DKYD-KABUM-02-KHA-017: Difference between revisions
(Imported new text files with Wyckibaat for processing) |
No edit summary |
||
(2 intermediate revisions by 2 users not shown) | |||
Line 1: | Line 1: | ||
༅། །སཾ གུ ཧྱ མ ངྒ྄ ཧ ཎི སྭོ ྅ ཀྵ ར ཏྱུ ཀྟཿ པཱུ ཛ ན ཀ རྨཾ སྟ ཌི ཏྲ ཉྫུ རྦི ཧར ཏི སྨ། | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|fulltitletib=ཡང་གསང་འཛིན་པ་རང་གྲོལ་ལསཿ ཚོགས་མཆོད་ཕྲིན་ལས་གློག་ཞགསཿ | |||
|fulltitle=yang gsang 'dzin pa rang grol las tshogs mchod phrin las glog zhags | |||
|collectiontitle=mdo mkhyen brtse bka' 'bum | |||
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ། | |||
|totalvolumes=8 | |||
|author=Mdo mkhyen brtse | |||
|authortib=མདོ་མཁྱེན་བརྩེ་ | |||
|sourcerevealer=Mdo mkhyen brtse | |||
|sourcerevealertib=མདོ་མཁྱེན་བརྩེ་ | |||
|tibgenre=Feast Offering - tshogs mchod - tshogs kyi 'khor lo | |||
|terma=Yes | |||
|cycle=gcod 'dzin pa rang grol | |||
|cycletib=གཅོད་འཛིན་པ་རང་གྲོལ་ | |||
|language=Tibetan | |||
|volnumtib=༢ | |||
|volyigtib=ཁ | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=02 | |||
|volumeLetter=KHA | |||
|textnuminvol=017 | |||
|colophontib=བདག་འདྲ་དུས་མཐའི་གཏེར་སྨྱོན་ཁྲག་འཐུང་ཨ་ཙར་དམར་པོས་བརྡ་རིས་ལས་མཆོག་སྒྲིགས་སུ་བཏབ་ཅིང་དག་པར་ཕབས་པའི་ཡི་གེའི་འདུ་བྱེད་འཛིན་པ་རང་གྲོལ་མོས་ལྡན་སློབ་བུ་འོད་ཟེར་མཐའ་ཡས་ཀྱིས་བགྱིས་པའོ།། །། སརྦ་མངྒལཾ།། དགེའོ།། | |||
|colophonwylie=bdag 'dra dus mtha'i gter smyon khrag 'thung a tsar dmar pos brda ris las mchog sgrigs su btab cing dag par phabs pa'i yi ge'i 'du byed 'dzin pa rang grol mos ldan slob bu 'od zer mtha' yas kyis bgyis pa'o//_//_sarba mang+galaM//_dge'o// | |||
|pdflink=File:DKYD-KABUM-02-KHA-017.pdf | |||
|InitCategories=Khyentse Lineage Project; DKYD-KABUM-Volume-02-KHA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|༅། །སཾ གུ ཧྱ མ ངྒ྄ ཧ ཎི སྭོ ྅ ཀྵ ར ཏྱུ ཀྟཿ པཱུ ཛ ན ཀ རྨཾ སྟ ཌི ཏྲ ཉྫུ རྦི ཧར ཏི སྨ། ། | |||
༄༅། །ཡང་གསང་འཛིན་པ་རང་གྲོལ་ལསཿ ཚོགས་མཆོད་ཕྲིན་ལས་གློག་ཞགས་བཞུགསཿ | |||
«྅྅྅ བླ་མ་ཡི་དམ་མཁའ་འགྲོ་ལཿ གུས་པས་འདུད་དོ་དངོས་གྲུབ་སྩོལཿ ཡང་གསང་འཛིན་པ་རང་གྲོལ་གྱིཿ བསོད་ནམས་ཚོགས་ཆེན་རྫོགས་པའི་ཕྱིརཿ སྤྲོས་བཅས་ཚོགས་མཆོད་འབུལ་བ་ནིཿ དཀྱིལ་འཁོར་ཡུལ་དུས་དང་བསྟུན་པརཿ དབུས་སུ་བདུད་རྩིའི་ཐོད་པ་བཤམསཿ བམ་ཆེན་ཚོགས་ཀྱི་ཞལ་ཟས་དངཿ མཱཾ་ས་ཟླ་རྒྱས་ཟླ་ཁྲོམ་སོགསཿ ཅི་འབྱོར་བ་ཡི་ཟས་སྣ་དངཿ འབྲུ་བཅུད་ཆང་དང་འོ་ཞོ་ཇཿ བཏུང་བའི་བྱེ་བྲག་དང་བཅས་བཀོདཿ བམ་རྐང་དཀར་ཟླུམ་དམར་གཏོར་ལྔཿ སྨིན་རག་ཕྱི་ནང་མཆོད་པ་དངཿ སྲུང་མའི་མཆོད་གཏོར་སྐྱེམས་ཕུད་བཅསཿ ལེགས་བཀོད་ཕུན་སུམ་ཚོགས་པར་བྱཿ ཌཱ་མ་རུ་དང་གླིང་བུ་བཅསཿ དགོས་པའི་ཡོ་བྱད་འདུ་བྱ་ཞིངཿ ཐོག་མར་སྔོན་འགྲོའི་རིམ་པ་ནིཿ »ཕཊཿ སྐྱབས་གནས་མཆོག་གྱུར་བླ་མ་དཀོན་མཆོག་གསུམཿ ཡི་དམ་ཞི་ཆགས་ཁྲོ་བོའི་དཀྱིལ་འཁོར་ལྷཿ མ་ཚོགས་ཡེ་ཤེས་དབྱིངས་ཀྱི་ཌཱཀྐི་མརཿ བདག་སོགས་གུས་པས་སྐྱབས་སུ་ཉེ་བར་མཆིཿ ཕཊཿ སེམས་ཅན་ཐམས་ཅད་བདེ་ལྡན་སྡུག་བསྔལ་ཞིཿ དགྲ་གཉེན་ཉེ་རིང་ཆགས་སྡང་ཀུན་བྲལ་ནསཿ ཉོན་མོངས་འཁྲུལ་པའི་དྲི་མ་ཡོངས་དག་ཅིངཿ ཡུམ་ཆེན་གོ་འཕང་ཐོབ་པར་སེམས་བསྐྱེད་དོཿ ཕཊཿ བདག་ཉིད་ཡེ་ནས་མ་བཙལ་དོན་གྱི་ལྷཿ ཡེ་ཤེས་མཁའ་འགྲོའི་སྐུ་རུ་ལམ་གྱིས་གསལཿ ཐུགས་ཀའི་རྃ་ལས་མེ་སྤར་ཚོགས་གཏོར་གྱིཿ འབགས་བཙོག་མ་དག་ཉེས་པའི་སྐྱོན་ཀུན་བསྲེགསཿ ཡྃ་འཕྲོས་རླུང་གཡོས་ཚོགས་གཏོར་མཆོད་རྫས་ཀྱིཿ མ་དག་ཉེས་པའི་ཚོགས་ཀུན་ཡོངས་སུ་གཏོརཿ ཁྃ་འཕྲོས་ཆུ་བྱུང་དངོས་འཛིན་དྲི་མ་བཀྲུསཿ རྃ་ཡྃ་ཁྃཿ «ལན་གསུམ། »སླར་ཡང་ཡི་གེ་འབྲུ་གསུམ་དཔག་མེད་འཕྲོསཿ ཚོགས་གཏོར་རྫས་རྣམས་རང་རང་སྟེང་དུ་བབསཿ འོད་ཞུ་ཤ་ཆེན་ལྔ་དང་བདུད་རྩི་ལྔཿ ལྷ་ཡི་ཞལ་ཟས་རོ་བཅུད་ཕུན་སུམ་ཚོགསཿ འཛད་མེད་ནམ་མཁའ་མཛོད་ཀྱི་གཏེར་དུ་གྱུརཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ «ལམ་བདུན་བརྗོད་ཅིང་བྱིན་ཆེན་དབབ་པ་ནིཿ» ཕཊཿ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནསཿ བདེ་ཆེན་དཀར་མོ་མདའ་དར་བུམ་པ་འཛིནཿ དབུ་སྐྲ་མཛེས་པའི་ཐོར་ཚུགས་ཤིགས་སེ་ཤིགཿ རིན་ཆེན་རྒྱན་ཆ་མང་པོ་སི་ལི་ལིཿ ཟ་འོག་དར་གྱི་ན་བཟའ་ལྷབ་ལྷུབ་གསོལཿ རིགས་ཀྱི་མཁའ་འགྲོའི་ཚོགས་བཅས་གནས་འདིར་བྱོནཿ ཕྱི་སྣོད་བརྟན་པ་སྣོད་ཀྱི་འཇིག་རྟེན་ཁམསཿ ཨོ་རྒྱན་དྷུ་མ་ཐ་ལའི་ཞིང་དུ་བསྒྱུརཿ ནང་བཅུད་གཡོ་བ་བཅུད་ཀྱི་འགྲོ་བ་ཀུནཿ རིག་འཛིན་དཔའ་བོ་མཁའ་འགྲོ་མ་རུ་བསྒྱུརཿ དཀྱིལ་འཁོར་ཚོགས་རྫས་འདི་ལ་བྱིན་ཕོབ་ལཿ ཟག་མེད་རོ་བརྒྱ་ནུས་པ་སྟོང་དང་ལྡནཿ ཤ་ལྔ་བདུད་རྩི་ལྔ་ཡི་རང་བཞིན་བསྒྱུརཿ ཕཊཿ ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་ནསཿ སེར་མོ་དོན་གྲུབ་རིན་ཆེན་བུམ་པ་འཛིནཿ དབུ་སྐྲ་མཛེས་པའི་ཐོར་ཚུགས་«སོགས་གོང་ལྟར་འགྲེས་སོ། །»ཕཊཿ ནུབ་ཕྱོགས་པདྨ་བརྩེགས་པའི་དུར་ཁྲོད་ནསཿ དམར་མོ་སྒྲ་སྒྲོགས་ལྕགས་ཀྱུ་བུམ་པ་བསྣམསཿ དབུ་སྐྲ་མཛེས༴ «སོགས༴» ཕཊཿ བྱང་ཕྱོགས་ལས་རབ་གྲུབ་པའི་ཞིང་ཁམས་ནསཿ སྣ་ཚོགས་མཐར་ཕྱིན་གྲི་གུག་ཐོད་པ་བསྣམསཿ དབུ་སྐྲ་མཛེས༴ «སོགས༴ »ཕཊཿ དབུས་ཕྱོགས་སྟུག་པོ་བཀོད་པའི་ཞིང་ཁམས་ནསཿ ཡུམ་ཆེན་གསང་བ་ཡེ་ཤེས་མཁའ་འགྲོ་མཿ ཕྱག་གཡས་བུམ་པ་གཡོན་པས་ཐོད་པ་བསྣམསཿ དབུ་སྐྲ་སོགས། ཕཊཿ ཡེ་ཤེས་མཁའ་འགྲོ་སྡེ་ལྔའི་ལྷ་ཚོགས་ཀྱིཿ བྱིན་ཆེན་བྱིན་ཕོབས་དངོས་གྲུབ་མཆོག་སྩོལ་ལཿ ཚོགས་གཏོར་བསྐང་བའི་རྫས་མཆོག་བླ་ན་མེདཿ རྩ་གསུམ་ལྷ་ཚོགས་དགྱེས་པ་བསྐྱེད་ནུས་པའིཿ འདོད་ཡོན་མཆོད་པའི་སྤྲིན་ཕུང་དཔག་མེད་དུཿ བསྒྱུར་མཛད་ཡེ་ཤེ་མཁའ་འགྲོས་བྱིན་ཕོབ་ཅིགཿ ཨ་ཧ་རི་ནི་ས་སརྦ་པཉྩ་ཨ་མྲྀ་ཏ་ཨཱ་ཝེ་ཤ་ཡ་ཕེཾ་ཕེཾཿ «དངོས་གཞི་ཚོགས་མངོན་སྤྱན་འདྲེན་ནིཿ »ཕཊཿ ཧཱུྃཿ ཧྲཱིཿ འོག་མིན་ལྷུན་རྫོགས་ཆོས་དབྱིངས་ཕོ་བྲང་ནསཿ ཀུན་བཟང་གདོད་མའི་མགོན་པོ་འོད་མི་འགྱུརཿ མ་ཅིག་ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིནཿ ཉིད་ལས་མི་གཞན་ཆོས་སྐུའི་འཁོར་ཚོགས་བཅསཿ དད་གུས་གདུང་བས་སྤྱན་འདྲེན་གཤེགས་སུ་གསོལཿ ངེས་པ་ལྔ་ལྡན་གངས་ཅན་མཚོ་ཞིང་ནསཿ རིགས་ལྔའི་སངས་རྒྱས་འཁོར་ལོས་བསྒྱུར་བའི་རྒྱལཿ རིགས་ཀྱི་ཡུམ་མཆོག་སྤྲུལ་པའི་འཁོར་དང་བཅསཿ དད་གུས་གདུང་བས་སྤྱན་འདྲེན་གཤེགས་སུ་གསོལཿ འགྲོ་འདུལ་སྤྲུལ་པ་སྐུ་ཡི་ཞིང་ཁམས་ནསཿ སྟོན་པ་དྲི་མེད་དགའ་རབ་དཔའ་བོ་དངཿ རྡོ་རྗེ་འཛིན་པའི་སར་བཞུགས་རིག་པ་འཛིནཿ རྫོགས་ཆེན་དོན་བརྒྱུད་བླ་མའི་ཚོགས་དང་བཅསཿ དད་གུས་གདུང་བས༴ དཔལ་རི་བདེ་བ་ཆེན་པོའི་ཞིང་ཁམས་ནསཿ སངས་རྒྱས་ཀུན་འདུས་པདྨ་ཐོད་ཕྲེང་རྩལཿ རྣམ་སྨིན་ཚེ་དབང་ཕྱག་ཆེན་ལྷུན་གྲུབ་ཀྱིཿ སར་བཞུགས་མཁའ་འགྲོ་དཔའ་བོ་དཔའ་མོའི་ཚོགསཿ དད་གུས༴ མེ་རི་དགུ་ཀློང་འཁྱིལ་པའི་ཞིང་ཁམས་ནསཿ ཡི་དམ་དཔལ་ཆེན་ཆེ་མཆོག་འདུས་པ་རྩལཿ ཡུམ་ཆེན་ནམ་མཁའི་དབྱིངས་ཕྱུག་ཁྲོ་མོའི་རྒྱལཿ ཁྲག་འཐུང་ཁྲོ་བོ་ཁྲོ་མོའི་འཁོར་ཚོགས་བཅསཿ དད་གུས༴ ཨོ་རྒྱན་དྷུ་མ་ཐ་ལའི་གྲོང་ཁྱེར་གྱིཿ རིན་ཆེན་ཐོད་མཁར་དགུ་བརྩེགས་ཕོ་བྲང་ནསཿ བརྟུལ་ཞུགས་གྲུབ་བརྙེས་དམ་པ་རྒྱ་གར་བཿ འཛིན་པ་རང་གྲོལ་གྲུབ་བརྙེས་རྒྱ་མཚོའི་འཁོརཿ མ་ཅིག་ཡུམ་ཆེན་གསང་བ་ཡེ་ཤེས་མཆོགཿ ལས་ལ་དབང་བསྒྱུར་རྡོ་རྗེ་ཕག་མོ་དང་ཿ ཡེ་ཤེས་དམ་ཚིག་ལས་དང་ཤ་ཟའི་འཁོརཿ དད་གུས༴ གཏུམ་དྲག་ཨུ་ཙ་ལ་ཡི་དུར་ཁྲོད་ནསཿ ཡི་ དམ་བདུད་འདུལ་ཁྲོས་མ་ལྷ་ལྔ་མཿ སྡེ་ལྔའི་འཁོར་ཚོགས་སྤྲུལ་པ་ཡང་སྤྲུལ་དངཿ གིང་ལང་དབང་ཕྱུག་འབར་མ་ཕྲ་མེན་བཅསཿ དད་གུས༴ ཡུལ་ཆེན་ཉེར་བཞི་གནས་ཆེན་སོ་གཉིས་དངཿ དུར་ཁྲོད་ཆེན་པོ་བརྒྱད་ན་བཞུགས་པ་ཡིཿ ཞིང་སྐྱེས་ལྷན་སྐྱེས་སྔགས་ལས་སྐྱེས་པ་ཡིཿ དཔའ་བོ་དཔའ་མོ་མཁའ་འགྲོ་ཤུགས་འགྲོའི་ཚོགསཿ དད་གུས༴ བཀའ་དང་དམ་ཚིག་རང་རང་གནས་མཆོག་ནསཿ ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་སྲུང་མའི་སྡེཿ གཏེར་སྲུང་ལས་མཁན་དྲེགས་པ་སྡེ་བརྒྱད་ཚོགསཿ མགོན་པོ་ཡོན་ཏན་མགྲོན་དུ་གྱུར་རྣམས་ཀུནཿ དམ་ཚིག་ཐུགས་དམ་དབང་གིས་གཤེགས་སུ་གསོལཿ ཚོགས་ཁང་གཞལ་ཡས་ངོ་མཚར་ཉམས་རེ་དགའཿ ཞལ་ཟས་འདོད་ཡོན་ཚོགས་རྫས་དང་རེ་སྤྲོཿ དམ་གཙང་རྣལ་འབྱོར་ཕོ་མོ་བྱིན་རེ་ཆགསཿ བཅུ་དྲུག་རིག་མའི་གར་བྱེད་བག་རེ་དྲོཿ སྲིད་གསུམ་རྣམ་དག་བདེ་བ་ཆེན་པོའི་ཞིངཿ བདེ་གཤེགས་སྙིང་པོ་རང་བཞིན་དག་པ་ལཿ གཞི་ལས་འཁྲུལ་མ་མྱོང་བའི་རྩ་གསུམ་ལྷཿ བདག་ཅག་ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་སྦྱངསཿ བྱིན་གྱིས་བརླབ་ཕྱིར་གནས་འདིར་གཤེགས་སུ་གསོལཿ ཨེ་ཧྱ་ཧི་བཛྲ་ས་མཱ་ཡ་ཛ་ཛཿ རིན་ཆེན་འབར་བའི་ཕོ་བྲང་ཉམས་དགའ་བརཿ འཇའ་འོད་གུར་ཁང་འཁྲིགས་པའི་ཀློང་དཀྱིལ་དུཿ པདྨ་ཉི་ཟླ་རིན་ཆེན་བརྩེགས་པའི་ཁྲིདཿ ལྷ་ཚོགས་དགྱེས་པ་ཆེན་པོར་བཞུགས་སུ་གསོལཿ པདྨ་ཀ་མ་ལྱེ་ཏིཥྛ་ལྷནཿ «བཞུགས་སུ་གསོལ་ཞིང་ཕྱག་འཚལ་བ་ནིཿ »དཀྱིལ་འཁོར་ཕྱི་ཁྱམས་ཁོར་ཡུག་ལ་གནས་པའིཿ རིགས་དྲུག་སྙིང་རྗེའི་ཡུལ་གྱུར་མགྲོན་རྣམས་ཀྱིསཿ རྣམ་གསུམ་དད་ཅིང་གུས་པས་ལུས་བཏུད་དེཿ སྒོ་གསུམ་བག་ཆགས་སྦྱངས་ཕྱིར་ཕྱག་འཚལ་ལོཿ ན་མོ་ན་མ་ཧོཿ ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ «མཆོད་པ་འབུལ་བ་ནིཿ »ཨོཾ་ཨཱཿཧཱུྃཿ བདུད་རྩི་ཡོན་ཆབ་དག་བྱེད་ཞབས་བསིལ་དངཿ ཨུ་དུམ་ཝ་ར་དྲི་ཞིམ་སྦྱར་བའི་སྤོསཿ སྣང་གསལ་མར་མེ་དྲི་བཟང་བྱུག་པའི་ཆངཿ རོ་ལྡན་ཞལ་ཟས་རྐང་གླིང་རོལ་མོའི་སྒྲཿ ཁྲག་ཆེན་ལ་སོགས་ནང་གི་མཆོད་པ་བཅསཿ དཀྱིལ་འཁོར་ལྷ་ཚོགས་དགྱེས་པ་བསྐྱེད་ཕྱིར་འབུལཿ ཨརྒྷཾ་པཱ་དྱཾ«་སོགས་ནས། »ཤབྡ་པཱུ་ཙ་ཧོཿ ཧྲཱིཿ གཞན་ཡང་གཟུགས་མཛེས་སྒྲ་སྙན་དྲི་ཞིམ་དངཿ རོ་མངར་རེག་འཇམ་དམ་རྫས་བ་ལིཾ་ཏཿ རྩ་བ་བརྒྱད་ལ་ཡན་ལག་སྟོང་སྦྱར་སྨནཿ རྒྱུ་གཉིས་རྐྱེན་བཞི་དམར་གྱི་རཀྟ་བཅསཿ འབུལ་ལོ་ལྷ་ཚོགས་དགྱེས་པ་བསྐྱེད་གྱུར་ཅིགཿ རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་བ་ལིཾ་ཏ་ར་ཀྟ་མཎྜལ་པཱུ་ཛ་ཁཱ་ཧིཿ བཅུ་དྲུག་མཛེས་ལྡན་ཕོ་ཉ་རི་དྭགས་མིགཿ རྩ་བཅུད་ཆགས་ཆེན་བདེ་བ་ཆེན་པོ་དངཿ ཉོན་མོངས་དུག་ལྔའི་དགྲ་གདོན་བགེགས་ཀྱི་ཚོགསཿ ཐུགས་རྗེའི་ཐབས་ཀྱིས་བསྒྲལ་བའི་མཆོད་པ་དངཿ མཉམ་ཉིད་བདེ་ཆེན་ཕྱག་རྒྱ་ཆེན་པོ་ཡིསཿ དཀྱིལ་འཁོར་ལྷ་ཚོགས་གཟི་བྱིན་བསྐྱེད་གྱུར་ཅིགཿ ཏ་ན་ག་ན་མ་ཧཱ་སུ་ཁ་དྷརྨཱ་དྷཱ་ཏུ་པཱུ་ཛ་ཧོཿ «ཞེས་མཆོད་ཅིང་སླར་ཡང་ཚོགས་མཆོད་དངོས་ལ་འཇུག་པ་ནིཿ »ཕཊཿ བདག་འཛིན་ཤ་ཁྲག་ཟག་བཅས་ཕུང་པོ་ཁམསཿ རྣམ་ཤེས་སྤར་བའི་བེམ་པོ་རི་རབ་ཙམཿ ལས་བྱེད་སྤྲུལ་པའི་མཁའ་འགྲོ་གྲངས་མེད་ཀྱིསཿ ཚོགས་ནང་བཞག་ཅིང་གྲི་གུག་གིས་དཀྲུགས་པསཿ ཚོགས་དང་བེམ་པོ་དབྱེར་མེད་གཅིག་ཏུ་འདྲེསཿ རི་ལྟར་བརྗིད་ལྡན་མཚོ་ལྟར་རྒྱ་ཆེ་བཿ མི་ཟད་ནམ་མཁའ་མཛོད་ཀྱི་དཔལ་ཡོན་རྫོགསཿ ཕུན་ཚོགས་རོ་བཅུད་ནུས་པ་མཆོག་ཐོབ་གྱུརཿ« ཕཊཿ དང་པོ་ཚོགས་ཕུད་འབུལ་བ་ནིཿ» ཕཊཿ ཚོགས་མཆོད་བདུད་རྩིའི་སྤྲིན་ཕུང་བསམ་ཡས་པཿ སྐུ་གསུམ་རྒྱལ་བ་སྲས་དང་སློབ་མར་བཅསཿ ཞི་བྱེད་གཅོད་ཡུལ་བརྒྱུད་པའི་བླ་མ་དངཿ པདྨ་ཐོད་ཕྲེང་དམ་པ་རྒྱ་གར་སོགསཿ ཡི་དམ་ཞི་ཆགས་ཁྲོ་བོའི་དཀྱིལ་འཁོར་ལྷཿ མ་ཅིག་ཆོས་སྐུ་རྒྱལ་བ་ཡུམ་ཆེན་མོཿ ཡེ་ཤེས་དབྱིངས་ཀྱི་ཌཱཀྐི་གསང་ཡེ་མཿ རྡོ་རྗེ་ཕག་མོ་སེང་ཧ་མུ་ཁ་ཧིཿ ཁྲོས་མ་ལྷ་ལྔ་མཁའ་འགྲོའི་ཚོགས་བཅས་ལཿ འབུལ་ལོ་དགྱེས་པ་ཆེན་པོར་བཞེས་སུ་གསོལཿ གུ་རུ་དྷེ་ཝ་ཌཱཀྐི་ནཱི་ག་ན་ཙཀྲ་པཱུ་ཛ་ཁཱ་ཧིཿ «བར་པ་བཤགས་པ་ནིཿ» ཕཊཿ ཐོག་མར་འཁྲུལ་བ་ནས་བཟུང་ད་ལྟའི་བརཿ སོ་ཐར་སྡོམ་པ་བྱང་སེམས་བསླབ་པ་འཆལཿ ཁྱད་པར་རྡོ་རྗེ་སློབ་དཔོན་ལོག་པར་བལྟསཿ གསང་སྔགས་སྦྱོར་སྒྲོལ་ཐེ་ཚོམ་བློར་མ་ཤོངཿ གསང་མ་ནུས་དང་རྩ་བ་ཡན་ལག་གིཿ དམ་ཚིག་ཉམས་ཆགས་འགལ་འཁྲུལ་འདས་རལ་ཀུནཿ ཞས་ཟས་ཚོགས་ཀྱི་མཆོད་པ་འདི་ཕུལ་བསཿ བཤགས་སོ་སོར་ཆུད་བྱང་ཞིང་དག་ནས་ཀྱངཿ ཚངས་པ་དོན་གྱི་དངོས་གྲུབ་སྩལ་དུ་གསོལཿ ག་ཌ་ཙཀྲ་སཏྭ་ས་མ་ཡཿ« སོགས་ནས། »སཏྭ་ཨཱཿ «ཐ་མ་བསྒྲལ་ཞིང་བསྟབ་པ་ནིཿ» ཨ་ལས་བྷནྡྷ་ལྕང་ལོ་ཅན་གྱི་སྣོད་དུ་དགྲ་གདོན་དངོས་སུ་གསལ་བར་གྱུརཿ ན་མོཿ དྲིན་ཆེན་ཞི་བྱེད་གཅོད་ཡུལ་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དངཿ བསླུ་བ་མེད་པ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་བཀའ་བདེན་པ་དངཿ ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཡུམ་ཆེན་མོཿ ལོངས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་གསང་བ་ཡེ་ཤེསཿ སྤྲུལ་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྡོ་རྗེ་རྣལ་འབྱོར་མའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ༴ ཡི་དམ་བདུད་འདུལ་ཁྲོས་མ་ནག་མོཿ བདེ་ཆེན་དཀར་མོཿ སེར་མོ་དོན་གྲུབཿ དམར་མོ་སྒྲ་སྒྲོགསཿ སྣ་ཚོགས་མཐར་ཕྱིནཿ ཡེ་ཤེས་དམ་ཚིག་ལས་དང་ཤ་ཟ་འཇིག་རྟེན་མཁའ་འགྲོ་བྱེ་བ་འབུམ་སྡེའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ༴ བདེན་པ་ཆེན་པོའི་བྱིན་གྱིས་བརླབས་པ་ལ་བརྟེན་ནསཿ བདག་ཅག་རྣལ་འབྱོར་པའི་བཀའ་ལ་མི་ཉན་དམ་ལ་མི་གནས་མགོ་གཡོག་མགོ་བསྐོར་འགྱུར་ལྡོག་འཕར་ལྡང་བྱེད་པའི་གདོན་བགེགསཿ བསམ་ངན་འཆང་བའི་བྱད་མ་དོ་བསྡོ་ཕོད་བཙུགས་བྱེད་པའི་དགྲ་བོ་རྣམས་ཀྱི་བླ་སྲོག་རྣམ་པ་ཤེས་པ་སྲིད་པ་གསུམ་གྱི་ཁམས་གར་གནས་ཀྱང་ཞལ་ཟས་ཚོགས་ཐ་མ་དམིགས་པའི་རྟེན་ཤ་ཁྲག་རུས་པ་ནང་རོལ་དང་བཅས་པ་འདི་ལ་ཁུག་ཅིགཿ «ལན་གསུམ་གྱིས་མཐརཿ »ཛཿཧཱུྃ་བཾ་ཧོཿ ཕཊཿ ཨོ་རྒྱན་ཡུལ་གྱི་ཕྱོགས་བཞི་དབུས་ལྔ་རུཿ དྲག་པོ་ཐོད་མཁར་འབར་བའི་གཞལ་ཡས་སུཿ མ་གཅིག་ཡུམ་ཆེན་ཁྲོས་མ་ལྷ་ལྔ་མཿ ཁྲོས་པའི་ཉམས་ལྡན་དུར་ཁྲོད་ཆས་བརྒྱད་གསོལཿ སྤྱན་གསུམ་སྡང་མིག་ཞལ་གདངས་མཆེ་བ་གཙིགསཿ རང་རང་རིགས་ཀྱི་འཁོར་ཚོགས་འབུལ་ཕྲག་བཅསཿ དགྲ་གདོན་ཤ་ཁྲག་རུས་པ་ནང་རོལ་བཅསཿ དུག་ལྔ་དབྱིངས་སུ་བསྒྲལ་ཕྱིར་ལྷག་མེད་རོལཿ རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་སུ་སྤོརཿ སྐྱེ་མེད་ཆོས་སྐུའི་ཀློང་དུ་དབྱེར་མེད་འདྲེསཿ ཕཊཿ རབ་འཇིགས་དུར་ཁྲོད་བརྒྱད་དང་གནས་ཡུལ་ནསཿ ཡེ་ཤེས་འཇིག་རྟེན་ས་མཚམས་ལ་གནས་ཤིངཿ མཆོག་ཐུན་དངོས་གྲུབ་དམ་ཚིག་གཉེར་འཛིན་མཿ སྐལ་ལྡན་སྒྲུབ་པ་པོ་ལ་བྱིན་གྱིས་རློབསཿ སྐལ་མེད་ལོག་ལྟ་ཅན་ལ་རྟགས་མཚན་སྟོནཿ ཉམས་པའི་དགྲ་བགེགས་རྣམས་ལ་ཆད་པ་ཆོདཿ ལས་དང་དམ་ཚིག་ཤ་ཟ་མཁའ་འགྲོའི་ཚོགསཿ ཞིང་བཅུ་ཉམས་པ་བདུན་ལྡན་དགྲ་བོ་དངཿ འཁྲུལ་སྣང་ལོག་པའི་ལམ་ཞུགས་གཟུགས་མེད་བགེགསཿ བསམ་ངན་བྱད་མ་བསྒྲལ་བའི་ཤ་ཁྲག་དང་ཿ སྲོག་དབུགས་རྣམ་ཤེས་ཚོགས་ཀྱི་འཁོར་ལོར་འབུལཿ བཞེས་ཤིག་ལྷག་མ་མེད་པར་ཁ་རཾ་ཁཱ་ཧིཿ ཕཊཿ ཞིང་དང་དུར་ཁྲོད་དབང་འདུས་མཐུ་མོ་ཆེཿ འཛིན་པ་རང་གྲོལ་ལས་ཀྱི་ས་མཚམས་འཛིནཿ དམ་ལྡན་སྒྲུབ་པ་པོ་ཡི་གྲོགས་མཛད་མཿ གནས་ཀྱི་མཁའ་འགྲོ་ཀཽའུ་རཱི་མ་བརྒྱད་དངཿ ཞིང་ཁམས་སྐྱོང་བའི་སིང་ཧ་ཕྲ་མེན་མཿ སྡང་བར་བྱེད་པའི་དགྲ་དང་གནོད་པའི་བགེགསཿ གནས་གདོན་ལུས་གདོན་གསར་སྐྱེས་དམ་སྲྀ་དངཿ དགྲ་འདྲེ་འབྱུང་པོ་དབྱེར་མེད་ཤ་ཁྲག་རུསཿ ཞལ་དུ་བསྟབ་པོ་ལྷག་མ་མེད་པར་རོལཿ དགྲ་གདོན་རྣམ་ཤེས་ཚོགས་བརྒྱད་མཁའ་ཀློང་བསྟིམཿ རིག་པ་སྐྱེ་མེད་ཆོས་ཀྱི་དབྱིངས་སུ་ཨཱཿ ཕཊཿ ཕཊཿ ཕཊཿ« ཐུགས་དམ་བསྐང་བའི་རིམ་པ་ནིཿ »ཕཊཿ ཞིང་ཆེན་ལྤགས་པ་གསེར་གྱི་ས་གཞིའི་སྟེངཿ རི་རབ་གླིང་བཞི་གླིང་ཕྲན་བཀོད་པ་མཛེསཿ ཉི་མ་ཟླ་བ་རྒྱུ་སྐར་འཇའ་ཚོན་བཀྲཿ ལྷ་མིའི་འདོད་ཡོན་ལོངས་སྤྱོད་དཔག་ཏུ་མེདཿ རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་རྟགས་བརྒྱདཿ འདོད་ཡོན་མཆོད་པའི་ལྷ་མོ་དཔག་མེད་ཀྱིསཿ སྣ་ཚོགས་མཆོད་རྫས་བྱེ་བྲག་བསམ་ཡས་པསཿ མ་གཅིག་ཆོས་སྐུ་རྒྱལ་བ་ཡུམ་ཆེན་མོཿ ཆོས་ལོངས་སྤྲུལ་སྐུའི་ཚོགས་བཅས་ཐུགས་དམ་བསྐངཿ མངོན་རྫོགས་ཞིང་ན་ཁྲག་འཐུང་ཧེ་རུ་ཀཿ ཀུན་བཟང་རྡོར་སེམས་དགའ་རབ་དཔའ་བོ་དང་ཿ ཡང་གསང་བརྒྱུད་པའི་བླ་མའི་ཚོགས་རྣམས་སོགསཿ ཞི་གཅོད་བརྒྱུད་ལྡན་བླ་མའི་ཐུགས་དམ་བསྐངཿ འོག་མིན་ཚོགས་ཆེན་འདུས་པའི་ཕོ་བྲང་ནསཿ སྟོན་པ་མངོན་རྫོགས་ཆེ་མཆོག་འདུས་པ་རྩལཿ མ་རྒྱུད་མཁའ་འགྲོའི་གཙོ་མོ་དབང་བསྒྱུར་མཿ གསང་བ་ཡེ་ཤེས་རྡོ་རྗེ་ཕག་མོ་ཡུམཿ བྱིན་རླབས་ཡེ་ཤེས་མཁའ་འགྲོའི་ཐུགས་དམ༴ གཏེར་རིགས་བཅོ་བརྒྱད་སྲོག་འཛིན་རང་དབང་བསྒྱུརཿ བརྟུལ་ཞུགས་གྲུབ་བརྙེས་ཨ་ཙརྱ་དམར་པོཿ པདྨ་ཐོད་ཕྲེང་རྡོ་རྗེ་དྲག་པོ་རྩལཿ ཕ་གཅིག་དམ་པ་ནག་པོའི་ཐུགས༴ ཡེ་ཤེས་ཌཱཀྐིའི་གཙོ་མོ་མནྡཱརཿ ཡེ་ཤེས་མཚོ་རྒྱལ་མཁའ་འགྲོ་སུ་ཝརྞཿ བདག་འཛིན་ཚར་གཅོད་མ་གཅིག་ལབ་ཀྱི་སྒྲོནཿ ཨ་ཙ་རཏྣ་དྷཱ་ཛའི༴ འཛིན་པ་རང་གྲོལ་བཀའ་བབས་ལེགས་འདུས་མཿ བྱིན་རླབས་དབང་ཐོབ་གྲུབ་ཆེན་གཅེར་བུ་བཿ ཐོད་སྨྱོན་བསམ་འགྲུབ་ཁམ་འབུ་ཡ་ལེ་སོགསཿ གཅོད་ཡུལ་བརྒྱུད་པའི་བླ་མའི༴ ཡི་དམ་ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷཿ འབར་བ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་དང་ཿ གཤིན་རྗེ་དབང་ཆེན་གསང་བདག་རྡོརྗེ་འཛིནཿ རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི༴ མ་གཅིག་ཡུམ་ཆེན་བདུད་འདུལ་ཁྲོས་མ་ནགཿ བདེ་ཆེན་དཀར་མོ་སེར་མོ་དོན་གྲུབ་མཿ དམར་མོ་སྒྲ་སྒྲོགས་སྣ་ཚོགས་མཐར་ཕྱིན་བཅསཿ ཡེ་ཤེས་ལས་དམ་མཁའ་འགྲོའི་ཐུགས༴ ཕོ་རྒྱུད་ཀུན་འདུས་མགོན་པོ་བྱ་རོག་གདོངཿ མོ་རྒྱུད་ཀུན་འདུས་སྔགས་སྲུང་རལ་གཅིག་མཿ འབར་མ་གཟའ་བདུད་གིང་ཆེན་སྤུ་གྲི་གསུམཿ དུར་བདག་ཡབ་ཡུམ་བཅས་པའི༴ གཏེར་གྱི་སྲུང་མ་གཉན་ཆེན་སྡེ་བཞི་དངཿ དགེ་བསྙེན་ཆེན་པོ་ཀླུ་བདུད་མིང་སྲིང་གཉིསཿ ལྷ་ཀླུ་གནོད་སྦྱིན་དྲེགས་པ་སྡེ་བརྒྱད་སོགསཿ དཀར་ཕྱོགས་སྐྱོང་བ་རྣམས་ཀྱི་ཐུགས་དམ་བསྐངཿ ཁྱེད་རྣམས་ཐུགས་དམ་གཉན་པོ་སྐོང་མཛོད་ལཿ སྒྲིབ་གཉིས་བག་ཆགས་ཉེས་ལྟུང་ཀུན་དག་ཅིངཿ ཉམས་ཆགས་སོར་ཆུད་ཐུགས་ཀྱི་དགྱེས་པ་བསྐྱེདཿ ཉམས་དང་རྟོགས་པ་ཡར་ངོའི་ཟླ་བཞིན་འཕེལཿ འཛིན་གྲོལ་ཞི་བྱེད་འབྲེལ་བས་བསྡུས་པ་ཡིཿ སྣང་སྲིད་ལྷ་འདྲེ་གཟུགས་ཅན་གཟུགས་མེད་ཀུནཿ འབྲེལ་ཚད་དོན་ལྡན་བག་ཆགས་འཛིན་ཞེན་དགཿ སྟོང་ཉིད་བྱང་ཆུབ་སེམས་ཀྱིས་རྒྱུད་བརླན་ནསཿ མ་གཅིག་ཡུམ་ཆེན་གོ་འཕང་མྱུར་ཐོབ་ཤོགཿ ཕཊཿ «དེ་ལྟར་ཐུགས་དམ་བསྐང་ཞིང་བཤགས་པ་ནིཿ »ཕཊཿ མ་གཅིག་ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིནཿ དཀྱིལ་འཁོར་ལྷ་ཚོགས་མ་ལུས་དགོངས་སུ་གསོལཿ བླ་མ་སངས་རྒྱས་འདུས་པའི་ངོ་བོ་ཉིདཿ སྣ་ཚོགས་སྤྱོད་པའི་རོལ་གར་བསྒྱུར་བ་ལཿ ཐེ་ཚོམ་ལོག་ལྟ་སྐྱོན་དུ་བལྟས་པ་དངཿ བཀའ་ལྟར་མ་སྒྲུབས་ཐུགས་དང་འགལ་བགྱིས་བཤགསཿ ཡང་གསང་ལུས་མེད་མཁའ་འགྲོའི་ཐུགས་ཐིག་ཆོསཿ ཐུན་མོང་མ་ཡིན་བཀའ་གནད་མ་རྟོགས་ཤིངཿ ལྟ་བ་གོལ་ཤོར་ནོར་བའི་དབང་དུ་ཤོརཿ སྒོམ་པ་ཐེ་ཚོམ་རེ་དོགས་འཁྲུལ་དབང་ཤོརཿ སྤྱོད་པ་སྤང་བླང་མཆོག་འཛིན་དུག་ལྔར་གོལཿ གཞན་ཕན་བྱང་ཆུབ་སེམས་ཀྱི་དམ་བཅའ་རལཿ ཞི་བདེར་གཞོལ་ཞིང་ཐེག་དམན་ལམ་དུ་ཞུགསཿ རང་སེམས་སངས་རྒྱས་དངོས་སུ་མ་མཐོང་ཞིངཿ དངོས་གྲུབ་བླ་མར་འབྱུང་བར་མ་ཤེས་པའིཿ སངས་རྒྱས་གཞན་དུ་བཙལ་པའི་ནོངས་པ་ཀུནཿ མི་འཆབ་མི་སྦེད་སྙིང་ནས་འགྱོད་པས་བཤགསཿ ཕྱིན་ཆད་སྡོམ་བགྱིད་བླ་མ་ཡུམ་ཆེན་མོཿ དབྱེར་མེད་སྐྱབས་སུ་འཛིན་ཅིང་གསོལ་བ་འདེབསཿ མཐོལ་བཤགས་ཐུགས་ཀྱིས་བཟོད་པར་བཞེས་ནས་ཀྱངཿ ཚངས་པ་དོན་གྱི་དངོས་གྲུབ་སྩལ་དུ་གསོལཿ« ཡི་གེ་བརྒྱ་ལ་ལམ་གསུམ་བརྗོདཿ དེ་ནས་རྣལ་འབྱོར་ཕོ་མོ་རྣམསཿ དགའ་སྟོན་ཚོགས་ཀྱི་དངོས་གྲུབ་རོལཿ» ཧོཿ རྡོ་རྗེ་སློབ་དཔོན་མཆེད་ལྕམ་ཀུནཿ ཤ་ཆེན་ལྔ་དང་བདུད་རྩི་ལྔཿ འདོད་ཡོན་མི་ཟད་རྒྱན་དུ་རོལཿ དགྱེས་པ་ཆེན་པོའི་བརྟུལ་ཞུགས་བསྐྱེདཿ «ཅེས་རིག་མས་དྲངས་ཤིངཿ ལེན་པ་པོསཿ» མཁའ་འགྲོ་བསྒྲུབ་པའི་དམ་ཚིག་རྫསཿ དངོས་གྲུབ་ཆེན་པོའི་དགའ་སྟོན་ལཿ གཉིས་མེད་ངང་དུ་རོལ་པ་ཡིསཿ གཟུང་དང་འཛིན་པ་ཀུན་གྲོལ་ཤོགཿ ཨ་ལ་ལ་ཧོཿ «ཚོགས་མཐར་ལྷག་མ་བསྔོ་བ་ལཿ དང་པོ་གཙང་མའི་ཕུད་ལྷག་ནིཿ »མཆོག་གསུམ་རྩ་གསུམ་སྲུང་མའི་བདེན་སྟོབས་དངཿ ཆོས་ཉིད་ཆོས་ཅན་རྒྱུ་འབྲས་བསླུ་མེད་མཐུསཿ ད་དགྲ་ཐད་དུ་ལངས་པའི་དམ་ཉམས་པཿ དམིགས་པའི་ཡུལ་གྱུར་ལྷག་གཏོར་རྟེན་ལ་ཁུགཿ ནྲྀ་ཨཱ་ཀརྴ་ཡ་ཛཿ བྷྱོཿ ཕྱོགས་བཞི་འཇིགས་པའི་དུར་ཁྲོད་ནསཿ ལས་བྱེད་མཁའ་འགྲོ་མཐུ་མོ་ཆེཿ ཁྲོ་མོའི་གཟུགས་ལ་མཚོན་ཆ་ཐོགསཿ སྲིད་པ་གསུམ་ལ་ཐོགས་མེད་རྒྱུཿ འཇིག་རྟེན་འདས་ཀྱང་འཁོར་བའི་ཚུལཿ དབུས་ལ་མེ་གནས་མུ་རན་སྐྱོངཿ ལྷག་སྡུད་གཙོ་མོ་མཆེད་བཞི་དངཿ ཤ་ཟ་འཇིག་རྟེན་མཁའ་འགྲོ་མཿ དབང་ཕྱུག་ཕྲ་མེན་གིང་ལང་ཀཿ དགྲ་ལ་སྡང་ཞིང་ཤ་ལ་རྔམསཿ ཁྲག་ལ་འཐུང་ཞིང་ཚེ་བསོད་བསྡུཿ ཚོགས་ཁང་ཉུལ་ཞིང་ཉམས་པ་ཅནཿ ཞེ་ལ་བརྣག་པའི་ཚུལ་གྱིས་སྒྲོལཿ ལྷག་མའི་ཞལ་ཆབ་གཏོར་མ་བཞེསཿ སྔོན་གྱི་ཐུགས་དམ་ཞལ་བཞེས་བཞིནཿ བླ་མར་བརྙེས་ཤིང་སྔགས་ལ་གཤེཿ སྒྲུབ་པ་པོ་ལ་དོ་བསྔོ་བའིཿ སྡང་དགྲ་དམིགས་པའི་ཡུལ་གྱུར་ཀུནཿ ལྷག་གཏོར་འདི་དང་མཉམ་དུ་བཞེསཿ དམ་ཚིག་རྗེས་སུ་དྲན་མཛོད་ལཿ གསང་སྔགས་བསྟན་པ་རྒྱས་པར་མཛོདཿ ཨུཙྪིཥྟ་བ་ལིཾ་ཏ་མཱཾ་ས་རཀྟ་ཙིཏྟ་ཀོ་རོ་ཙ་ན་ཀིཾ་ནི་རི་ཏི་ལ་ཁཱ་ཧིཿ «བཙོག་ལྷག་བསྡུ་ཞིངཿ »ཕཊཿ བམ་ཆེན་ཚོགས་ལྷག་འདོད་ཡོན་ལྔཿ མི་ཟད་པ་ཡི་གཏེར་ཆེན་གྱུརཿ ཨོཾ་ཨཱཿཧཱུྃཿ ལན་ཆགས་བགེགས་རིགས་འབྱུང་པོའི་ཚོགསཿ མཁའ་རྒྱུ་ཡི་དྭགས་ཤ་ཟའི་རིགསཿ ཁས་ཞེན་དབང་ཆུང་དང་བཅས་ལཿ ཕམ་ཕབ་ཚོགས་ལྷག་འདི་བསྔོས་པསཿ ཞེ་སྡང་སྡུག་བསྔལ་ཀུན་བྲལ་ཤོགཿ ཕཊཿཕཊ༴ཕཊཿ «ཅེས་ཕྱི་རོལ་དུ་དོརཿ »བླ་མ་མཁའ་འགྲོའི་དཀྱིལ་འཁོར་དུཿ ཚོགས་འཁོར་ཕུལ་བའི་བསོད་ནམས་ཀྱིསཿ བདག་ཅག་འབྲེལ་པས་བསྡུས་པ་ཀུནཿ ཕྱམ་གཅིག་རྫོགས་སངས་རྒྱས་པར་ཤོགཿ ཕཊཿ «སྲུང་མར་གཏོར་མ་སྦྱིན་པ་ནིཿ »ཕཊཿ བྷནྡྷའི་སྣོད་དུ་ཤ་ཁྲག་གཏོར་མ་ནིཿ ཡེ་ཤེས་བདུད་རྩིའི་ངོ་བོ་ལྷུན་གྲུབ་གྱུརཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ སྔོན་འདས་བར་དང་ཐ་མའི་དུས་ཀྱི་ཚེཿ དགའ་རབ་དཔའ་བོ་ཨ་ཙར་དམར་པོ་དང་ཿ ཁྲོས་མ་ནག་མོ་པདྨ་ཐོད་ཕྲེང་རྩལཿ དམ་པ་རྒྱ་གར་ལབ་ཀྱི་སྒྲོན་མ་ཡིཿ སྤྱན་སྔར་ཁས་བླངས་དམ་བཅས་བྲོ་བོར་བའིཿ འཛིན་པ་རང་གྲོལ་བཀའ་ཡི་སྲུང་མའི་ཚོགསཿ སྔོན་གྱི་དམ་ཚིག་རྗེས་སུ་དྲན་མཛོད་ལཿ དམ་རྫས་རྒྱན་ལྡན་པ་ལིཾ་གཏོར་མ་བཞེསཿ ཡང་གསང་ཐུགས་ཐིག་བསྟན་པ་རྒྱས་པ་དང་ཿ འཛིན་པ་རང་གྲོལ་བྱིན་རླབས་ཚན་པ་མྱུརཿ སྒྲུབ་པ་པོ་ཡི་རྣམ་བཞིའི་ཕྲིན་ལས་སྒྲུབསཿ དགྲ་གདོན་ཐལ་བར་བརླག་པའི་ཕྲིན་ལས་མཛོདཿ ཕཊཿ «གཏེར་བདག་མཆོད་ཅིང་བསྟན་མ་སྐྱོང་བ་ནིཿ» ཀྱཻཿ ལྷ་གཉན་གནོད་སྦྱིན་ཆོས་གཏེར་ནོར་གྱི་བདགཿ དཀར་ཕྱོགས་སྐྱོང་ཞིང་ནག་ཕྱོགས་སྤ་བཀོང་པཿ བསྟན་མ་བཅུ་གཉིས་དགེ་བསྙེན་ཉེར་གཅིག་བཅསཿ འདོད་ཡོན་བརྒྱན་པའི་གཏོར་མ་འདི་བཞེས་ལཿ རྣལ་འབྱོར་ཕོ་མོའི་ལོངས་སྤྱོད་འཕེལ་བ་དངཿ ནད་མཚོན་དམག་དཔུང་བཙའ་ཐན་སད་སེར་ཞིཿ འཛམ་གླིང་བདེ་སྐྱི་འཕེལ་ཞིང་རྒྱས་པར་མཛོདཿ« སླར་ཡང་མཆོད་ཅིང་བསྟོད་པ་ནིཿ »བླ་མ་ཡི་དམ་མཁའ་འགྲོའི་ཚོགས་དང་བཅསཿ ཕྱི་ནང་གསང་བ་བླ་མེད་མཆོད་པའི་སྤྲིནཿ སྲིད་དང་ཞི་བའི་དཔལ་ཡོན་ཕུན་ཚོགས་འབུལཿ དགྱེས་པར་བཞེས་ལ་ཐུགས་རྗེས་བརྩེ་བར་དགོངསཿ ཨོཾ་བཛྲ་ཨརྒྷཾ་«སོགས། »ཤབྡ་རཱུ་པ་ཤབྟ་གནྡྷེ་རཱ་ས་སྤརྴེ་སརྦ་པཉྩ་རཀྟ་པཱུ་ཙ་ཨཱ་ཧོཿ མ་གཅིག་ཆོས་སྐུ་རྒྱལ་བ་ཡུམ་ཆེན་མོཿ པདྨ་འབྱུང་གནས་དམ་པ་རྒྱ་གར་བཿ ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་ཝཱ་ར་ཧིཿ ཡི་དམ་བདུད་འདུལ་ཁྲོས་མ་ལྷ་ལྔ་མཿ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོདཿ «གཤེགས་གསོལ་བསྡུ་རིམ་ནིཿ »ཕཊཿ ཆོས་སྐུ་ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མཿ སྣང་བ་རྣམ་པར་དག་པའི་ཀློང་དུ་གཤེགསཿ ལོངས་སྤྱོད་རྫོགས་སྐུ་རིགས་མཆོག་ལྔས་བསྡུས་པཿ ཕུང་ལྔ་རྣམ་དག་རིགས་ལྔའི་ཞིང་དུ་གཤེགསཿ སྤྲུལ་པའི་རོལ་གར་རྩ་གསུམ་དཀྱིལ་འཁོར་ལྷཿ གར་བཞུགས་བདེ་བ་ཆེན་པོའི་དབྱིངས་སུ་གཤེགསཿ ཡི་དམ་བདུད་འདུལ་ཁྲོས་མ་ལྷ་ལྔ་མཿ ཉོན་མོངས་རྣམ་དག་ཡེ་ཤེས་ལྔ་ཀློང་གཤེགསཿ སྣང་བའི་གཞལ་ཡས་འོད་ཞུ་རང་ལ་ཐིམཿ རང་ཉིད་ཐུགས་སོགས་ལ་ཐིམ་ཀ་དག་ཀློངཿ སླར་ཡང་བླ་མ་རང་རིག་དབྱེར་མེད་པའིཿ འོད་ལུས་ཡེ་ཤེས་སྙིང་པོར་ལམ་ཁྱེར་སྦྱངསཿ ཨོཾ་ཏདྱ་ཐཱཿ ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱཿ «དགེ་བ་བསྔོ་བ་ནིཿ» ཆོས་སྐུ་ཡུམ་ཆེན་ཤེས་རབ་ཕར་ཕྱིན་མའིཿ དགོང་དོན་འཛིན་པ་རང་གྲོལ་ཉམས་ལེན་དངཿ བླ་མེད་ཚོགས་ཀྱི་འཁོར་ལོ་བསྐོར་བ་ཡིསཿ དགེ་ཚོགས་མཁའ་མཉམ་འགྲོ་བའི་རྒྱུད་ལ་བསྔོཿ བླ་མ་ཡི་དམ་མཁའ་འགྲོའི་བྱིན་ནུས་ཀྱིསཿ རྡོ་རྗེ་སློབ་དཔོན་སྐུ་ཚེ་མཛད་ཕྲིན་རྒྱསཿ བརྒྱུད་འཛིན་བུ་སློབ་ཡངས་པའི་ས་ཆེན་ཁྱབཿ ཡང་གསང་གདམས་པས་སྐལ་ལྡན་སྨིན་ཅིང་གྲོལཿ སྨོན་ལམ་ལོག་པའི་བདུད་རིགས་ཚར་གཅད་ནསཿ གཟུགས་ཅན་གཟུགས་མེད་འབྲེལ་པས་བསྡུས་པ་ཀུནཿ མ་གཅིག་ཡུམ་ཆེན་གདུལ་བྱར་འགྱུར་བར་ཤོགཿ «དཀྱིལ་འཁོར་བསྡུ་ཞིང་དངོས་གྲུབ་རྫསཿ ལོག་ལྟ་དམ་ཉམས་ཅན་དག་ལཿ སྦྱིན་པར་མི་བྱ་དམ་ཚིག་གོཿ ཨེ་མཿ ཡང་གསང་འཛིན་པ་རང་གྲོལ་གྱིཿ གཅོད་ཚོགས་འདོད་དགུ་འབྱུང་བའི་གཏེརཿ ཕྲིན་ལས་གློག་གི་ཞགས་པ་འདིཿ བདག་འདྲ་ཨ་ཙར་ནག་པོ་ཡིསཿ ཌཱཀྐི་གསང་བའི་བརྡ་རིས་ལཿ བཏབ་ནས་དབྱིངས་ཀྱི་རྗེ་མོ་ཡིཿ ཐུགས་ཀྱི་ཀློང་དུ་སྦས་པ་སྟེཿ མ་འོངས་དུས་ཀྱི་ཐ་མ་ལཿ ཡང་གསང་ཆོས་ཀྱི་བདག་པོ་དངཿ འཕྲད་ནས་འཛིན་པ་རང་གྲོལ་གྱིཿ བྱིན་རླབས་ཚན་ཁ་ཆེ་བར་ཤོགཿ བཀའ་འདི་དུར་བདག་མིང་སྲིང་དངཿ ཤ་ཟ་ཕྲ་མེན་ཚོགས་ལ་གཏདཿ ཐུབ་པར་སྲུངས་ཤིག་དམ་ཚིག་རྒྱཿ ས་མ་ཡཿ རྒྱ་རྒྱ་རྒྱཿ གུཧྱཿ ཨྠིྀཿ བདག་འདྲ་དུས་མཐའི་གཏེར་སྨྱོན་ཁྲག་འཐུང་ཨ་ཙར་དམར་པོས་བརྡ་རིས་ལས་མཆོག་སྒྲིགས་སུ་བཏབ་ཅིང་དག་པར་ཕབས་པའི་ཡི་གེའི་འདུ་བྱེད་འཛིན་པ་རང་གྲོལ་མོས་ལྡན་སློབ་བུ་འོད་ཟེར་མཐའ་ཡས་ཀྱིས་བགྱིས་པའོ།། །། སརྦ་མངྒལཾ།། དགེའོ།། །། | |||
}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> |
Latest revision as of 11:38, 17 June 2024
Wylie title | yang gsang 'dzin pa rang grol las tshogs mchod phrin las glog zhags | |
---|---|---|
Location | mdo mkhyen brtse bka' 'bum Volume 2, Text 17, Pages (Folios to ) | |
Author | མདོ་མཁྱེན་བརྩེ་ | |
Less details More details | ||
Tertön | མདོ་མཁྱེན་བརྩེ་ (Mdo mkhyen brtse) | |
Citation | ||
Genre | Feast Offering - tshogs mchod - tshogs kyi 'khor lo | |
Cycle | གཅོད་འཛིན་པ་རང་གྲོལ་ (gcod 'dzin pa rang grol) | |
Colophon |
བདག་འདྲ་དུས་མཐའི་གཏེར་སྨྱོན་ཁྲག་འཐུང་ཨ་ཙར་དམར་པོས་བརྡ་རིས་ལས་མཆོག་སྒྲིགས་སུ་བཏབ་ཅིང་དག་པར་ཕབས་པའི་ཡི་གེའི་འདུ་བྱེད་འཛིན་པ་རང་གྲོལ་མོས་ལྡན་སློབ་བུ་འོད་ཟེར་མཐའ་ཡས་ཀྱིས་བགྱིས་པའོ།། །། སརྦ་མངྒལཾ།། དགེའོ།། | |
bdag 'dra dus mtha'i gter smyon khrag 'thung a tsar dmar pos brda ris las mchog sgrigs su btab cing dag par phabs pa'i yi ge'i 'du byed 'dzin pa rang grol mos ldan slob bu 'od zer mtha' yas kyis bgyis pa'o//_//_sarba mang+galaM//_dge'o// |