DKYD-KABUM-06-CHA-017: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
 
(One intermediate revision by the same user not shown)
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|sectionheading=No
|fulltitletib=བསྐལ་བཟང་སངས་རྒྱས་སྟོང་གི་དབང་ཡིག་ཐོས་གྲོལ་ལམ་བཟང་།
|fulltitle=bskal bzang sangs rgyas stong gi dbang yig thos grol lam bzang
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=mdo mkhyen brtse bka' 'bum
|collectiontitle=mdo mkhyen brtse bka' 'bum
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=8
|author=Mdo mkhyen brtse
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|authortib=མདོ་མཁྱེན་བརྩེ་
|citation=
|tibgenre=Empowerment Ritual - dbang chog - dbang skur
|terma=No
|language=Tibetan
|language=Tibetan
|pagestatus=Temporary stub only
|volumenumber=06
|volumenumber=06
|volumeLetter=CHA
|volnumtib=
|volyigtib=ཆ
|totalvolumes=8
|textnuminvol=017
|textnuminvol=017
|multivolumework=No
|colophontib=འགྲོ་དོན་ཉི་འོག་ས་སྟེང་ཡོངས་ཁྱབ་ཏེ། །ལམ་འདིས་འབྲེལ་བས་བསྡུས་པའི་སེམས་ཅན་ཀུན། །སྟོང་ཉིད་བྱང་ཆུབ་སེམས་ཀྱི་རྒྱུན་སྨིན་ནས། །རྫོགས་སངས་རྒྱལ་པའི་འབྲས་བུ་ཐོས་བར་ཤོག དགེའོ།
|colophonwylie='gro don nyi 'og sa steng yongs khyab te/_/lam 'dis 'brel bas bsdus pa'i sems can kun/_/stong nyid byang chub sems kyi rgyun smin nas/_/rdzogs sangs rgyal pa'i 'bras bu thos bar shog_dge'o/
|pdflink=File:DKYD-KABUM-06-CHA-017.pdf
|pdflink=File:DKYD-KABUM-06-CHA-017.pdf
|volumeLetter=CHA
|InitCategories=Khyentse Lineage Project; DKYD-KABUM-Volume-06-CHA
|InitCategories=Khyentse Lineage Project; DKYD-KABUM-Volume-06-CHA
}}
}}

Latest revision as of 15:17, 27 June 2024

Wylie title bskal bzang sangs rgyas stong gi dbang yig thos grol lam bzang
Location mdo mkhyen brtse bka' 'bum
Volume 6, Text 17, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Citation
Genre Empowerment Ritual - dbang chog - dbang skur
Colophon

འགྲོ་དོན་ཉི་འོག་ས་སྟེང་ཡོངས་ཁྱབ་ཏེ། །ལམ་འདིས་འབྲེལ་བས་བསྡུས་པའི་སེམས་ཅན་ཀུན། །སྟོང་ཉིད་བྱང་ཆུབ་སེམས་ཀྱི་རྒྱུན་སྨིན་ནས། །རྫོགས་སངས་རྒྱལ་པའི་འབྲས་བུ་ཐོས་བར་ཤོག དགེའོ།

'gro don nyi 'og sa steng yongs khyab te/_/lam 'dis 'brel bas bsdus pa'i sems can kun/_/stong nyid byang chub sems kyi rgyun smin nas/_/rdzogs sangs rgyal pa'i 'bras bu thos bar shog_dge'o/

[edit]
༄༅། །བསྐལ་བཟང་སངས་རྒྱས་སྟོང་གི་དབང་ཡིག་ཐོས་གྲོལ་ལམ་བཟང་ཞེས་བྱ་བ་བཞུགས་སོ། །ཧཱུྃ བདེ་གཤེགས་འཁོར་བ་འཇིགས་དང་གསེར་ཐུབ་དང༌། །འོད་སྲུང་ཆེན་པོ་རྒྱལ་བ་ཤཱཀྱ་ཐུབ། བྱམས་མགོན་དང་ནི་རྒྱལ་བ་སེངྒེའི་སྒྲ། །རབ་གསལ་དང་ནི་ཐུབ་པའི་མེ་ཏོག་དང༌། །བདེ་གཤེགས་མེ་ཏོག་རྒྱུ་སྣང་རྒྱལ་པོ་སོགས། །རྒྱ་བ་རྣམས་ཀྱི་ཐུགས་རྗེ་ནུས་མཐུ་ཡིས། །རྡོ་རྗེ་སློ་མ་འདི་ལ་བྱིན་གྱིས་རློབས། །ཚེ་དང་ཡེ་ཤེས་རྒྱས་པར་མཛད་དུ་གསོལ། །ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ་ཨ་དྷིཥྛ་ན་ཨ་བྷི་ཥཉྩ་ཧཱུྃ༔ །ཧཱུཾ་བཟང་པོ་མཆོག་དང་སྡེ་དཔོན་དམ་པ་དང༌། །བདེ་ཤེགས་ལག་ཆེན་དང་ནི་སྟོབས་ཆེན་དང༌། །བདེ་གཤེགས་རྒྱུ་སྐར་དབང་གི་རྒྱལ་པོ་དང༌། །རྩི་སྨན་ཆེན་པོ་སྙན་པའི་ཏོག་ཆེན་དང༌། །བདེ་གཤེགས་འོད་ཆེན་གྲོལ་བའི་ཕུང་པོ་དང༌། །རྒྱལ་བ་རྣམས་ཀྱི་ཐུགས་རྗེ་ནུས་མཐུ་ཡིས། །རྡོ་རྗེའི་སློབ་མ་འདི་ལ་བྱིན་གྱིས་རློབས། །ཚེ་དང་ཡེ་ཤེས་རྒྱས་པར་མཛད་དུ་གསོལ། །ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ་ཨདྷི་ཥྛ་ན་ཨ་བྷི་ཥཉྩ་ཧཱུྃ། ཧཱུྃ རྣམ་པར་སྣང་མཛད་ཉི་མའི་སྙིང་པོ་དང༌། །བདེ་གཤེགས་ཟླ་བའི་འོད་འཕྲོ་འོད་བཟང་ཆེ། །མྱ་ངན་མེད་དང་རྒྱལ་བ་སྐར་རྒྱལ་དང༌། །རབ་གསལ་དང་ནི་ཕྲེང་ཐོགས་ཆེན་པོ་དང༌། །ཡོན་ཏན་འོད་དང་རྒྱལ་བ་དོན་གཟིགས་སོགས། །རྒྱལ་བ་རྣམས་ཀྱི་ཐུགས་རྗེ་ནུས་མཐུ་ཡིས། །རྡོ་རྗེའི་སློབ་མ་འདི་ལ་བྱིན་གྱི་རློབས། །ཚེ་དང་ཡེ་ཤེས་རྒྱས་པར་མཛད་དུ་གསོལ། །ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ་ཨ་དྷི་ཥྛ་ན་ཨ་བྷི་ཥཉྩ་ཧཱུྃ་ །སངས་རྒྱས་མར་མེ་དབང་པོ་མཐུ་ལྡན་དང༌། །བདེ་གཤེགས་སྨན་པ་རྒྱལ་བ་དེས་པ་དང༌། །རྒྱལ་བ་མཛོད་སྤུ་དབང་པོ་བརྟན་ལྡན་དང༌། །སངས་རྒྱས་ལྷ་དཔལ་གདུལ་དཀའ་ཡོན་ཏན་དང༌། །རྒྱལ་མཚན་རྒྱལ་ཆེན་སྒྲ་གཅན་སོགས། །རྒྱལ་བ་རྣམས་ཀྱི་ཐུགས་རྗེ་ནུས་མཐུ་ཡིས། །རྡོ་རྗེའི་སློབ་མ་འདི་ལ་བྱིན་གྱིས་རློབས། །ཚེ་དང་ཡེ་ཤེས་རྒྱས་པར་མཛད་དུ་གསོལ། །ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ་ཨ་དྷི་ཥྛ་ན་ཨ་བྷི་ཥཉྩ་ཧཱུྃ། ཧཱུྃ་སངས་རྒྱས་ཚོགས་ཆེན་རྒྱལ་བ་ཚངས་པའི་དབྱིངས། །ཚིག་བརྟན་དང་ནི་དབང་པོ་མི་འགོངས་དང༌། །བཅོམ་ལྡན་འོད་མཛད་རྒྱལ་བ་ལྷུན་ཆེན་དང༌། །རྡོ་རྗེ་བསྡམ་དང་རྒྱལ་བ་མི་སྙོམས་པ། །བདེ་གཤེགས་རིན་ཆེན་དབང་པོ་པད་སྤྱན་སོགས། །རྒྱལ་བ་རྣམས་ཀྱི་ཐུགས་རྗེ་ནུས༴ རྡོ་རྗེའི་སློབ་མ་འདི་ལ༴ ཚེ་དང་ཡེ་ཤེས་རྒྱས༴ ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ་ཨདྷིཥྛ༴ ཧཱུྃ་བདེ་གཤེགས་སྟོབས་དང་རྒྱལ་བ་མེ་ཏོག་དང༌། །འོད་ཟེར་དང་ནི་རྒྱལ་བ་ཡེ་ཤེས་རྒྱས། །གཟི་ཅན་དང་ནི་དབང་པོ་ཚངས་པ་དང༌། །འོད་དཔག་མེད་དང་རྒྱལ་བ་ཀླུ་སྦྱིན་དང༌། །རྒྱལ་གཏན་གཤེགས་དོན་ཡོན་ཏན་འོད་ལ་སོགས། །རྒྱལ་བ་རྣམས་ཀྱི་ཐུགས་རྗེའི་ནུས། །རྡོ་རྗེའི་སློབ་མ་འདི༴ ཚེ་དང་ཡེ་ཤེས༴ ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ་ཨ་དྷིཥྛ༴ ཧཱུྃ་བདེ་གཤེགས་བརྩོན་འགྲུས་བྱིན་དང་བཟང་སྐྱོང་དང༌། །བདེ་གཤེགས་དགའ་བོ་དབང་པོ་འཆི་མེད་དང༌། བདེ་གཤེགས་རྒྱལ་མཚན་དབང་པོ་རྒྱལ་ཆོས་དང༌། །མཆོག་དགའ་དང་ནི་རྒྱལ་པོ་ཞེས་བྱ་དང༌། །རྒྱལ་བ་ཁ་ལོ་བསྒྱུར་དང་དགྱེས་གཤེགས་སོགས། །རྒྱལ་བ་རྣམས་ཀྱི་ཐུགས་རྗེ་ནུས་མཐུ་ཡིས། །རྡོ་རྗེའི་སློབ་མ་འདི་ལ་བྱིན་གྱིས་རློབས། །ཚེ་དང་ཡེ་ཤེས་རྒྱས་པར་མཛད་དུ་གསོལ། །ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ་ཨ་དྡྷི་ཥྛ་ན་ཨ་བྷི་ཥཉྩ་ཧཱུྃ། །ཧཱུྃ་བདེ་གཤེགས་ཆུ་བོའི་ལྷ་དང་ཡོན་ཏན་ལེགས། །སྤོས་ཀྱི་གླང་པོ་འདྲེན་པ་རྣམ་གཟིགས་དང༌། འབྲུག་སྒྲ་དང་ནི་རྒྱལ་དབང་ལེགས་སེམས་དང༌། །བདེ་གཤེགས་ཡིད་བཟང་མཆོག་གྱུར་དྲི་མེད་མཚན། བདེ་གཤེགས་ཟླ་བ་རྒྱལ་དབང་གྲགས་ཆེན་སོགས། །རྒྱལ་བ་རྣམས་ཀྱི༴ རྡོ་རྗེའི་སློབ་མ༴ ཚེ་དང་ཡེ་ཤེས༴ ཨོཾ་ཨཱཿཧཱུྃ་བྷུདྡྷ་སརྦ་«སོགས»། ཧཱུྃ གཙུག་ན་ནོར་ར་བུ་དང་ནི་དྲག་ཤུལ་དང༌། །བདེ་གཤེགས་སེངྒེ་དང་ནི་སྟོབས་ཀྱི་ལྗོན། །རྣམ་པར་རྒྱལ་ཆེན་རྒྱལ་མཆོག་བཤེས་བརྩེགས་དང༌། །ལག་གནས་རྒྱལ་བ་བློ་གྲོས་ཤེས་བྱ་དང༌། །ཡན་ལག་སྐྱེས་དང་བློ་གྲོས་མཐའ་ཡས་སོགས། །རྒྱལ་བ་རྣམས་ཀྱི་ཐུགས་རྗེ་ནུས་མཐུ་ཡིས། །རྡོ་རྗེའི་སློབ་མ་འདི་ལ་བྱིན་གྱིས་སློབས། །ཚེ་དང་ཡེ་ཤེས་རྒྱས་པར་མཛད་དུ་གསོལ། །ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ་ཨ་དྷིཥྛ་ན་ཨ་བྷི་ཥཉྩ་ཧཱུྃ། ཧཱུྃ རྒྱལ་བ་གཟུགས་བཟང་མཆོག་གྱུར་མཁྱེན་ལྡན་དང༌། །བདེ་གཤེགས་འོད་ཟེར་རྒྱལ་བ་བསྟན་པ་དང༌། །བཀྲ་ཤིས་དང་ནི་བརྟེན་པའི་དོག་ཅན་དང༌། །བདེ་གཤེགས་པདྨའི་མཚན་དང་སྲེད་མེད་བུ། །རྣམ་འདྲེན་ལེགས་བཟང་ཡེ་ཤེས་འབྱུང་གནས་སོགས། །རྒྱལ་བ་རྣམས་ཀྱི་ཐུགས་རྗེ༴ །རྡོ་རྗེའི་སློབ་མ་འདི༴ ཚེ་དང་ཡེ་ཤེས་རྒྱས༴ ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ༴ ཧཱུྃ་ཡོན་ཏན་འོད་འཕྲོ་རྒྱལ་དབང་ཚངས་སྦྱིན་དང༌། །རིན་ཆེན་འབྱུང་གནས་ལྷ་ཡི་མེ་ཏོག་དང༌། །དོན་ལེགས་སེམས་དཔའ་ཆོས་ཀྱི་དབང་ཕྱུག་དཔལ། །བློ་གྲོས་གྲགས་ཆེན་སྤོབས་བརྩེགས་ཆེན་པོ་དང༌། །མི་ཡི་སྐྱེས་མཆོག་རྡོ་རྗེ་རྒྱལ་མཚན་སོགས། །རྒྱལ་བ་རྣམས་ཀྱི་ཐུགས་རྗེ༴ རྡོ་རྗེ་སློབ་མ་འདི་ལ༴ །ཚེ་དང་ཡེ་ཤེས་རྒྱས༴ ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ་ཨ༴ །ཧཱུྃ་བདེ་གཤེགས་སྟོབས་བཅུ་དང་ནི་ཕན་པར་བཞེད། །འཇིག་རྟེན་རྣམ་འདྲེན་རྒྱལ་བ་ཕན་བྱེད་དང༌། །རྣམ་པར་རོལ་ལྡན་རི་ཡི་རྒྱལ་མཚན་དང༌། །ཚོགས་ཆེན་འོད་དང་རིན་ཆེན་སྙིང་པོ་དང༌། །ཤིན་ཏུ་མཐོར་གཤེགས་རྒྱལ་བ་རུ་རིགས་སོགས། །རྒྱལ་བ་རྣམས་ཀྱི་ཐུགས་རྗེ་ནུས་མཐུ་ཡི། །རྡོ་རྗེའི་སློབ་མ་འདི་ལ་བྱིན་གྱིས་རློབས། །ཚེ་དང་ཡེ་ཤེས་རྒྱས་པར་མཛད་དུ་གསོལ། །ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ་ཨ་ཥྟིཥྛ་ན་ཨ་བྷི་ཥཉྩ་ཧཱུྃ། ཧཱུྃ་ཁམས་གསུམ་ཡོངས་གྲགས་ཉི་ཟླ་ཉི་འོད་དང༌། །སྐར་མཁན་སེང་རྟོགས་དུས་མཁྱེན་རྒྱལ་པོ་དང༌། །དཔལ་གྱི་སྙིང་པོ་དང་ནི་སྲིད་མཐའ་གཟིགས། །བདེ་གཤེགས་གློག་འོད་གསེར་གྱི་རི་བོ་དང༌། །སེངྒེ་བྱིན་དང་གཞན་གྱི་མི་ཐུབ་སོགས། །རྒྱལ་བ་རྣམས་ཀྱི༴ རྡོ་རྗེའི་སློབ་མ༴ ཚེ་དང་ཡེ་ཤེས༴ ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ༴ ཧཱུྃ་མཆོག་དགའ་གྲགས་པ་བརྩོན་འགྲུས་བརྟན་པ་དང༌། །གྲགས་བརྩོན་དང་ནི་དབང་པོ་བསྙེང་བྲལ་བ། །མཆོད་འོས་ལྷ་དང་སྒྲོན་མ་ཆེན་པོ་དང༌། །བདེ་གཤེགས་འཇིག་རྟེན་འོད་དང་སྤོས་དྲི་ཞིམ། །ཡོན་ཏན་མཆོག་འཛིན་མཚུངས་མེད་མུན་བྲལ་སོགས། །རྒྱལ་བ་རྣམས༴ རྡོ་རྗེའི་སློབ་མ༴ ཚེ་དང་ཡེ་ཤེས༴ ཨོཾ་ཨཱཿཧཱུྃ་བྷུདྡྷ་སརྦ༴ ཧཱུྃ་བདེ་གཤེགས་སེངྒེའི་འགྲམ་དང་རིན་ཆེན་གྲགས། །སངས་རྒྱས་སྐྱོན་རབ་སེལ་དང་བདུད་རྩི་འཆང༌། །མི་ཡི་ཟླ་བ་ཤིན་ཏུ་གཟིགས་པ་དང༌། །རབ་ཏུ་བརྒྱན་པ་ནོར་བུ་འོད་ཅན་དང༌། །རི་བོ་བརྩེགས་ཏོག་ཆོས་འབྱུང་དོན་ངེས་སོགས། །རྒྱལ་བ་རྣམས་ཀྱི་ཐུགས་རྗེ་ནས་མཐུ་ཡིས། །རྡོ་རྗེའི་སློབ་མ་འདི་ལ་བྱིན་གྱིས་སློབས། །ཚེ་དང་ཡེ་ཤེས་རྒྱས་པར་མཛད་དུ་གསོལ། ཨོཾ་ཨཱཿ་བྷུདྡྷ་སརྦ་ཨ་དྷིཥྛ་ན་ཨ་བྷི་ཥཉྩ་ཧཱུྃ། ཧཱུྃ་ཚེ་སྦྱིན་དང་ནི་རིན་ཆེན་འབྱུང་གནས་དང༌། །སྐྱེ་བའི་དབང་པོ་མཚུངས་དང་སྟོབས་ཀྱིས་གཤེགས། །བདེ་གཤེགས་བློ་གནས་དང་ནི་གཟུགས་མཛེས་མཚན། །གཙོ་བོ་འཕགས་པ་ཤིན་ཏུ་འཕགས་པ་དང༌། །དཔལ་དང་སེངྒེའི་སྒྲ་དང་རྣམ་རོལ་ལྡན། །རྒྱལ་བ་རྣམས་ཀྱི་ཐུགས་རྗ༴ རྡོ་རྗེའི་སློབ་མ༴ ཚེ་དང་ཡེ་ཤེས༴ ཨོཾ་ཨཱཿཧཱུྃ་བྷུདྡྷ་སརྦ༴ ཧཱུྃ་ཀླུ་ཡི་འོད་དང་མེ་ཏོག་རི་བོ་དང༌། །བདེ་གཤེགས་ཀུན་དགའ་ཆོས་ཀྱི་དབང་ཕྱུག་དང༌། །ཤིནྟུ་གྲགས་པ་སྟོབས་ཀྱི་ལྷ་མཆོག་དང༌། །ཡོན་ཏན་ཕྲེང་ལྡན་ཀླུ་ཡི་ལེགས་པ་དང༌། །མིག་རྒྱན་དང་ནི་ལེགས་པའི་བློ་དབྱིངས་སོགས། །རྒྱལ་བ་རྣམས་ཀྱི༴ རྡོ་རྗེའི་སློབ་མ་འདི༴ ཚེ་དང་ཡེ་ཤེས༴ ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ༴ ཧཱུྃ་སངས་རྒྱས་ཟིལ་གནོན་ཡེ་ཤེས་མཆོག་ཆེན་དང༌། །མཐའ་ཡས་གསུང་དང་འདྲེན་པར་གསུང་པ་དང༌། །བདེ་གཤེགས་ཉི་འོད་ངེས་པའི་བློ་མཆོག་མཚན། །མཐའ་ཡས་གཟུགས་ཅན་རྣམ་པར་སྣང་མཛད་དང༌། །རིན་ཆེན་ཏོག་དང་ཐེ་ཚོམ་སྤང་བ་སོགས། །རྒྱལ་བ་རྣམས་ཀྱི་ཐུགས་རྗེ་ནུས་མཐུ་ཡིས། །རྡོ་རྗེའི་སློབ་མ་འདི་ལ་བྱིན་གྱིས་རློབས། །ཚེ་དང་ཡེ་ཤེས་རྒྱས་པར་མཛད་དུ་གསོལ། །ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ་ཨ་དྷིཥྛ་ན་ཨ་བྷི་ཥཉྩ༴ ཧཱུྃ་འཇིག་རྟེན་འདས་དང་དོན་ཡོད་རྣམ་གནོན་དང༌། །ཏོག་མཛད་དང་ནི་མེ་ཏོག་རྒྱལ་མཚན་དང༌། །རི་དབང་རྒྱལ་པོ་གཟི་བརྗིད་ཆེན་པོ་དང༌། །དོན་མཛད་གཟིགས་དང་གྲགས་པ་མཐའ་ཡས་དང༌། །རིན་ཆེན་ལྷ་དང་དོན་གནས་མཁྱེན་པ་སོགས། །རྒྱལ་བ་རྣམས་ཀྱི༴ རྡོ་རྗེའི་སློབ་མ༴ ཚེ་དང་ཡེ་ཤེས༴ ཨོཾ་ཨཱཿཧཱུྃ་བྷུདྡྷ་སརྦ༴ ཧཱུྃ་བློ་ནི་ཡོངས་རྫོགས་མྱ་ངན་མེད་པ་དང༌། །དྲི་མ་བྲལ་དང་ཚངས་པའི་ལྷ་ཆེན་དང༌། །དབང་ཕྱུག་མཚན་དང་མེ་ཏོག་སྤྱན་ཅན་དང༌། །རྣམ་པར་རྒྱལ་སྐུ་ཆོས་ཀྱི་འོད་ཆེན་དང༌། །སྐུ་གཟིགས་དང་ནི་ཡོན་ཏན་འོད་གསལ་སོགས། །རྒྱལ་བ་རྣམས་ཀྱི་ཐུགས་རྗེ་ནུས་མཐུ་ཡིས། །རྡོ་རྗེའི་སློབ་མ་འདི་ལ་བྱིན་གྱིས་རློབས། །ཚེ་དང་ཡེ་ཤེས་རྒྱས་པར་མཛད་དུ་གསོལ། །ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ་ཨདྷིཥྛ་ན་ཨ་བྷི་ཥཉྩ་ཧཱུྃ། ཧཱུྃ་དྲི་མེད་ཟླ་ཞལ་རིན་ཆེན་འོད་འཕྲོ་དང༌། །རིན་ཆེན་ཏོག་དང་གྲགས་བློ་འོད་བྱེད་དང༌། །གཟི་བརྗིད་དཔག་མེད་དབང་པོ་དུས་མཁྱེན་དང༌། །སེངྒེའི་སྐུ་དང་མཁས་པའི་བློ་གྲོས་གྲགས། །རྒྱལ་དཀའ་དང་ནི་ཡོན་ཏན་ཕུང་པོ་སོགས། །རྒྱལ་བ་རྣམས་ཀྱི་ཐུགས་རྗེ༴ རྡོརྗེའི་སློབ་མ༴ །ཚེ་དང་ཡེ་ཤེས༴ ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ༴ །ཧཱུྃ་བདེ་གཤེགས་ཟླ་བའི་ཏོག་དང་མཐུ་ཐོབ་དང༌། །མཐུ་རྩལ་རྒྱལ་པོ་དབང་པོ་མཐའ་གཡས་དང༌། །ཟླ་བ་དྲི་མེད་དོན་རྣམས་གཟིགས་པ་དང༌། །རྒྱལ་བ་དཔའ་བོ་དང་ནི་འབྱོར་ལྡན་དང༌། །བསོད་ནམས་སྒྲོན་དང་ཡོན་ཏན་འོད་འཕྲོ་སོགས། །རྒྱལ་བ་རྣམས་ཀྱི་ཐུགས་རྗེ༴ རྡོ་རྗེའི་སློབ་མ༴ ཚེ་དང་ཡེ་ཤེས༴ ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ༴ ཧཱུྃ་བློ་མཐའ་ཡས་དང་ལེགས་སྐྱེས་ནོར་ལྷ་དང༌། །ཡིད་གཉིས་སྤང་བ་འཛིན་པ་དཔག་མེད་དང༌། །མཆོག་སྲེད་དང་ནི་ཚོམ་མེད་ཆེན་པོ་དང༌། །མི་གནས་དང་ནི་ཚོགས་ཆེན་གཙོ་བོ་དང༌། །འགྲོ་བའི་འོད་ཟེར་ཕལ་ཆེན་རྒྱལ་བ་སོགས། །རྒྱལ་བ་རྣམས་ཀྱི་ཐུགས་རྗེ་ནུས་མཐུ་ཡིས། །རྡོ་རྗེའི་སློབ་མ་འདི་ལ་བྱིན་གྱིས་རློབས། །ཚེ་དག་ཡེ་ཤེས་རྒྱས་པར་མཛད་དུ་གསོལ། །ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ་ཨ་དྷིཥྛ་ན་ཨ་བྷི་ཥཉྩ་ཧཱུྃ། ཧཱུྃ་གཟི་བརྗིད་མཐའ་གཡས་དོན་གྱི་བློ་གྲོས་དང༌། །སྨན་པའི་རྒྱལ་དང་ཐ་བ་སྤང་བ་དང༌། །བདེ་གཤེགས་དྲི་མེད་རྒྱལ་བ་ལེགས་བྱིན་དང༌། །གྲགས་སྦྱིན་དང་ནི་མེ་ཏོག་སྦྱིན་པ་དང༌། །སྐྱེས་སུ་བྱིན་དང་རྡོ་རྗེ་བདེ་མཆོག་སོགས། །རྒྱལ་བ་རྣམས་ཀྱི་ཐུགས་རྗེ༴ རྡོ་རྗེའི་སློབ་མ༴ ཚེ་དང་ཡེ་ཤེས༴ ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ༴ ཧཱུྃ་ཕལ་ཆེར་བྱིན་དང་ཞི་བའི་བློ་གྲོས་དང༌། །སྤོས་ཀྱི་གླང་པོ་དང་ནི་སྲེད་མེད་བུ། །གཙོ་བོ་དེས་པ་གཞན་གྱི་མི་ཚུགས་དང༌། །ཉི་ཟླ་གློག་གི་ཏོག་དང་དབང་པོ་མཆོད། །དཔལ་སྦས་དང་ནི་ཡེ་ཤེས་ཉི་མ་སོགས། །རྒྱལ་བ་རྣམས་ཀྱི༴ རྡོ་རྗེའི་སློབ་མ་འདི༴ ཚེ་དང་ཡེ་ཤེས༴ ཨོཾ་ཨཱཿ་ཧཱུྃབྷུདྡྷ་སརྦ་ཨ་དྷིཥྛ་ན་ཨ༴ ཧཱུྃ་བདེ་གཤེགས་དོན་འགྲུབ་དང་ནི་ལྷུན་པོ་བརྩེགས། །དགྲ་འདུལ་དང་ནི་པདྨའི་སྙིང་པོ་དང༌། དགྲ་བཅོམ་གྲགས་པ་ཡེ་ཤེས་འགྲོས་མཆོག་དང༌། །ཉོན་མོངས་བྲལ་དང་འདམ་བུ་ཞེས་བྱ་དང༌། །བདེ་གཤེགས་སྤོས་བཟང་ཡུལ་འཁོར་སྲུང་བ་སོགས། །རྒྱལ་བ་རྣམས་ཀྱི་ཐུགས་རྗེ་ནུས་མཐུ་ཡིས། རྡོ་རྗེའི་སློབ་མ་འདི་ལ་བྱིན་གྱིས་རློབས། །ཚེ་དང་ཡེ་ཤེས་རྒྱས་པར་མཛད་དུ་གསོལ། །ཨོཾ་ཨཱཿ་ཧཱུྃ་བྷདྡྷ་སརྦ་ཨ་དྷིཥྛི་ཨ་བྷི་ཥཉྩ་ཧཱུྃ༔ ཧཱུྃ་བདེ་གཤེགས་ཆེན་པོ་ལྷ་གྲགས་སྲིད་མཐའ་གཟིགས། །ཟླ་བ་དང་ནི་དབང་པོ་སྒྲ་གཅན་དང༌། །རིན་ཆེན་ཟླ་བ་སེངྒེ་རྒྱལ་མཚན་དང༌། །བསམ་གཏན་དགྱེས་དང་རྒྱལ་བ་རྫོགས་ལྡན་དང༌། །རྣམ་པར་གྲོལ་དང་ཡོན་ཏན་རིན་ཆེན་སོགས། །རྒྱལ་བ་རྣམས་ཀྱི༴ རྡོ་རྗེའི་སློབ་མ༴ ཚེ་དང་ཡེ་ཤེས༴ ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ༴ ཧཱུྃ་དགྲ་བཅོམ་གྲགས་དང་པདྨ་དངོས་མཆོག་དང༌། །མཛོད་སྤུ་ལྡན་དང་སྤོབས་པ་གྲགས་པ་དང༌། །རྡོ་རྗེ་ནོར་བུའི་མཚན་དང་ཚེ་དཔག་མེད། ནོར་བུ་བཀོད་པ་དབང་ཆེན་ཡོན་ཏན་དང༌། །འབྱུང་གནས་ལྷུན་པོ་འོད་ཟེར་བཅུ་བ་སོགས། །རྒྱལ་བ་རྣམས་ཀྱི་ཐུགས་རྗེ་ནུས་མཐུ༴ རྡོ་རྗེའི་སློབ་མ་འདི་ལ་བྱིན༴ ཚེ་དང་ཡེ་ཤེས་རྒྱས་པར་མཛད༴ །ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ་ཨ་དྷི་ཥྛ་ན་ཨ་བྷི༴ ཧཱུྃ་བདེ་གཤེགས་མ་སྨད་དང་ནི་གླང་པོའི་འགྲོས། །ཡིད་འཐད་རིན་ཆེན་མཆོག་གྱུར་ཟླ་བ་དང༌། །ཞི་བ་རབ་གསལ་ཁ་ལོ་བསྒྱུར་བ་དང༌། །དགའ་བའི་དབང་ཕྱུག་གཙུག་ན་རིན་ཆེན་དཔལ། །བསྙེང་བྲལ་དང་ནི་རིན་ཆེན་ཕུང་པོ་སོགས། །རྒྱལ་བ་རྣམས༴ རྡོ་རྗེའི་སློབ་མ་འདི༴ ཚེ་དང་ཡེ་ཤེས༴ ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ༴ ཧཱུྃ་ཟླ་བའི་ཞལ་དང་དྲི་མེད་གྲགས་ཞེས་དང༌། ཞི་བའི་གཟི་བརྗིད་དགའ་བའི་རྟོགས་མཆོག་དང༌། །སྒྲ་གཅན་ལྷ་དང་ན་ཚོད་བཟང་པོ་དང༌། །ལྷ་དགའ་དང་ནི་རིན་ཆེན་ཕུང་པོ་དང༌། །མཛེས་པར་གཤེགས་དང་སེངྒེ་ཕྱོགས་པ་སོགས། །རྒྱལ་བ་རྣམས་ཀྱི༴ རྡོ་རྗེའི་སློབ་མ་འདི༴ ཚེ་དང་ཡེ་ཤེས༴ ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ༴ ཧཱུྃ་ཤིནྟུ་མཐོར་གཤེགས་སྐྱེ་དབང་བློ་བཟང་དང༌། །འཇིག་རྟེན་འོད་དང་རིན་ཆེན་གཟི་བརྗིད་ཞབས། སྐལ་ལྡན་ཤིང་རྟ་ཀུན་ནས་རྒྱལ་བ་དང༌། །དགའ་བ་བཀོད་དང་དབང་པོ་སྟོབས་མཛེས་དང༌། །སྤོས་ཀྱི་གླང་པོ་རྒྱལ་བ་འོད་འཕྲོ་སོགས། །རྒྱལ་བ་རྣམས་ཀྱི་ཐུགས་རྗེ་ནུས་མཐུ་ཡི། །རྡོ་རྗེའི་སློབ་མ་འདི་ལ་བྱིན་གྱིས་རློབས། །ཚེ་དང་ཡེ་ཤེས་རྒྱས་པར་མཛད༴ ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ་ཨ་དྷིཥྛ་ན་ཨ་བྷི་ཥཉྩ་ཧཱུྃ། ཧཱུྃ་རི་བོ་རྒྱལ་མཚན་རྒྱལ་བ་སྤོས་བཟང་མཚན། །ཆོས་བསྟན་དང་ནི་གཟི་བརྗིད་ཆེན་པོ་ཉིད། །དྲག་ཤུལ་ཆེན་པོ་ཆོས་ཀྱི་ནོར་བུ་དང༌། །བདེ་གཤེགས་སྦྱིན་བཟང་བདེ་གཤེགས་ལྷ་ཞེས་དང༌། །ཚངས་པའི་དབྱངས་དང་སེང་ཟླ་མཚུང་མེད་སོགས། །རྒྱལ་བ་རྣམས་ཀྱི༴ རྡོ་རྗེ་སློབ་མ༴ ཚེ་དང་ཡེ་ཤེས༴ ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ༴ ཧཱུྃ་ལེགས་པར་སྐྱེས་དང་ཐུབ་པ་མེད་ཚོགས་དང༌། །གྲགས་པའི་བཤེས་དང་གསལ་བ་བདེ་བ་ཅེས། །དཀའ་ཐུབ་ཚེ་དང་ལྷུན་པོའི་འོད་ཟེར་དང༌། །ཡོན་ཏན་བརྩེགས་དང་མཆོད་པར་གྲགས་པ་དང༌། །ཆོས་གྲགས་དང་ནི་དབང་པོ་སྦྱིན་འོད་སོགས༌། །རྒྱལ་བ་རྣམས་ཀྱི་ཐུགས་རྗེ་ནུས་མཐུ་ཡི། །རྡོ་རྗེའི་སློབ་མ་འདི་ལ་བྱིན་གྱི་རློབས། །ཚེ་དང་ཡེ་ཤེས་རྒྱས་པར་མཛད་དུ་གསོལ། །ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ་ཨ་དྷིཥྛ་ན་ཨ་བྷི་ཥཉྩ་ཧཱུྃ། །ཧཱུྃ་སངས་རྒྱས་གློག་སྦྱིན་དང་ནི་བདེན་གསུང་པ། །འཚོ་བྱེད་དང་ནི་ན་ཚོད་བཟང་པོ་དང༌། །ལེགས་ཚོགས་ཅན་དང་རྣམ་པར་ངེས་པ་དང༌། །བདེ་གཤེགས་བློ་གྲོས་རྒྱལ་བ་སྲིད་མཐའ་གཟིགས། །ནོར་བུའི་སྤོས་དང་རྒྱལ་བ་རྒྱས་པ་སོགས། །རྒྱལ་བ་རྣམས་ཀྱི༴ རྡོ་རྗེ་སློབ་མ༴ ཚེ་དང་ཡེ་ཤེས༴ ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ༴ ཧཱུྃ་སེངྒེ་འོད་ཟེར་རྣམས་པར་སྣང་མཛད་དང༌། །བདེ་གཤེགས་གྲགས་མཆོག་རྒྱལ་བ་ཐུགས་རབ་གཞུང༌། །ནོར་བུ་ཟླ་བ་དྲག་ཤུལ་ཆེན་པོ་དང༌། །འོད་ཟེར་མཚན་དང་བརྟུལ་ཞུགས་ཐུབ་མེད་དང༌། །འགྲོས་མཆོད་དང་ནི་ནོར་བུའི་ཚོགས་མཆོད་སོགས། རྒྱལ་བ་རྣམས་ཀྱི༴ རྡོ་རྗེའི་སློབ་མ༴ ཚེ་དང་ཡེ་ཤེས༴ ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ༴ ཧཱུྃ་འཇིག་རྟེན་བླ་མ་རྒྱལ་དབང་གླིང་ཆེན་དང༌། །བདེ་གཤེགས་སེང་གེ་ཟླ་བ་རིན་ཆེན་དང༌། །འོད་ཟེར་ཞེས་དང་སྒྲ་གཅན་སྦེད་པའི་མཚན། །ཡོན་ཏན་རྒྱལ་པོ་འོད་ཟེར་ལྡན་པ་དང༌། །རབ་ཏུ་ཞི་དང་འཇིག་རྟེན་དབང་པོ་སོགས། །རྒྱལ་བ་རྣམས་ཀྱི་ཐུགས་རྗེ་ནུས་མཐུ༴ རྡོ་རྗེའི་སློབ་མ་འདི་ལ་བྱིན༴ ཚེ་དང་ཡེ་ཤེས་རྒྱས་པར་མཛད་དུ་གསོལ། ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ་ཨ་དྷིཥྛ་ན་ཨ་བྷི་ཥཉྩ་ཧཱུྃ། ཧཱུྃ་བདེ་གཤེགས་མྱ་ངན་མེད་དང་ཤུགས་བཅུར་གྲགས། །བདེ་གཤེགས་སྟོབས་དགྱེས་དབང་པོ་མཐུ་དཔལ་དང༌། །མཐུ་ཐོབ་དང་ནི་མཐུ་ཆེན་ཞེས་གྲགས་དང༌། །ཡོན་ཏན་སྙིང་པོ་བདེན་པར་སྤྱོད་པ་དང༌། །དགེ་མཆོག་རྒྱལ་པོ་ཡོན་ཏན་རྒྱ་མཚོ་སོགས། །རྒྱ་བ་རྣམས་ཀྱི༴ རྡོ་རྗེའི་སློབ་༴ ཚེ་དང་ཡེ་ཤེས་རྒྱས༴ ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ༴ ཧཱུྃ་རྣམ་འདྲེན་སྐར་རྒྱལ་འོད་ཟེར་ཆེན་པོ་དང༌། གློག་གི་འོད་དང་ཡོན་ཏན་རྒྱ་ཆེན་དང༌། རིན་པོ་ཆེ་དང་མཆོད་པ་དཔལ་འོད་དང༌། །བདུད་འདུལ་མཛད་དང་རྒྱལ་བ་གོ་བགོས་སེང༌། །མེ་ཏོག་བཟང་རིན་དབང་པོ་མཐོན་པོ་སོགས། །རྒྱལ་བ་རྣམས་ཀྱི་ཐུགས་རྗེ༴ རྡོ་རྗེའི་སློབ་མ༴ །ཚེ་དང་ཡེ་ཤེས༴ ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ༴ ཧཱུྃ་རྒྱ་མཚོ་ཆེན་པོ་རྒྱལ་བ་ས་འཛིན་དང༌། །དོན་བློ་མངའ་དང་རྒྱལ་བ་ཡོན་ཏན་བསགས། །བདེ་གཤེགས་ཡོན་ཏན་ཚོགས་དང་རིན་ཆེན་མེ། །འཇིག་རྟེན་འདས་པ་འཇིག་རྟེན་ཟླ་བ་དང༌། །དབྱངས་སྙན་ཚངས་པའི་དོག་དང་ཆེན་གཙོ། །རྒྱལ་བ་རྣམས་ཀྱི་ཐུགས་རྗེ་ནུས་མཐུ༴ རྡོ་རྗེའི་སློབ་མ་འདི་ལ་བྱིན་གྱིས༴ ཚེ་དང་ཡེ་ཤེས་རྒྱས་པར་ཛད་དུ་གསོལ། །ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ་ཨ་དྷིཥྛ་ན་ཨ་བྷི་ཥཉྩ་ཧཱུྃ། ཧཱུྃ་སངས་རྒྱས་སེངྒེ་སྟོབས་དང་དྲག་ཤུལ་བྱིན། །ཆོས་ཀྱིས་དབང་ཕྱུག་གཟི་བརྗིད་འོད་ཟེར་དང༌། །རིན་ཆེན་གྲགས་དང་ཚོགས་ཆེན་གསལ་བ་དང༌། །གྲགས་པ་མཐའ་གཡས་འོད་ཟེར་དོན་ཡོད་དང༌། །ལྷ་ཡི་དྲང་སྲོང་དང་ནི་སྐྱེས་དབང་སོགས། །རྒྱལ་བ་རྣམས་ཀྱི༴ རྡོ་རྗེའི་སློབ་མ༴ ཚེ་དང་ཡེ་ཤེས༴ ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ༴ ཧཱུྃ་དགེ་བདུན་བརྟེན་དང་ཕྱོགས་བཟང་ཏོག་ཆེན་དང༌། །ཡུལ་འཁོར་མེ་ཏོག་ཆོས་ཀྱི་བློ་གྲོས་དང༌། རླུང་གི་ཤུགས་ལྟར་གཤེགས་དང་ལེགས་བསམ་གྲགས། །སྣང་ལྡན་སྣ་ཚོགས་རྒྱལ་བ་ཡོན་ཏན་སྤུངས། །དོན་བློ་བསྙེང་མེད་རྒྱལ་བ་གྲོགས་བརྟན་དཔལ། །རྒྱལ་བ་རྣམས་ཀྱི༴ རྡོ་རྗེའི་སློབ་མ༴ ཚེ་དང་ཡེ་ཤེས༴ ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ༴ ཧཱུྃ་འོད་གནས་མཚུངས་དང་རྒྱལ་བ་ནོར་ཞབས་དང༌། །ཐར་པའི་གཟི་བརྗིད་འོད་བཟང་ཆེན་པོ་དང༌། །བློ་བཟང་དང་ནི་ཀུན་ཏུ་གཟི་བརྗིད་གྲགས། །ཡེ་ཤེས་མཆོག་མངའ་རྒྱལ་བ་ཚངས་རབ་གནས། །བདེན་པར་གསུང་དང་བློ་བཟང་སྟོབས་འབྱིན་སོགས། །རྒྱལ་བ་རྣམས་ཀྱི་ཐུགས་རྗེ་ནུས་མཐུ་ཡིས། །རྡོ་རྗེའི་སློབ་མ་འདི་ལ་བྱིན༴ ཚེ་དང་ཡེ་ཤེས་རྒྱས་པར་མཛད་དུ་གསོལ། །ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ་ཨ་དྷིཥྛ་ན་ཨ་བྷི༴ ཧཱུྃ་ སེངྒེའི་སྟོབས་དང་རྣམ་འདྲེན་མེ་ཏོག་རྟོགས། །ཡེ་ཤེས་འབྱུང་གནས་དང་ནི་མེ་ཏོག་འབྱིན། །ཡོན་ཏན་སྙིང་པོ་རིན་ཆེན་གྲགས་པ་སོགས། །གྲགས་པ་རྨད་བྱུང་ཞེས་དང་མི་ཚུགས་རྒྱལ། །བསྙེང་པ་ཆེད་དང་རྒྱལ་བ་ཉི་མའི་འོད། །རྒྱལ་བ་རྣམས་ཀྱི༴ རྡོ་རྗེའི་སློབ་མ༴ ཚེ་དང་ཡེ་ཤེས༴ ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ་ཨ༴ ཧཱུྃ་ཚངས་པར་གཤེགས་དང་ལྷ་ཡི་མཐུ་རྩལ་དང༌། །རྣམ་འདྲེན་ཡེ་ཤེས་རྒྱས་དང་ལྷ་བདེན་དང༌། །ནོར་བུའི་སྙིང་པོ་དང་ནི་དོན་ཡོད་གྲགས། །མཚུངས་མེད་ཡེ་ཤེས་དཔལ་དང་བཅིང་པ་མེད། །བརྟུལ་ཞུགས་བརྟན་པ་ལྷ་ཡི་གཟི་བརྗིད་མཚན། །རྒྱལ་བ་རྣམས་ཀྱི་ཐུགས་རྗེ་ནུས་མཐུ༴ རྡོ་རྗེའི་སློབ་མ་འདི་ལ་བྱིན་གྱིས་རློབས། །ཚེ་དང་ཡེ་ཤེས་རྒྱས་པར་མཛད༴ ཨོཾ་ཨཱཿཧཱུྃ་བྷུདྡྷ་སརྦ་ཨ་དྷིཥྛ་ན་ཨ་བྷིཥཉྩ་ཧཱུྃ། ཧཱུྃ་ཚངས་ཐུབ་དང་ནི་དབང་པོ་དལ་བཞུད་དང༌། །བརྟུལ་ཞུགས་ཆེ་དང་ཆེན་པོ་དཀའ་ཐུབ་དང༌། །འོད་ཟེར་ཕུང་པོ་གཟི་བརྗིད་ཆེན་པོ་དང༌། བདེ་གཤེག་ཙམ་པ་ཀ་དང་དགའ་མཛད་ཆེ། །ཚོགས་ཆེན་བཟང་པོ་དབང་པོའི་རྒྱལ་མཚན་སོགས། །རྒྱལ་བ་རྣམས་ཀྱི་ཐུགས་རྗེ༴ རྡོ་རྗེའི་སློབ་མ༴ ཚེ་དང་ཡེ་ཤེས༴ ཨོཾ་ཨཱ༔་ཧཱུྃ་བྷུདྡྷ་སརྦ༴ ཧཱུཾ་རྒྱལ་པ་ཆེ་དང་སྣ་མའི་མེ་ཏོག་དང༌། །ཚོགས་ཆེན་འོད་དང་རྒྱལ་བ་བསྐྲུན་མཛད་དང༌། །མདངས་འགྲོ་དང་ནི་དབང་པོ་དོན་ལེགས་དང༌། །བདེ་གཤེགས་དེས་པ་རྒྱལ་བ་ཞུ་མཆོག་དང༌། །བདེ་གཤེགས་ལེགས་བཟང་རྒྱལ་བ་འོད་ཟེར་ཆེ། །རྒྱལ་བ་རྣམས་ཀྱི༴ རྡོ་རྗེའི་སློབ་མ་འདི༴ ཚེ་དང་ཡེ་ཤེས༴ ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ༴ ཧཱུྃ་བསམ་པས་བྱིན་དང་བསོད་ནམས་འོད་ཆེན་དང༌། །རིན་ཆེན་དབྱངས་དང་རྒྱལ་བ་རྡོ་རྗེའི་སྡེ། །འབྱོར་པར་ལྡན་དང་སེངྒེ་སྟོབས་མཆོག་དང༌། །མགོན་པོ་དྲི་མེད་སྤྱན་དང་འོད་སྲུང་ཆེ། །སངས་རྒྱས་བློ་གསལ་རྒྱལ་བ་ཡེ་ཤེས་འགྲོ། །རྒྱལ་བ་རྣམས་ཀྱི་ཐུགས་རྗེ་ནུས་མཐུ༴ རྡོ་རྗེའི་སློབ་མ་འདི་ལ་བྱིན་གྱི་རླབས། །ཚེ་དང་ཡེ་ཤེས་རྒྱས་པར་མཛད་དུ་གསོལ། །ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ་ཨ་དྷིཥྛ་ན་ཨ་བྷི་ཥནྩ་ཧཱུྃ། ཧཱུྃ་གཟི་བརྗིད་དྲག་ཤུལ་ཞེས་དང་འོད་ཟེར་ཆེ། །ཉི་ཟླའི་འོད་ཆེན་རྒྱལ་བ་དྲི་མ་མེད། །གཟི་བརྗིད་རྣམ་དབྱེས་དབང་པོ་ཁེང་མེད་དང༌། །སྦྲང་རྩིའི་ཞལ་དང་དབང་པོ་ཟླ་འོད་དང༌། །བདེ་གཤེགས་གློག་འབྱིན་རྒྱལ་བ་རབ་ཞིར་གཤེགས། །རྒྱལ་བ་རྣམས་གྱིས༴ རྡོ་རྗེའི་སློབ་མ༴ ཚེ་དང་ཡེ་ཤེས༴ ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ་ཨ་དྷིཥྛ༴ ཧཱུྃ་མི་འཁྲུགས་པ་དང་རྒྱལ་བ་དགྲ་བཅོམ་གྲགས། །ཆོས་ཀྱི་ཡོན་ཏན་དང་ནི་ཞིང་བཟང་ཆེ། །བཀོད་པའི་རྒྱལ་པོ་དང་ནི་མངོན་པར་འཕགས། །སྦྱིན་བསྲེག་འོད་འཕྲོ་དང་ནི་པདྨའི་དཔལ། །བདེ་གཤེགས་རིན་ཆེན་བཀོད་དང་ཤིན་ཏུ་བཟང༌། །རྒྱལ་བ་རྣམས་ཀྱི༴ རྡོ་རྗེའི་སློབ་མ༴ ཚེ་དང་ཡེ་ཤེས་རྒྱས༴ ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ་ཨ༴ ཧཱུྃ་རིན་ཆེན་མཆོག་དང་ཐུགས་ནི་གཞུང་པ་དང༌། །འོད་དཔག་མེད་ཅེས་གྲགས་དང་རྒྱ་མཚོ་བྱིན། །ཚངས་པའི་ཏོག་དང་ཟླ་གདུག་འོད་འཕྲོ་དང༌། །དྲི་མེད་རྒྱལ་པོ་གྲགས་དང་ཡེ་ཤེས་གྲགས། །ཀུན་རྒྱལ་ཡོན་ཏན་འོད་དང་སྒྲ་གྲགས་སོགས། །རྒྱལ་བ་རྣམས་ཀྱི་ཐུགས་རྗེ་ནུས་མཐུ་ཡིས། །རྡོ་རྗེའི་སློབ་མ་འདི་ལ་བྱིན་གྱིས་རློབས། །ཚེ་དང་ཡེ་ཤེས་རྒྱས་པར་མཛད་དུ་གསོལ། །ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ་ཨདྷིཥྛ་ན་ཨ་བྷི་ཥཉྩ་ཧཱུྃ། །ཧཱུྃ་ཆེན་པོ་ཟླ་རྒྱས་པདྨའི་འོད་ཟེར་དང༌། །བརྟུལ་ཞུགས་བཟང་པོ་སྒྲོལ་པའི་རྒྱལ་པོ་དང༌། །གློག་གི་འོད་མཆོག་འོད་ཟེར་རྒྱལ་པོ་དང༌། །བདེ་གཤེགས་སྐར་མཁན་གྲགས་པ་རྫོགས་ལྡན་དང༌། །པདྨའི་སྙིང་པོ་དང་ནི་མཆོག་གི་རྒྱལ། །རྒྱལ་བ་རྣམས་ཀྱི་ཐུགས་རྗེ༴ །རྡོ་རྗེའི་སློབ་མ་འདི༴ ཚེ་དང་ཡེ་ཤེས་རྒྱས་པར༴ ཨོཾ་ཨཱཿ་ཧཱུཾ་བྷདྡྷ་སརྦ༴ ཧཱུྃ་སྤྱན་ནི་མཛེས་པ་དང་ནི་རྟོག་པ་མེད། །དྲག་ཤུལ་སྡེ་དང་བསོད་ནམས་གཟི་བརྗིད་དང༌། །མཐུ་རྩལ་ཆེན་པོ་ཐོག་མེད་བློ་ཅན་དང༌། སྒྲ་གཅན་ལྷ་དང་ཤེས་སྤུང་ཆེན་པོ་དང༌། །ཁ་ལོ་བསྒྱུར་བ་དང་ནི་སྐྱེས་དབང་མཚུངས། །རྒྱལ་བ་རྣམས་ཀྱི་ཐུགས་རྗེ་ནུས་མཐུ་ཡིས། །རྡོ་རྗེའི་སློབ་མ་འདི་ལ་བྱིན་གྱིས་སློབས། །ཚེ་དང་ཡེ་ཤེས་རྒྱས་པར་མཛད་དུ་གསོལ། །ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་ཨ་དྷིཥྛ་ན་ཨ་བྷི་ཥཉྩ་ཧཱུྃ། ཧཱུྃ་མེ་ཏོག་ཆེན་པོ་དང་ནི་སྒྲ་གཅན་འཛིན། །བདེ་གཤེགས་སྨན་ཆེན་རྒྱུ་སྐར་རྒྱལ་པོ་དང༌། །སྨན་པའི་རྒྱལ་པོ་བསོད་ནམས་གླིང་པོ་ཞེས། གཅོད་མཛད་དང་ནི་རྣམ་གྲངས་རྒྱལ་པོ་དང༌། །ཉི་འོད་ཆོས་མཛད་རྒྱལ་བ་བློ་གྲོས་བཟང༌། །རྒྱལ་བ་རྣམས༴ རྡོ་རྗེའི་སློབ་མ༴ ཚེ་དང་ཡེ་ཤེས་རྒྱས༴ ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ༴ ཧཱུྃ་ཡོན་ཏན་དབང་མཚུངས་རྒྱལ་བ་རྡོ་རྗེའི་སྡེ། །ཤེས་རབ་བརྩེགས་པ་དབང་པོ་ལག་གནས་དང༌། །བློ་ཡི་དབྱངས་ཅན་དང་ནི་ཚངས་དབྱངས་དང༌། །ཡོན་ཏན་རྟེན་མཆོག་འབྲུག་གི་སྒྲ་དབྱངས་དང༌། མངོན་ཤེས་རྟོགས་དང་རྟོག་གི་འོད་མཆོག་དང༌། །རྒྱལ་བ་རྣམས་ཀྱི༴ རྡོ་རྗེའི་སློབ་མ་འདི༴ ཚེ་དང་ཡེ་ཤེས༴ ཨོཾ་ཨཱ༔་ཧཱུྃ་བྷུདྡྷ་སརྦ༴ ཧཱུྃ་བདེ་གཤེགས་དགེ་བ་རྒྱལ་བ་ཚངས་པ་ཞེས། །སྐྱེ་མཆོག་དང་ནི་སྤྱན་ནི་སྡུག་པ་དང༌། ཀླུ་སྦྱིན་དང་ནི་བདེན་པའི་སྟོབས་མཆོག་དང༌། །རྒྱལ་བ་ཆེན་པོ་ཞུམ་པ་མེད་དབྱངས་དང༌། །རིན་ཆེན་འོད་དང་དབྱིངས་སྦྱིན་ཆེན་པོ་སོགས། །རྒྱལ་བ་རྣམས་ཀྱི་ཐུགས་རྗེ་ནུས་མཐུ༴ རྡོ་རྗེའི་སློབ་མ་འདི་ལ་བྱིན་གྱིས་རློབས། །ཚེ་དང་ཡེ་ཤེས་རྒྱས་པར་མཛད་དུ་གསོལ། །ཨོཾ་ཨཱཿཧཱུྃ། དྷུདྡྷ་སརྦ་ཨ་དྷིཥྛ་ན་ཨ་བྷི༴ ཧཱུྃ་སེངྒེ་གྲགས་དང་འོད་ཟེར་སྣ་ཚོགས་དང༌། །ཡེ་ཤེས་དབང་པོ་དང་ནི་མེ་ཏོག་རྒྱས། །མཐུ་རྩལ་སྟོབས་ཆེན་བསོད་ནམས་ཕུང་པོ་དང༌། །བདེ་གཤེགས་ཟླ་མཆོག་རྒྱལ་བ་སྐར་མཁན་དང༌། །ཟླ་སྒྲོན་བཅས་དང་གཟི་བརྗིད་ཕུང་པོ་སོགས། །རྒྱལ་བ་རྣམས༴ རྡོ་རྗེའི་སློབ་མ༴ ཚེ་དང་ཡེ་ཤེས༴ ཨོཾ་ཨཱཿ་ཧཱུྃ་བྷུདྡྷ༴ ཧཱུྃ་བྱང་ཆུབ་རྒྱལ་པོ་དང་ནི་མི་བཟད་ཅེས། །མངོན་རྟོགས་སྤྱན་དང་ཡན་ལག་རྒྱལ་བ་དང༌། །བདེ་གཤེགས་ཡུལ་འཁོར་རྣམ་འདྲེན་ཤེ་རབ་མཆོག །གཟི་བརྗིད་ཚིམ་མཛད་དང་ནི་ཤེས་རབ་འབྱིན། །མགོན་པོ་འཇམ་དབྱངས་ཆགས་པ་མེད་མཛད་སོགས། །རྒྱལ་བ༴ རྡོ་རྗེའི་སློབ་མ༴ ཚེ་དང་ཡེ་ཤེས༴ ཨོཾ་ཨཱཿཧཱུྃ་བྷུདྡྷ་སརྦ༴ ཧཱུྃ་གཙོ་བོ་འབྱིན་དང་བརྩེ་ཤེས་མཐུ་རྩལ་དང༌། །འོད་འཕྲོ་དབང་པོ་ཤུགས་འཆང་སྐར་རྒྱལ་དང༌། །བདེ་གཤེགས་འོད་བཟང་དང་ནི་གྲགས་པ་སྦྱིན། །བདེ་གཤེགས་ཟླ་བཟང་རྒྱལ་བ་མཚུངས་པ་མེད། །དོན་འགྲུབ་དང་ནི་སེངྒེའི་སྡེ་ཆེན་སོགས། །རྒྱལ་བ་རྣམས་ཀྱི་ཐུགས་རྗེ་ནུས་མཐུ༴ རྡོ་རྗེའི་སློབ་མ་འདི་ལ་བྱིན་གྱིས་རློབས། །ཚེ་དང་ཡེ་ཤེས་རྒྱས་པར་མཛད༴ ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ་ཨ་དྷིཥྛ་ན་ཨ་བྷི་ཥཉྩ་ཧཱུྃ། ཧཱུྃ་ནོར་ལྷའི་བུ་དང་མཚུངས་པ་མེད་གྲགས་དང༌། །རྒྱལ་ཆེན་སྙིང་པོ་བསོད་ནམས་འོད་ཟེར་དང༌། །འོད་ཟེར་བཟང་པོ་སྙིང་པོ་སྨྲ་འདོན་དང༌། །རྣམ་འདྲེན་སྒྲོན་རྒྱལ་རྣམ་འདྲེན་ཡེ་ཤེས་བརྩེགས། །ལྷ་མཆོག་དང་ནི་ས་ཡི་བདག་དབང་སོགས། །རྒྱལ་བ་རྣམས་ཀྱི༴ རྡོ་རྗེའི་སློབ་མ༴ ཚེ་དང་ཡེ་ཤེས་རྒྱས༴ ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ༴ ཧཱུྃ་གྲོལ་བ་བརྙེས་བྱེད་གཙུག་གི་གསེར་ཅན་དང༌། །སྒྲོན་མ་བཟང་པོ་ཐུབ་པར་དཀའ་བ་དང་༴ ཐུབ་གསལ་དང་ནི་ཟླ་བའི་འོད་ཟེར་དང༌། །གསེར་ཀྱི་འོད་ཅན་དང་ནི་ལེགས་སྦྱིན་ལྷ། །ཡོན་ཏན་དབང་པོ་དང་ནི་ཆོས་གདུགས་སོགས། །རྒྱལ་བ་རྣམས་ཀྱི་ཐུགས་རྗེ་ནུས་མཐུ་ཡི། །རྡོ་རྗེའི་སློབ་མ་འདི་ལ་བྱིན༴ ཚེ་དང་ཡེ་ཤེས་རྒྱས་པར་མཛད༴ ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ་ཡ་དྷིཥྛ་ན་ཨ་བྷི་ཥཉྩ་ཧཱུྃ། ཧཱུྃ་བསོད་ནམས་ལེགས་དང་ཆགས་པ་མེད་པ་དང༌། །ཡེ་ཤེས་གྱ་ནོམ་དབང་པོ་བློ་ཞིབ་དང༌། །གཟི་བརྗིད་ཆེ་དང་ཐེག་པ་ཆེ་སྨན་དང༌། །རྣམ་གྲོལ་ཏོག་དང་འོད་མཛད་ཡེ་ཤེས་དང༌། །རྒྱལ་པོ་གཟི་བརྗིད་མཛད་དང་ཆུ་བོ་སྤང༌། །རྒྱལ་བ་༴ རྡོ་རྗེའི༴ ཚེ་དང་༴ ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ༴ ཧཱུྃ་ཐོག་མེད་གྲགས་དང་བདེན་པའི་ཕུང་པོ་དང༌། །དབྱངས་སྙན་དང་ནི་རི་དབང་མཚུངས་པ་དང༌། །ཆོས་བརྩེགས་དང་ནི་ཐར་བའི་གཟི་བརྗིད་དང༌། །ལེགས་མཛད་མཚན་དང་རབ་ཏུ་ཞི་སྐུ་དང༌། །ཡིད་འོང་གསུང་དང་རྒྱལ་བ་བློ་དབྱངས་དང༌། །རྒྱལ་བ་རྣམས་ཀྱི༴ རྡོ་རྗེའི༴ ཚེ་དང་༴ ཨོཾ་ཨཱཿཧཱུྃ་བྷུདྡྷ༴ ཧཱུྃ་ཆུ་ལྷ་དང་ནི་འགྲས་མཆོག་སེང་ཞེས་དང༌། །ཆོས་མཐུན་བསྐལ་བཟང་མི་འཁྲུགས་མདོག་ཉིད་དང༌། །གཟི་བརྗིད་རྒྱལ་པོ་རྒྱལ་བ་ཏོག་མཛད་དང༌། །སྤྱན་ལེགས་མཚན་དང་དོན་གནས་བློ་མཆོག་དང༌། །སྣང་བའི་འོད་ཟེར་སྤོས་ཀྱི་གཟི་བརྗིད་མཆོག །རྒྱལ་བ༴ རྡོ་རྗེའི༴ ཚེ་དང་༴ ཨོཾ་ཨཱཿ ཧཱུྃ་བྷུདྡྷ༴ ཧཱུྃ་ཀུན་ཏུ་དགའ་མཛད་དོན་ཡོད་གཤེགས་པ་དང༌། །ཁྲོ་བ་བཅོམ་པ་དང་ནི་གཟུགས་མཆོག་དང༌། །ལེགས་གཤེགས་དང་ནི་རབ་སྦྱིན་གྲགས་པ་དང༌། །འོད་གྱི་རྩ་བ་ལྷ་ཉིད་ཤེས་སྦྱིན་དང༌། །མཉམ་བཞག་བདག་ཉིད་གཟི་མདངས་རྒྱལ་རིགས་སོགས། །རྒྱལ་བ་རྣམས་ཀྱི་ཐུགས་རྗེ་ནུས༴ རྡོ་རྗེའི་སློབ་མ་འདི་ལ༴ ཚེ་དང་ཡེ་ཤེས་རྒྱས་པར༴ ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ་ཨདྷིཥྛ་ན་ཨ་བྷི༴ ཧཱུྃ་སྐལ་ལྡན་ཤིང་རྟ་གསེར་མདོག་རྣམ་གཙུག་དང༌། རྒྱལ་བ་ཆོས་ལྡན་རྒྱལ་བ་སྤོས་གནས་དང༌། །དྲེགས་སྤངས་དང་ནི་ཡེ་ཤེས་མཛོད་ཆེན་དང༌། །ཚངས་པ་གཤེགས་དང་རྒྱལ་བ་ཙནྡན་ཞེས༌། །མྱ་ངན་མེད་དང་སེངྒེ་འོད་ཟེར་སོགས། །རྒྱལ་བ༴ རྡོ་རྗེའི༴ ཚེ་དང་༴ ཨོཾ་ཨཱཿ་བྷུདྡྷ༴ ཧཱུྃ་ཡུལ་འཁོར་ཏོག་དང་དད་པའི་སྙིང་པོ་དང་༴ །གཟི་བརྗིད་མཐའ་ཡས་ལྷ་འོད་ཤེ་རབ་དང༌། །མེ་ཏོག་མཁས་པ་ཡེ་ཤེས་འབྱོར་ལྡན་དང༌། །ཚངས་དབྱིག་དང་ནི་དབང་པོ་ཕྱག་ན་དང༌། །རིན་ཆེན་དབང་ལྡན་དང་ནི་རྫོགས་པར་གསུང༌། །རྒྱལ་བ་རྣམས་ཀྱི་ཐུགས་རྗེ་ནུས༴ རྡོ་རྗེའི་སློབ་མ༴ ཚེ་དང་ཡེ་ཤེས་རྒྱས་པར༴ ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ་ཨ་དྷིཥྛ་ན་ཨ་བྷྀ༴ ཧཱུྃ་བདེ་གཤེགས་ཆོས་གསུང་བདེ་གཤེགས་མཆོད་པར་འོས། །སྐལ་རྒྱལ་ཉི་མ་འདི་ལས་བརྒལ་བ་དང༌། །ཡེ་ཤེས་བརྙེས་དང་གྲུབ་པ་རྨ་བྱ་དང༌། །བདེ་གཤེགས་ཆོས་སྦྱིན་བདེ་གཤེགས་ཕན་པར་བཞེད། །ཡེ་ཤེས་ལྡན་པ་གྲགས་པའི་འོད་ཟེར་དང༌། རྒྱལ་བ༴ རྡོ་རྗེའི༴ ཚེ་དང་ཡེ་ཤེས༴ ཨོཾ་ཨཱཿ་ཧཱུྃ་བྷུདྡྷ༴ ཧཱུྃ་ དྲ་བ་རྣམ་བཅོམ་བཻཌཱུརྱ་སྙིང་དང༌། །མེ་ཏོག་ལྷ་རྒྱལ་ཟླ་བ་དྲན་འོད་དང༌། །དགེ་བའི་འོད་དང་ཡོན་ཏན་མཆོག་མ་དང༌། །ཀུན་གྱི་འོད་དང་རིན་པོ་ཆེ་དཔལ་དང༌། །སྐྱེས་སུ་ཟླ་བ་སྒྲ་གཅན་བདུད་རྩི་འོད། རྒྱལ་བ༴ རྡོ་རྗེའི༴ ཚེ་དང་༴ ཨོཾ་ཨཱཿཧཱུྃ་བྷུདྡྷ༴ ཧཱུྃ་འཇིག་རྟེན་གྱིས་མཆོད་སྐད་འོད་ཞི་སྟོབས་དག། ཆོས་ཀྱི་རྒྱ་མཚོ་ཆོས་ཀྱི་དབང་ཕྱུག་དང༌། །རི་དབང་རབ་ཞི་ཡོན་ཏན་མཐུ་སྟོབས་དང༌། །ལྷ་ཡི་དབང་པོ་དབྱངས་སྙན་ངོས་བཟང་དང༌། །དོན་གནས་ཞེས་དང་ཡོན་ཏན་གཟི་བརྗིད་དཔལ། །རྒྱལ་བ་རྣམས་ཀྱི་ཐུགས་རྗེ་ནུས་མཐུ༴ རྡོ་རྗེའི་སློ་མ་འདི་ལ་བྱིན༴ ཚེ་དང་ཡེ་ཤེས་རྒྱས་པར་མཛད༴ ཨོཾ་ཨཱཿཧཱུྃ་བྷུདྡྷ་སརྦ་ཨ་དྷིཥྛ་ན་ཨ་བྷི༴ ཧཱུྃ་མགོན་ལྡན་བླ་མེད་ང་རོ་དཔག་མེད་དང༌། །འོད་བཟང་དང་ནི་ཤིན་ཏུ་ཐུགས་གཞུང་དང༌། །དོན་དགོངས་དང་ནི་གཏི་མུག་བྲལ་བ་དང༌། །དབྱིངས་ཀྱི་ཡན་ལག་དང་ནི་མཆོག་མཛེས་གཤེགས། །ཞི་བའི་དོན་དང་ཆོས་ཀྱི་དབང་ཕྱུག་སོགས། རྒྱལ་བ༴ རྡོ་རྗེའི་སློབ་མ༴ ཚེ་དང་༴ ཨོཾ་ཨཱཿ་ཧཱུྃ་བྷདྡྷ༴ ཧཱུྃ་རྒྱལ་བ་སྐྱོན་མེད་རྒྱལ་བ་བློ་དབྱངས་དང༌། །སངས་རྒྱས་དགེ་བ་སངས་རྒྱས་རྡུལ་དང་བྲལ། །པདྨའི་མཛོད་དང་འོད་ཟེར་བཟང་པོ་དང༌། །སྤོབས་པའི་མདོག་དང་རྒྱལ་བ་སྟེག་བཟང་དང༌། །ཡོན་ཏན་རྒྱ་མཚོ་ཚོགས་ཚོགས་ཚོགས་དབང་སོགས། རྒྱལ་བ༴ རྡོ་རྗེའི་སློབ་མ༴ ཚེ་དང་༴ ཨོཾ་ཨཱཿཧཱུྃ་བྷུདྡྷ༴ ཧཱུྃ་བསྙེང་པར་གྲགས་དང་ཡེ་ཤེས་བཞད་ཅེས་དང༌། །སྤོབས་པའི་སྤྱན་དང་བློ་ཡི་མཆོག་མ་དང༌། །ཟླ་བ་ཆོས་དབང་རིན་ཆེན་ཟླ་འོད་དང༌། །བསྙེང་པ་མེད་པ་གཟིགས་པ་ཆེན་པོ་དང༌། །ཚངས་པའི་དབྱངས་དང་དབྱངས་བཟང་ཞེས་བྱ་སོགས། རྒྱལ་བ་རྣམས་ཀྱི་ཐུགས་རྗེ་ནུས༴ རྡོ་རྗེའི་སློབ་མ་འདི་མ༴ ཚེ་དང་ཡེ་ཤེས་རྒྱས་པར༴ ཨོཾ་ཨཱཿཧཱུྃ་བྷུདྡྷ་སརྦ་ཨ་དྷིཥྛ་ན༴ ཧཱུྃ་ཤེས་རབ་ཆེ་སྟོབས་བློ་གྲོས་བླ་མེད་དང༌། །རྡོ་རྗེ་ལྟར་མཁྲེགས་བྱང་ཆུབ་བློ་གྲོས་པོ་དང༌། །ལྗོན་ཤིང་བཟང་པོ་རྒྱལ་བ་གདེང་བསྙེན་དང༌། །བསོད་ནམས་སྟོབས་དང་རྒྱལ་ཆེན་མཐུ་དཔལ་དང༌། །འཕགས་པ་རྒྱས་མཚན་རྒྱལ་དབང་མཐུ་སྟོབས་མཚན། རྒྱལ་བ༴ རྡོ་རྗེའི༴ ཚེ་དང་༴ཨོཾ་ཨཱཿ་ཧཱུྃ་བྷ་དྷ༴ ཧཱུྃ་སྐར་རྒྱལ་དང་ནི་སྤྲིན་གྱི་རྔ་སྒྲ་དང༌། །སྤྱན་དུ་ཞལ་གདོང་ཡེ་ཤེས་བཟང་ལྡན་དང༌། །འབྱོར་བ་ལྡན་པ་ཡེ་ཤེས་ཕུང་པོ་དང༌། །གསལ་བ་དང་ནི་ཆོས་ཀྱི་རྒྱལ་མཚན་དང༌། །ཡེ་ཤེས་ང་རོ་རྒྱལ་བ་ནམ་མཁའ་སོགས། །རྒྱལ་བ༴ རྡོ་རྗེའི་སློབ་མ༴ ཚེ་དང་ཡེ་ཤེས༴ ཨོཾ་ཨཱ༔་ཧཱུྃ་བྷུ་དྡྷ༴ ཧཱུྃ་མཆོད་སྦྱིན་ང་རོ་རྣམ་གྲོལ་ང་རོ་དང༌། །མགོན་པོ་ང་རོ་ཡོན་ཏན་འོད་ཟེར་དང༌། །བདེ་གཤེགས་གཟི་བརྗིད་དྲང་སྲོང་དབང་པོ་དང༌། །བློ་དང་ལྡན་དང་སྤོབས་པའི་མཆོག་བརྩེགས་དང༌། །མཆོད་སྦྱིན་བཟང་པོ་ཟླ་བའི་ཞལ་གྲགས་སོགས། །རྒྱལ་བ་རྣམས་ཀྱི་ཐུགས་རྗེ་ནུས་མཐུ༴ རྡོ་རྗེའི་སློབ་མ་འདི་ལ་བྱིན༴ ཚེ་དང་ཡེ་ཤེས་རྒྱས་པར་མཛད༴ ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ་ཨ་དྷིཥྛ་ན་ཨ་བྷི༴ ཧཱུྃ་ཤིན་ཏུ་གཟིགས་དང་རྡུལ་དང་བྲལ་བ་དང༌། །ཡོན་ཏན་རྒྱ་མཚོ་ཡོན་ཏན་ཚོགས་་ཉིད་དང༌། །རྟོགས་དང་ལྡན་དང་བསོད་ནམས་རྒྱལ་མཚན་དང༌། །ཡུལ་འཁོར་སྤོབ་པ་རིན་ཆེན་རབ་སྦྱིན་དང༌། །ཟླ་བ་རྒྱས་པ་སེང་གེ་རྟོགས་མཆོག་སོགས། རྒྱལ་བ༴ རྡོ་རྗེའི༴ ཚེ་དང་༴ ཨོཾ་ཨཱཿ་ཧཱུྃ་བྷུདྡྷ༴ ཧཱུྃ་དབངབསྐུར་རྒྱལ་པོ་བདུད་རྩི་གསལ་བ་དང༌། །བསམ་གཏན་སྙོམས་པ་འཁྲུགས་པ་མེད་པ་དང༌། །དྲི་མ་རབ་ཞི་ཕྱོགས་མ་བསླད་པ་དང༌། །མཛེས་པ་དང་ནི་དབང་པོ་ཞལ་བཟང་དང༌། །ཤུགས་གནས་ཡེ་ཤེས་གསུང་པའི་དབང་པོ་སོགས། །རྒྱལ་བ་༴ རྡོ་རྗེའི༴ ཚེ་དང་༴ ཨོཾ་ཨཱ༔་ཧཱུྃ་བྷུདྡྷ་༴ ཧཱུྃ་གཟི་བརྗིད་ཆེན་པོ་བློ་གྲོས་བཟང་པོ་དང༌། །བདུད་རྩི་དང་ནི་ཆོས་ཀྱི་སྟོབས་མཆོག་དང༌། །མཆོད་པར་ལྡན་དང་མེ་ཏོག་གཅེས་དང༌། །ཁམས་འོད་སུམ་མཆོད་གནས་སྒྲ་གཅན་ཉི་མའི་སྙིང༌། །ལྷ་ཡིས་མཆོད་པ་ཐ་བའི་རྒྱལ་མཚན་སོགས། །རྒྱལ་བ་རྣམས་ཀྱི་ཐུགས་རྗེ་ནུས་མཐུ༴ རྡོ་རྗེའི་སློབ་མ་འདི་ལ་བྱིན་གྱི་རློབས། །ཚེ་དང་ཡེ་ཤེས་རྒྱས་པར་མཛད་དུ་གསོལ། །ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ་ཨ་དྷིཥྛ་ན་ཨབྷི་ཥཉྩ་ཧཱུྃ། ཧཱུྃ་དགེ་བའི་གཙུག་དང་བདུད་རྩི་འོད་གྲགས་དང༌། །བདེ་གཤེགས་རྡོ་རྗེ་བདེ་གཤེགས་བརྟན་པ་དང༌། །རིན་ཆེན་ཕུང་པོ་དང་ནི་མཛེས་གཤེགས་དང༌། །ཉི་མ་ལྟར་གཤེགས་དབང་པོའི་འོད་ཅེས་དང༌། །ཡོན་ཏན་གཙུག་དང་དཔལ་ནི་རྫོགས་པ་སོགས། །རྒྱལ་བ་༴ རྡོ་རྗེའི་སློབ་མ༴ ཚེ་དང་ཡེ་ཤེས༴ ཨོཾ་ཨཱཿ་ཧཱུྃ་བྷུདྡྷ༴ ཧཱུྃ་སེངྒེའི་སྟོབས་དང་གྱེན་འཕགས་མེ་ཏོག་འབྱིན། །འོད་འགྱེད་པ་དང་པདྨ་ཞེས་གྲགས་དང༌། །ཡེ་ཤེས་རྒྱས་དང་བཀོད་པ་མཛེས་པ་དང༌། །གཏི་མུག་མེད་པར་གནས་དང་རྨ་མེད་ཅེས། །ཏོག་གི་རྒྱལ་མཚན་བདེ་བར་དགོངས་པ་སོགས། །རྒྱལ་བ་༴ རྡོ་རྗེའི༴ ཚེ་དང་ཡེ་ཤེས༴ ཨོཾ་ཨཱཿཧཱུྃ་བྷུདྡྷ༴ ཧཱུྃ་གཏི་མུག་མེད་གསལ་དང་ནི་མཆོག་མཁྱེན་དང༌། །དག་པའི་རྒྱ་མཚོ་དང་ནི་རིན་ཆེན་མངའ། །བདེ་གཤེགས་མི་མངའ་སྐྱེ་བོ་དགའ་མཛད་དང༌། །རྨ་བྱའི་ང་རོ་ཞེས་དང་མ་ཞུམ་དང༌། སྲིད་པའི་དྲི་མ་སྤངས་དང་སྤྱོད་པའི་སྟེག །རྒྱལ་བ་རྣམས་ཀྱི་ཐུགས་རྗེ་ནུས༴ །རྡོ་རྗེའི་སློབ་མ་འདི་ལ་བྱིན༴ ཚེ་དང་ཡེ་ཤེས་རྒྱས་པར་མཛད་དུ་གསོལ། ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ་ཨ་དྷིཥྛ་ན༴ ཧཱུྃ་ལྷ་མང་སྙན་གྲགས་དང་ནི་རིན་ཆེན་སྟོབས། །ཕྱག་ན་པདྨ་བསྣམས་དང་དགྲ་ལས་རྒྱལ། །འབྱོར་ལྡན་གྲགས་པ་ཡུལ་འཁོར་བཟང་པོ་དང༌། །མེ་ཏོག་འོད་དང་སེང་གེ་ང་རོ་དང༌། །ཟླ་ལྟར་ཤར་བ་འཇམ་པའི་མཆོག་ཉིད་སོགས། རྒྱལ་བ་༴ རྡོ་རྗེའི༴ ཚེ་དང་༴ ཨོཾ་ཨཱཿ ཧཱུྃ་བྷུདྡྷ༴ ཧཱུྃ་མི་གཡོ་བ་དང་ཕན་དང་ལྡན་པར་གཤེགས། །ཤེས་རབ་བསོད་ནམས་སྒྲོན་མའི་རྒྱལ་པོ་དང༌། །དབྱིངས་ཀྱི་བསྐལ་པ་གོའུ་ཏ་མ་དང༌། །མདངས་སྟོབས་དང་ནི་བློ་གནས་རང་བཞིན་དང༌། །ཟླ་བ་བཟང་པོ་བྱང་ཆུབ་ཡན་ལགས་སོགས། །རྒྱལ་བ་རྣམས་ཀྱི་ཐུགས་རྗེ་ནུས་མཐུ༴ རྡོ་རྗེའི་སློབ་མ་འདི་ལ༴ ཚེ་དང་ཡེ་ཤེས་རྒྱས་པར༴ ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ་ཨ་དྷི་ཥྛ༴ ཧཱུྃ་མེ་ཏོག་བཀྲ་ཤིས་ལེགས་སྟོན་ཆེན་པོ་དང༌། །ཡེ་ཤེས་གཟི་བརྗིད་སེང་གེའི་སྒྲོལ་མ་དང༌། །མཐུ་རྩལ་བརྟན་པོ་ལྷ་ཡི་སྒྲ་ཆེན་དང༌། །རབ་ཞི་དང་ནི་ཉི་མ་ཞལ་གྲགས་དང༌། །ཐར་པའི་བརྟུལ་ཞུགས་ཚུལ་ཁྲིམས་འོད་མཆོག་སོགས། །རྒྱལ་བ་༴ རྡོ་རྗེའི་སློབ་མ༴ ཚེ་དང་༴ ཨོཾ་ཨཱཿ་ཧཱུྃ་བྷུདྡྷ༴ ཧཱུྃ་བརྟུལ་ཞུགས་གནས་དང་རྡུལ་མེད་ཅེས་བྱ་དང༌། །སྙིང་པོ་འཕགས་པ་དབང་པོ་མིག་སྨན་དང༌། །འཕེལ་བར་མཛད་པ་སྤོས་འོད་ཆེན་པོ་དང༌། །དུས་མགོན་འོད་དང་དྲན་པའི་དབང་པོ་དང༌། །ཐོག་མེད་རྒྱལ་མཚན་བྱང་ཆུབ་མཆོག་བསྒྲོད་སོགས། །རྒྱལ་བ་༴ རྡོ་རྗེའི༴ ཚེ་དང་ཡེ་ཤེས༴ ཨོཾ་ཨཱཿ ཧཱུཾ་བྷུདྡྷ༴ ཧཱུྃ་རིན་ཆེན་རྒྱས་པ་ཆོས་ཀྱི་དབང་ཕྱུག་དང༌། །ལྷ་ཡི་ཐམས་ཅད་བཤེས་གཉེན་ཆེན་པོ་དང༌། །བཤེས་གཉེན་བཟང་པོ་རབ་ཏུ་ཞི་སྟོབས་དང༌། །བདུད་རྩིའི་བདག་པོ་ལྷུན་པོའི་འོད་ཅེས་དང༌། །འཕགས་པ་བརྟན་པ་སྣང་ལྡན་གཟི་བརྗིད་འབར། །རྒྱལ་བ་རྣམས་ཀྱི་ཐུགས་རྗེ་ནུས་མཐུ༴ རྡོ་རྗེའི་སློབ་མ་འདི་ལ༴ ཚེ་དང་ཡེ་ཤེས་རྒྱས་པར་མཛད༴ ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ་ཨ་དྷིཥྛ་ན༴ ཧཱུྃ་སྣང་བ་གཟིགས་པ་ལེགས་པར་བཤད་པ་དང༌། །རྣམ་པར་སྨིན་པ་དབང་པོ་ལེགས་རྒྱས་དང༌། །མྱ་ངན་བྲལ་བ་རིན་ཆེན་འོད་མཆོག་དང༌། །སྤྱོད་པར་ལྡན་པ་བསོད་ནམས་སྟོབས་གྲགསདང༌། །ཡོན་ཏན་རྒྱ་མཚོ་དང་ནི་ང་རྒྱལ་སྤངས། །རྒྱལ་བ༴ རྡོ་རྗེའི་སློབ་མ༴ ཚེ་དང་༴ ཨོཾ་ཨཱཿ་ཧཱུྃ་བྷུདྡྷ༴ ཨོཾ་བདུད་བརླག་མཛད་པ་བག་ཆགས་བརྒལ་སྟོབས་དང༌། མི་ཕྱེད་བློ་མངའ་རྒྱ་མཚོ་དགའ་མཛད་དང༌། །ཚོགས་ཆེན་གྲོལ་རྒྱལ་དགའ་བའི་འོད་ཆེན་དང༌། །བྱང་ཆུབ་རྒྱལ་མཚན་ཡེ་ཤེས་རིན་ཆེན་དང༌། །ཤིན་ཏུ་བསིལ་བ་ཚངས་པའི་རྒྱལ་པོ་སོགས། །རྒྱལ་བ༴ རྡོ་རྗེའི༴ ཚེ་དང་༴ ཨོཾ་ཨཱཿ་ཧཱུྃ་བྷུདྡྷ༴ ཧཱུྃ་ཡེ་ཤེས་རྒྱས་པ་རྫུུ་འཕྲུལ་ཏོག་ཅན་དང༌། །སྐྱེས་དབང་མཚུངས་པའི་དབང་ཕྱུག་ཉི་མ་རྒྱས། །སྒྲ་གཅན་ཟླ་བ་དང་ནི་མེ་ཏོག་འོད། །སྨན་བདག་དང་ནི་མདངས་མངའ་ཆེན་པོ་དང༌། །བསོད་ནམས་རྒྱས་པ་དབང་པོ་དགའ་སྟོབས་སོགས། །རྒྱལ་པ་རྣམས་ཀྱི་ཐུགས་རྗེ་ནུས༴ རྡོ་རྗེའི་སློབ་མ་འདི་ལ་བྱིན༴ ཚེ་དང་ཡེ་ཤེས་རྒྱས་པར་མཛད༴ ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ་ཨ་དྷིཥྛ་ན་ཨ༴ ཧཱུྃ་དབྱངས་སྙན་མཚན་དང་ཆོས་ཀྱི་དབང་ཕྱུག་དང༌། །ཚངས་དབྱངས་དང་ནི་སྤྱོད་བཟང་ཆེན་པོ་དང༌། འཁྲུལ་མེད་བློ་དང་དབྱངས་ཅན་སྙན་པར་གྲགས། །བདེ་གཤེགས་སྟོབས་ལྡན་གཟི་བརྗིད་རྣམ་གྲགས་དང༌། །འགྲོ་བའི་དབང་ཕྱུག་དབང་པོ་ལྗོན་པ་སོགས། རྒྱལ་བ་རྣམས་ཀྱི་ཐུགས་རྗེའི་ནུས་མཐུ༴ རྡོ་རྗེའི་སློབ་མ༴ ཚེ་དང་ཡེ་ཤེས༴ ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ༴ ཧཱུྃ་ གཏི་མུག་རབ་ཟད་དཔག་མེད་ཆེན་པོ་དང༌། །འདབ་བཟང་དང་ནི་སྤོབས་པ་མཐའ་ཡས་དང༌། །བརྟུལ་ཞུགས་བརྟན་དང་མཆོད་པར་གནས་པ་དང༌། །མྱ་ངན་བརྒལ་བ་དགེ་ཞིང་དགྱེས་པ་དང༌། །འགྲོ་བའི་བློ་གྲོས་དང་ནི་དགྱེས་པར་གཤེགས། རྒྱལ་བ༴ རྡོ་རྗེའི༴ ཚེ་དང་༴ ཨོཾ་ཨཱཿ་ཧཱུྃ་བྷུདྡྷ༴ ཧཱུྃ་ཞབས་མཛེས་ཞེས་དང་ཨུཏྤལ་ཆེན་པོ་དང༌། །བདེ་གཤེགས་དུས་གནས་བདེ་གཤེགས་མེ་ཏོག་ཅེས། །སྤོབས་པ་མཐའ་གཡས་འོད་ཟེར་དྲང་སྲོང་གསལ། །ཡོན་ཏན་བརྩོན་འགྲུས་ལྷ་བདག་རིན་མཐོ་གསལ། སྐལ་ལྡན་ཤིང་རྟ་བསོད་ནམས་བློ་གྲོས་སོགས། །རྒྱལ་བ་རྣམས་ཀྱི་ཐུགས་རྗེ་ནུས༴ རྡོ་རྗེའི་སློབ་མ་འདི་ལ་བྱིན༴ ཚེ་དང་ཡེ་ཤེས་རྒྱས་པར་མཛད༴ ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ་ཨདྷིཥྛ་ན་ཨ་བྷི༴ ཧཱུྃ་སྦྱིན་བསྲེགས་འོད་འཕྲོ་ཡོན་ཏན་གཟི་བརྗིད་དང༌། །སེངྒེའི་སྟོབས་དང་རྒྱལ་བ་མི་གཡོ་བ། །སངས་རྒྱས་རབ་གསལ་སངས་རྒྱས་འོད་སྤྱོད་དང༌། །ཀླུ་དབྱངས་མཚན་དང་འཁོར་ཞེས་བྱ་བ་དང༌། །འཛིན་པ་དང་ནི་དབྱིག་མཆོག་ཅེས་བྱ་བ་སོགས། །རྒྱལ་བ༴ རྡོ་རྗེའི༴ ཚེ་དང་༴ ཨོཾ་ཨཱཿ་ཧཱུྃ་བྷདྡྷ༴ ཧཱུྃ་འཇིག་རྟེན་དགའ་བ་ཆོས་ཀྱི་བླ་མ་དང༌། །དགའ་བ་མཐའ་གཡས་སྤྲིན་གྱི་མེ་ཏོག་མཆོག །བདེ་གཤེགས་ཤེས་རབ་འགྲོས་དང་སྤོས་བཟང་དང༌། །ནམ་མཁའི་དབྱིངས་དང་དབང་པོ་ལྷ་ཞེས་དང༌། །བདེ་གཤེགས་ཀླུ་རྒྱལ་རྒྱལ་བ་ནོར་བུ་གསལ། །རྒྱལ་བ་རྣམས་ཀྱི་ཐུགས་རྗེ་ནུས་མཐུ༴ རྡོ་རྗེའི་སློབ་མ་འདི་ལ་བྱིན༴ ཚེ་དང་ཡེ་ཤེས་རྒྱས་པར་མཛད༴ ཨོཾ་ཨཱཿ་ཧཱུྃ་བྷུདྡྷ་སརྦ་ཨ་དྷིཥྛ་ན༴ ཧཱུྃ་ནོར་བཟང་སྒྲོན་མ་རིན་ཆེན་ང་རོ་དབྱིངས། །སྐྱི་དབང་རྒྱལ་པོ་སྒྲ་གཅན་སྦེད་པ་དང༌། །དགེ་མཛད་སེང་གེའི་བློ་དང་རིན་ཆེན་གྲགས། །དོན་མཛད་དང་ནི་མཛད་པ་མཐར་གཟིགས་དང༌། །སྲིད་པའི་མེ་ཏོག་དང་ནི་མཛོད་སྤུ་སོགས། །རྒྱལ་བ༴ རྡོ་རྗེའི༴ ཚེ་དང་༴ ཨོཾ་ཨཱཿ་ཧཱུྃ་བྷུདྡྷ༴ ཧཱུྃ་སྤོབས་པ་མཚུངས་མེད་ཡེ་ཤེས་རྣམ་འབྱེད་དང༌། །ང་རོ་སེང་མཆེ་མཛེས་པར་གཤེགས་པ་དང༌། །བསོད་ནམས་སྒྲོན་མ་བཀྲ་ཤིས་ལྡན་པ་དང༌། །ཡུལ་འཁོར་མྱ་ངན་མེད་དང་བློ་གྲོས་སེམས། །བདེ་གཤེགས་བློ་གྲོས་ཆོས་ཀྱི་སྒྲོན་སྤྱན་སོགས། །རྒྱལ་བ་རྣམས༴ རྡོ་རྗེའི་སློབ་མ༴ ཚེ་དང་ཡེ་ཤེས༴ ཨོཾ་ཨཱཿ་ཧཱུྃ་བྷུདྡྷ༴ ཧཱུྃ་ ཤིན་ཏུ་གཟིགས་པ་ཤུགས་ཆེན་འདོར་བ་དང༌། །སྟོབས་ཆེན་དང་ནི་ཤེས་རབ་མེ་ཏོག་དང༌། །བསྟན་པའི་དབྱིངས་དང་བདེ་བར་ལྡན་པ་དང༌། །དོན་གསུང་དང་ནི་རྒྱས་པ་གསལ་བ་དང༌། །སེང་ཞལ་གཙུག་ཕུད་སེང་གེ་སྣང་མཛད་སོགས། །རྒྱལ་བ་རྣམས་ཐུགས་རྗེ་ནུས་མཐུ་ཡི། །རྡོ་རྗེའི་སློ་མ་འདི་ལ་བྱིན་གྱིས་རློབས། །ཚེ་དང་ཡེ་ཤེས་རྒྱས་པར་མཛད་དུ་གསོལ། །ཨོཾ་ཨཱཿཧཱུྃ་བྷུདྡྷ་སརྦ་ཨ་དྷིཥྛ་ན་ཨུ་བྷི་ཥཉྩ་ཧཱུྃ། «སེམས་དཔའ་གཉིས་ཀྱི་དབང་ནི།» །སྒྲོན་བསྐལ་འཇིག་རྟེན་མགོན་པོ་སྟོང་ཕྲག་གི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་ཡི། །བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་དང༌། །དེ་བཞིན་བར་ཆད་མ་ལུས་སྲུང་བྱེད་ཅིང༌། །བཀའ་རྣམས་བསྡུ་མཛད་ཆོས་ཀྱི་སེམས་དཔའ་སྟེ། །རྒྱ་སྲས་གཉིས་ཀྱི་བྱིན་རླབས་ནུས་པ་ཡི། །རྡོ་རྗེའི་སློབ་མ་འདི་ལ་བྱིན་གྱིས་རློབས། །ཚེ་དང་ཡེ་ཤེས་རྒྱས་པར་མཛད་དུ་གསོལ། དགེའོ། སརྦ་མངྒ་ལཾ།« འགྲོ་དོན་ཉི་འོག་ས་སྟེང་ཡོངས་ཁྱབ་ཏེ། །ལམ་འདིས་འབྲེལ་བས་བསྡུས་པའི་སེམས་ཅན་ཀུན། །སྟོང་ཉིད་བྱང་ཆུབ་སེམས་ཀྱི་རྒྱུན་སྨིན་ནས། །རྫོགས་སངས་རྒྱལ་པའི་འབྲས་བུ་ཐོས་བར་ཤོག དགེའོ།