུས་འཇིག་རྟེན་མཁའ་འགྲོ་ཡིཿ བར་ཆད་འཇུག་སྒོ་ལྡང་སྲིད་པསཿ རྒྱུན་དུ་བླ་མར་གསོལ་འདེབས་ཤིངཿ སྙིང་དབུས་བསྒོམས་ལ་རང་གི་ལུསཿ བླ་མ་དྲག་པོར་ལམ་ལམ་གསལཿ ཧཱུྃ་ཕཊཿགད་རྒྱང་སྒྲོག་བྱེད་ཅིངཿ གང་ཤར་སྣང་བ་ཐོག་བརྫིས་དངཿ ཅིར་ཡང་ཞེན་པ་མེད་པ་རུཿ ལྷ་དང་འདྲེར་འཛིན་རྟོག་ཚོགས་ཀུནཿ བརྟུལ་ཞུགས་ཆེན་པོར་རོ་སྙོམ་བྱཿ སྲིད་པ་རུ་ལོག་ཕྱག་རྒྱའང་བསྒོམཿ མཁའ་འགྲོའི་བར་ཆད་འཕྲང་འདི་ལསཿ རྣལ་འབྱོར་ཕལ་ཆེར་ཐར་བར་དཀའཿ འདི་ལས་ཐར་ན་ཐར་ལམ་གྱིསཿ བགྲོད་པ་ཉི་ཟླ་ལས་ཀྱང་མགྱོགསཿ དེ་ཚེ་རྟོག་ཚོགས་གང་ཤར་ཀུནཿ རྨི་ལམ་དང་ནི་སྒྱུ་མ་ལྟརཿ གཏད་མེད་ཆེན་པོར་ལ་བཟླ་ཞིངཿ ལྷ་འདྲེ་དགྲ་གཉེན་འཁོར་འདས་ཆོསཿ མཉམ་པ་ཉིད་དུ་རྟོགས་གྱུར་ནསཿ བླ་མ་ལས་གཞན་སྐྱབས་མེད་ནཿ བར་ཆད་བདུད་ལས་རྒྱལ་བ་སྟེཿ ཚད་ཕེབས་ཆེན་པོའི་གཞི་ཚུག་གོཿ དེ་ནས་འོད་སྣང་འཁྲུལ་རྟོག་སྲབཿ སྣང་བ་ཐམས་ཅད་འལ་མ་འོལཿ ཐིག་ལེ་ལྔ་ཚོམ་དབུས་ཉིད་དུཿ རིགས་ལྔ་ཡབ་ཡུམ་གསལ་བ་དངཿ སྐབས་སུ་ཞི་བའི་ལྷ་ཚོགས་འཆརཿ ཐ་མལ་ལུས་ཀྱི་འཛིན་ཞེན་ཞིགཿ རུས་སྦལ་འཁར་གཞོང་བཞག་དང་མཚུངསཿ མ་བསླབ་ཆོས་ཀུན་རང་གྲོལ་ཤེསཿ ལོངས་སྤྱོད་འཁོར་ལོའི་གསང་མཛོད་རྡོལཿ ཅི་སྨྲས་གཞན་ལ་ཕན་ཐོགས་ཤིངཿ ཞེན་ཆགས་མེད་པར་འགྲོ་དོན་སྤྱོདཿ སེམས་ནི་གཞི་མེད་རྩ་བ་བྲལཿ འཁྲུལ་བའི་རྣམ་རྟོག་དབྱིངས་སུ་ཡལཿ སྒོམ་གྱི་རྫུན་ཕུག་རྡིབ་པ་སྟེཿ དེ་ཚེ་མུན་པའི་རྣལ་འབྱོར་ལཿ ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་འཆརཿ རྨི་ལམ་ཉིང་འཁྲུལ་བར་དོ་ཉིདཿ གྲོལ་ཞིང་ལོངས་སྐུའི་ཞིང་ཁམས་ཉུལཿ སངས་རྒྱས་མང་པོའི་ཞལ་ཡང་མཐོངཿ མདོ་རྒྱུད་དགོངས་པ་ཐུགས་སུ་ཆུདཿ ལུས་ངག་ཡིད་གསུམ་ཚད་ཕེབས་པསཿ སངས་རྒྱས་རྣམས་ཀྱི་བྱིན་རླབས་ཞུགསཿ རིག་འཛིན་རྣམ་བཞིར་སྨིན་པ་སྟེཿ ཚད་ཕེབས་ཆེན་པོའི་མཐའ་འདི་རུཿ འཕོ་བ་ཆེན་པོའི་སྐུར་བཞེངས་ནསཿ ཟད་པར་ས་ཆུ་མེ་རླུང་གིསཿ སྒྱུ་མ་ལུས་ཀྱི་བག་ཆགས་སྦྱངསཿ ལྷ་དང་རང་རིག་དབྱེར་མེད་ཀྱིསཿ སླར་ཡང་འོད་ལུས་ཆེན་པོར་སྒྲུབཿ དེ་ཡང་མ་དག་འཁོར་བའི་ཁམསཿ སྙིང་རྗེ་ཆེན་པོས་རྗེས་འཛིན་གྱིསཿ འགྲོ་བའི་དོན་ལ་གནས་པའོཿ འཕོ་མེད་ཆེན་པོར་ལ་བཟླ་ནཿ སྐུ་དང་ཞིང་ཁམས་འོད་སྣང་ཀུནཿ ནང་དབྱིངས་ཆེན་པོར་ལུགས་ལྡོག་ནསཿ སྤྲོས་པ་ཀུན་བྲལ་ཆོས་ཅན་ཁམསཿ ཆོས་ཉིད་དེ་བཞིན་ཉིད་ཀྱི་དབྱིངསཿ ཟག་པ་བག་ཆགས་བཅས་པར་ཟདཿ ལུས་ནི་དུར་ཁྲོད་མི་རོ་བཞིནཿ གཤེད་མ་སྟོང་གིས་ཉམ་མི་ངཿ ངག་ནི་སྒྲ་སྙན་རྒྱུན་ཐག་ཆདཿ གཞན་གྱི་ཅི་སྨྲས་བྲག་ཆར་མཚུངསཿ སེམས་ཉིད་གཞི་མེད་རྩ་བ་བྲལཿ ཆོས་སྐུ་སྐྱེ་མེད་ཀློང་ཆེན་པོརཿ གཞོན་ནུ་བུམ་སྐུར་གྲོལ་བ་སྟེཿ སྒྱུ་ལུས་འོད་ཀྱི་སྐུ་རུ་དེངསཿ དེ་ཡང་སྙིགས་མ་འཇོག་མི་འཇོགཿ འགྲོ་བའི་དོན་ལ་རག་ལས་སོཿ དེ་ཚེ་ལོངས་སྐུའི་ཞིང་ཁམས་ནསཿ དགོངས་པ་གཏད་པས་སེམས་ཅན་གྲོལཿ འགྲོ་དོན་མཆོག་གི་སྤྲུལ་སྐུར་མཚུངསཿ གདོད་མའི་རྒྱལ་ས་ཟིན་པའོཿ ༈ རྫོགས་ཆེན་དོན་གྱི་རྣལ་འབྱོར་པཿ ཚེ་འདིར་གྲོལ་བར་མ་གྱུར་ནཿ འཆི་ཁ་བར་དོའི་དུས་ཀྱི་ཚེཿ རང་ལུས་ཡི་དམ་ལྷ་རུ་བསྒོམཿ དབུ་མའི་ཡར་སྣ་རྒྱ་མཐོང་གིཿ ཐད་དུ་བླ་མའི་ཐུགས་ཀ་རུཿ ཨཱཿདཀར་དྲི་མེད་འོད་ཟེར་འཕྲོསཿ ཤེས་པ་མ་ཡེངས་དེ་ལ་གཏདཿ ཐིམ་རིམ་སྒྱུ་མ་རྨི་ལམ་ལྟརཿ འཛིན་མེད་ངང་བཞག་འོད་གསལ་གྱིཿ སྤྲོས་བྲལ་ནམ་མཁའ་ལྟ་བུ་ཡིཿ ཟུང་འཇུག་བདེ་བའི་ཡེ་ཤེས་འཆརཿ ད་ལྟའི་གོམས་སྟོབས་ཆེ་ཆུང་གིསཿ དད་པའི་ཤུགས་དང་ཐུགས་རྗེའི་ཤུགསཿ གཤིས་ཀྱི་ཤུགས་ཏེ་གང་རུང་གིསཿ བུམ་པ་ཆག་པའི་ནམ་མཁའ་བཞིནཿ བླ་མའི་ཐུགས་ཀྱི་ཀློང་དུ་འདྲེསཿ འཕོ་བྱ་འཕོ་བྱེད་ལས་འདས་ཀྱངཿ ཆོས་སྐུ་ལྟ་བ་རྒྱས་འདེབས་ཀྱིཿ མྱུར་ལམ་ཐབས་ཀྱི་ལམ་མཆོག་གོཿ དེ་ཚེ་འོད་མཐིང་ཀློང་དཀྱིལ་དུཿ ཐབས་ལམ་སྒོམ་པའི་རྣལ་འབྱོར་བརཿ གྲོགས་ཤར་དེ་ལ་བརྩེ་གདུང་གིསཿ ཆགས་པ་ཆེན་པོར་གྲོལ་བ་དངཿ འོད་ཀྱི་སྣང་བ་ཤར་བའི་ཚེཿ དཀར་སེར་དམར་དང་ལྗང་གུའི་མདོགཿ རིགས་མཆོག་ལྔ་དང་ཡེ་ཤེས་ལྔའིཿ རང་འོད་ཡིན་པར་ངོ་ཤེས་ནཿ ཞིང་ཁམས་ལྔ་རུ་གྲོལ་བར་འགྱུརཿ དབང་རབ་ཡར་གྱི་ཟང་ཐལ་དུཿ བགྲོད་འགྱུར་གསང་སྔགས་ཐབས་ཀྱི་ལམཿ བར་དོར་བགྲོད་པ་མེད་པའོཿ རྫོགས་ཆེན་དོན་གྱི་རྣལ་འབྱོར་པཿ གང་ལའང་ཞེན་པ་མེད་པ་དང་ཿ སེམས་ཅན་ཀུན་ཀྱི་དོན་སྤྱོད་ཅིང་ཿ སངས་རྒྱས་བཟང་པོས་ཕན་མ་བཏགསཿ སེམས་ཅན་ཀུན་ཀྱིས་གནོད་མ་བསྐྱལཿ དགེ་སྡིག་མིང་གི་བླ་དྭགས་ཙམཿ ཆགས་མེད་སྦྱིན་པ་གཏོང་བ་དངཿ ཆོས་ཀྱིས་འགྲོ་བའི་དོན་སྤྱོད་ཅིངཿ སྐྱིད་སྡུག་རོ་སྙོམས་ཆེན་པོར་རྟོགསཿ རྩལ་སྦྱོང་བོག་འདོན་འཛིན་མེད་སྤྱོདཿ འདི་ནི་རྒྱུན་གྱི་གདམས་པའོཿ རང་རང་སྐལ་བར་འཚམས་པ་ཡིསཿ ངོ་སྤྲོད་སློབ་དཔོན་མཁས་པ་ཡིཿ ཐུགས་ལས་ཐུགས་སུ་བརྒྱུད་པའོཿ ཨེ་མ་ཧོཿ སྟོན་པ་དྲི་མ་མེད་པ་ཡིཿ ཐུགས་བཅུད་ཡང་ཞུན་ཁྱད་འཕགས་ཆོསཿ གནད་ལས་གནད་དུ་བསྡུས་པ་སྟེཿ སྲིད་གསུམ་དཀོན་པའི་གནད་ཐིག་འདིཿ དགའ་རབ་དཔའ་བོ་ཉིད་་ལ་གཏདཿ དེས་ཀྱང་ཐུགས་ལས་ཐུགས་སུ་བརྒྱུདཿ མཆོད་རྟེན་བདེ་བྱེད་བརྩེགས་པ་རུཿ ཨ་ཙར་ཉི་མ་འོད་ཟེར་ལཿ ཌཱཀྐི་རྡོ་རྗེ་ཕག་མོ་ཡིསཿ དབང་བཞི་རྫོགས་པར་བསྐུར་བའི་ཚེཿ དགའ་རབ་དཔའ་བོའི་ཁྱད་ནོར་གནངཿ ཉམས་བླངས་ལྷུན་གྲུབ་རིག་འཛིན་གྱིཿ འཕོ་བ་ཆེན་པོའི་རྒྱལ་ས་ཟིནཿ རིན་ཆེན་པདྨ་རཀྟ་ཡིསཿ ཨོ་རྒྱན་བརྡ་རིས་ཆེན་མོར་བཀོདཿ རྡོ་རྗེ་ཕག་མོའི་ཐུགས་ཀློང་སྦསཿ གཅིག་བརྒྱུད་མནྡ་ར་བར་གནངཿ འོད་ལུས་འགྲུབ་ཅིང་མཁའ་སྤྱོད་གཤེགསཿ མ་འོངས་བསྐལ་པའི་ཐ་མ་ལཿ མཐའ་འཁོབ་པྲེ་ཏ་པུ་རིའི་ཞིང་ཿ གདོང་དམར་སྲིན་པོའི་གླིང་ཉིད་དུཿ ལྷ་ལྕམ་འགྲོ་དོན་སྤྱོད་པའི་ཚེཿ རྡོ་རྗེ་ཕག་མོའི་བྷ་ག་ནསཿ ང་སྤྲུལ་ཁྲག་འཐུང་དཔའ་བོས་རྙེདཿ ལྷ་ལྕམ་རང་དང་འཕྲད་གྱུར་ནསཿ འབྲས་བུ་མངོན་གྱུར་སྐལ་ལྡན་བུཿ མི་བདུན་འཇའ་ལུས་འོད་སྐུར་འགྲུབཿ བཀའ་འདི་སྔགས་ཀྱི་སྲུང་མ་དངཿ རྡོ་རྗེ་དྲག་མོ་རྒྱལ་ལ་གཏདཿ བྱེ་མའི་གྲངས་ཀྱི་འགྲོ་བའི་ཁམསཿ འགྲོ་དོན་མཐའ་རུ་འཁྱོལ་བར་ཤོགཿ ས་མ་ཡཿ སྐུ་གསུང་ཐུགས་ཀྱི་རྒྱཿ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུའི་རྒྱཿ བླ་མ་ཡི་དམ་མཁའ་འགྲོའི་རྒྱཿ ཟབ་རྒྱཿ གསང་རྒྱཿ སྦས་རྒྱཿ བདག་འདྲ་ཨ་ཙར་དམར་པོས་དགའ་རབ་རྡོ་རྗེའི་བརྡ་རིས་ལས་གསུངས་བཞིན་དག་པར་ཕབ་པ་དྲི་མ་མེད་པས་ཞུས་ཤིང་དག་པར་མཛད་པ་སྟེཿ སྟོན་པ་རྣམ་གསུམ་གྱི་དགོངས་པའི་བཅུད་དོཿ གུ་ཧྱཿ ཁ་ཐཾཿ ཡི་གེའི་འདུ་བྱེད་སློབ་བུ་རིག་པའི་ཡེ་ཤེས་ཀྱིས་བགྱིས་པས་ཤིན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག ། །། | ||
Latest revision as of 14:28, 3 October 2024
Wylie title | rig 'dzin thugs kyi thig le pad rag yi ge can byin rlabs mkha' 'gro'i kha rlang chil le ba | |
---|---|---|
Location | mdo mkhyen brtse bka' 'bum Volume 8, Text 10, Pages (Folios to ) | |
Author | མདོ་མཁྱེན་བརྩེ་ | |
Less details More details | ||
Tertön | མདོ་མཁྱེན་བརྩེ་ (Mdo mkhyen brtse) | |
Citation | ||
Genre | Pith Instructions - man ngag | |
Cycle | རིག་འཛིན་ཐུགས་ཀྱི་ཐིག་ལེ་ (rig 'dzin thugs kyi thig le) | |
Colophon |
བདག་འདྲ་ཨ་ཙར་དམར་པོས་དགའ་རབ་རྡོ་རྗེའི་བརྡ་རིས་ལས་གསུངས་བཞིན་དག་པར་ཕབ་པ་དྲི་མ་མེད་པས་ཞུས་ཤིང་དག་པར་མཛད་པ་སྟེཿ སྟོན་པ་རྣམ་གསུམ་གྱི་དགོངས་པའི་བཅུད་དོཿ གུ་ཧྱཿ ཁ་ཐཾཿ ཡི་གེའི་འདུ་བྱེད་སློབ་བུ་རིག་པའི་ཡེ་ཤེས་ཀྱིས་བགྱིས་པས་ཤིན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག ། | |
bdag 'dra a tsar dmar pos dga' rab rdo rje'i brda ris las gsungs bzhin dag par phab pa dri ma med pas zhus shing dag par mdzad pa ste: ston pa rnam gsum gyi dgongs pa'i bcud do: gu h+ya: kha thaM: yi ge'i 'du byed slob bu rig pa'i ye shes kyis bgyis pas shin tu dge zhing bkra shis par gyur cig: |