DKYD-KABUM-05-CA-004: Difference between revisions
(Imported new text files with Wyckibaat for processing) |
No edit summary |
||
(3 intermediate revisions by 2 users not shown) | |||
Line 1: | Line 1: | ||
ཡི་དམ་པདྨ་དབང་ཆེན་ལསཿ | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|sectionheading=No | |||
|fulltitletib=ཡི་དམ་པདྨ་དབང་ཆེན་ལསཿ སྲུང་བཟློག་གནམ་ལྕགས་འཁོར་ལོཿ | |||
|fulltitle=yi dam pad+ma dbang chen las srung bzlog gnam lcags 'khor lo | |||
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=mdo mkhyen brtse bka' 'bum | |||
|author=Mdo mkhyen brtse | |||
|authortib=མདོ་མཁྱེན་བརྩེ་ | |||
|sourcerevealer=Mdo mkhyen brtse | |||
|sourcerevealertib=མདོ་མཁྱེན་བརྩེ་ | |||
|tibgenre=Cakra and Amulet Designs - 'khor lo - srung 'khor | |||
|terma=Yes | |||
|deity=pad+ma dbang chen | |||
|cycle=dam chos pad+ma snying thig | |||
|cycletib=དམ་ཆོས་པདྨ་སྙིང་ཐིག་ | |||
|language=Tibetan | |||
|volumenumber=05 | |||
|volnumtib=༥ | |||
|volyigtib=ཅ | |||
|totalvolumes=8 | |||
|textnuminvol=004 | |||
|multivolumework=No | |||
|colophontib=ཅེས་མཐར་གོང་གི་སྔགས་བརྗོད་ལ༔ ཐུན་གཏོར་འཕེན་ཞིང་དམོད་བཅོལ་བྱ༔ ཆད་ཐོ་སྐྱོང་སོགས་གཞུང་བཞིན་ནོ༔ | |||
|colophonwylie=ces mthar gong gi sngags brjod la:_thun gtor 'phen zhing dmod bcol bya:_chad tho skyong sogs gzhung bzhin no: | |||
|pdflink=File:DKYD-KABUM-05-CA-004.pdf | |||
|volumeLetter=CA | |||
|InitCategories=Khyentse Lineage Project; DKYD-KABUM-Volume-05-CA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|ཡི་དམ་པདྨ་དབང་ཆེན་ལསཿ སྲུང་བཟློག་གནམ་ལྕགས་འཁོར་ལོ་བཞུགསཿ | |||
྅྅྅ «བདུད་འདུལ་དབང་གི་ལྷ་ལ་འདུད༔ མ་འོངས་བསྐལ་པའི་ཐ་མ་ལ༔ སྔགས་ལ་སྤྱོད་པའི་རྣལ་འབྱོར་པར༔ གཟུགས་ཅན་གཟུགས་མེད་གནོད་སྦྱོར་ཚེ༔ སྒྲོལ་ཞིང་ཟློག་པའི་རིམ་པ་ནི༔ དམར་ཆེན་གཏོར་མ་ལྷ་གྲངས་འཁོར༔ སྐྱུ་ཀུ་བདུན་བརྒྱ་ཉེར་ལྔ་བཅས༔ རྩང་དང་བ་སུ་ཏ་ཡིས་བསྐོར༔ མཚེ་ཡུངས་རྫས་ཀྱིས་བརྒྱན་བྱས་ལ༔ ཟོར་ཆེན་བདུན་ཀྱིས་མཐའ་ནས་བསྐོར༔ ལིངྒ་བསྒྲལ་ཆས་དྲག་མཆོད་དང༔ ཐུན་གཏོར་ལ་སོགས་ཡོ་བྱད་ཀུན༔ བླ་མའི་ཞལ་ལས་ཤེས་བྱས་ལ༔ ཕྲིན་ལས་གཞུང་གྱེར་བསྙེན་སྒྲུབ་ལས༔ གནད་དུ་སྨིན་པ་བསྒྲུབས་བྱས་ལ༔» གཏོར་ཆེན་པདྨ་དབང་ཆེན་གཙོ་འཁོར་དུ་གསལ་བའི་ཞ་ནས་དྲག་པོའི་སྔགས་སྒྲ་སྒྲོགས་ཤིང༔ རང་ཉིད་ཡི་དམ་གྱི་ཐུགས་ཀའི་ཧཱུྃ་གི་ཁོག་པར་བདག་དང་བསྲུང་བྱ༔ གླད་ཀོར་དུ་བླ་མ༔ ཞབས་ཀྱུར་ཡུལ་འཁོར་ནོར་རྫས་དང་བཅས་པ་གསལ་བར་གནོད་བགེགས་ཀྱི་གླག་མི་རྙེད་པར་གྱུར༔« རྩ་སྔགས་ཤམ་བུར༔ »བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ་རཀྵ་རཀྵ་སྭཱ་ཧཱ༔ «ཅི་ནུས་བཟླས་མཐར་བཟློག་དམིགས་ནི༔ »དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱི་ཞལ་ཕྱིར་གཟིགས་ཤིང་དྲག་སྔགས་ཀྱི་སྒྲ་དྲག་པོ་འབྲུག་སྟོང་ལྡིར་བ་ཙམ་དུ་བསྒྲགས་པས་གནོད་བྱེད་བྱད་ཕུར་རྦོད་གཏོང་ཐམས་ཅད་ཕྱིར་བཟློག་ཅིང་རང་གཤེད་རང་ལ་བབ་པར་གྱུར༔ «རྩ་སྔགས་གཤམ་དུཿ »གནོད་བྱེད་བྱད་ཕུར་རྦོད་གཏོང་ཐམས་ཅད་མ་ར་ཡ་རྦད་བྷྱོ་བཟློག༔ «བཟླས་ལ་ལས་སྦྱོར་གནད་བསྣུན་བྱ༔ བསྒྲལ་བའི་རིམ་པ་འདི་ལྟ་སྟེ༔ པ་ཟན་ལིང་དྲག་སྣོད་དུ༔ ཁེབ་ནག་དགབ་ཅིང་གསེར་སྐྱིམས་བཤམས༔» «གཟུ་དཔང་དྲང་ཤན་འབྱེད་པ་ནི༔ »ཧཱུྃ་དབྱིངས་བཞུགས་སྐུ་གསུམ་རྒྱལ་པའི་ལྷ་ཚོགས་དང༔ བརྒྱུད་གསུམ་དཔལ་མགོན་རིག་འཛིན་བླ་མ་ལྷ༔ རྒྱུད་སྡེ་བཞི་ཡི་དཀྱིལ་འཁོར་ལྷ་ཚོགས་དང༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས་རྣམས་ཀྱིས༔ རྣལ་འབྱོར་བདག་གི་གཟི་དཔང་དྲང་ཤན་ཕྱེས༔ ཐོག་མེད་ནས་བཟུང་ད་ལྟ་ཡན་ཆད་དུ༔ རང་ངོ་མ་ཤེས་སྡུག་བསྔལ་ལས་ལ་འཁོར༔ ཞེ་སྡང་མེ་འབར་འདོད་ཆགས་ཆུ་ལྟར་འཁྲུགས༔ གཏི་མུག་མུན་འཐིབ་ང་རྒྱལ་རི་ལྟར་བསྙིལ༔ ཕྲག་དོག་རླུང་དམར་དྲག་པོ་རབ་ཏུ་འཁྲུགས༔ དེ་ཡི་དབང་གིས་སངས་རྒྱས་བསྟན་པ་བཤིགས༔ དཀོན་མཆོག་སྨད་ཅིང་ཆོས་ལ་ཡ་ག་བསྒྲགས༔ དགེ་འདུན་སྡེ་དཀྲུགས་སྒྲུབ་པོའི་ཐུགས་སུན་ཕྱུང༔ ཟབ་ཆོས་སྨད་ཅིང་རྣལ་འབྱོར་ཁྱད་དུ་བསད༔ སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་ལ་སྦྱར༔ འདི་ལ་མངོན་སྤྱོད་ཕྲིན་ལས་དུས་ལ་བབ༔ དབྱིངས་བཞུགས་རྒྱལ་བ་རྣམས་ཀྱིས་གཟུ་དཔང་མཛོད༔ ཡི་དམ་ལྷ་ཚོགས་རྣམས་ཀྱིས་དྲང་ཤན་ཕྱེས༔ བཀའ་ཉན་ལས་བྱེད་ཚོགས་ཀྱིས་དུས་ལ་བབ༔ རྣལ་འབྱོར་བདག་ནི་མ་ཉེས་མ་ལན་ཏེ༔ ཤ་ལྟར་བྲོས་ཀྱང་ཁྱི་ལྟར་དེད་ནས་བྱུང༔ ཉི་ལྟར་གསལ་ཡང་སྤྲིན་ལྟར་བསྒྲིབས་བྱས་ཤིང༔ མདའ་ལྟར་དྲང་ཡང་གཞུ་ལྟར་འགུགས་བྱུང་བས༔ མངོན་སྤྱོད་ཕྲིན་ལས་བསྒྲུབ་པའི་ཡུལ་དུ་གྱུར༔ «ཅེས་བརྗོད་ཐུགས་དམ་གནད་བསྐུལ་ནི༔ »ཧཱུྃ་བདེ་དབྱིངས་འགྱུར་མེད་ཆོས་སྐུའི་ཀློང་ཡངས་ནས༔ རིག་གདངས་འགྱུར་མེད་ཀུན་བཟང་ཡབ་ཡུམ་དང༔ ལྔ་ལྡན་ལོངས་སྤྱོད་རྫོགས་པའི་ཞིང་ཁམས་ནས༔ ཕུང་ལྔ་རྣམ་དག་ལོངས་སྐུ་རིགས་པའི་ཚོགས༔ མ་འགགས་ལྷུན་གྱིས་གྲུབ་པའི་ཞིང་ཁམས་ནས༔ རྟོག་ཚོགས་རྣམ་དག་ཐུགས་རྗེ་སྤྲུལ་པའི་སྐུ༔ ཆོས་ཀྱི་དབྱིངས་ནས་དྲག་པོའི་སྐུར་བཞེངས་ཤིག༔ སྙིང་དབུས་མི་ཤིག་ཟངས་མདོག་དཔལ་རིའི་ཞིང༔ རིགས་འདུས་བླ་མ་པདྨ་རྒྱལ་པོ་དང༔ ཉོན་མོངས་རྣམ་དག་དབང་ཆེན་རོལ་པའི་ཞིང༔ འདོད་ཆགས་རྣམ་དག་པདྨ་ཧེ་རུ་ཀ༔ རང་རྩལ་འཁོར་ཚོགས་རྒྱ་མཚོའི་ཚོགས་དང་བཅས༔ ཆོས་འབྱུང་ཨེ་དབྱིངས་སྣང་བ་དག་པའི་ཞིང༔ སེང་ཧ་མུ་ཁ་འཁོར་བཅས་ཐུགས་དམ་བསྐུལ༔ ཐོད་མཁར་གྲུ་གསུམ་འབར་བའི་གཞལ་ཡས་ནས༔ སྲིད་པའི་རྒྱལ་མོ་སྔགས་སྲུང་འཁོར་དང་བཅས༔ ཁྲོ་གཏུམ་རྔམས་པའི་དུར་ཁྲོད་ཆེན་པོ་ནས༔ གཉེར་འཛིན་དགེ་བརྙེན་མཆེད་གཉིས་འཁོར་ཚོགས་བཅས༔ མི་མངོན་དབྱིངས་ནས་དྲག་པོའི་སྐུར་བཞེངས་ཤིག༔ སྙིགས་དུས་མི་ཟད་ལྔ་བརྒྱའི་ཐ་མ་འདིར༔ ཞི་བ་དབང་ཕྱུག་སྒོམ་པའི་འདུལ་དཀའ་ཞིང༔ གདུག་པ་འདུལ་ཕྱིར་ཐུགས་རྗེས་སྐུར་བཞེངས་རྣམས༔ ཆོས་དབྱིངས་འགྱུར་མེད་འཕོ་འགྱུར་བྲལ་མེད་ཀྱང༔ འགྲོ་ངོར་རྩལ་སྣང་ངོམ་པའི་སྐུར་སྟོན་ཅིག༔ དབང་ཆེན་ལྷ་ཚོགས་ཐུགས་དམ་དབྱིངས་ནས་བསྐུལ༔ མ་རིག་ཏྲའི་གདོན་ཚོགས་རྡུལ་དུ་རློགས༔ «དེ་ནས་བྲུབ་ཁུང་བསྐྱེད་པ་ནི༔» ཨེ༔ མདུན་དུ་དུག་གསུམ་ལས་ཀྱི་བཙོན་དང་ནི༔ ཐར་མེད་འཆི་བདག་གཤིན་རྗེའི་གྲོང་ཁྱེར་དབུས༔ མ་རིག་ལས་གྱུར་གནོད་བྱེད་«ཆེ་གེ་མོ༔ »སྐྱབས་བྲལ་གཟུགས་རིད་བ་སྤུའི་བུ་ག་ནས༔ ཁྲག་འབབ་འདོམས་ནས་ཁམས་འསག་མདོག་ཉམས་གྱུར༔ «དེ་ནས་ཕོ་ཉ་འགྱེད་ཅིང་འགུགས་པ་ནི༔ ཏིང་འཛིན་རྩེ་གཅིག་ལྡན་པའི་འདི་ལྟར་བྱ༔» ཧཱུྃ་བདག་ཉིད་དབང་ཆེན་ཐུགས་ལས་སྤྲུལ་པ་ཡིས༔ ཁྲོ་མོ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང༔ དྲིལ་བུ་ཐོགས་པ་དཔག་མེད་སྤྲོས་གྱུར་ནས༔ དམ་ཉམས་གནོད་བྱེད་དགྲ་བགེགས་«ཆེག་གེ་མོ༔» གང་ན་གནས་ཀྱང་འགུགས་འཆིང་སྡོམ་མྱོས་ཏེ༔ སྐད་ཅིག་ཉིད་དུ་གཟུགས་ལ་བསྟིམ་པར་གྱུར༔ ན་མོ༔ སྐུ་གསུམ་རྒྱལ་དང་རྩ་གསུམ་རྒྱ་མཚོ་སྤྱི༔ ཁྱད་པར་ཡི་དམ་པདྨ་དབང་ཆེན་ལྷ༔ བདེ་ཆེན་ཡུམ་མཆོག་རིགས་བཞིའི་ཁྲོ་བོ་དང༔ ཁྲོ་མོ་རྣམས་བཞི་སྒོ་བ་ཡབ་ཡུམ་གཉིས༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་བདེན་པ་དང༔ ལྷ་སྔགས་ཏིང་ངེ་འཛིན་གྱི་ནུས་སྟོབས་སྤྱི༔ ཆོས་ཉིད་དེ་བཞིན་ཉིད་ཀྱི་བདེན་པ་དང༔ ཆོས་ཅན་བསླུ་མེད་རྒྱུ་དང་འབྲས་བུའི་མཐུས༔ སྔ་དགྲ་ལག་བདར་ཕྱི་དགྲ་ཡིད་ལ་བརྣག༔ ད་དགྲ་ཐད་ལངས་བསམ་ངན་སྦྱོར་རྩུབ་དང༔ ཁ་འཇམ་ཁོང་གནག་བྱེད་པའི་དགྲ་བགེགས་སྤྱི༔ ཁྱད་པར་དམིགས་པའི་ཡུལ་གྱུར་«ཆེ་གེ་མོའི༔» བླ་སྲོག་རྣམ་ཤེས་རྟེན་དང་བཅས་པ་ཀུན༔ གནམ་ས་རི་ཀླུང་རྒྱ་མཚོའི་དབུས་ལ་སོགས༔ གང་ནས་གནས་ཀྱང་སྐད་ཅིག་ཡུད་ཙམ་ལ༔ དམིགས་པའི་རྟེན་གྱུར་ལིང་ག་འདི་ཉིད་ལ༔ ཁུག་ཅིག་བཛྲ་ཨཾ་ཀུ་ཤ་ཡ་ཛཿ «ཅེས་པས་འགུག་ཞུགས་གནད་དུ་བསྣུན་བྱས་ལ༔ ཕོ་ཉའི་ཚོགས་ཀྱིས་དབྱེད་མེད་བསྟིམ་པར་དམིགས༔ »བཛྲ་ཨཾ་ཀུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃཿ བཛྲ་སྥོ་ཌ་བཾཿ བཛྲ་གྷནྡྷཻ་ཧོ༔ «དེ་ནས་ལྷ་དང་དབྱེ་བ་འདི་ལྟར་བྱ༔ གུ་ཀུལ་བདུག་ཅིང་ཐུན་གྱིས་བྲབ་བྱས་ལ༔ »ཧཱུྃ་ཉོན་ཅིག་སྐྱོབ་པའི་ལྷ་དང་སྲུང་མའི་ཚོགས༔ ཉམས་པ་བདུན་དང་ལྡན་པའི་དགྲ་བོ་འདི༔ མགོན་སྐྱབས་བྱེད་པའི་ཡུལ་དུ་མ་གྱུར་ཏེ༔ དཔང་དུ་བཙུག་པའི་དཀོན་མཆོག་གསུམ་བསླུས་ཤིང༔ བརྟེན་པའི་ལྷ་ལ་དོ་བསྡོ་ཕོད་དུ་བཙུག༔ འདི་ལ་རང་གཤེད་རང་ལ་དབབ་ཏུ་ཆུབ༔ གལ་སྲིད་མགོན་དང་བསྐྱབས་པར་བྱས་གྱུར་ན༔ ཁྱོད་ཀྱང་དམ་ཚིག་ཉམས་པས་བརླག་པར་འགྱུར༔ དེ་བས་ད་ལྟ་ཉིད་དུ་ཐོངས་པར་མཛོད༔ ཨོཾ་ཨཱཿཧཱུྃ་བཛྲ་དྷེ་ཝ་རཀྵ་པྲ་ཝི་ཤ་ཡ་ཕྱེས་གཏོར་སྭཱ་ཧཱཿ« དེ་ནས་གཟུགས་ལ་དབབ་པ་ནི༔ »ཧཱུྃ་དཔལ་ཆེན་ཡི་དམ་དབང་གི་ལྷ་ཚོགས་རྣམས༔ དྲག་གཏུམ་མི་བཟད་འབར་བའི་སྐུར་བཞེངས་ལ༔ ཉམས་པ་བདུན་དང་ལྡན་པའི་དགྲ་བོ་འདི༔ གཟུགས་ལ་དབབ་ཅིང་བསྒྲལ་བའི་དུས་ལ་བབ༔ བཛྲ་ཨ་ཝི་ཤ་ཡ་ཨཱ༔ «དེ་ནས་བསྒྲལ་བའི་རིམ་པ་འདི་ལྟ་སྟེ༔ དང་པོ་བསྒྲལ་ཕུར་ལག་ཏུ་ཐོག་བྱས་ལ༔» ཧཱུྃ་དཔལ་ཆེན་ཡབ་ཡུམ་སྲས་མཆོག་ཀཱི་ལ་ཡ༔ སྐུ་སྟོད་སྲིན་པོ་ཁྲོས་པའི་རྣམ་འགྱུར་སྟོན༔ སྐུ་སྨད་གནམ་ལྕགས་ཕུར་བུའི་དབལ་རྣོན་པོའི༔ རྩེ་ནས་འོད་ཀྱི་སྦུ་གུ་རབ་ཏུ་འབར༔ དམ་ཉམས་དགྲ་བགེགས་བསྒྲོལ་བའི་མཐུ་ལྡན་གྱུར༔ «རྩ་སྔགས་དང་བཅས་ལུས་བསྐོར་ཕྱོགས་བཅུར་སྡེབས༔ དེ་ནས་ཕུར་པ་སྙིང་ཁར་བསྡིག་བྱས་ལ༔» ཧཱུྃ་དམིགས་ཡུལ་ཚེ་བསོད་བཀྲག་མདངས་ངོ་བོ་ནི༔ ཨཿདཀར་དང་ནི་རྣམ་ཤེས་ཧཱུྃ་མཐིང་མཚནཿ དབལ་རྩེའི་འོད་ཀྱི་སྦུ་གུ་ནས་དྲངས་ཏེ༔ ཚེ་བསོད་རང་བསྟིམ་རྣམ་ཤེས་སྦྱོར་མཚམས་ནས༔ བརྒྱུད་དེ་རིགས་བདག་ཐུགས་ཀར་ཐིམ་པར་གྱུར༔ «ལས་སྦྱོར་ཤམ་བུར་འདི་བཞིན་གདག་པར་བྱ༔» ནྲྀ་ཏྲི་ཤ་ཏྲུཾ་མ་ར་ཡ་ཧཱུྃ་ཕཊ༔ «དེ་ནས་དྲག་པོའི་ཐུན་གྱིས་བྲབ་བྱས་ལ༔» ཧཱུྃ་དབང་ཆེན་རིགས་བཞིའི་ལྷ་ཚོགས་འཁོར་དང་བཅས༔ དམ་ཉམས་དགྲ་བོའི་གཟུགས་ཕུང་སྐྱེ་མཆེད་ཀུན༔ རྡུལ་དུ་རློགས་ལ་དྲག་པོའི་ཕྲིན་ལས་མཛོད༔ ཡེ་ཤེས་ལྷ་ཚོགས་ཐུགས་དམ་དུས་ལ་བབ༔ བཛྲ་རཏྣ་པདྨ་ཀརྨ་ཛྭ་ལ་ས་མ་ཡ་ཛྭ་ལ་ས་ཡ་ཧཱུྃ་ཕཊ༔ «དེ་ནས་ཁྲག་ཐུན་ལག་ཏུ་ཐོགས་ལ༔» ཧྲཱི༔ དུས་བཞི་འདུལ་མཛད་རིགས་བཞིའི་ཁྲོ་མོ་བཞི༔ དམ་ཉམས་དགྲ་བགེགས་སྒྲོལ་བའི་དུས་ལ་བབ༔ གཟུགས་ཕུང་སྨྱོ་ཞིང་བརྒྱལ་ལ་རིང་དུ་ཆུག༔ དྲག་པོའི་དབང་གིས་ཐལ་བའི་རྡུལ་དུ་རློགས༔ ཧྲིཾ་ཧྲིཾ་ཧྲིཾ་ཧྲིཾཿ ཐིམ་ཐིམ་མྱོག་མྱོག་མ་ར་ཡ་ཧཱུྃ་ཕཊཿ «དེ་ནས་བསད་གྲི་ལག་ཏུ་ཐོགས་ལ༔» ཧཱུྃ་དཔལ་ཆེན་ཐུགས་སྤྲུལ་སྒོ་བ་ཡབ་ཡུམ་གཉིས༔ སྔོན་གྱི་ཁས་བླངས་དམ་བཅས་དྲན་གྱིས་ལ༔ ལོག་པའི་དབང་གྱུར་དམ་ཉམས་དགྲ་བོ་ཡི༔ ཤ་ཁྲག་རུས་ལ་དུམ་བུར་གཏུབས༔ ཧཱུྃ་ཧཱུྃ་མ་ར་ཡ་ནྲྀ་ཏྲི་ཤ་ཏྲུཾ་རྦད་རྦད་འདུས་འདུས་གཏུབ་གཏུབ་ཧཱུྃ་ཕཊཿ «དེ་ནས་ཐོ་བས་བརྡུང་ཞིང་འདི་སྐད་བརྗོད༔ »ཧཱུྃ་བཀའ་ཉན་ལས་མཚད་མ་སྲིང་རྒྱ་མཚོའི་ཚོགས༔ ཁྱོད་ཀྱི་ཁས་བླངས་དམ་བཅས་དུས་ལ་བབ༔ དོ་བསྡོ་ཕོད་བཙུག་བྱེད་པའི་དགྲ་བོ་འདི༔ ལུས་ངག་ཡིད་གསུམ་ཐལ་བའི་རྡུལ་དུ་རློགས༔ ཨོཾ་བཛྲ་ཀྲོ་ཏ་ད་ཧ་ད་ཧ་པ་ཙ་ཧཱུྃ་ཕ྄ཊཿ «དེ་ནས་ཞལ་དུ་བསྟབ་པ་རིམ་པ་ནི༔» ཧཱུྃ་དབྱིངས་བཞུགས་རྒྱལ་བ་ཞི་ཁྲོ་དང༔ ཡི་དམ་དབང་ཆེན་ལྷ་ཚོགས་རྣམས༔ མ་རིག་རུ་ཏྲའི་ཤ་ཁྲག་རུས༔ ཞལ་དུ་བསྟབ་པོ་ཁཱ་རཾ་ཁཱ་ཧི༔ བཀའ་སྲུང་ཁྲོས་མའི་རྒྱལ་མོ་དང༔ གཏེར་སྲུང་དགེ་བརྙེན་མཆེད་གཉིས་པོ༔ བཙན་རྒོད་ཆེན་པོ་ཡང་ལེ་བེར༔ འཁོར་བཅས་ཞལ་དུ་ཁ་རཾ་ཁཱ་ཧི༔ ཡི་དམ་བཀའ་གཏེར་སྲུང་མའི་ཚོགས༔ གཟུགས་ཕུང་སྐྱེ་མཆེད་མ་ལུས་པ༔ བླངས་དོར་བྲལ་བར་བཞེས་ནས་ཀྱང༔ དག་པ་ཆེན་པོར་འུབ་ཆུབ་ཤོག༔ ཨ་ཨ་ཨཱ༔ «ཅེས་པས་ཞལ་དུ་བསྟབ་པར་བྱ༔ ༈ དེ་ནས་བཟློག་པའི་རིམ་པ་འདི་ལྟ་སྟེ༔ ཏིང་འཛིན་རྩེ་གཅིག་དམིགས་པ་དང་ལྡན་པས༔» ཧཱུྃ་ཆོས་དབྱིངས་མི་འགྱུར་དོན་གྱི་འོག་མིན་ནས༔ དྲུག་པའི་བདག་ཉིད་རྒྱལ་བ་ཀུན་ཏུ་བཟང༔ རིགས་ལྔའི་འཁོར་ཚོགས་རྒྱ་མཚོའི་ཚོགས་དང་བཅས༔ ལྔ་ལྡན་ལོངས་སྤྱོད་རྫོགས་པའི་ཞིང་ཁམས་ནས༔ རིགས་ལྔ་སྟངས་དཔྱལ་ས་བཅུའི་སེམས་དཔའི་ཚོགས༔ གང་འདུལ་མི་མཇེད་འཇིག་རྟེན་དག་པའི་ཞིང༔ སྤྲུལ་སྐུའི་སྟོན་པ་རྣམ་བཞིའི་འཁོར་དང་བཅས༔ ཁྱད་པར་རྔ་ཡབ་དཔལ་གྱི་རི་བོ་ནས༔ པདྨ་རཱ་ཛ་རྗེ་འབངས་རྒྱ་མཚོའི་ཚོགས༔ ཆོས་ཀྱི་དབྱིངས་ནས་ཐུགས་རྗེའི་སྐུར་བཞེངས་ལ༔ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་དུས་ལ་བབ༔ ཧྲཱི༔ ཟླ་གམ་དབང་གི་གཞལ་ཡས་ཆེན་པོ་ནས༔ པདྨ་དབང་ཆེན་བདུད་འདུལ་དྲག་པོ་རྩལ༔ སྐུན་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ གཡས་པས་གནམ་ལྕགས་རྡོ་རྗེ་མཁའ་ལ་གདེངས༔ ཡེ་ཤེས་བྱ་ཁྱུང་ནམ་མཁའི་སྐར་ལྟར་འཁྲིགས༔ སྟེང་དང་གཟའ་དང་རྒྱུ་སྐར་མ་ལུས་བཟློག༔ གཡོན་པས་གནམ་ལྕགས་ཕུར་བུའི་དབལ་རྩེ་ནས༔ ལྕགས་ཀྱི་སྡིག་པ་མགོ་དགུ་གཏམས་ཤིང་འཕྲོ༔ འོག་གདོན་ཀླུ་གཉན་ས་བདག་བཟློག་པར་བྱེད༔ ལུས་ཀྱི་བ་སྤུའི་བུ་ག་ཐམས་ཅད་ན༔ མེ་ཡི་ཆཱ་ཚྭ་འཕྲོ་ཞིང་བསྡིགས་པ་ཡིས༔ སྡེ་བརྒྱད་འབྱུང་པོའི་ཚོགས་ཀུན་བཟློག་པར་བྱེད༔ སྤྱན་གསུམ་ཉི་ཟླའི་འོད་ལྟར་འབར་བ་ཡིས༔ འཇིག་རྟེན་གསུམ་པོ་ཟིལ་གྱིས་གནོན་པར་བྱེད༔ སྨ་ར་སྨིན་མ་མེ་ལྟར་འབར་བ་ཡིས༔ ཁམས་གསུམ་སྐྱེ་དགུའི་བླ་ཡིད་འཕྲོག་པར་བྱེད༔ ཚད་མེད་བཞི་ལྡན་མཆེ་བ་གཙིགས་པ་ཡིས༔ གནོད་བྱེད་གདུག་པ་མ་ལུས་ཟས་སུ་ཟ༔ ཞབས་གཉིས་དྲག་པོར་ས་ལ་བརྡབ་པ་ཡིས༔ ཆགས་ཆེ་ཉམ་ང་བླ་མས་བཟློག་པར་བྱེད༔ ཞལ་ན་དྲག་པོའི་སྔགས་སྒྲ་སྒྲོགས་པ་ཡིས༔ བྱད་ཕུར་རྦོད་གཏོང་འཚེ་བ་མ་ལུས་བཟློག༔ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་དུས་ལ་བབ༔ ཡེ་ཤེས་དབྱིངས་ལས་དྲག་པོའི་སྐུར་བཞེངས་ལ༔ སྔ་འགྱུར་སྤྱི་དང་རྡོ་རྗེ་སྙིང་པོ་ཡི༔ བསྟན་དང་རིག་འཛིན་རྣལ་འབྱོར་བདག་ཅག་གི༔ རྐྱེན་དང་བར་ཆད་འཚེ་བ་ཐམས་ཅད་དང༔ ཆགས་ཆེ་ཉམ་ང་བྱད་ཕུར་རྦོང་གཏོང་ཚོགས༔ བསྒྲུབ་ལ་བར་གཅོད་ཐུགས་རྒྱུད་དཀྲུགས་པའི་རིགས༔ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ༔ ཧཱུྃ་ཤར་ཕྱོགས་ཟླ་གམ་དབང་གི་དཀྱིལ་འཁོར་ནས༔ སྐུ་སྤྲུལ་བཅོམ་ལྡན་བཛྲ་ཧེ་རུ་ཀ༔ སྐུ་མདོག་དཀར་གསལ་ཞལ་གཅིག་ཕྱག་གཉིས་པ༔ གཡས་པས་གྲི་གུག་གཡོན་པས་ཐོད་ཁྲག་འཛིན༔ ཞབས་གཉིས་རབ་བསྒྲད་སྤྱན་གསུམ་ནམ་མཁར་གཟིགས༔ ཞལ་གདངས་ལྗགས་འདྲིལ་མཆེ་གཙིགས་དྲག་སྔགས་སྒྲོག༔ དྲི་ཟ་གྲུལ་བུམ་གདོན་རྣམས་བཟློག་པར་བྱེད༔ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ༔ ཧཱུྃ་སེར་གསལ་ཟླ་གམ་འབར་བའི་དཀྱིལ་འཁར་ནས༔ ཡོན་ཏན་སྤྲུལ་བ་རཏྣ་ཧེ་རུ་ཀ༔ སྐུ་མདོག་སེར་པོ་གྲི་གུག་ཐོད་ཁྲག་འཛིན༔ ཞལ་གདངས་མཆེ་གཙིགས་སྤྱན་གསུམ་རབ་ཏུ་བགྲད༔ ཞབས་གཉིས་དོར་སྟབས་གཤིན་རྗེའི་གདོན་ཚོགས་བཟློག༔ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ༔ ཧཱུྃ་དམར་གསལ་ཟླ་གམ་དབང་གི་དཀྱིལ་འཁོར་ནས༔ གསུང་སྤྲུལ་པདྨ་དབང་ཆེན་ཧེ་རུ་ཀ༔ ཞལ་གཅིག་ཕྱག་གཉིས་གྲི་གུག་ཐོད་ཁྲག་འཛིན༔ ཞལ་གདངས་ལྗགས་འདྲིལ་སྨིན་མ་མེ་ལྟར་འབར༔ ཞབས་བསྒྲད་མཆེ་གཙིགས་སྤྱན་གསུམ་སྡང་མིག་གཡོ༔ ཀླུ་དང་ས་བདག་གདོན་བགེགས་མ་ལུས་བཟློག༔ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ༔ ཧཱུྃ་ལྗང་ནག་ཟླ་གམ་དབང་གི་དཀྱིལ་འཁོར་ནས༔ ཕྲིན་ལས་སྤྲུལ་པ་ཀརྨ་ཧེ་རུ་ཀ༔ ཞལ་གཅིག་ཕྱག་གཉིས་གྲི་གུག་ཐོད་ཁྲག་འཛིན༔ སྤྱན་གསུམ་རབ་བསྒྲད་ཞལ་གདངས་མཆེ་བ་གཙིགས༔ ཞབས་གཉིས་དོར་སྟབས་དྲག་པོའི་ང་རོ་སྒྲོག༔ གནོད་བཞིན་གདོན་ཚོགས་མ་ལུས་བཟློག་པར་བྱེད༔ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ༔ ཧཱུྃ་མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ ཡུམ་ཆེན་ཁྲོ་མོ་རྡོ་རྗེ་རྣལ་འབྱོར་མ༔ ཞལ་གདངས་མཆེ་གཙིགས་རྩེ་གསུམ་ཐོད་ཁྲག་འཛིན༔ ཞབས་གཉིས་གཡོན་བརྐྱང་གཡས་བསྐུམ་ཡབ་དང་འཁྲིལ༔ ཆགས་ཆེ་ཉམ་ང་བྱད་ཕུར་རྦོད་གཏོང་ཀུན༔ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ༔ ཧྲཱིཿ དབྱིངས་ནས་སྐུར་བཞེངས་རིགས་བཞིའི་ཁྲོ་མོ་བཞི༔ ལས་བཞིའི་མདོག་ཅན་གྲི་གུག་ཐོད་ཁྲག་འཛིན༔ ཞབས་རྣམས་གཡས་བརྐྱང་གཡོན་བསྐུམ་ཡབ་དང་འཁྲིལ༔ ཞལ་གདངས་ལྗགས་འདྲིལ་སྤྱན་གསུམ་རབ་ཏུ་བསྒྲད༔ ཆགས་ཆེ་ཉམ་ང་བྱད་ཕུར་རྦོད་གཏོང་ཀུན༔ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ༔ ཧཱུྃ་དབང་ཆེན་ཐུགས་སྤྲུལ་སྒོ་བ་ཡབ་ཡུམ་གཉིས༔ དམར་ནག་མདོག་ཅན་རལ་གྲི་ལྕགས་ཀྱུ་འཛིན༔ ཞལ་གདངས་ལྗགས་འདྲིལ་སྤྱན་གཉིས་དུས་གསུམ་གཟིགས༔ སྒྲུབ་ལ་བར་གཅོད་ཐུགས་རྒྱུད་དཀྲུགས་པ་དང་༔ ཆགས་ཆེ་ཉམས་ང་བྱད་ཕུར་རྦོད་གཏོང་ཀུན༔ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ༔ ཧཱུྃ་དཀྱིལ་འཁོར་བཀའ་སྡོད་བྲན་དག་ཕོ་ཉའི་ཚོགས༔ སྣ་ཚོགས་མདོག་ཅན་ཕྱག་མཚན་ཅིར་ཡང་སྟོན༔ ཞལ་གདངས་མཆེ་གཙིགས་སྲིན་པོ་ཁྲོས་པའི་གཟུགས༔ སྐྱེ་འགྲོ་གསོད་ཅིང་སྲིད་གསུམ་ཟས་སུ་ཟ༔ ཁྱོད་ཀྱི་ཕྲིན་ལས་གཉན་པོ་དུས་ལ་བབ༔ ཆགས་ཆེ་ཉམ་ང་བྱད་ཕུར་རྦོད་གཏོང་ཀུན༔ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ༔ ཧཱུྃ་ཐོད་མཁར་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ སྔགས་སྲུང་ཆེན་མོ་མ་ཅིག་ཁྲོས་མའི་རྒྱལ༔ སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ གཡས་པས་དགྲ་སྙིང་དྲོན་མོ་ཞལ་དུ་གསོལ༔ གཡོན་པས་གཡུ་སྤྱང་དམ་ཉམས་དགྲ་ལ་འགྱེད༔ ཁྱོད་ཀྱི་ཕྲིན་ལས་གཉན་པོ་དུས་ལ་བབ༔ ཆགས་ཆེ་ཉམ་ང་བྱད་ཕུར་རྦོད་གཏོང་ཀུན༔ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ༔ ཧཱུྃ་སྟོབས་ལྡན་མེ་རླུང་འཁྲིགས་པའི་ཀློང་དཀྱིལ་ནས༔ གཏེར་སྲུང་ཆེན་པོ་དགེ་བརྙེན་མཆེད་གཉིས་དང༔ བཙན་རྒོད་ཆེན་པོ་གནོད་བཞིན་ཡང་ལེ་བེར༔ ལས་མཁན་ཆེན་པོ་པུ་ཏྲ་མིང་སྲིང་བཅས༔ ཁྱེད་ཀྱི་ཐུགས་དམ་གཉན་པོ་དུས་ལ་བབ༔ ཆགས་ཆེ་ཉམ་ང་བྱད་ཕུར་རྦོད་གཏོང་ཀུན༔ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ༔ ཧཱུྃ་བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ཀ༔ ཡུམ་ཆེན་བདེ་ཆེན་རྡོ་རྗེ་རྣལ་འབྱོར་མ༔ གདུག་པ་འདུལ་ཕྱིར་རིགས་བཞིའི་ཁྲོ་བོ་བཞི༔ དུས་བཞི་དབང་བསྒྱུར་དབྱིངས་ཀྱི་ཡུམ་ཆེན་བཞི༔ དཔལ་གྱི་བཀའ་ཉན་སྒོ་བ་ཡབ་ཡུམ་དང༔ དཀྱིལ་འཁོར་མུ་རན་སྐྱོང་བའི་ཚོགས་དང་བཅས༔ བཀའ་སྲུང་གཏེར་སྲུང་དམ་ཅན་ཆོས་སྐྱོང་བཅས༔ སོ་སོའི་ཐུགས་དམ་གཉན་པོ་དུས་ལ་བབ༔ འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་དང༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི༔ ཆགས་ཆེ་ཉམ་ང་བྱད་ཕུར་རྦོད་གཏོང་ཀུན༔ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ༔ ཨོཾ་ཨཱཿཧཱུྃཿ མ་ཧཱ་གུ་རུ་ཧྱ་གྷྲྀ་ཝ་ཙིཏྟ་ཧྲིཾ་ཧྲིཾ་ཛ་ཛཿ བཛྲ་རཏྣ་པདྨ་ཀརྨ་ཧྱ་གྷྲྀ་ཝ་ཧྲིཾ་ཧྲིཾ་ཧྲིཾ་ཧྲིཾ་ཧཱུྃ་ཧཱུྃ༔ རམ་རམ་ཤིག་ཤིག་སརྦ་དུཥྟཾ«་མིང་སྤེལ་»མ་ར་ཡ་བྷྱོ་བཟློག་རྦད་ཛ༔ «དེ་ནས་དྲག་པོའི་ཐུན་གཏོར་འཕེན་པ་ནི༔ »ཧཱུྃ་བྷྱོ༔ བཟློག་བྱེད་དབང་ཆེན་དཀྱིལ་འཁོར་ལྷ༔ བཟློག་བྱེད་བསྒྱུར་བའི་ཕྲིན་ལས་དུས་ལ་བབ༔ བདག་ཅག་རྣལ་འབྱོར་སྒྲུབ་པ་པོར༔ འགལ་རྐྱེན་བར་དུ་གཅོད་པ་དང༔ དམ་ཆོས་སྒྲུབ་ལ་བར་གཅོད་རིགས༔ འགལ་རྐྱེན་མི་མཐུན་འཚེ་བ་དང༔ བྱད་ཕུར་རྦོད་གཏོང་ཐན་ལྟས་ཀུན༔ སྡང་བར་བྱེད་པའི་དགྲ་བོ་དང༔ གནོད་པར་བྱེད་པའི་བགེགས་ཀྱི་རིགས༔ དཀོན་མཆོག་དབུ་འཕང་སྨད་པ་དང༔ ཆོས་ལ་ཡ་ག་སྒྲོག་བྱེད་པ༔ ཉམས་པ་བདུན་དང་ལྡན་པ་སོགས༔ དམིགས་པའི་ཡུལ་དུ་གྱུར་པ་ལ༔ བཟློག་གོ་དམར་ཆེན་གཏོར་མས་བཟློག༔ བསྒྱུར་རོ་ལྟས་ངན་དགྲ་ལ་བསྒྱུར༔ གཏོར་མའི་ཟོར་ལམ་བགེགས་ལ་གཏོད༔ བཟློག་བསྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ «ཅེས་མཐར་གོང་གི་སྔགས་བརྗོད་ལ༔ ཐུན་གཏོར་འཕེན་ཞིང་དམོད་བཅོལ་བྱ༔ ཆད་ཐོ་སྐྱོང་སོགས་གཞུང་བཞིན་ནོ༔ | |||
}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> |
Latest revision as of 10:02, 27 June 2024
Wylie title | yi dam pad+ma dbang chen las srung bzlog gnam lcags 'khor lo | |
---|---|---|
Location | mdo mkhyen brtse bka' 'bum Volume 5, Text 4, Pages (Folios to ) | |
Author | མདོ་མཁྱེན་བརྩེ་ | |
Less details More details | ||
Tertön | མདོ་མཁྱེན་བརྩེ་ (Mdo mkhyen brtse) | |
Citation | ||
Genre | Cakra and Amulet Designs - 'khor lo - srung 'khor | |
Cycle | དམ་ཆོས་པདྨ་སྙིང་ཐིག་ (dam chos pad+ma snying thig) | |
Deity | pad+ma dbang chen | |
Colophon |
ཅེས་མཐར་གོང་གི་སྔགས་བརྗོད་ལ༔ ཐུན་གཏོར་འཕེན་ཞིང་དམོད་བཅོལ་བྱ༔ ཆད་ཐོ་སྐྱོང་སོགས་གཞུང་བཞིན་ནོ༔ | |
ces mthar gong gi sngags brjod la:_thun gtor 'phen zhing dmod bcol bya:_chad tho skyong sogs gzhung bzhin no: |