DKR-KABUM-24-YA-005: Difference between revisions
From Khyentse Lineage - A Tsadra Foundation Project
WikiBot2015 (talk | contribs) No edit summary |
m (Text replacement - "Khyentse Metadata" to "Text") |
||
(3 intermediate revisions by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=གསང་སྔགས་སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་བཀའ་བབས་ཉེ་བརྒྱུད་ཟབ་མོ་རིན་ཆེན་གཏེར་གྱི་མཛོད་ཆེན་པོའི་ཐོབ་ཡིག་ངོ་མཚར་ཨུ་དུམ་ཝ་རའི་ཕྲེང་མཛེས་མཚོ་སྐྱེས་དགྱེས་པའི་དབྱངས་སྙན། | |||
|fulltitle=gsang sngags snga 'gyur nang rgyud sde gsum gyi bka' babs nye brgyud zab mo rin chen gter gyi mdzod chen po'i thob yig ngo mtshar u dum wa ra'i phreng mdzes mtsho skyes dgyes pa'i dbyangs snyan | |||
|citation=[[Khyentse, Dilgo]]. ''Gsang sngags snga 'gyur nang rgyud sde gsum gyi bka' babs nye brgyud zab mo rin chen gter gyi mdzod chen po'i thob yig ngo mtshar u dum wa ra'i phreng mdzes mtsho skyes dgyes pa'i dbyangs snyan''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 24: 285-322. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
| | |tibgenre=Records of Teachings Received - thob yig - gsan yig | ||
| | |terma=No | ||
|volumenumber= | |dkroutline=Ten | ||
|volumenumber=024 | |||
|volnumtib=༢༤ | |||
|volyigtib=ཡ་ | |||
|totalvolumes=25 | |||
|textnuminvol=005 | |textnuminvol=005 | ||
|pagenumbers=285-322 | |||
|totalpages=75 | |||
|beginfolioline=1a | |||
|endfolioline=38a4 | |||
|totalfolios=38 | |||
|multivolumework=No | |||
|rectonotes=gsan yig | |||
|versonotes=rin chen gter mdzod | |||
|pdflink=File:DKR-KABUM-24-YA-005.pdf | |pdflink=File:DKR-KABUM-24-YA-005.pdf | ||
}} | }} | ||
Line 16: | Line 31: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། །གསང་སྔགས་སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་བཀའ་བབས་ཉེ་བརྒྱུད་ཟབ་མོ་རིན་ཆེན་གཏེར་གྱི་མཛོད་ཆེན་པོའི་ཐོབ་ཡིག་ངོ་མཚར་ཨུ་དུམ་ཝ་རའི་ཕྲེང་མཛེས་མཚོ་སྐྱེས་དགྱེས་པའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ།། | {{TibP|༄༅། །གསང་སྔགས་སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་བཀའ་བབས་ཉེ་བརྒྱུད་ཟབ་མོ་རིན་ཆེན་གཏེར་གྱི་མཛོད་ཆེན་པོའི་ཐོབ་ཡིག་ངོ་མཚར་ཨུ་དུམ་ཝ་རའི་ཕྲེང་མཛེས་མཚོ་སྐྱེས་དགྱེས་པའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ།།<br><br> | ||
༄༅། །ཨོཾ་སྭ་སྟི་བི་ཛ་ཡནྟུ། དཔྃལ་ལྡནྃ་རྫོགས་པའི་སངྃས་རྒྱསྃ་ཀུན་འདུས་སྐུ་ལྔ་ལྷུན་གྲུབ་པྃདྨྃ་རྒྱལྃ། །དུས་གསུམ་ཀུནྃ་མཁྱེནྃ་སྐུ་དང་ཡེྃ་ཤེསྃ་མཛོྃད་འཛིྃན་རྣམ་སྣང་སྤྱན་རས་གཟིགས། །གསུང་གི་རྡོ་རྗེ་ཆོས་ཀྱི་རྒྱལྃ་པོྃ་རིགས་ལྔ་སྒྱུྃ་འཕྲུྃལ་སྣྃ་ཚོྃགས་འཆྃང༌། །ཆེྃ་བྃའི་ཆེ་མཆོག་སངྃས་རྒྱསྃ་སྐུ་གསུམ་རིགྃས་སྔགྃས་འཆྃང་བའི་སྟོན་པ་རྒྱལ། །རྡོྃ་རྗེྃ་འཆང་ཆེན་གསང་བའི་བདག་པོ་རྡོྃ་རྗེྃའི་རིྃག་འཛིྃན་གྃར་གྱི་དབྃང༌། །འཇྃམ་དཔྃལ་གཞོྃན་ནུྃ་བཀའ་བབ་བདུན་བདག་འཇྃམ་དབྱངྃས་བླ་མ་མྃཁྱེན་བརྩེའིྃ་གཏེར། །པྃད་སྡོངྃ་ལས་འཁྲུངས་པྃདྨྃའི་རྒྱལྃ་ཚྃབ་སྤྲུལ་པའི་གཏེྃར་ཆེྃན་མཆོྃག་གྱུརྃ་གླིངྃ༌། །སྙིང་ནས་གསོལ་འདེབས་སྙིང་དབུས་རྟག་བཞུགས་བཀའ་དྲིན་དྲན་པས་ཅིས་མི་གུས། །གང་གི་རིང་ལུགས་སྔ་འགྱུར་བདུད་རྩིའི་ཀླུང༌། །བཀའ་གཏེར་གདེངས་ཅན་དབྱིག་གིས་གཏམས་པ་ཡིས། །ཕྱི་མའི་སྨིན་གྲོལ་འདོད་དགུའི་མཛོད་ཐོབ་པའི། །གཏམ་མཆོག་མཚོ་སྐྱེས་དགྱེས་པའི་དབྱངས་སུ་ལེན། །དེ་ལ་འདིར་གངས་རིའི་ར་བས་བསྐོར་བའི་ལྗོངས་སུ་རྒྱལ་བསྟན་རིན་པོ་ཆེའི་ཐོག་མའི་ཤིང་རྟ་སྔ་འགྱུར་རྡོ་རྗེ་སྙིང་པོའི་རིང་ལུགས་ལ་རྒྱ་ཆེ་བ་བཀའ་མ་དང༌། ཟབ་མོ་གཏེར་གྱི་ལམ་སྲོལ་ཆེན་པོ་གཉིས་སུ་གྲགས་པ་ལས། སྐབས་འདིར་ཕྱི་མ་ཟབ་གཏེར་གྱི་གསང་བ་རྒྱ་མཚོའི་སྙིང་པོའི་དབྱིག་གི་གསེར་སྒྲོམ་ཕལ་ཆེར་གྱི་བཅུད་འདུས་རིན་ཆེན་གཏེར་གྱི་གསང་མཛོད་ཆེན་པོའི་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་ཇི་ལྟར་ནོས་པའི་སྙེལ་ཐོ་འགོད་པ་ལ། དང་པོ་གང་ལས་བྱུང་བ་བརྒྱུད་པའི་ལོ་རྒྱུས་ཀྱི་སྐོར། ཀ༽ པ་ལ། མངའ་བདག་ཉང་གི་གཏེར་བྱོན་གུ་རུའི་རྣམ་ཐར་ཟངས་གླིང་མ་དང༌། དེའི་དོན་བསྡུས། གསོལ་འདེབས་ཉང་རལ་ཉིད་ཀྱི་གསུང་བཀའ་ཐང་དོན་བསྡུས། སྨིན་གླིང་ལོ་ཆེན་རིན་པོ་ཆེ་དྷརྨ་ཤྲཱི་དང༌། མཁྱེན་ཀོང་ལྷན་རྒྱས་ཀྱི་གསུང་བཅས་ཀཿཐོག་སི་ཏུ་པཎྜི་ཏ་ཨོ་རྒྱན་ཆོས་ཀྱི་རྒྱ་མཚོས་མཁྱེན་ཀོང་གཉིས་ཀ་ལས་ལྗགས་ལུང་གསན། དེ་ལས་རྗེ་བླ་མ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་གསན་གསུངས། གཏེར་བརྒྱའི་རྣམ་ཐར་འདི་མཁྱེན་བརྩེ་རིན་པོ་ཆེར་གཏེར་ཆེན་སངས་རྒྱས་གླིང་པས་བྱིན་གྱིས་བརླབས་པའི་དག་སྣང་སྐབས་གཏེར་སྟོན་སྟོང་ཕྲག་ལྷག་ཕྱེད་དང་སྔར་བྱོན་ཟིན་དང་ཕྱིས་འབྱུང་འགྱུར་གྱི་རྣམ་ཐར་དང༌། གཏེར་ཆེན་ཐུགས་ལ་གསལ་བའི་ཡེ་ཤེས་གཟིགས་པའི་ཞལ་ལུང་ཡིན་པས་ཤིན་ཏུ་ཚད་མར་གྱུར་ཅེས་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་ཐུགས་སྲས་མཁས་དབང་བླ་མ་བཀྲ་འཕེལ་གྱིས་གསུངས་ཞེས་རྗེ་བླ་མ་དྷརྨ་མ་ཏིས་གསུངས། དཔལ་སྤུངས་སྤར་མར་གུ་རུ་རིན་པོ་ཆེ་དང༌། བཻ་རོའི་རྣམ་ཐར་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་གཏེར་བྱོན་བཞུགས་པའི་ལུང་རྒྱུན་ནི། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ། མཁས་དབང་བླ་མ་བཀྲ་འཕེལ་ལས་རྗེ་བླ་མ་དྷརྨ་མ་ཏིས་གསན་གསུངས། མཚུར་སྤར་དུ་འཇམ་མགོན་རྣམ་ཐར་གསོལ་འདེབས་དང༌། བདག་བསྟོད་བཅས་འཇམ་མགོན་བླ་མའི་རྒྱ་ཆེན་བཀའ་མཛོད་ཀྱི་ལུང་བརྒྱུད་ལྟར་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ། ཟུར་མང་དྲུང་ཆོས་ཀྱི་ཉིན་བྱེད། བླ་མ་ཀརྨ་ལྷུན་གྲུབ་ལས་བདག་གིས་ནོས་པའོ། །ཡང་ན་རྣམ་ཐར་གསོལ་འདེབས་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ། མཁན་ཆེན་བླ་མ་བཀྲ་ཤིས་འོད་ཟེར། ཞེ་ཆེན་རྒྱལ་ཚབ་རྡོ་རྗེ་འཆང་འགྱུར་མེད་པདྨ་རྣམ་རྒྱལ་ལས་བཀའ་དྲིན་དུ་ཐོབ་པའོ། ཁ༽ པ་ལ་ལོ་རྒྱུས་དེ་ལྡན་གྱི་ཟབ་ཆོས་ཇི་ལྟར་བཞུགས་པའི་ཀར་ཆག་དང་བརྒྱུད་ཡིག །ལག་ལེན་བཅས་གཤམ་ལ་བརྒྱུད་པ་དམིགས་བསལ་མེད། ག༽ པ་ལ། བརྒྱུད་པ་དེ་ལས་བྱུང་བའི་གདམས་སྐོར་དངོས་ལ། བསྐྱེད་པ་མ་ཧཱ་ཡོ་ག །ལུང་ཨ་ནུ་ཡོ་ག །རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་སྐོར་གསུམ་ལས། དང་པོ་བསྐྱེད་པ་མ་ཧཱ་ཡོ་ག་ལའང་རྒྱུད་སྡེ་དང༌། སྒྲུབ་སྡེ་གཉིས། དང་པོ་རྒྱ་ཆེ་བ་རྩ་བར་གྱུར་པ་རྒྱུད་སྡེ་སྟེ། སྤྱིར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྩ་བ་གྱུར་པ་རྒྱུད་སྡེ་ལྔ། སྒྲུབ་པ་ལག་ལེན་དུ་སྟོན་པ་རོལ་པའི་རྒྱུད་སྡེ་ལྔ། སྤྱོད་པ་ལག་ལེན་དུ་འགྲོ་བའི་རྒྱུད་སྡེ་ལྔ། མ་ཚང་བ་ཁ་སྐོང་བའི་རྒྱུད་སྡེ་གཉིས། དེ་ཐམས་ཅད་ཀྱི་ཁྱབ་བྱེད་གཞི་མ་རྩ་བར་གྱུར་པའི་སྤྱི་རྒྱུད་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་དཔལ་གསང་བའི་སྙིང་པོ་སྟེ་ཏནྟྲ་སྡེ་བཅོ་བརྒྱད་དུ་གྲགས་པ་དངོས་སྔ་འགྱུར་བཀའ་མ་ཡིན་ཀྱང་སྒྲུབ་སྡེ་གཏེར་མའི་ཕྱོགས་ལ་བརྒྱུད་པའི་ཁྱད་པར་བཀའ་མ་རྒྱལ་པོ་ཛཿལས་བརྒྱུད་པའི་རྡོ་རྗེ་སེམས་དཔའི་བྱིན་རླབས་དང་ཆུ་བོ་གཅིག་ཏུ་འདྲེས་ཤིང༌། བསྐྱེད་རྫོགས་གཏེར་མཛོད་དབང་གི་ཐོག་མར་ཆོས་དབང་བླ་མ་གསང་འདུས་ཀྱི་ཟླུམ་པོ་བཞི་དབང༌། གཏོར་མའི་བརྡ་དབང་བཅས་བྱིན་རླབས་ཀྱི་སྒོ་དབྱེ་བའི་ཕྱིར་གསུང་དགོས་པའི་བརྒྱུད་པ་འདོད་བུམ་ལྟར་འོག་ནས་འབྱུང་ངོ༌། །མཆན། ཀྱི་ཟབ་གནད་རྣམས་གསང་བ་སྒྱུ་འཕྲུལ་གྱི་མན་ངག་ཁོ་ནར་སྣང་བས་དོན་གྱིས་བཀའ་གཏེར་ཟུང་འཇུག་ཏུ་འགྱུར་བའི་ཕྱིར་རྒྱུད་སྡེའི་ས་ཁོངས་འཛིན་པ་དང༌། དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བྱེད་དུ་གྱུར་ཅིང་ཐོག་མར་དགེ་བ་དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པ་ཞེས་ཆོས་ཀྱི་རྒྱལ་པོ་ཨོ་རྒྱན་གཏེར་བདག་གླིང་པའི་ཟབ་གཏེར་ཆེ་བ་བརྒྱད་ལྡན་གྱི་སྨིན་བྱེད་ཀྱི་དབང༌། རྒྱལ་ཚབ་སྐུ་ཕྲེང་དང་པོ་པདྨ་གསང་སྔགས་བསྟན་འཛིན་གྱི་མཚམས་སྦྱོར་སྟེང་ནས་ལན་གཅིག་དང༌། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་དབང་ཆོག་ཕྲིན་ལས་རབ་རྒྱས་སྟེང་ནས་ལན་གཅིག་བཅས་སྔ་ཕྱིར་གཉིས་དང༌། རྡོར་སེམས་རྩ་ཁྲིད། ཁྱད་པར་སྣང་བཞིའི་ཁྲིད། རྨི་ལམ། གཅོད། འཕོ་ཁྲིད་དང༌། གཏེར་གཞུང་ལེའུ་བཅུ་གཅིག་དང༌། འདོན་ཆ་དངོས་རྫོགས་ཀྱི་ལུང་བཅས་ཞེ་ཆེན་ཡང་དབེན་བདེ་མཆོག་བཀྲ་ཤིས་དགེ་འཕེལ་ནས་ཁྱབ་བདག་རྡོ་རྗེ་སེམས་དངོས་ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ་ལས་བཀའ་དྲིན་ཆེན་པོས་རྗེས་སུ་བསྩལ་ཞིང་རྩ་བའི་ཡི་དམ་དུ་ཉམས་སུ་བླང་བར་བྱོས་ཞེས་ཆེད་དུ་བཀའ་བསྩལ་བ་དང༌། ཡང་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་ལས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་གཟིམས་སྤྱིལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་ནས་རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་དབང་ལན་གསུམ། ཁྲིད་ལུང་བཅས་ལན་གཉིས་ཐོབ་པའི་བརྒྱུད་པ་ནི། མཁྱེན་ཀོང་གཉིས་ཀ་ལས། སི་ཏུ་ཆོས་ཀྱི་རྒྱ་མཚོ་དང༌། རྒྱལ་ཚབ་པདྨ་བི་ཛ། མཁན་ཐུབ་བསྟན་རྒྱལ་མཚན་འོད་ཟེར། དེ་གསུམ་ཀ་ལས་རྗེ་བླ་མ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱིས་གསན། དེས་བདག་མངྒ་ལ་ལའོ། །ཡང་ན་བློ་གྲོས་མཐའ་ཡས། ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ། ཡང་ན་སྨིན་གླིང་ཁྲིད་བརྒྱུད་བར་ཆད་པར་ཁྲི་ཆེན་ཡིད་བཞིན་དབང་རྒྱལ་ལས་འགྱུར་མེད་ཚེ་དབང་རྒྱ་མཚོ། དེས་ཆོས་ཀྱི་བློ་གྲོས། ཡང་ན་མཁྱེན་བརྩེའི་དབང་པོ་ལས་མཆོག་གླིང་གི་ཡང་སྲིད་པདྨ་འགྱུར་མེད་ཐེག་མཆོག་བསྟན་འཕེལ་གྱི་རྡོར་སེམས་སྨིན་བྱེད་ལན་དྲུག་ཏུ་གསན། དེས་རྗེ་ཆོས་ཀྱི་བློ་གྲོས་ལའོ། །ཁྲིད་བརྒྱུད། དྷརྨ་ས་ར། པདྨ་བི་ཛ། ཡབ་རྗེ། མཁན་རྒྱལ་མཚན་འོད་ཟེར་བཅས་བཞི་ཀ་ལས་གསན་ཞིང༌། བརྒྱུད་པ་གོང་གསལ་དབང་གི་སྐབས་རྣམས་དང་འདྲ། ལུང་བརྒྱུད་ཀྱང་ཕལ་ཆེར་དེ་དང་འདྲ་ཞིང༌། ཡབ་རྗེས་སྨིན་གླིང་དགེ་སློང་སྦྱིན་པ་ལགས་དང༌། མཁོ་ཆེན་དགོན་དམ་པ་བླ་མ་འགྱུར་མེད་ཆོས་གྲགས་ལས་གསན། གཞན་ཡང་རྒྱལ་ཚབ་རིན་པོ་ཆེས་མཁྱེན་བརྩེ། ཀོང་སྤྲུལ་གཉིས་ཀ་དང་རབ་འབྱམས་ལྔ་པ་ལས་གསན་པ་དང༌། ཡབ་རྗེ་དམ་པས་བླ་མ་བློ་གྲོས་ཐོགས་མེད་ལས་གསན་པ་སོགས་བརྒྱུད་ཚུལ་མང་དུ་བཞུགས་ཀྱང་བྲིར་མ་ལང༌། ཡང་ཞེ་ཆེན་ཀོང་སྤྲུལ་རིན་པོ་ཆེ་པདྨ་དྲི་མེད་ལས་དབང་ལན་གཅིག་ནོས་པ་བརྒྱུད་པ་ཞེ་ཆེན་རབ་འབྱམས་ལྔ་པ་དང༌། རྒྱལ་ཚབ་རིན་པོ་ཆེ་གཉིས་ལས་འདྲེན། ཡང་ས་ལ་སྤྱོད་པའི་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་བླ་བྲང་ཆོས་འཁོར་ལྷུན་པོར་གཏེར་ཆེན་འགྱུར་མེད་རྡོ་རྗེའི་སྐུ་གདུང་མདུན་ལས་སྨིན་གླིང་ཁྲི་ཚབ་གཅུང་རིན་པོ་ཆེ་ངག་དབང་ཆོས་ཀྱི་གྲགས་པ་ལས་གཏེར་གཞུང་ལྟར་དབང་བཞི་བཀའ་དྲིན་ཐོབ་པའི་བརྒྱུད་པ་ནི། ཞེ་ཆེན་རབ་འབྱམས་རིན་པོ་ཆེ་འགྱུར་མེད་ཀུན་བཟང་བསྟན་པའི་ཉི་མ་ལས་གསན་པ་དང༌། གཞན་བརྒྱུད་རིམ་མང་དུ་ཡོད་ཀྱང་གསན་ཡིག་མ་བྱུང་པས་མ་གསལ། ༈ གྲོལ་ཏིག་གཏེར་གཞུང་ལ་མཁྱེན་བརྩེ་རིན་པོ་ཆེས་གསར་བསྒྲིགས་ཞི་ཁྲོ་འོད་གསལ་སྙིང་པོ་འདི་བྱིན་རླབས་ཤིན་ཏུ་ཆེ་བར་ཡང་ཡང་གསུངས། ཉེ་བརྒྱུད་གྲོལ་ཏིག་སྤྱི་ལྟར་རོ། ༈ བཀའ་མ་དོང་སྤྲུགས་རིགས་བསྡུས་དང་ཆ་མཚུངས་པ། ཀར་གླིང་ཞི་ཁྲོའི་དབང་འབྲིང་བསྡུས། བར་དོའི་ཁྲིད་ཡིག་ཆགས་མེད་གསུང་ལྡེབ། ༢༡ བཅས་གུ་ཎ་ལས་དྷརྨ་ས་ར་དང༌། པདྨ་བི་ཛ་གཉིས། གཉིས་ཀས་རྗེ་བླ་མ་དྷརྨ་མ་ཏི། དེས་བཀའ་དྲིན་ལས་སོ། ༈ སྨིན་ལོའི་ཞི་ཁྲོའི་དབང་བདག་འཇུག་ལ་མཆོག་དབང་གསུམ་རྡོར་སེམས་ནས་ཁ་བསྐང་བའི་རྒྱུན། མཁྱེན་བརྩེ། གུ་ཎ། གཉིས་ཀས་པདྨ་བི་ཛ་དེ་ལས་མཉྫུ་གྷོ་ཥ་དྷརྨ་མ་ཏིས་གསན་པ་ལས་བཀའ་དྲིན་ནོས། ཡང་ན་མཁྱེན་བརྩེ། མཁོ་ཆེན་དགོན་སྤྲུལ་འགྱུར་མེད་གྲགས་པ། ཨོ་རྒྱན་ཆོས་གྲགས། འགྱུར་མེད་ཚེ་དབང་རྒྱ་མཚོ། དྷརྨ་མ་ཏི། དེ་ལས་སོ། ༈ བདེ་ཆེན་གླིང་པའི་བཀའ་འདུས་ཞི་ཁྲོའི་སྨིན་བྱེད་གཙོས་བདེ་གླིང་ཆོས་སྐོར་ལ་ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ་གཏེར་ཆེན་བདེ་གླིང་ནས་གསེར་པ་གཏེར་རྒན་ལས་བརྒྱུད་པ་ཞིག་ཡབ་རྗེ་ལ་བཞུགས་གསུངས་ཀྱང་བརྒྱུད་རིམ་ཞིབ་པར་མ་དྲན། ༈ འོད་གསལ་སྤྲུལ་པའི་རྡོ་རྗེའི་དགོངས་གཏེར་གྱི་གཙོ་བོ་གྲུབ་ཐོབ་ཐུགས་ཏིག་གི་ཆོས་སྐོར་ལས། སྒྲུབ་ཐབས་སྙིང་པོ་སྐོར་ལྔ་ཞེས་བླ་མ་ཞི་དྲག །འགྲོ་འདུལ་འཕགས་པ། རྟ་མཆོག་རོལ་པ། ཕག་མོ་རྣམས་སྒྱུ་འཕྲུལ་གསང་བ་སྙིང་པོའི་མན་ངག་གི་ལམ་རིམ་ཟབ་མོ་ལྟ་བའི་ཕྲེང་བ་བཀའ་མ་སློབ་དཔོན་ཆེན་པོའི་རྡོ་རྗེའི་གསུང་གི་དགོངས་དོན་གཞི་ཤེས་པའི་མཚན་ཉིད་ལྟ་བ་ལམ་བྱེད་ཀྱིས་གཏན་ལ་ཕབ། རྐྱེན་འཇུག་པའི་མཚན་ཉིད་སྒོམ་པ་རྣམ་ཤེས་ལམ་བྱེད་བསྐྱེད་རིམ། ཡེ་ཤེས་ལམ་བྱེད་རྫོགས་རིམ་གྱིས་ཉམས་སུ་ལེན། སྤྱོད་ཡུལ་ལམ་བྱེད་དབང་དང་དམ་ཚིག་གིས་གཞི་བཟུང་ཞིང་ཕྲིན་ལས་ཀྱིས་ཁ་བསྐངས་བ་སྒྲུབ་ཐབས་ལྔ། ཕྲིན་ལས། དབང་བཅས་བཀྲ་ཤིས་རྟགས་ཀྱི་གྲངས་ལྡན་དབང་ལུང་ཁྲིད་གསུམ་ཆིག་རྫོགས་སུ་བསྩལ་བའི་སྐལ་པ་བཟང་པོར་གྱུར་པའི་བརྒྱུད་པ་ནི་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཉི་ཟླ་ཟུང་གཅིག་ལས། ལུང་ཟིན་ཆོས་ཀྱི་བདག་པོ་ཀཿཐོག་སི་ཏུ་ཀུན་གཟིགས་ཆོས་ཀྱི་རྒྱ་མཚོ། ཡབ་རྗེ་རིག་པ་འཛིན་མཆོག་འགྱུར་མེད་ཚེ་དབང་རྒྱ་མཚོ། དེ་གཉིས་ཀ་ལས་འཁོར་ལོའི་མགོན་པོ་ཀུན་གཟིགས་འཇམ་དབྱངས་བླ་མ་ཆོས་ཀྱི་བློ་གྲོས་མཆོག་གིས་བཀའ་དྲིན་གྱིས་ཁྱབ་པའོ། །ཡང་ན་འཇམ་མགོན་བློ་གྲོས་མཐའ་ཡས་ལས། ཡབ་རྗེ་རྡོ་རྗེ་འཆང་འགྱུར་མེད་ཚེ་དབང་རྒྱ་མཚོས་གསན་གསུངས། མདོར་ན་ཀུན་གཟིགས་འོད་གསལ་སྤྲུལ་པའི་རྡོ་རྗེ། འཇམ་མགོན་གུ་ཎ། སི་ཏུ་པཎ་ཆེན། རྗེ་བླ་མ་ཐམས་ཅད་མཁྱེན་པ་པདྨ་ཡེ་ཤེས་རྡོ་རྗེ་བཅས་གྲུབ་ཐོབ་ཆེན་པོའི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་བ་ཤ་སྟག་ཡིན་ནོ། ༈ ༼ང༽ མ་ཧཱ་ཡོ་ག་ལ་ཏནྟྲ་སྡེ་བཅོ་བརྒྱད་ཀྱི་ནང་ཚན། སྐུ་རྒྱུད་སངས་རྒྱས་མཉམ་སྦྱོར་གྱི་དཀྱིལ་འཁོར་མ་ཧཱའི་ཨ་ནུ་ལྟར་ཉམས་སུ་ལེན་པའི་བཀའ་མ་ལས་སློབ་དཔོན་ཀུ་ཀུ་རཱ་ཛས་རིགས་སོ་སོ་དྲུག །རིགས་བསྡུས་དང་གཙོ་བསྡུས་རེ་རེ་བཅས་དཀྱིལ་འཁོར་བརྒྱད་དངོས་སུ་གསུངས་པའི་རིགས་བསྡུས་ཀྱི་སྨིན་གྲོལ་ལས་ཚོགས་དང་བཅས་པ་ཟབ་གཏེར་ལས་བྱོན་པ་ཤིན་ཏུ་དཀོན་པའི་བརྒྱུད་པ་ནི། འཇམ་མགོན་མཁྱེན་ཀོང་གཉིས་ཀ་ལས་རྒྱལ་ཚབ་རིན་པོ་ཆེ་འགྱུར་མེད་པདྨ་རྣམ་རྒྱལ། དེས་ཆོས་ཀྱི་བློ་གྲོས། ཡང་ན། རྗེ་གུ་ཎ་ལས་འགྱུར་མེད་ཚེ་དབང་རྒྱ་མཚོ་དེ་ལས་རྗེ་བླ་མ་འཇམ་པའི་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེའི་ཞལ་སྔ་ནས་གསན་ཏེ་བདག་ལ་བསྩལ་བའོ། ༈ གཉིས་པ་ཟབ་པ་སྒྲུབ་སྡེ་ལ། རྩ་བ་སྒྲུབ་པའི་ཐབས་དང༌། ཡན་ལག་ལས་ཀྱི་ཆོ་ག་གཙོ་བོར་གྱུར་པའི་སྐོར་རོ། །དང་པོ་ལའང༌། བྱིན་རླབས་དང༌། དངོས་གྲུབ་དང༌། ཕྲིན་ལས་ཀྱི་གཏེར་ཆེན་རྩ་བ་གསུམ་དུ་བཞག་པ་སྟེ། དེ་ལའང་གཉིས། རྩ་གསུམ་སྤྱིར་སྒྲུབ་པ་དང༌། བྱེ་བྲག་སོ་སོར་སྒྲུབ་པའི་སྐོར་རོ། །དང་པོ་ལ་གཏེར་སྟོན་ཀུན་གྱི་ཐོག་མ་སངས་རྒྱས་བླ་མའི་ཟབ་གཏེར་མངའ་རིས་གློ་བོ་དགེ་སྐར་ནས་སྤྱན་དྲངས་པའི་རྩ་གསུམ་དངོས་གྲུབ་བརྟན་གཟིགས་ཞེས་ཆོས་ཚན་ཉེར་གཅིག་ཙམ་མཁྱེན་བརྩེ་རིན་པོ་ཆེར་བཀའ་བབ་པའི་སྙིང་པོ་གཏོར་དབང་དང༌། ཚེ་དབང་བཅས་བཀའ་བབ་བདུན་ལྡན་པདྨ་འོད་གསལ་མདོ་སྔགས་གླིང་པ་དང༌། འཇམ་མགོན་རྡོ་རྗེ་འཆང་བློ་གྲོས་མཐའ་ཡས་རྣམ་པ་གཉིས་ཀ་ལས། ཀཿཐོག་སི་ཏུ་དྷརྨ་ས་ར། དེས་རྗེ་བླ་མ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ལའོ། །ཡང་ན་རྗེ་མཁྱེན་བརྩེ་རིན་པོ་ཆེ། མཁན་ཆེན་ཐུབ་བསྟན་རྒྱལ་མཚན་འོད་ཟེར། ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ། ཁྱུང་སྤྲུལ་པདྨ་དབང་ཆེན་གསུམ་གྱིས་གསན། དེ་གསུམ་ཀ་ལས་རྗེ་བླ་མ་ཆོས་ཀྱི་བློ་གྲོས་ལའོ། །ཟབ་ཁྲིད་ཟིན་བྲིས། མི་ཕམ་རིན་པོ་ཆེས་མཛད་པ་ནི། མཁྱེན་བརྩེ། སི་ཏུ་དྷརྨ་ས་ར་ལས་རྗེ་བླ་མས་གསན། ཡང་ན། མཁྱེན་བརྩེ་རིན་པོ་ཆེ། གཏེར་སྟོན་དྲི་མེད་པདྨ་གླིང་པ། སངས་རྒྱས་མཉན་སྤྲུལ་དགུ་པ་ཀརྨ་བཤད་སྒྲུབ་བསྟན་པའི་ཉི་མ་ལས་དབང་ཁྲིད་གཉིས་ཀ་བདག་གིས་ནོས། ཡང་ན་མཁྱེན་བརྩེ་རྡོ་རྗེ་འཆང༌། རྫོང་གསར་མངའ་རིས་སྤྲུལ་སྐུ། གྲུབ་དབང་འཇམ་དབྱངས་གྲགས་པས་བདག་གིས་ནོས། ༈ ༼ཅ༽ མཁྱེན་བརྩེའི་ས་གཏེར་རྩ་གསུམ་སྤྱི་འདུས་སྙིང་ཐིག་མཁྱེན་བརྩེ་གུ་ཎ། གཉིས་ཀ་ལས་དྷརྨ་ས་ར་དང༌། མཁན་ཐུབ་བསྟན་རྒྱལ་མཚན་འོད་ཟེར། དེ་གཉིས་ཀས་རྗེ་བླ་མ་དྷརྨ་མ་ཏི་ལའོ། །ཡང་ན་མཁྱེན་བརྩེའི་དབང་པོ། ཆོས་ཀྱི་བདག་པོ་ཤཱཀྱ་ཤྲཱི་ཛྙཱ་ན། སྲས་མཁྱེན་བརྩེའི་ཐུགས་སྤྲུལ་འཕགས་མཆོག་རྡོ་རྗེ། དེས་དྷརྨ་མ་ཏི་ལའོ། །ཡང་ན། རྗེ་གུ་ཎ། རྫོགས་ཆེན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་དེ་ལས་དྷརྨ་མ་ཏི། ཡང་ན་མཁྱེན་བརྩེ། ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ། དེས་དྷརྨ་མ་ཏི་ལའོ། །ཁྲིད་ཡིག་རྩ་བའི་ས་བཅད་གཏེར་གཞུང་ལ་གསུང་བཤད་བཅས་བཀའ་དྲིན་བསྩལ་བའི་བརྒྱུད་པ། མཁྱེན་བརྩེ་རིན་པོ་ཆེ། སི་ཏུ་དྷརྨ་ས་ར། འཇམ་མགོན་དྷརྨ་མ་ཏི་ལའོ། ༈ ༼ཆ༽ གཉིས་པ་རྩ་གསུམ་བྱེ་བྲག་སོ་སོར་སྒྲུབ་པའི་སྐོར་ལ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་བཞི་ལས། དང་པོ་བྱིན་རླབས་རྩ་བ་བླ་མ་སྒྲུབ་པ་ལའང་ཕྱི་གསོལ་འདེབས། ནང་ཞི་སྒྲུབ། གསང་བ་དྲག་སྒྲུབ་གསུམ་གྱི་དང་པོ་ཕྱི་གསོལ་འདེབས་ཀྱི་ཚུལ་དུ་སྒྲུབ་པ་ལ་གུ་རུའི་གསོལ་འདེབས་ཀུན་གྱི་རྒྱལ་པོ་ཀུན་ལ་གྲགས་པ་བྱང་གཏེར་ལེའུ་བདུན་མའི་ལྗགས་ལུང་རྡོར་སྨིན་གྱི་བརྒྱུད་པའི་རྣམ་གྲངས་དུ་མ་རིགས་ཀུན་ཁྱབ་བདག་པད་འབྱུང་དངོས་སྣང་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་གསན་ཅིང༌། རྗེ་དེ་ཉིད་ཀྱི་ཞལ་སྔ་ནས་སྣང་གྲགས་རྟོགས་ཚོགས་རང་གྲོལ་ཆོས་ཉིད་དུ་ངོ་སྤྲད་ནས་བྱིན་རླབས་དོན་གྱི་བརྒྱུད་པ་ཡེ་ཤེས་འཕོ་བའི་དགོངས་གཏད་དང་བཅས་ཏེ་ཞེ་ཆེན་ཡང་ཁྲོད་བདེ་མཆོག་བཀྲ་ཤིས་དགེ་འཕེལ་ནས་བཀའ་དྲིན་རྒྱ་མཚོའི་སྙིང་པོར་བསྩལ། ཡང་པདྨའི་རྒྱལ་ཚབ་མདོ་སྔགས་གླིང་པ་དང༌། འཇམ་མགོན་ཆོས་རྗེ་འཆི་མེད་བསྟན་གཉིས་གླིང་པ་གཙོ་བོར་གྱུར་པའི་བྱིན་རླབས་ཁྱད་པར་བ་དང་ལྡན་པའི་ལུང་རྒྱུན་དུ་མ་ཞིག་འཇམ་མགོན་བླ་མའི་ཐུགས་སྲས་མཁས་དབང་བཀྲ་ཤིས་ཆོས་འཕེལ་གྱིས་གདན་ས་ལས་རྗེ་བླ་མ་འཇམ་མགོན་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་གསན་གསུངས་ནས་ལྗགས་ལུང་བསྩལ་སྐབས་གསོལ་འདེབས་འདི་ལ་བླ་མ་སྐུ་གསུམ་ཞི་དྲག །སྒྲུབ་པ་བཀའ་བརྒྱད། གུ་རུའི་རྣམ་ཐར་ཀུན་གྱི་དོན་ཚང་འཇུག་པ་བདེ་བས་གུ་རུའི་རྗེས་འཇུག་སྤྱི་དང་ཁྱད་པར་ཟབ་གཏེར་སྟོན་པ་ཁས་འཆེ་བ་ཀུན་ནས་འདི་ལ་རྒྱུན་གྱི་ཉམས་ལེན་གཅིག་ཆོག་བྱ་བ་གལ་ཆེ་ཞེས་མཁྱེན་བརྩེ་རིན་པོ་ཆེས་བཀའ་ཡང་ཡང་བསྩལ་ཞིང༌། ཡང་སྨིན་གླིང་གཅུང་རིན་པོ་ཆེ་ངག་དབང་ཆོས་ཀྱི་གྲགས་པ་ལས་སྣང་གྲགས་རྟོགས་ཚོགས་ཆོས་ཉིད་དུ་ངོ་སྤྲད་པའི་བཀའ་ཁྲིད་བྱིན་རླབས་ཀྱི་བརྒྱུད་པ་ཐོབ་པ་གཏེར་མཛོད་བརྒྱུད་རིམ་སྨིན་གླིང་རྡོར་སེམས་ལྟར་ལས་གཞན་མ་གསལ། སྨིན་གཏེར་བླ་མའི་རྣལ་འབྱོར་གྱི་ཁྲིད་ཟིན་པདྨ་འགྱུར་མེད་རྒྱ་མཚོའི་གསུང་ཁྲིད་ཀྱི་ཚུལ་དུ་མ་ཧཱ་གུ་རུའི་ཞལ་སྐྱིན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ། རྗེ་འཇམ་པའི་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་ལས་བཀའ་དྲིན་ཐོབ། ༈ འཇམ་མགོན་གཏེར་བྱོན་ལམ་ཟབ་ལེའུ་བདུན་ལྗགས་ལུང༌། འཇམ་མགོན་གུ་ཎ་ལས། དྷརྨ་ས་ར་དང༌། པདྨ་བི་ཛ་གཉིས་ཀྱིས་གསན། དེ་གཉིས་ཀ་ལས་རྗེ་ཆོས་ཀྱི་བློ་གྲོས་རིན་པོ་ཆེའི་ཞལ་འདོན་ཡུན་རིང་གནང་བཞིན་བཀའ་དྲིན་ཐོབ་པའོ། །ཡང་ན། གུ་ཎ་ལས། ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོའི་ལྗགས་ལུང་ལན་གསུམ་དུ་ནོས་པ་ལས། ཆོས་ཀྱི་བློ་གྲོས་ཞབས་ལའོ། །ཡང་ན་འཇམ་མགོན་དངོས་ལས། དྲུང་ཆོས་ཀྱི་ཉིན་བྱེད། བླ་མ་ཀརྨ་ལྷུན་གྲུབ་ལས་བཀའ་དྲིན་ཐོབ། ཡང་འཇམ་མགོན་མཆོག་སྤྲུལ་ཁམས་སུ་ཕེབས་སྐབས་ཡབ་རྗེ་རྒྱལ་བའི་དབང་པོ་མཁའ་ཁྱབ་རྡོ་རྗེའི་རང་རེ་ཕ་བུ་ལུས་རྟེན་འདིར་ངོས་ཕྲད་པར་མི་འདུག་ཀྱང་ཁོ་བོ་གུ་རུ་རིན་པོ་ཆེས་བྱིན་གྱིས་བརླབས་པའི་སྤྲུལ་པ་ཞིག་ཡིན་པས་ཕ་རྒན་ང་མ་བརྗེད་དང་ཕྱི་མར་ཟངས་མདོག་དཔལ་རིར་འཕྲད་ངེས་གསུངས་ཕྱག་གིས་བཟུང་སྟེ་ཡབ་སྲས་གཉིས་ཀ་སྤྱན་ཆབ་བསིལ་བས་དེ་ནས་བཟུང་ད་ལྟའི་བར་བླ་མ་ལ་གདུང་ཤུགས་ཀྱིས་ལམ་ཟབ་ལེའུ་བདུན་གྱིས་གསོལ་འདེབས་འདི་ཉིན་རེ་བཞིན་མ་ཆགས་པར་ཡོད་པས་ཕྲན་གྱི་ཉམས་ལེན་གྱི་སྙིང་པོ་འདི་ཡིན་ཞེས་བཀའ་བསྩལ་ཏེ་ལྗགས་ལུང་བསྩལ་བའི་བརྒྱུད་པ་ནི། འཇམ་མགོན་དངོས་ལས་ཀརྨ་པ་མཁའ་ཁྱབ་རྡོ་རྗེ། འཇམ་མགོན་ཡང་སྲིད་མཁྱེན་བརྩེའི་འོད་ཟེར། གཅེན་བཤད་སྒྲུབ་བསྟན་འཛིན་ལས་སོ། ༈ གཉིས་པ་ནང་བླ་མ་ཞི་བར་སྒྲུབ་པའི་སྐོར་ལ། ཆོས་ལོངས་སྤྲུལ་གསུམ་གྱི་དང་པོ་བླ་མ་ཆོས་སྐུའི་སྒྲུབ་པ་ལ། མཆོག་གི་གཏེར་ཆེན་གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏེར་ཁ་ཆེན་པོ་བཅོ་བརྒྱད་སྤྱན་དྲངས་པའི་གཙོ་བོ་ཐུགས་གཏེར་ཆེན་པོ་ལྔའི་ཡ་གྱལ། གཏེར་བྱོན་ཐུགས་སྒྲུབ་ཀུན་གྱི་ཕྱི་མོ། བླ་མ་ཆོས་སྐུ་རྡོ་རྗེ་འཆང་གསང་བ་འདུས་པའི་དབང་ཆེན་ཚང་བ་བློ་མཆོག་རིག་པའི་རྡོ་རྗེའི་དབང་བསྒྲིགས་སྟེང་ནས་མེ་བྱ་སྤྲེལ་ཟླའི་ཚེས་བཅུ་ལ་ལན་གཅིག་དང༌། འཇམ་མགོན་གསུང་གི་སྟེང་ལན་གཅིག །རྩ་དབང་ཟླུམ་པོ་བཞི་དབང་གཏོར་དབང་གནད་ཀྱི་ཤོག་གཅིག་མ་འདོད་བུམ་ལྟར་ལན་གཉིས་དང༌། མཁྱེན་བརྩེ་རིན་པོ་ཆེའི་ཡིག་ཆ་ལྟར་ཐོབ་པ་ནི་སྤྱིར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེའི་བླ་མ་གསང་འདུས་འདི་ཉིད་རྩ་བའི་ཐུགས་དམ་ཐུན་མོང་མ་ཡིན་པ་གནང་སྟེ་ཉམས་བཞེས་ཡང་ཡང་གནང་བས་ཉེ་བརྒྱུད་བྱིན་རླབས་ཀྱི་ཚན་ཁ་ཁྱད་འཕགས་སུ་བཞུགས་པའི་སྤྲེལ་ཟླའི་ཚེས་བཅུ་ལ་ཐུགས་སྒྲུབ་འདི་ཉིད་ཀྱི་ཚོགས་མཆོད་ལོ་ལྟར་མ་ཆགས་པར་གནང་བར་མཛད་ཅིང་དེ་སྐབས་གུ་རུ་རིན་པོ་ཆེའི་ཞལ་གཟིགས་རེ་ཡང་ངེས་པར་ཡོད་པའི་ཞལ་འཕྲོས་བཅས་བསྩལ་བའི་བརྒྱུད་པ་ནི། གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་དངོས་བྱོན་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་དང༌། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་པདྨ་གར་དབང་གཉིས་ཀ་ལས་ཐུགས་སྲས་ཀཿཐོག་སི་ཏུ་པཎ་ཆེན་ཨོ་རྒྱན་ཆོས་ཀྱི་རྒྱ་མཚོ་དང༌། ཞེ་ཆེན་རྒྱལ་ཚབ་རྡོ་རྗེ་འཆང་འགྱུར་མེད་པདྨ་རྣམ་རྒྱལ་གཉིས་ཀྱིས་གསན། དེ་གཉིས་ཀ་ལས་འཇམ་པའི་རྡོ་རྗེ་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་གསན་ནས་བཀའ་དྲིན་ཆེན་པོས་རྗེས་སུ་བཟུང་བའོ། །ཡང་མཁྱེན་བརྩེའི་གསུང་ལྟར་གཏོར་དབང་གནད་ཀྱི་ཤོག་གཅིག་མ་རྗེ་མཁྱེན་བརྩེ་རིན་པོ་ཆེ་ལས། གླིང་རྒྱལ་སྔགས་རིག་འཛིན་པ་པདྨ་བཞད་པས་གསན། དེ་ལས་རྗེ་བླ་མ་ཆོས་ཀྱི་བློ་གྲོས་ལས་བཀའ་དྲིན་ཐོབ་པའོ། །ཡང་ན་བླ་མ་གསང་འདུས་ཟླུམ་པོ་བཞི་དབང་དང༌། གཏོར་དབང་བཅས་ཞེ་ཆེན་དབོན་སྤྲུལ་མ་ཧཱ་པཎྜི་ཏ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་གྱི་ཡིག་ཆ་ལྟར་ཞེ་ཆེན་རབ་འབྱམས་ལྔ་པ་འགྱུར་མེད་ཀུན་བཟང་བསྟན་པའི་ཉི་མ་དང༌། སྨིན་གླིང་གཅུང་རིན་པོ་ཆེ་ངག་དབང་ཆོས་ཀྱི་གྲགས་པ་ལས་མེ་སྤྲེལ་སྤྲེལ་ཟླའི་ཚེས་བཅུ་ལ་བཀའ་དྲིན་ཐོབ་པའི་བརྒྱུད་པ་ནི། རྒྱལ་ཚབ་རིན་པོ་ཆེ་འགྱུར་མེད་པདྨ་རྣམ་རྒྱལ་ལས། རབ་འབྱམས་ཀུན་བཟང་བསྟན་པའི་ཉི་མས་གསན། རབ་འབྱམས་རིན་པོ་ཆེ་ལས་གཅུང་རིན་པོ་ཆེས་གསན་པའོ། ༈ རྒྱ་ལོ་ཙཱ་རྡོ་རྗེ་བཟང་པོའི་བླ་མ་བསྟན་གཉིས་སྐོར་གསུམ་ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེར་ཡང་གཏེར་དུ་བཀའ་བབ་བརྙེས་པའི་དོན་དབང་དང༌། གཏེར་ཆེན་པདྨ་འོད་གསལ་མདོ་སྔགས་གླིང་པ་དང༌། འཇམ་མགོན་བློ་གྲོས་མཐའ་ཡས་རྗེ་བླ་མ་རྣམ་གཉིས་ལས་ཆོས་ཀྱི་བདག་པོ་སི་ཏུ་དྷརྨ་ས་ར་དང༌། ལས་ཅན་ཆོས་བདག་གཏེར་སྟོན་དྲི་མེད་པདྨ་གླིང་པས་བསྙེན་སྒྲུབ་ཉམས་བཞེས་ཡང་ཡང་གནང༌། དེ་གཉིས་ཀའི་མདུན་ནས་འཇམ་པའི་རྡོ་རྗེ་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་གསན་ཅིང༌། གཏེར་སྟོན་དྲི་མེད་ལས་གཏེར་གཞུང་ཡོངས་རྫོགས་ཁྲིད་ཀྱི་ཚུལ་དུ་གསན་གསུངས། ༈ དྲི་མེད་ཀུན་དགའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ཡང་གཏེར་བླ་སྒྲུབ་ཀྱི་དབང་ཁྲིད་འཇམ་མགོན་ཆོས་ཀྱི་རྒྱལ་པོ་གུ་ཎ་ས་མུ་དྲ་ལས། ཡབ་རྗེ་རིག་འཛིན་ཆེན་པོ་འགྱུར་མེད་ཚེ་དབང་རྒྱ་མཚོ། རྗེ་བླ་མ་འཁོར་ལོའི་མགོན་པོས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་རྗེ་མཁྱེན་བརྩེ་རྡོ་རྗེ་འཆང༌། གཏེར་སྟོན་དྲི་མེད་ཞབས། དེ་ལས་རྗེ་བླ་མ་མཉྫུ་གྷོ་ཥ་དྷརྨ་མ་ཏིས་གསན། ༈ གཉིས་པ་བླ་མ་ལོངས་སྐུའི་སྒྲུབ་པའི་གཙོ་བོ་ཆོས་རྒྱལ་རཏྣ་གླིང་པའི་གཏེར་བྱོན་ཚེ་སྒྲུབ་གསང་བ་འདུས་པ་འཇམ་མགོན་ཆོས་རྗེའི་ཞལ་སློབ་བན་ཆེན་སྤྲུལ་སྐུ་ཀརྨ་བསྟན་འཛིན་ཆོས་རྒྱལ་གྱིས་སྒྲུབ་ཞག་བདུན་གནང་སྟེ་ཁོ་བོ་མ་ལས་བཙས་ནས་དབང་བསྐུར་ཐམས་ཅད་ཀྱི་ཐོག་མར་དོན་དབང་འཇམ་མགོན་གསུང་ལྟར་ཐོབ་པའི་རྟེན་འབྲེལ་ལེགས་ཕྱོགས་སུ་འཕེལ་པའི་བརྒྱུད་པ་ཀོང་སྤྲུལ་རིན་པོ་ཆེ། སྒ་སྤྲུལ་བསྟན་འཛིན་ཆོས་རྒྱལ་ལའོ། །ཡང་ན་ཚེ་སྒྲུབ་གསང་བ་འདུས་པའི་དབང་ཆེན། དོན་དབང་དང་བཅས་པ་རྒྱལ་ཚབ་རྡོ་རྗེ་འཆང་འགྱུར་མེད་པདྨ་རྣམ་རྒྱལ་ལས་བདག་གིས་བཀའ་དྲིན་ཐོབ་པའི་དབང་བརྒྱུད་འཇམ་མགོན་པདྨ་གར་དབང༌། རབ་འབྱམས་བདེ་ཆེན་རྒྱལ་པོ་ལས། མི་ཕམ་ཕྱོགས་ལས་རྣམ་རྒྱལ་གྱིས་གསན་ནས་བསྙེན་སྒྲུབ་ཟླ་བ་དྲུག་གི་བར་དུ་མཛད་དེ་དངོས་གྲུབ་ལེན་པའི་སྐབས་རབ་འབྱམས་རིན་པོ་ཆེ་དང་ལྷན་དུ་བདག་འཇུག་གི་ཚུལ་དུ་དབང་བཞེས་པའི་དོན་བརྒྱུད་རྒྱལ་ཚབ་མཆོག་ལ་བཞུགས་པ་དང༌། འཇམ་མགོན་མི་ཕམ་རིན་པོ་ཆེའི་ཉེ་གནས་བླ་མ་རིན་པོ་ཆེ་འོད་གསལ་འཇའ་ལུས་རྡོ་རྗེ་ལས་ལན་དུ་མར་བཀའ་དྲིན་ཐོབ་པའོ། །ཡང་ན་འཇམ་མགོན་གུ་ཎ་ལས། དཔལ་ཡུལ་ཨོ་རྒྱན་མདོ་སྔགས་ཆོས་ཀྱི་ཉི་མ། ར་མགོ་མཆོག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོ། འཇམ་མགོན་ཆོས་ཀྱི་བློ་གྲོས་ལའོ། །ཡང་ན་རྗེ་གུ་ཎ། ལྷ་འདིའི་བསྙེན་བཟླས་དུང་ཕྱུར་རྫོང་ཤོད་བདེ་གཤེགས་འདུས་པའི་གནས་མཆོག་ནས་གསུངས་པའི་ཁྱུང་པོ་བླ་མ་རིན་ཆེན་ལས་རྗེ་བླ་མ་དྷརྨ་མ་ཏིས་གསན། ཁྱུང་པོ་བླ་མ་རིན་ཆེན་ལས་ཚེ་གསང་དོན་དབང་ཞིག་བདག་ལ་བཀའ་དྲིན་ཐོབ། ཡང་ན་དོན་དབང་གཏོར་དབང་དང་འབྲེལ་བར་རྗེ་གུ་ཎ། སི་ཏུ་དྷརྨ་ས་ར་དང༌། པདྨ་བི་ཛ་ཡ། གཉིས་ཀས་ཆོས་ཀྱི་བློ་གྲོས། ཡང་ན་གུ་ཎ། རྫོགས་ཆེན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། གཏེར་ཆེན་ལས་རབ་གླིང་པའམ་བསོད་ནམས་རྒྱལ་མཚན་ལས་རྗེ་བླ་མས་གསན། ཡང་ན་རྗེ་གུ་ཎ། རྒྱལ་བ་ཀརྨ་པ་མཁའ་ཁྱབ་རྡོ་རྗེ། སངས་རྒྱས་མཉན་སྤྲུལ་དགུ་པ་ཀརྨ་བཤད་སྒྲུབ་བསྟན་པའི་ཉི་མ་ལས་བདག་གིས་ཐོབ་པའོ། ༈ གསུམ་པ་བླ་མ་སྤྲུལ་སྐུའི་སྐོར་ལ། དངོས་དང༌། ཞར་བྱུང་གཉིས་ལས། དང་པོ་ལ། ཉང་གཏེར་ཕྲིན་སྒྲུབ་རིན་ཆེན་སྒྲོན་མེ་ལས་བྱང་གཞུང་ཀུན་མཁྱེན་གསུང་ལྟར་དབང་གི་བརྒྱུད་པ་ནི་འཇམ་མགོན་མཁྱེན་ཀོང་གཉིས་ཀ་ལས། ཀུན་གཟིགས་ཆོས་ཀྱི་རྒྱ་མཚོ། དེས་འཇམ་པའི་དབྱངས་དྷརྨ་མ་ཏི་ལའོ། །ཡང་ན་རྗེ་གུ་ཎ་ས་མུ་དྲ་རིན་པོ་ཆེ། མཁན་ཐུབ་བསྟན་རྒྱལ་མཚན་འོད་ཟེར་ལས་ཀྱང་གསན། ཕྲིན་སྒྲུབ་འདི་མཁྱེན་བརྩེ་རིན་པོ་ཆེར་ཉེ་བརྒྱུད་དམིགས་བསལ་དུ་བཞུགས་ཤིང༌། དགུང་གསར་གྱི་ཐོ་རངས་ཕྲིན་སྒྲུབ་འདིའི་ཚོགས་མཆོད་རྒྱས་པ་རེ་མཛད་སྲོལ་ཡོད་པ་མངའ་བདག་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་མཆོད་ཀྱང་ཡིན་གསུངས། ༈ རྒྱལ་སྟོན་པདྨ་དབང་ཕྱུག་གི་བླ་མ་བདེ་མཆོག་འཁོར་ལོ་ཀུན་མཁྱེན་བླ་མ་པདྨ་མདོ་སྔགས་གླིང་པ་ལ་ཡང་གཏེར་དུ་བཀའ་བབ་བརྙེས་པ་ནི། མཁྱེན་ཀོང་རྣམ་པ་གཉིས་ཀ་ལས། ཡབ་རྗེ་རིག་འཛིན་ཆེན་པོ་འགྱུར་མེད་ཚེ་དབང་རྒྱ་མཚོ་དང༌། མཁན་རྒྱལ་མཚན་འོད་ཟེར་གཉིས་ཀས་གསན། དེ་ལས་རྗེ་བླ་མ། ཡང་ན་མཁྱེན་བརྩེའི་དབང་པོ། ཆོས་བདག་གྲུབ་དབང་ཧེ་རུ་ཀ་དངོས་ཤཱཀྱ་ཤྲཱི་ཛྙཱ་ན། ཐུགས་སྲས་འཕགས་མཆོག་རྡོ་རྗེ་ལས་རྗེ་བླ་མ་རིན་པོ་ཆེ་པདྨ་ཡེ་ཤེས་རྡོ་རྗེས་གསན་པ་དང༌། ཀུན་གཟིགས་སི་ཏུ་པཎ་ཆེན་ལས་འདི་ལ་གསར་མའི་དྲིལ་བུ་རིམ་ལྔའི་བྱིན་རླབས་ཀྱི་རྒྱུན་དང་གྲུབ་ཆེན་དྲིལ་བུ་པའི་ཉེ་བརྒྱུད་ཀྱང་བཞུགས་པས་ཤིན་ཏུ་ཐུགས་རྩིས་ཆེ་བར་གནང༌། ཟབ་ཁྲིད་ཞིབ་རྒྱས་སུ་གསན་པར་གསུངས། ༈ ༼ཇ༽ བླ་མ་དགོངས་འདུས་དོན་དབང་བདུད་རྩིའི་ཐིག་པ་ལམ་འདིར་ཐུགས་དམ་ཉམས་བཞེས་ཟབ་རྒྱས་སུ་གནང་བའི་འཇམ་མགོན་ཆོས་ཀྱི་རྒྱལ་པོ་པདྨ་གར་དབང༌། སི་ཏུ་དྷརྨ་ས་ར་ལས། རྗེ་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་གསན། ཡང་ན་རྗེ་བླ་མ་གུ་ཎ་ས་ག་རས་རྒྱལ་དབང་ཀརྨ་པ་མཁའ་ཁྱབ་བདེ་བའི་རྡོ་རྗེ་ལ་སྒྲུབ་ཆེན་དང་འབྲེལ་བའི་བླ་མ་དགོངས་འདུས་སྨིན་གྲོལ་རྒྱས་པ་གསན། དེས་མཆོག་སྤྲུལ་རྒྱལ་སྲས་ཀུན་ཏུ་བཟང་པོ་ལས་སྒྲུབ་དབང་དུ་གསན་པའོ། །ཡང་ན་རྒྱལ་དབང་མཁའ་ཁྱབ་རྡོ་རྗེ་ལས། སྐུ་གསུང་ཐུགས་ཀྱི་སྲས་འཇམ་མགོན་མཆོག་སྤྲུལ་ཀརྨ་དཔལ་ལྡན་མཁྱེན་བརྩེའི་འོད་ཟེར། རྒྱལ་དབང་ཀརྨ་པ་རང་བྱུང་ཁྱབ་བདག་རིག་པའི་རྡོ་རྗེ་ལས་བདག་ལ་བཀའ་དྲིན་ཐོབ་པའོ། ༈ ཐུགས་སྒྲུབ་ཡོན་ཏན་གཏེར་མཛོད་འཇམ་མགོན་མཁྱེན་ཀོང་གཉིས་ཀ་ལས། ཀུན་གཟིགས་སི་ཏུ་དྷརྨ་ས་ར། འཇམ་དབྱངས་བླ་མ་དྷརྨ་མ་ཏིས་གསན་པའི་སྨིན་གྲོལ་དགྱེས་བཞིན་བསྩལ་ཏེ་འདི་ནི་བྱིན་རླབས་ཀྱི་ཚན་ཀ་གཞན་མཚུངས་མེད་པས་གུ་རུའི་རྗེས་འཇུག་ཀུན་གྱིས་ཉམས་ལེན་བྱ་དགོས་པར་བཀའ་བསྩལ་བར་མཛད་པའོ། ༈ ༼ཉ༽ གྲོལ་ཏིག་དགོངས་པ་རང་གྲོལ་གྱི་བླ་མ་རིག་འཛིན་ཀུན་འདུས་ཀྱི་ལམ་རྒྱས་འབྲིང་བསྡུས་པའི་དབང་ཐམས་ཅད་མཁྱེན་གཟིགས་མཉྫུ་གྷོ་ཥ། འཇམ་མགོན་གུ་ཎ་ས་ར། གཉིས་ཀ་ལས་སརྦ་ཛྙཱ་དྷརྨ་ས་རས་གསན་པ་ལས་ཀུན་མཁྱེན་བླ་མ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་གསན་པར་གསུངས། ཡང་གྲོལ་ཏིག་ལམ་རྒྱས་པ་བདེ་གཤེགས་ཀུན་འདུས་དབང་ཆོག་མཁྱེན་བརྩེའི་དགོངས་རྒྱན་ཀུན་མཁྱེན་འཇིགས་མེད་གླིང་པའི་གསུང་ལྟར་ཀུན་གཟིགས་མཉྫུ་གྷོ་ཥའི་ཞལ་ནས་གསན་པའི་བརྒྱུད་པའི་ཁྱད་པར། ཀུན་མཁྱེན་འཇིགས་གླིང་ལ་འཕྲེང་གཏེར་པྲཛྙཱ་རསྨིའི་ཡེ་ཤེས་ཀྱི་སྐུས་ཉེ་བརྒྱུད་བསྩལ། དེའི་དཔལ་རི་མཚོ་རྒྱལ་སྤྲུལ་སྐུ། འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ། གཏེར་ཆེན་ལས་རབ་གླིང་པ། འཇམ་པའི་རྡོ་རྗེ་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་གསན་ཏེ་ཆེད་དུ་བཀའ་དྲིན་བསྐྱངས་པའོ། །སྤྱིར་གྲོལ་ཏིག་གཏེར་གཞུང་པོད་གཅིག་གི་ལུང་རྗེ་མཁྱེན་བརྩེ་རྡོ་རྗེ་འཆང༌། གཏེར་ཆེན་ལས་རབ་གླིང་པ། འཇམ་མགོན་ཆོས་ཀྱི་བློ་གྲོས། ཞེ་ཆེན་ཀོང་སྤྲུལ་རིན་པོ་ཆེ་པདྨ་དྲི་མེད་བློ་གྲོས་ལས་བཀའ་དྲིན་ཐོབ་པ་གཏེར་མཛོད་དཀྱུས་སུ་མི་བཞུགས་ཀྱང་ཟབ་ཆོས་ཁྱད་འཕགས་དཔེ་དང་ལུང་རྒྱུན་དཀོན་པས་ཞར་བྱུང་དུ་བཀོད་པའོ། ༈ རིག་འཛིན་འཇའ་ཚོན་སྙིང་པོའི་ཟབ་གཏེར་གྱི་གཙོ་བོ་དཀོན་མཆོག་སྤྱི་འདུས་ཀྱི་དབང་རྗེ་འཇམ་མགོན་རྣམ་གཉིས་ལས། སི་ཏུ་དྷརྨ་ས་ར་དང༌། རྡོ་རྗེ་འཆང་པདྨ་བི་ཛ། གཉིས་ཀ་ལས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱིས་གསན་པར་གསུང་སྟེ་དབང་ལན་གཉིས་བཀའ་དྲིན་ཐོབ། ཡང་ན་རྗེ་མཁྱེན་བརྩེ་རྡོ་རྗེ་འཆང༌། ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ། དེས་རྗེ་བླ་མ་རིན་པོ་ཆེ་དྷརྨ་མ་ཏི་ལའོ། །ཡང་ན་འཇམ་མགོན་རིན་པོ་ཆེ་གུ་ཎ། མཁས་དབང་བླ་མ་བཀྲ་ཤིས་ཆོས་འཕེལ། རྗེ་དྷརྨ་མ་ཏི་སྟེ། སི་ཏུ་པཎྜི་ཏས་ཛཿསྤྲུལ་ཀུན་བཟང་རྣམ་རྒྱལ་དང༌། རྫོགས་ཆེན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། དཔལ་ཡུལ་རྒྱ་སྤྲུལ་མདོ་སྔགས་བསྟན་འཛིན་རྣམས་ལས་གསན། རྗེ་བླ་མ་རྡོ་རྗེ་འཆང་པདྨ་བི་ཛ་ལས་བདག་གིས་ཀྱང་བཀའ་དྲིན་ཐོབ། ཡང་མཁྱེན་བརྩེ་རིན་པོ་ཆེ། སྐུ་ཚེ་རིལ་པོར་དཀོན་སྤྱིའི་ཉམས་ལེན་རྟགས་ཐོན་དུ་གནང་བའི་བླ་མ་བློ་གྲོས་ཕུན་ཚོགས་ལས་ཀྱང་ཐོབ་པའོ། ༈ བདུད་འདུལ་པདྨ་འོད་འབར། བདུད་འདུལ་ནུས་ལྡན་རྡོ་རྗེ་ནས། རྒྱལ་སྲས་པདྨ་རྣམ་རྒྱལ། དེས་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་པའི་རང་སྲས་གསེར་པ་གཏེར་རྒན་བདུད་འདུལ་རོལ་པ་རྩལ་ལམ་ནུས་ལྡན་ནམ་མཁའི་རྒྱལ་པོ་ལ་བསྩལ་ཞིང་བདུད་འདུལ་ཉིད་ཀྱི་ཡེ་ཤེས་སྐུས་ཀྱང་རྗེས་སུ་བཟུང་ཞིང་སྐུ་ཚེ་ལ་མངའ་བརྙེས་ཏེ་དགུང་གྲངས་བརྒྱ་དང་བརྒྱད་ཅུ་ཙམ་བཞུགས། དེ་ལས་ཡབ་རྗེ་གསེར་པ་གཏེར་སྲས་འགྱུར་མེད་ཚེ་དབང་རྒྱ་མཚོ། དེས་རིག་འཛིན་གྲུབ་པའི་ཚོགས་རྗེ་འཇམ་མགོན་དྷརྨ་མ་ཏི་ལའོ། །ཡང་ན། དྲི་མེད་ཞིང་སྐྱོང་ནས། ཀཿཐོག་འཇམ་དབྱངས་སྤྲུལ་སྐུས་བདུད་ཀློང་གི་ཆོས་སྐོར་ཉམས་བཞེས་ཚུལ་བཞིན་གནང༌། ཀུན་གཟིགས་དྷརྨ་ས་ར། དེས་མཁན་ངག་དབང་དཔལ་བཟང༌། དེ་གཉིས་ཀ་ལ་རྗེ་དྷརྨ་མ་ཏིས་གསན་པ་ཏེ་བརྒྱུད་ཚུལ་གཉིས་ཀ་བདུད་འདུལ་སྐོར་ཐམས་ཅད་ལ་འདྲ། ༈ ༼ཏ༽ རྟོགས་པའི་དབང་ཕྱུག་ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱི་དག་སྣང་རིག་འཛིན་སྲོག་སྒྲུབ་ཀྱི་དབང་དང༌། སྨིན་ཁྲིད་སྐོར། རྗེ་མཁྱེན་ཀོང་ལྷན་རྒྱས་པ་ལས། ཐམས་ཅད་གཟིགས་པ་དྷརྨ་ས་ར། གདོད་མའི་མགོན་པོ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱིས་གསན་པ་དང༌། ཡང་ན་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས། རྩི་ཀེའི་གདན་འཛིན་མཆོག་གླིང་གཉིས་པ་དཀོན་མཆོག་འགྱུར་མེད་བསྟན་པའི་རྒྱལ་མཚན་གྱིས་དབང་ཁྲིད་རྩ་གཞུང་པོད་གཅིག་གི་ལྗགས་ལུང་བཅས་གསན་པའི་བཀའ་དྲིན་གྱིས་དབང་ཁྲིད་རྗེ་བླ་མ་རྡོ་རྗེ་འཆང་དྷརྨ་མ་ཏི་དང༌། རྩ་པོད་ལུང་རྗེ་དྷརྨ་མ་ཏི། མཆོད་དཔོན་བླ་མ་འཇམ་དཔལ་བློ་གྲོས་མཆོག་ལྡན་ལས་ཐོབ་པའི་སྐལ་བཟང་བྱུང་བའོ། ༈ གཏེར་ཆེན་རོལ་རྡོར་གཏེར་བྱོན་བླ་མ་རྒྱལ་བ་ཀུན་འདུས་ཀྱིས་གཏེར་ཁ་ཡོངས་རྫོགས་ཀྱི་དབང༌། ཁྲིད། ལུང་བཅས་འཇམ་མགོན་རྡོ་རྗེ་འཆང་གར་དབང་ལས། དྲུང་རིན་པོ་ཆེ་ཀརྨ་ཆོས་ཀྱི་ཉིན་བྱེད། རོལ་རྡོར་གཏེར་སྤྲུལ་ལྔ་པ་ཀརྨ་དྲི་མེད་འོད་ཟེར་ལས། རྗེ་བླ་མ་རྡོ་རྗེ་འཆང་དྷརྨ་མ་ཏི་དང་ཆབས་ཅིག་མཚོ་བྲག་གཏེར་ཁ་ཡོངས་རྫོགས་ཀྱི་བཀའ་ལུང་གདམས་གཏད་བཅས་བཀའ་དྲིན་ཐོབ་པ་འོག་མ་ཀུན་ལའང་ཤེས་པར་བྱ་དགོས་སོ། ༈ ༼ཐ༽ རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་ནང་སྒྲུབ་བླ་མ་རིག་འཛིན་འདུས་པའི་རྩ་དབང་རྒྱལ་ཐབས་སྤྱི་བླུགས་ནི། མཁྱེན་ཀོང་གཉིས་ཀ་ལས་མཚོ་སྐྱེས་རྒྱལ་བ་གཉིས་པའི་ཞལ་སྐྱིན་འགྱུར་མེད་པདྨ་རྣམ་རྒྱལ། དེ་ལས་བཀའ་དྲིན་ཐོབ། ཡང་ན་འཇམ་མགོན་མཁྱེན་བརྩེའི་དབང་པོ་དང༌། རྫོགས་ཆེན་མཁན་རིན་པོ་ཆེ་པདྨ་རྡོ་རྗེ་གཉིས་ཀ་ལས། མཁས་བཙུན་གྲུབ་པའི་དབང་ཕྱུག་རྫོགས་ཆེན་མཁན་རིན་པོ་ཆེ་འཇིགས་མེད་པདྨ་བློ་གསལ་ལས་བཀའ་དྲིན་ཐོབ་པའོ། །ཡང་ན་མཁྱེན་ཀོང་རྣམ་གཉིས་ལས་ཨ་འཛོམ་འབྲུག་པ་རིག་འཛིན་སྣ་ཚོགས་རང་གྲོལ། དེའི་ཀུན་མཁྱེན་བླ་མ་དྷརྨ་མ་ཏིས་ཞིབ་རྒྱས་སུ་དགོངས་གཏད་ཐུན་མིན་དང་བཅས་ཏེ་བསྩལ། ཡང་ན་མཁྱེན་ཀོང་ཞལ་ལྷན་རྒྱས་ལས། མཁན་ཆེན་ཐུབ་བསྟན་རྒྱལ་མཚན་འོད་ཟེར་ལས་རྗེ་དྷརྨ་མ་ཏིས་གསན། ཡང་ན་མཁྱེན་བརྩེ་རིན་པོ་ཆེ། རྡོ་གྲུབ་ཀུན་མཁྱེན་འཇིགས་མེད་བསྟན་པའི་ཉི་མ་དང༌། ཡབ་རྗེ་རིག་འཛིན་འགྱུར་མེད་ཚེ་དབང་རྒྱ་མཚོ། གཉིས་ཀ་ལས་རྗེ་བླ་མ་དྷརྨ་མ་ཏིས་གསན་ཅིང༌། རྡོ་གྲུབ་རིན་པོ་ཆེ་ལས་བཀའ་དབང་གསན་སྐབས་གསང་མཚན་ཡེ་ཤེས་རྡོ་རྗེ་ཞེས་བསྩལ་བའོ། །གཞན་ཡང་བརྒྱུད་ཚུལ་མང་དུ་བཞུགས་པ་ཀློང་སྙིང་ཐོབ་ཡིག་རྒྱས་པར་གསལ། ༈ མཆོག་གླིང་གཏེར་བྱོན་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་དབང་ཆེན་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་མཆོག་གྱུར་གླིང་པ། བཻ་རོ་དངོས་བྱོན་འཇམ་མགོན་གུ་ཎ་ས་མུ་དྲ། གཉིས་ཀས་གཏེར་ཆེན་མཆོག་གི་སྐུ་གསུང་ཐུགས་ཀྱི་སྲས་ཚེ་དབང་ནོར་བུ། ཀུན་གཟིགས་སི་ཏུ་པཎ་ཆེན་དྷརྨ་ས་ར། ཡང་ན་གཏེར་ཆེན་མཆོག་གླིང༌། མངའ་བདག་ཆེན་པོའི་རྣམ་འཕྲུལ་གངས་ཅན་མཁས་གྲུབ་ཡོངས་ཀྱི་རྒྱལ་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། སི་ཏུ་སརྦ་ཛྙཱ་དྷརྨ་ས་ར། དེ་ལས་ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ། ཀུན་མཁྱེན་འཇམ་དབྱངས་བླ་མ་དངོས་བྱོན་འཇམ་མགོན་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་ནས་གསན་པའོ། །གཏེར་མཛོད་དཀྱུས་སུ་བཞུགས་པའི་དབང་འབྲིང་བསྡུས་ཚེ་དབང་བཅས་གཏེར་ཆེན་དང༌། མཁྱེན་བརྩེ་རྡོ་རྗེ་འཆང༌། འཇམ་མགོན་གུ་ཎ། གསུམ་ཀས་གཏེར་སྲས་རིག་འཛིན་ཚེ་དབང་ནོར་བུ། ཀུན་གཟིགས་ཨོ་རྒྱན་ཆོས་ཀྱི་རྒྱ་མཚོ་ལ་འདྲེན་ཀྱང་རུང༌། ཡང་གཏེར་སྲས་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུས་ཡབ་རྗེ་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་གླིང་པ་ལས་སྒྲུབ་ཆེན་དང་རྗེས་སུ་འབྲེལ་བར་ཐུགས་སྒྲུབ་ཀྱི་རྩ་དབང་རྒྱས་འབྲིང་བསྡུས་གསུམ་ག་གསན་པའོ། །ཡང་ན་དབང་རྒྱས་འབྲིང་བསྡུས་གསུམ་ག་གཏེར་ཆེན་བླ་མའི་སྐུ་གསུང་ཐུགས་ཀྱི་སྲས་འགྱུར་མེད་ཚེ་དབང་གྲགས་པ་དང་གཏེར་སྲས་ཚེ་དབང་ནོར་བུ་སྐུ་མཆེད་གཉིས་ཀས། གནས་དགོན་གཏེར་ཆེན་མཆོག་སྤྲུལ་པདྨ་འགྱུར་མེད་ཐེག་མཆོག་བསྟན་འཕེལ། དེ་ལས་རྗེ་འཇམ་མགོན་ཆོས་ཀྱི་བློ་གྲོས་ཀྱིས་གསན་པར་གནང༌། ཡང་ན་གནས་དགོན་གཏེར་སྤྲུལ་རིན་པོ་ཆེ་དང༌། ཀཿཐོག་སི་ཏུ་གཉིས་ཀས་དབང་འབྲིང་བསྡུས་ཚེ་དབང་བཅས་འཇམ་མགོན་ཆོས་ཀྱི་རྒྱལ་པོ་གཉིས་ཀ་ལས་གསན། ཡང་ན་དབང་འབྲིང་བསྡུས་ཚེ་དབང་བཅས་འཇམ་པའི་དབྱངས་ཡོན་ཏན་རྒྱ་མཚོ། ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ་ནས་འཇམ་པའི་རྡོ་རྗེ་དྷརྨ་མ་ཏི་ལའོ། ༈ ཐུགས་སྒྲུབ་བསམ་པ་ལྷུན་གྲུབ་རྩ་དབང་རྒྱས་འབྲིང་བསྡུས་པ་ཚེ་དབང་བཅས། རིག་འཛིན་རྩལ་འཆང་རྣམ་པ་གསུམ་ཀའི་ཞལ་སྔ་ནས་མཆོག་གཏེར་རིག་འཛིན་ཆེན་པོའི་སྐུ་གསུང་ཐུགས་ཀྱི་སྲས་ཚེ་དབང་ནོར་བུ་ཀཿཐོག་བསམ་འགྲུབ་ལྷ་ཁང་གི་གུ་རུ་རིན་པོ་ཆེའི་མདུན་ནས་འཇམ་དབྱངས་བླ་མ་ཀུན་གཟིགས་ཆོས་ཀྱི་བློ་གྲོས་སམ་པདྨ་ཡེ་ཤེས་རྡོ་རྗེས་གསན་ཏེ་རབ་ཚེས་ས་བྱ་ལོར་ཟབ་རྒྱས་ནོར་བུའི་སྒྲོམ་འདི་མཆོག་གི་གཏེར་ཆེན་རྣམ་གཉིས་ཞལ་རྒྱས་པས་ཐོག་མར་གཏན་ལ་འབེབས་པའི་གནས་མདོ་ཁམས་ཀྱི་ཤྲཱི་ནཱ་ལེནྡྲ་རྫོང་གསར་བཀྲ་ཤིས་ལྷ་རྩེའི་གཟིམས་སྤྱིལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་ཆེན་པོ་ནས་ཆོས་བཀའ་དེ་ཉིད་དང་ལྷན་རྒྱས་སུ་སྤྱན་དྲངས་པའི་སྐུ་ཚབ་རིན་པོ་ཆེའི་དངོས་གྲུབ་དཔལ་འབར་གྱི་སྤྱན་སྔར་རྗེས་སུ་བཟུང་བའི་སྐལ་བཟང་གི་དལ་རྟེན་དོན་ཡོད་དུ་མཛད་པའོ། །ཡང་ན་དབང་རྒྱས་འབྲིང་བསྡུས་གསུམ་ག་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ལས། གཏེར་སྲས་རིག་འཛིན་ཚེ་དབང་གྲགས་པ་དང༌། གཡུ་སྒྲའི་རྣམ་འཕྲུལ་ཚེ་དབང་ནོར་བུ་སྐུ་མཆེད་གཉིས་ཀས་གནས་དགོན་གཏེར་ཆེན་མཆོག་སྤྲུལ་ཐེག་མཆོག་བསྟན་འཕེལ་ལས། སྐྱབས་མཆོག་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་རྟེན་མཆོག་འགྱུར་མེད་གླིང་ནས་གསན་པའོ། །ཡང་ན་མཆོག་གླིང་གཉིས་པ་ཐེག་མཆོག་བསྟན་འཕེལ་དང༌། ཀཿཐོག་སི་ཏུ་ཀུན་གཟིགས་དྷརྨ་ས་ར་གཉིས་ཀས་དབང་འབྲིང་བསྡུས་ཚེ་དབང་བཅས་མཁྱེན་ཀོང་གཉིས་ཀ་ལས་གསན། ཡང་དབང་འབྲིང་བསྡུས། ཚེ་དབང་བཅས་ལོ་ཆེན་གུ་ཎ་ལས་ཡབ་རྗེ་རིག་འཛིན་འགྱུར་མེད་ཚེ་དབང་རྒྱ་མཚོ་ལས་རྡོ་རྗེ་འཆང་དྷརྨ་མ་ཏིས་གསན་བཞེས་གནང་བ་ལས་བཀའ་དྲིན་ཐོབ་པའོ། །མདོར་ན་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་དབང་འབྲིང་བསྡུས་ཚེ་དབང་བཅས་རྗེ་བླ་མ་འཇམ་པའི་དབྱངས་དང་སྐུ་ཚབ་རིན་པོ་ཆེ་ཞལ་ལྷན་རྒྱས་པའི་སྤྱན་སྔར་ལན་བཞི་ཙམ་དང༌། བདག་འཇུག་གི་དབང་ལན་གཅིག་བཅས་བཀའ་དྲིན་ཐོབ་པའི་སྐལ་བཟང་བྱུང་བའོ། །མཚོ་སྐྱེས་སྙིང་ཐིག་མཁྱེན་བརྩེ། གུ་ཎ་གཉིས་ཀས། དྷརྨ་ས་ར། དེ་ལས་ཡབ་རྗེ། གཉིས་ཀས་རྗེ་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་གུ་ཎ། མཁན་རྒྱལ་མཚན་འོད་ཟེར། སི་ཏུ་པདྨ་དབང་མཆོག་རྒྱལ་པོ། དེས་དྷརྨ་མ་ཏི། དེས་བདག་ལའོ། །ཁམས་སྤར་དུ་བཞུགས་པའི་མཁྱེན་བརྩེའི་རྩ་གསུམ་གསུམ་བདེར་འདུས་མཉྫུ་གྷོ་ཥ། དྷརྨ་ས་ར། དེས་དྷརྨ་མ་ཏི། དེས་བདག་མངྒ་ལ་ལའོ། ༈ རྩ་གསུམ་དགོངས་འདུས་ཀྱི་བླ་མ་རིག་འཛིན་མཆོག་སྒྲུབ་ཀྱི་དོན་དབང་ཚེ་དབང་བཅས་དང་ལུང་ཡོངས་རྫོགས། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ། ལུང་ཟིན་ཆོས་བདག་ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ། དེས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་འཇམ་མགོན་ཆོས་ཀྱི་རྒྱལ་པོ་གུ་ཎས་མཛོད་ཆེན་ལྔ་ཡོངས་རྫོགས་ཀྱི་སྨིན་གྲོལ་རྫོགས་པའི་དགོངས་གཏད་བཅས། མཆོག་གླིང་གཏེར་སྲས་སྤྲུལ་སྐུ་རིན་པོ་ཆེ་འགྱུར་མེད་ཚེ་དབང་བསྟན་འཕེལ་དེ་ལས་བདག་མངྒ་ལའོ། །གསང་ཐིག་ཡབ་བཀའ་ཡུམ་བཀའ་གཉིས་རྩ་གསུམ་དགོངས་འདུས་དང་འདྲ། ༼ད༽ བཀའ་སྲུང་སྔགས་སྲུང་དབང་འདི་འཇམ་མགོན་གུ་ཎ། མཁན་ཐུབ་བསྟན་རྒྱལ་མཚན། མཆོག་སྤྲུལ་པདྨ་ཐུགས་རྗེའི་དབང་ཕྱུག་ལས་རྗེ་བླ་མས་གསན་སྐབས་བཀའ་དྲིན་ཐོབ། ༈ ཚིག་བདུན་བླ་སྒྲུབ་སྐོར་རྣམས་ཀྱང་གོང་གསལ་རྩ་གསུམ་དགོངས་འདུས་ལྟར་རོ། ༈ དྭགས་པོའི་གསང་ལམ་བླ་སྒྲུབ། རྗེ་གུ་ཎས་ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་གུ་ཎ། ཀརྨ་བསྟན་པ་གསལ་བྱེད། དྲུང་ཀརྨ་ཆོས་ཀྱི་ཉིན་བྱེད། དེ་ལས་དྷརྨ་མ་ཏིས་སོ། །ཡང་ན་འཇམ་མགོན་ཆོས་རྗེ་ལས། རྒྱལ་དབང་ཀརྨ་པ་མཁའ་ཁྱབ་རྡོ་རྗེ། དཔའ་བོ་གཙུག་ལག་སྨྲ་བའི་ཉིན་བྱེད། དེ་ལས་བཀའ་དྲིན་ཐོབ། ཡང་ན་གུ་ཎ། སྒྲུབ་དཔོན་བླ་མ་ཀརྨ་བསྟན་པ་གསལ་བྱེད། མི་འགྱུར་རྡོ་རྗེའི་མཆོག་སྤྲུལ་ཀརྨ་འཇིགས་བྲལ་ཆོས་ཀྱི་སེང་གེ །དྲུང་རམ་རྒྱལ་སྤྲུལ་ཀརྨ་ཕྲིན་ལས་ཀུན་ཁྱབ་ལས་བཀའ་དྲིན་ཐོབ། ༈ ཀརྨ་པཀྵིའི་བླ་སྒྲུབ་དབང་རྒྱལ་དབང་ཀརྨ་པ་རང་བྱུང་རིག་པའི་རྡོ་རྗེ་ལས་བཀའ་དྲིན་ཐོབ། ༈ བླ་སྒྲུབ་ཐིག་རྒྱ་མཁྱེན་བརྩེ། རྡོ་གྲུབ་བསྟན་པའི་ཉི་མ། དེས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་མཁྱེན་བརྩེ། གུ་ཎ། གཉིས་ཀས་དྷརྨ་ས་ར་དང༌། སྣ་ཚོགས་རང་གྲོལ་ལ། དེ་གཉིས་ཀ་ལས་དྷརྨ་མ་ཏིས། ཡང་ན་མཁྱེན་བརྩེ་ལས། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། །རྡོར་སེམས་མངོན་དགའི་རིལ་དབང་སྦྱར་ནས་བཀའ་དྲིན་ཐོབ། ༈ གྲུབ་ཐོབ་ཐུགས་ཏིག་བླ་སྒྲུབ་མཁྱེན་བརྩེ། གུ་ཎ། གཉིས་ཀས་ལུང་ཟིན་དྷརྨ་ས་ར་དང༌། པདྨ་བི་ཛ། ཡབ་རྗེ་བཅས་ལ། གསུམ་ཀས་རྗེ་ཆོས་ཀྱི་བློ་གྲོས་དེས་བདག་ལའོ། ༈ མཆོག་གླིང་བླ་སྒྲུབ་སྐུ་གསུམ་རིགས་འདུས་མཁྱེན་བརྩེ། གུ་ཎ་གཉིས་ཀས་དྷརྨ་ས་ར་དང༌། ཡབ་རྗེ། དེ་གཉིས་ཀས་དྷརྨ་མ་ཏི། དེས་བདག་ལའོ། །འདིའི་རྩ་དབང་རྒྱས་པ་མཁྱེན་བརྩེ་ལས། དྷརྨ་ས་ར། དེས་དྷརྨ་མ་ཏི། དེས་བདག་ལའོ། །ཁམས་སྤར་དུ་བཞུགས་པའི་ཁྲི་སྲོང་བླ་སྒྲུབ། མཉྫུ་གྷོ་ཥ། དྷརྨ་ས་ར། དེས་དྷརྨ་མ་ཏི། ཡང་ན་མཉྫུ་གྷོ་ཥ། སེམས་དཔའ་ཆེན་པོ་བློ་གྲོས་བཟང་པོ། ཤེས་རབ་འོད་ཟེར། དེ་ལས་དྷརྨ་མ་ཏིས་གསན་པ། དེས་བདག་ལའོ། ༈ ཉང་གཏེར་དྲེགས་པའི་སྲོག་དབང་གུ་ཎ། ཐུབ་བསྟན་རྒྱལ་མཚན་འོད་ཟེར། དེས་དྷརྨ་མ་ཏི། དེས་བདག་ལའོ། ༼ན༽ རིན་གཏེར་དཀྱུས་སུ་མི་བཞུགས་ཀྱང་རཏྣའི་གུར་དྲག་མེ་འཁྱིལ་གྱི་དྲེགས་པའི་སྲོག་དབང་བསྩལ་བའི་བརྒྱུད་པ་ཐུགས་སྒྲུབ་ཡང་འདུས་སྐབས་སུ་གསལ། ༈ མི་འགྱུར་ལས་གླིང་པདྨ་གཏུམ་པོ་མཁྱེན་བརྩེ། གུ་ཎ། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༼པ༽ འཇའ་ཚོན་དཀོན་སྤྱིའི་གུ་དྲག་གཏོར་དབང་མཁྱེན་བརྩེ། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ རྒྱ་ཅན་གྲོ་ལོད་དང་ཀརྨ་དྲག་པོ་གཉིས། གུ་ཎ། ཐུབ་བསྟན་རྒྱལ་མཚན་འོད་ཟེར། དེས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་རྒྱ་ཅན་སྤྱི་བརྒྱུད་དྭངས་མ་བཅུད་འདྲེན་སྐབས་སུ་གསལ། ༈ གནམ་ཆོས་གུར་དྲག་ཕུར་མཇུག །དཔལ་ཡུལ་ཕྱོགས་བརྒྱུད་ཨོ་རྒྱན་མདོ་སྔགས་ཆོས་ཀྱི་ཉི་མ། ར་སྤྲུལ་ཐུབ་བསྟན་བཤད་སྒྲུབ་འོད་ཟེར་ལས། རྗེ་དྷརྨ་མ་ཏི་མཆོག་གིས་གསན་པ་སྟེ་གནམ་ཆོས་ཚང་མའི་བརྒྱུད་པ་འདིའོ། ༈ སྨིན་གཏེར་དྲག་དམར་རིག་འཛིན་ཐུགས་ཏིག་སྐབས་དང་འདྲ། ཡང་ན་རྡོར་འཛིན་རྣམ་གྲོལ་རྒྱ་མཚོ་ལས། དྷརྨ་མ་ཏིས་གསན་པ་དེས་བདག་མངྒ་ལའོ། ༈ གུར་དྲག་ཡེ་ཤེས་རབ་འབར། གུ་ཎ། ཐུབ་བསྟན་རྒྱལ་མཚན་འོད་ཟེར། དེས་དྷརྨ་མ་ཏི། དེས་བདག་ལའོ། །སྟག་ཤམ་རྡོ་རྗེ་དྲག་རྩལ་བཀའ་སྲུང་གཟའ་བདུད་དང༌། འདི་གཉིས་རིན་གཏེར་དཀྱུས་སུ་མེད་ཀྱང་བཀའ་དྲིན་ཐོབ། སྡེ་བརྒྱད་སྲོག་དབང་བཅས་སྟག་ཤམ་བསམ་གཏན་གླིང་པ། བསམ་གཏན་བསྟན་འཛིན། མཐུ་སྟོབས་རྣམ་རྒྱལ། ཨོ་རྒྱན་རྟ་མཆོག་ཆོས་གྲགས། བླ་མ་མི་འགྱུར། འཕེལ་ཚ་བསོད་ནམས་རྣམ་རྒྱལ། དབོན་མགོན་པོ་རྡོ་རྗེ། པདྨ་ལྷུན་གྲུབ། གཏེར་སྟོན་དྲི་མེད་འོད་ཟེར་རམ་པདྨ་གླིང་པ། དེས་རྗེ་ཆོས་ཀྱི་བློ་གྲོས་ལའོ། །ཡང་ན་རྗེ་གུ་ཎ་བ་འདིར་མཁན་ཐུབ་བསྟན་རྒྱལ་མཚན་ཡོད་མེད་དཔྱད།དྲི་མེད་འོད་ཟེར་སོགས་འདྲ། ༼ཕ༽ གྲོ་ལོད་གསང་སྒྲུབ་འཇམ་མགོན་གུ་ཎ་ལས། བཀྲ་ཤིས་ཆོས་འཕེལ། ཡབ་རྗེ། གཉིས་ཀས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་གུ་ཎ། རྒྱལ་དབང་མཁའ་ཁྱབ་རྡོ་རྗེ། འཇམ་མགོན་ཡང་སྲིད་དཔལ་ལྡན་མཁྱེན་བརྩེའི་འོད་ཟེར། དེ་ལས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་གུ་ཎ། ཐུབ་བསྟན་རྒྱལ་མཚན་འོད་ཟེར། གཏེར་སྟོན་དྲི་མེད་དེས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་འཇམ་མགོན་བླ་མ། འགྱུར་མེད་པདྨ་རྣམ་རྒྱལ། དེས་བདག་མངྒ་ལར་བཀའ་དྲིན་ཐོབ། ༈ བཀའ་བརྒྱད་བདེ་འདུས་དབང་ཆེན་འདི་སྨིན་གླིང་གཏེར་ཆེན་རིན་པོ་ཆེ་འགྱུར་མེད་རྡོ་རྗེ། རྒྱལ་སྲས་འགྱུར་མེད་རིན་ཆེན་རྣམ་རྒྱལ། ཁྲི་ཆེན་པདྨ་བསྟན་འཛིན། ཁྲི་ཆེན་ཕྲིན་ལས་རྣམ་རྒྱལ། ཞེ་ཆེན་རྒྱལ་ཚབ་དང་པོ་པདྨ་གསང་སྔགས་བསྟན་འཛིན་ཆོས་རྒྱལ། ཀུན་གཟིགས་འགྱུར་མེད་བསྟན་འཛིན་འཕེལ་རྒྱས་ལས་རྗེ་མཁྱེན་ཀོང་གཉིས་ཀས་གསན། དབོན་སྤྲུལ་རིན་པོ་ཆེ་ལ་སྟག་བླ་པདྨ་མ་ཏིའི་སྨད་བརྒྱུད། འབྲི་གུང་སྒྲུབ་དབང་གི་རྒྱུན་ཀྱང་བཞུགས། རིན་གཏེར་དཀྱུས་སུ་མི་བཞུགས་ཀྱང༌། བཀའ་བརྒྱད་དབང་ཆེན་རེ་ངེས་པར་གནང་བའི་ཕྱག་རྒྱུན་ལྟར་ཉང་གཏེར་བཀའ་བརྒྱད་བདེར་འདུས་དབང་ཆེན་ཟེ་ཆེན་དབོན་སྤྲུལ་འགྱུར་མེད་བསྟན་འཛིན་འཕེལ་རྒྱས་ལམ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་ལས་རིང་བརྒྱུད་དང༌། ཉེ་བརྒྱུད་ཀྱི་བཀའ་བབས་ཁྱད་འཕགས་བཞུགས་པ་ཁྲི་སྲོང་རྣམ་འཕྲུལ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལས། སི་ཏུ་ཆོས་ཀྱི་རྒྱ་མཚོ། དེས་རྗེ་བླ་མ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ལའོ། །ཡང་ན་ལོ་ཆེན་བཻ་རོའི་རྣམ་འཕྲུལ་འཇམ་མགོན་བློ་གྲོས་མཐའ་ཡས་ལས། འགྱུར་མེད་པདྨ་བི་ཛ། འཇམ་མགོན་མཆོག་སྤྲུལ་པདྨ་དྲི་མེད་ལེགས་པའི་བློ་གྲོས། དེས་རྗེ་ཆོས་ཀྱི་བློ་གྲོས་ལའོ། །ཡང་ན་སྨིན་གླིང་བརྒྱུད་པ་གཏེར་ཆེན་ནས་རིན་རྣམ་སོགས་རིམ་བརྒྱུད་ཁྲི་ཆེན་ཡིད་བཞིན་དབང་རྒྱལ་ལས། ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ། དེས་རྗེ་ཀུན་གཟིགས་ཆོས་ཀྱི་བློ་གྲོས་ལའོ། །རྗེ་མཁྱེན་བརྩེར། རྡོར་གླིང་བཀའ་བརྒྱད་ཉེ་བརྒྱུད་བཞུགས་པ་དེ་ཉིད་ནས་འགྱུར་མེད་པདྨ་བི་ཛ། དེ་ལས་རྗེ་ཆོས་ཀྱི་བློ་གྲོས་ཀྱིས་གསན་པ་བྱིན་རླབས་ཆུ་བོ་གཅིག་ཏུ་འདུས་པར་གསུངས་ཤིང༌། དྷརྨ་ས་རས་འཇམ་མགོན་གུ་ཎ་ལས་གཏེར་ཁ་འོག་མའི་བཀའ་བརྒྱད་དབང་ཆེན་སྒྲུབ་དབང་དུ་གསན་པ་ལས། མཁན་ཆེན་ངག་དབང་དཔལ་བཟང༌། དེ་ལས་རྗེ་ཆོས་ཀྱི་བློ་གྲོས་མཆོག་གིས་གསན་པའང་བྱིན་རླབས་ཀྱི་རྒྱུན་གཅིག་ཏུ་འདྲིལ་བའོ། ༈ དབང་འབྲིང་པདྨ་ཤེལ་ཕུག་དང་རྣལ་འབྱོར་རྒྱུན་དབང་ ལན་གསུམ་ཐོབ། བཅས་པདྨ་བི་ཛ་ལས་ཆོས་ཀྱི་བློ་གྲོས་གསན། ཡང་ན་གུ་ཎ། མཁན་ཐུབ་བསྟན་རྒྱལ་མཚན་འོད་ཟེར། དེས་ཆོས་ཀྱི་བློ་གྲོས་ལའོ། །དབང་འབྲིང་པདྨ་ཤེལ་ཕུག་སྐྱབས་རྗེ་རྡོ་རྗེ་འཆང་པདྨ་བི་ཛ་ལས་ཀྱང་བཀའ་དྲིན་ཐོབ། ༼བ༽ ༈ མི་ཕམ་བཀའ་བརྒྱད་རྣམ་བཤད་མི་ཕམ་རིན་པོ་ཆེ་དངོས་ལས་སི་ཏུ་པཎྜི་ཏ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་དང༌། ཉེ་གནས་བླ་མ་འོད་གསལ་གཉིས་ཀྱིས་གསན། སྔ་མ་ལས་འཇམ་མགོན་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་གསན་པ་ལས་ལན་གཅིག་དང༌། ཕྱི་མ་ལས་བདག་གིས་བཀའ་དྲིན་ཐོབ་པའོ། ༈ ཆོས་དབང་བཀའ་བརྒྱད་གསང་རྫོགས། རྗེ་གུ་ཎ། དྷརྨ་ས་ར། མཁན་ངག་དབང་དཔལ་བཟང༌། དེ་ལས་དབང་རྒྱས་བསྡུས། རྩ་གཞུང་པོད་བཞིའི་ལུང་བཅས་རྗེ་དྷརྨ་མ་ཏི་མཆོག་གིས་གསན། དེས་བདག་ལའོ། ༈ བཀའ་བརྒྱད་བདེ་འདུས་ཕྱག་རྒྱ་རྐྱང་སྒྲུབ་དང༌། རིམ་ལྔའི་སྨིན་ཁྲིད་མཁྱེན་བརྩེ་རྡོ་རྗེ་འཆང༌། རྗེ་བླ་མ་པདྨ་བི་ཛ། འཇམ་མགོན་དྷརྨ་མ་ཏི། དེས་བདག་ལའོ། ༈ བཀའ་འདུས་ཆོས་ཀྱི་རྒྱ་མཚོ་མཁྱེན་བརྩེའི་དབང་པོ་ལས། ཆོས་ཀྱི་བདག་པོར་དབུགས་དབྱུང་བཅས་ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོས་ཞིབ་རྒྱས་སུ་ནོས་ཤིང་གསང་མཚན་རིག་པ་འཛིན་པ་འཆི་མེད་སྣང་མཛད་རྡོ་རྗེ་ཞེས་བསྩལ། དེས་རྗེ་བླ་མ་ཀུན་གཟིགས་དྷརྨ་མ་ཏི་མཆོག །དེས་བདག་ལའོ། ༈ ༼མ༽ ཀློང་གསལ་བཀའ་བརྒྱད་གུར་དྲག་ཡེ་འབར་སྐབས་སུ་གསལ། ༈ གྲུབ་ཐོབ་ཐུགས་ཐིག་བཀའ་བརྒྱད་མཁྱེན་ཀོང་གཉིས་ཀ་ལས། སི་ཏུ་དྷརྨ་ས་ར། དེ་ལས་དྷརྨ་མ་ཏི། དེས་བདག་ལའོ། ༈ མཆོག་གཏེར་བཀའ་འདུས་རྩ་སྒྲུབ། གུ་ཎ། ཚེ་ནོར། གཏེར་ཆེན་མཆོག་སྤྲུལ་འགྱུར་མེད་དཀོན་མཆོག་བསྟན་པའི་རྒྱལ་མཚན། དེས་རྗེ་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་གཏེར་གསར་སྤྱི་བརྒྱུད་བཞིན་ནོ། ༈ བཀའ་འདུས་སྙིང་པོ་གུ་ཎ། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ འཇམ་དཔལ་རྫོགས་ཆེན་དྷརྨ་ས་ར། དེས་དྷརྨ་མ་ཏི། དེས་བདག་ལའོ། །འཇམ་མགོན་མི་ཕམ་ཞབས་ཀྱིས་འཇམ་དཔལ་རྫོགས་ཆེན་དང་སངས་གླིང་འཇམ་དཔལ་སོགས་བཀའ་གཏེར་འཇམ་དཔལ་སྐོར་རྣམས་རྗེ་མཁྱེན་བརྩེའི་ཞབས་ལས་གསན་ཞིང༌། ཁྱད་པར་དུ་བཀའ་བབས་པའི་རྒྱུད་ལུགས་འཇམ་དཔལ་ཞི་བའི་དབང་ཐུན་མིན་འཇམ་དཔལ་དགྱེས་པའི་རྡོ་རྗེ་ཉིད་ལས་སི་ཏུ་དྷརྨ་ས་ར། དེས་ཀུན་གཟིགས་དྷརྨ་མ་ཏི་ལ་བརྒྱུད་པའང་བཀའ་དྲིན་ཐོབ་པ་ཞར་བྱུང་ངོ༌། །ཡང་ན་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུ་གསུང་ཐུགས་དབང་འཇམ་དཔལ་དབྱངས་དངོས་མི་ཕམ་རིན་པོ་ཆེ་དངོས་ལས་བདག་གིས་ཐོབ་པའི་སྐལ་བཟང་བྱུང་བའོ། ༈ ༼ཙ༽ བདུད་འདུལ་འཇམ་དཔལ་གསང་སྒྲུབ་དཔལ་ཡུལ་རྒྱ་སྤྲུལ་ཀརྨ་ཀུན་བཟང་བསྟན་པའི་ཉི་མའམ་མདོ་སྔགས་བསྟན་འཛིན་ལས། མཁྱེན་བརྩེའི་དབང་པོ། དེས་ཕུག་གོང་མཆོག་སྤྲུལ་འགྱུར་མེད་ངེས་དོན་བསྟན་འཕེལ་ལམ་གྲགས་པ་མཐུ་སྟོབས་རྣམ་རྒྱལ། དེ་ལས་དྷརྨ་མ་ཏི། དེས་བདག་ལའོ། ༈ ཞང་ཁྲོམ་ཚེ་བདག །བློ་གྲོས་མཐའ་ཡས། པདྨ་བི་ཛ། དེས་དྷརྨ་མ་ཏི། དེས་བདག་ལའོ། །འདི་ལ་འཇམ་མགོན་མི་ཕམ་རིན་པོ་ཆེའི་བསྙེན་ཆེན་གྲུབ་པའི་མཐའ་རྒྱས་དངོས་གྲུབ་བླང་བའི་བདག་དབང་བྱིན་རླབས་རྒྱུན་པདྨ་བི་ཛར་བཞུགས། ཡང་ལྕགས་སྡིག་མུ་ཏིག་ཕྲེང༌། གཏེར་སྟོན་དྲི་མེད་ཞབས་ལས་རྗེ་དྷརྨ་མ་ཏིས་གསན། དེས་བདག་ལའོ། །སྐྱབས་མཆོག་འཁོར་ལོའི་མགོན་པོ་པདྨ་བི་ཛ་ལས་ཀྱང་ཚེ་བདག་དབང་ཆེན་བཀའ་དྲིན་ཐོབ། ༈ སྨིན་གཏེར་དྲེགས་འཇོམས། མཁྱེན་ཀོང་གཉིས་ཀ་ལས་པདྨ་བི་ཛ། དེ་ལས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་མཁྱེན་བརྩེ། ཕུག་གོང་མཆོག་སྤྲུལ་གྲགས་པ་མཐུ་སྟོབས་རྣམ་རྒྱལ་ལམ་འགྱུར་མེད་ངེས་དོན་བསྟན་འཕེལ། དེས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་སྐྱབས་རྗེ་པདྨ་བི་ཛ། སྐུ་ཕྲེང་རིམ་བྱོན་ལྷག་པའི་ལྷ་ཡིས་རྗེས་སུ་བཟུང་བ་ཞེ་ཆེན་རབ་འབྱམས་ལྔ་པ་འགྱུར་མེད་ཀུན་བཟང་བསྟན་པའི་ཉི་མ་ལས་ཀྱང་བཀའ་དྲིན་ཐོབ། ༈ སྙན་བརྒྱུད་གཤིན་རྗེ། མཁྱེན་བརྩེ། གུ་ཎ། དེ་གཉིས་ཀ་ལ་དྷརྨ་ས་ར་དང༌། པདྨ་བི་ཛ། མཁན་རྒྱལ་མཚན་འོད་ཟེར་གསུམ་གྱིས། གསུམ་ཀས་རྗེ་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་དྷརྨ་ས་ར། ཡབ་རྗེ་སྣང་མཛད་རྡོ་རྗེ། དེ་ལས་དྷརྨ་མ་ཏི། དེས་བདག་ལའོ། ༼ཚ༽ ཟབ་བདུན་ལྕགས་བྱང་མའི་ཚེ་བདག་སྨིན་བྱེད་ཐུན་མིན་གཟབ་རྒྱས་མཉྫུ་གྷོ་ཥ། ཆོས་ཀྱི་བདག་པོ། ཡབ་རྗེ་སྣང་མཛད་རྡོ་རྗེ། དེས་མཉྫུ་གྷོ་ཥ་དྷརྨ་མ་ཏི། དེས་བདག་ལའོ། ༈ ༼ཛ༽ ཉང་གཏེར་མཚོ་སྐྱེས་རྡོ་རྗེ། གུ་ཎ། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ རཏ་གླིང་ཚེ་ཁྲིད་ཐུགས་སྒྲུབ་ཡང་འདུས་སྐབས་སུ་གསལ། ༈ གཏེར་ཁ་བཞི་འདུས་ཚེ་སྒྲུབ་བདུད་རྩི་བུམ་ཆུང་གུ་ཎ། ཡབ་རྗེ། དེ་ལས་དྷརྨ་མ་ཏི། དེས་བདག་ལའོ། ༈ མངའ་པཎ་ཚེ་སྒྲུབ་ཡེ་ཤེས་འོད་མཆོག་གུ་ཎ། ཐུབ་བསྟན་རྒྱལ་མཚན་འོད་ཟེར། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ ༼ཝ༽ བདུད་འདུལ་ཚ་བ་དམར་ཐག་པདྨ་འོད་འབར་སྐབས་སུ་གསལ། སྨིན་གཏེར་འཆི་མེད་ཡང་སྙིང་ཀུན་འདུས་སྐྱབས་རྗེ་རྡོ་རྗེ་འཆང་པདྨ་བི་ཛ། རྗེ་དྷརྨ་མ་ཏི། ཞེ་ཆེན་ཀོང་སྤྲུལ་རིན་པོ་ཆེ། རྒྱལ་ཚབ་ཡང་སྲིད་པདྨ་རྡོ་རྗེ། སྨིན་གླིང་མཁན་རིན་པོ་ཆེ་བཅས་ལས་བཀའ་དྲིན་ཐོབ། ༈ སྨིན་གཏེར་འཆི་མེད་ཡང་སྙིང་ཀུན་འདུས་རིག་འཛིན་ཐུགས་ཐིག་སྐབས་སུ་གསལ། ཡང་ན་གུ་ཎ། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ ཀློང་གསལ་ཡང་གསང་བླ་མེད་གུར་དྲག་ཡེ་འབར་སྐབས་སུ་གསལ། ཡང་ན་གུ་ཎ། ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། ལས་རབ་གླིང་པ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ ཡོན་དགེའི་ནམ་སྙིང་ཚེ་སྒྲུབ་གུ་ཎ། ཡོན་དགེའི་གཏེར་སྤྲུལ་ཀརྨ་འཇིགས་བྲལ་ཆོས་ཀྱི་སེང་གེ །དེས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་གཏེར་སྤྲུལ་ཆོས་ཀྱི་སེངྒེ། དྲུང་རམ་རྒྱལ་སྤྲུལ་དྷརྨ་ཤྲཱི་ལས་ཐོབ། ༈ དབོན་སྲས་ཁྱུང་ཐོག་གི་ཚེ་སྒྲུབ་ཡེ་ཤེས་སྲོག་ཏིག་གུ་ཎ། ཡབ་རྗེ། དེ་ལས་དྷརྨ་མ་ཏི། དེས་བདག་ལའོ། ༈ རོག་རྗེ་གླིང་པའི་གསང་བ་རྨད་བྱུང་གུ་ཎ། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ དཔའ་བོ་བརྒྱད་པ་པདྨ་བསྟན་འཛིན་གྲུབ་མཆོག་རྩལ་གྱི་དགོངས་གཏེར། འཇམ་མགོན། མཁའ་ཁྱབ་རྡོ་རྗེ་དང༌། འཇམ་མགོན་ཡང་སྲིད་མཁྱེན་བརྩེ་རིན་པོ་ཆེ། དཔའ་བོ་གཙུག་ལག་སྨྲ་བའི་ཉིན་བྱེད་ལས་བཀའ་དྲིན་ཐོབ། ༈ མཆོག་གཏེར་ཚེ་སྐོར་རྣམས་གཏེར་གསར་སྤྱི་བརྒྱུད་ཐུགས་སྒྲུབ་རྣམ་གཉིས་སྐབས་སུ་གསལ། ༈ ཐུགས་སྒྲུབ་ཚེ་དམར་གུ་ཎ། ཡབ་རྗེ། དེ་ལས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་རྗེ་གུ་ཎ། གཏེར་སྲས་སྤྲུལ་སྐུ་རིན་པོ་ཆེ་ཚེ་དབང་བསྟན་འཕེལ། བདག་མངྒ་ལའོ། ༼ཞ༽ མཆོག་གཏེར་ཚེ་བདག་ཡབ་ཡུམ་སྲས་གསུམ། དྷརྨ་ས་ར། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ ཉང་གཏེར་ཐུགས་ཆེན་རྒྱལ་རྒྱམ་ལྷ་ལྔ་གུ་ཎ། ཀརྨ་བཀྲ་ཤིས་ཆོས་འཕེལ། དེས་དྷརྨ་ཏི་དེས་བདག་ལའོ། །ཡང་ན་གུ་ཎ། དྲུང་ཆོས་ཀྱི་ཉིན་བྱེད། དེ་ལས་དྷརྨ་མ་ཏི། དེས་བདག་ལའོ། ༼ཟ༽ ཆོས་དབང་ཐུགས་ཆེན་ཡང་འདུས་མཁྱེན་ཀོང་གཉིས་ཀ་ལས་དྷརྨ་ས་ར། དེ་ལས་རྩ་གཞུང་པོད་ལུང་བཅས་རྗེ་དྷརྨ་མ་ཏིས་གསན་པའོ། །ཡང་མཁྱེན་བརྩེའི་གསུང་དོན་དབང་རྗེ་དེ་ཉིད་ཀྱི་ཞལ་སློབ་ཐུགས་ཆེན་ཡང་འདུས་ཁོ་ནར་བགྲང་བྱ་བཅུ་གསུམ་ལྷག་བསྙེན་སྒྲུབ་ཉམས་བཞེས་ལ་བརྩོན་པ་སྤྱི་འགྲུས་བླ་མ་དགེ་འདུན་ཞབས་ཀྱིས་དྷརྨ་མ་ཏི། དེས་བདག་ལའོ། ༈ ཡང་གཏེར་ཐུགས་ཆེན་པདྨ་ཞི་ཁྲོའམ་པདྨ་རྒྱལ་པོ་མཁྱེན་བརྩེ། གུ་ཎ། ཡབ་རྗེ། དེས་དྷརྨ་མ་ཏི་མཆོག་ལ། དེས་བདག་མངྒ་ལ་ལའོ། །ཡང་ན་མཁྱེན་བརྩེ། ལུང་ཟིན་ཆོས་བདག་གཏེར་སྟོན་པདྨ་གླིང་པའམ་དྲི་མེད་འོད་ཟེར། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ བྱང་གཏེར་ཐུགས་ཆེན་རིག་འཛིན་གདུང་སྒྲུབ་སྐབས་སུ་གསལ། ༈ ཡང་གཏེར་ཐུགས་ཆེན་རྒྱལ་རྒྱམ་ཕྱག་ཆེན་དམར་ཁྲིད་བཅས་མཁྱེན་བརྩེ། གུ་ཎ་གཉིས་ཀ་ལས་ཐུབ་བསྟན་རྒྱལ་མཚན་འོད་ཟེར། དེས་ཀུན་གཟིགས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་གུ་ཎ། ཡབ་རྗེ། དེས་དྷརྨ་མ་ཏིས་སོ། །ཡང་ན་ཆོས་འདིས་བདག་པོ་ཟླ་བཟང་མཆོག་སྤྲུལ་ལས་ཀྱང་དྷརྨ་མ་ཏི། དེས་བདག་མངྒ་ལ་ལའོ། ༼འ༽ རྡོར་གླིང་བདེ་གཤེགས་ཀུན་འདུས་དང༌། ངན་སོང་ཀུན་སྐྱོབ། གུ་ཎ། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ རཏ་གླིང་ཐུགས་གསང་གུ་ཎ། ཡབ་རྗེ། དེ་ལས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་རཏ་གླིང་སྤྱི་བརྒྱུད་ཐུགས་སྒྲུབ་ཡང་འདུས་སྐབས་སུ་གསལ་བ་ལྟར་རོ། ༈ གྲུབ་ཆེན་ཚུལ་ཁྲིམས་བཟང་པོའི་ཐུགས་ཆེན་གསོལ་འདེབས་སྒྲུབ་ཐབས་མཁྱེན་བརྩེ། གུ་ཎ་གཉིས་ཀས་དྷརྨ་ས་ར་དང༌། ཡབ་རྗེ་ལ། དེ་གཉིས་ཀས་དྷརྨ་མ་ཏི། དེས་བདག་མངྒ་ལའོ། །ཡན་ན་མཁྱེན་བརྩེ་ལས་བཀྲ་འཕེལ། ངག་དབང་ལེགས་པ། གཉིས་ཀས་དྷརྨ་མ་ཏི། དེས་བདག་ལའོ། ༈ ཞིག་གླིང་ཐུགས་ཆེན་གོང་གསལ་ལུགས་འདིའི་པདྨ་བཛྲ་སྐབས་དང་འདྲ། ༈ ༼ཡ༽ བདུད་འདུལ་ནམ་མཁའི་རྒྱལ་པོ་པདྨ་འོད་འབར་སྐབས་སུ་གསལ། ཡང་ན་གུ་ཎ། མཁན་ཐུབ་བསྟན་རྒྱལ་མཚན་འོད་ཟེར། དེ་ལས་དྷརྨ་མ་ཏི། དེས་བདག་ལའོ། ༈ རྒྱ་ཅན་འཇིག་རྟེན་དབང་ཕྱུག་དྭངས་མ་བཅུད་འདྲེན་སྐབས་སུ་གསལ། ༈ སྨིན་གླིང་བདེ་ཀུན་རིག་འཛིན་ཐུགས་ཐིག་སྐབས་སུ་གསལ། ཡང་ན་མཁྱེན་བརྩེ། ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོའམ་འགྱུར་མེད་འཇམ་དབྱངས་ཚུལ་ཁྲིམས། དེས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་རྗེ་བླ་མ་འགྱུར་མེད་པདྨ་རྣམ་རྒྱལ་ལས་བདག་མངྒ་ལར་བཀའ་དྲིན་ཐོབ་པའོ། ༈ ཀློང་གསལ་ཡང་གསང་བླ་མེད། གུ་ཎ། ཐུབ་བསྟན་རྒྱལ་མཚན་འོད་ཟེར། དེ་ལས་དྷརྨ་མ་ཏི། དེས་བདག་ལའོ། ༈ ༼ར༽ མཆོག་གླིང་ཐུགས་ཆེན་པདྨ་གཙུག་ཏོར་གྱི་སྤྱོད་རྒྱུད་འགྲོ་འདུལ་ལྷ་ལྔ་མཁྱེན་བརྩེ། གུ་ཎ། གཉིས་ཀ་ལས་ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ འཇམ་མགོན་མཁྱེན་བརྩེའི་གཏེར་བྱོན་སེམས་ཉིད་ངལ་བསོ་ཐུགས་རྗེ་ཆེན་པོའི་ཕྲིན་ལས་གཏེར་གཞུང་ལུང་མཁྱེན་ཀོང་གཉིས། མཁན་ཐུབ་བསྟན་རྒྱལ་མཚན། འཇམ་མགོན་པདྨ་ཡེ་ཤེས་རྡོ་རྗེ་ལས་བཀའ་དྲིན་ཐོབ། གཏེར་ཁ་དངོས་གཏན་ལ་མ་ཕབ་ཀྱང་དབང་དོན་གྱི་ཆུ་བོ་གཅིག་འདྲེས་འགྱུར་ཞེས་རྒྱ་ཅན་སེམས་ཉིད་ངལ་གསོ་ཐོབ། ༈ རྟ་མགྲིན་ཡང་ཁྲོས་གཏོར་དབང་མཁྱེན་བརྩེ། བློ་གཏེར་ཞབས། བསམ་གཏན་བློ་གྲོས། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ སྐྱེར་སྒང་རྟ་མགྲིན་གསང་སྒྲུབ་གོང་གསལ་རྟ་མགྲིན་ཡང་ཁྲོས་གཏོར་དབང་དང་འདྲ། ཡང་ན་གུ་ཎ་དང༌། འཇམ་མགོན་མི་ཕམ་རིན་པོ་ཆེ་གཉིས་ཀ་ལས། ཏ་སི་པདྨ་དབང་མཆོག་རྒྱལ་པོ། དེས་ཆོས་ཀྱི་བློ་གྲོས་ལའོ། །འཇམ་མགོན་མི་ཕམ་རིན་པོ་ཆེ་ལ་སྐྱབས་མགོན་དབང་ཆེན་དགྱེས་རབ་རྡོ་རྗེར་རྟ་མགྲིན་གྱི་ཞལ་གཟིགས་པ་ལས་གསན་པ་སི་ཏུ་པདྨ་དབང་མཆོག་ལ་ཆེད་དུ་གནང་བ་ལགས་སོ། ༈ ཡང་གཏེར་རྟ་མགྲིན་དྲེགས་སྒྲོལ། གུ་ཎ། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ ༼ལ༽ རྟ་མགྲིན་གནམ་ལྕགས་མེ་འཁོར་གོང་གསལ་རྟ་མགྲིན་དྲེགས་སྒྲོལ་དང་འདྲ། ༈ བྱང་གཏེར་རྟ་མགྲིན་རིག་འཛིན་གདུང་སྒྲུབ་སྐབས་སུ་གསལ། ༈ རཏྣའི་རྟ་གསང་ཐུགས་སྒྲུབ་ཡང་འདུས་སྐབས་སུ་གསལ། ༈ སྟག་ཤམ་ཡི་དམ་དགོངས་འདུས་ཀྱི་དབང་ཆེན་སོགས་སྨིན་བྱེད་ཚང་བ་གོང་གསལ་ལུགས་འདིའི་རྡོ་རྗེ་དྲག་རྩལ་སྐབས་ལྟར་རོ། ༈ སྙན་བརྒྱུད་རྟ་མཆོག་རོལ་པའི་སྙིང་ཐིག་མཁྱེན་བརྩེ། ཀོང་སྤྲུལ་གཉིས་ཀ་ལས་དྷརྨ་ས་ར་དང༌། པདྨ་བི་ཛ། དེ་གཉིས་ཀས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་དྷརྨ་ས་ར། ཡབ་རྗེ་དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ ཟབ་བདུན་རྟ་མགྲིན་ཐུགས་སྒྲུབ་རྣམ་གཉིས་སྐབས་སུ་གསལ། །ཁམས་ཕྱོགས་གཏེར་མཛོད་རྣམས་སུ་བཞུགས་པའི་འཇམ་མགོན་གཏེར་བྱོན་གསང་ཐིག་སྐོར་བདུན་གྱི་ཚེ་རྟ་ཟུང་འབྲེལ་གུ་ཎ། ཐུབ་བསྟན་རྒྱལ་མཚན་འོད་ཟེར། པདྨ་ཐུགས་རྗེའི་དབང་ཕྱུག །དེས་དྷརྨ་མ་ཏི། དེས་བདག་ལའོ། །འཇམ་མགོན་རིན་པོ་ཆེ། མཁས་དབང་བླ་མ་བཀྲ་འཕེལ་ལས། ཡང་ན་ཙཱ་འདྲ་མཆོག་སྤྲུལ་དཔལ་ལྡན་མཁྱེན་བརྩེའི་འོད་ཟེར་ལས་དྷརྨ་མ་ཏིས་གསན་པའོ། ༈ ཟླ་རྒྱལ་རྟ་ནག་མཁྱེན་བརྩེ། བློ་གཏེར་ཞབས། བསམ་གཏན་བློ་གྲོས། དེ་ལས་དྷརྨ་མ་ཏི། དེས་བདག་ལའོ། ༈ ༼ཤ༽ གསང་ཐིག་རྡོར་སེམས་གཏེར་ཆེན། མཁྱེན་བརྩེ། གཉིས་ཀ་ལས་ཚ་སྒང་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ། དེ་ལས་མཆོག་གླིང་གཉིས་པ་པདྨ་ཐེག་མཆོག་བསྟན་འཕེལ། དེ་ལས་རྗེ་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་གུ་ཎ། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། །གསང་ཐིག་ཡང་ཕུར་གཉིས་ཀྱང་དེ་དང་འདྲའོ། ༈ བྱང་གླིང་ཞི་ཁྲོ་ཕུར་གསུམ། གུ་ཎ། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ སྙན་བརྒྱུད་ཡང་དག་ཟབ་ཏིག་མཁྱེན་བརྩེ། དྷརྨ་ས་ར། གཉིས་ཀ་ལས་ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། །ཁྲིད་ཡིག་མཁྱེན་བརྩེའི་ཞལ་སློབ་ཡོན་ཏན་རྒྱ་མཚོས་མཛད་པ། དེ་ཉིད་ལས་དྲི་མེད་འོད་ཟེར། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ སྙན་བརྒྱུད་ཡང་ཕུར་སྦྲགས་མ་མཁྱེན་ཀོང་གཉིས་ཀ་ལས་དྷརྨ་ས་ར་དང༌། པདྨ་བི་ཛ་གཉིས་ཀྱིས། གཉིས་ཀས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་གུ་ཎ་དང༌། དྷརྨ་ས་ར་གཉིས་ཀས་ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། །རྣམ་བཤད་པདྨ་བི་ཛ། དེ་ཉིད་ལས་དྷརྨ་མ་ཏི། དེས་བདག་ལའོ། ༈ ཟབ་བདུན་ཡང་དག་མཆོག་གླིང༌། མཁྱེན་བརྩེའི་དབང་པོ། །མཆོག་གླིང་གཉིས་པ་པདྨ་ཨཀྵ་ར། དེས་རྗེ་མཁྱེན་བརྩེ་སྐུ་ཕྲེང་གཉིས་པ་མཉྫུགྷོ་ཥ་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་མཆོག་གཏེར་སྤྱི་བརྒྱུད་ཐུགས་སྒྲུབ་རྣམ་གཉིས་སྐབས་སུ་གསལ། ༈ ཡང་དག་ཟླ་གམ་ལྔ་བཅུ་རྩ་བརྒྱད་པ་མཆོག་གླིང༌། ཚ་སྒང་རིན་ཆེན་རྣམ་རྒྱལ། པདྨ་ཨཀྵ་ར། དེས་དྷརྨ་མ་ཏི། དེས་བདག་ལའོ། ༼ས༽ ཁམས་སྤར་དུ་བཞུགས་པའི་འཇམ་མགོན་གཏེར་བྱོན་གསང་ཐིག་སྐོར་བདུན་གྱི་ཡང་དག་ཐུགས་ཀྱི་སྙིང་པོ་གུ་ཎ། ཐུབ་བསྟན་རྒྱལ་མཚན་འོད་ཟེར། པདྨ་ཐུགས་རྗེའི་དབང་ཕྱུག །དེས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་འདིས་ཀྱང་ཐུབ་བསྟན་རྒྱལ་མཚན་འོད་ཟེར་ལས་གསན་སྙམ། འཇམ་མགོན་མཆོག་སྤྲུལ་དཔལ་ལྡན་མཁྱེན་བརྩེའི་འོད་ཟེར་ལས་རྗེ་དྷརྨ་མ་ཏི། དེས་བདག་ལའོ། ༈ ཡང་གཏེར་ཕྱག་རྡོར་རྡོ་རྗེ་མེ་འབར། མཁྱེན་བརྩེ། འཇམ་མགོན། ཡབ་རྗེ། རྗེ་བླ་མ་དྷརྨ་མ་ཏི། དེས་བདག་ལའོ། ༈ གཡུ་ཐོག་སྙིང་ཐིག་མཁྱེན་བརྩེ། དྷརྨ་ས་ར། དེས་དྷརྨ་མ་ཏི་ལ་དབང་དང་པོད་ལུང་བཅས་སོ། །རིན་གཏེར་ནང་བཞུགས་རྣམས་གུ་ཎ། དྷརྨ་ས་ར་སོགས་འདྲ། ༈ ༼ཧ༽ སྨན་བླ་ལོངས་སྐུ་མཁྱེན་ཀོང་གཉིས་ཀས་དྷརྨ་ས་ར། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ མཆོག་གཏེར་བི་མ་གཏེར་ཆེན། མཁྱེན་བརྩེ། གུ་ཎ། གཉིས་ཀས་ཙི་ཀེའི་མཆོག་གླིང་གཉིས་པ་དཀོན་མཆོག་བསྟན་པའི་རྒྱལ་མཚན། དེས་ཀུན་གཟིགས་དྷརྨ་མ་ཏི། དེས་བདག་ལའོ། ༈ བླ་སྒྲུབ་བྱིན་རླབས་སྙིང་པོ་མཁྱེན་ཀོང་གཉིས་ཀས་དྷརྨ་ས་ར། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་མངྒ་ལ་ལའོ། །ཡང་ན་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ ༼ཨ༽ སྙན་བརྒྱུད་ཡོན་ཏན་བདུད་རྩིའི་མཆོག་ཏིག་མཉྫུ་གྷོ་ཥ། གུ་ཎ། གཉིས་ཀ་ལས་དྷརྨ་ས་ར། དེས་ཡབ་རྗེ། དེ་ལས་དྷརྨ་མ་ཏི། དེས་བདག་ལའོ། ༈ ༼ཀི༽ ཕུར་པ་ཡང་གསང་སྤུ་གྲི། མཁྱེན་ཀོང་གཉིས་ཀས་པདྨ་བི་ཛ། དེས་དབང་དང་རྩ་པོད་ལུང་བཅས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་གུ་ཎ། ཐུབ་བསྟན་རྒྱལ་མཚན་འོད་ཟེར། དེ་ལས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་མཁྱེན་ཀོང་གཉིས་ཀ་ལས། རྒྱལ་ཚབ་རྡོ་རྗེ་འཆང་པདྨ་བི་ཛ་ཡ་གྲུབ་པའི་གོ་འཕང་མངོན་དུ་མཛད་དེ་རྗེ་ཉིད་ཀྱི་གསུང་རྣམ་བཤད་ཀྱི་སྨིན་ཁྲིད་བཅས་བདག་མངྒ་ལར་ལན་གཉིས་བཀའ་དྲིན་དུ་ཐོབ་པའོ། ༈ བྱང་གཏེར་ཕུར་པ་རིག་འཛིན་གདུང་སྒྲུབ་སྐབས་སུ་གསལ། ༈ སངས་གླིང་ཕུར་པ། མཁན་ཐུབ་བསྟན་རྒྱལ་མཚན་འོད་ཟེར་ལས་དབང་དང་པོད་ལུང་བཅས་དྷརྨ་མ་ཏི། དེས་བདག་ལའོ། ༈ རཏ་ཕུར་ཐུགས་སྒྲུབ་ཡང་འདུས་སྐབས་སུ་གསལ། དོན་དབང་གུ་ཎ། རྒྱལ་དབང་མཁའ་ཁྱབ་རྡོ་རྗེ། སྐུའི་སྲས་འཇམ་མགོན་མཆོག་སྤྲུལ་དཔལ་ལྡན་མཁྱེན་བརྩེའི་འོད་ཟེར། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ པད་གླིང་ཕུར་པ་གུ་ཎ། ཐུབ་བསྟན་རྒྱལ་མཚན་འོད་ཟེར་ལས་དྷརྨ་མ་ཏི། དེས་བདག་ལའོ། ༈ བདུད་འདུལ་ཕུར་པ་པདྨ་འོད་འབར་སྐབས་སུ་གསལ། ༈ ར་སྟོན་ཕུར་པ། ཀུན་གཟིགས་མཁྱེན་བརྩེ་རྡོ་རྗེ་འཆང༌། དེས་རྒྱལ་ཚབ་རྡོ་རྗེ་འཆང་དབང་མཆོག་ཕྲིན་ལས་འདུས་པ་རྩལ་ལ་བཀའ་བབ་ཆོས་བདག་ཏུ་བསྔགས་པས་སྨིན་གྲོལ་ཆིག་རྫོགས་སུ་བསྩལ། རྗེ་དེ་ལས་བཀའ་དྲིན་ཐོབ་པའོ། ༈ ༼ཁི༽ སྙན་བརྒྱུད་ཕུར་པ་མཁྱེན་བརྩེ། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། །ཟབ་ཁྲིད་མཁྱེན་བརྩེའི་ཞལ་ལུང་ཞལ་སློབ་བུ་ལུ་ཡོན་ཏན་རྒྱ་མཚོས་མཛད་པ་དེ་ལས་དྲི་མེད་འོད་ཟེར། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ མཆོག་གཏེར་ཟབ་བདུན་ཕུར་པ། ཐུགས་སྒྲུབ་རྣམ་གཉིས་སྐབས་སུ་གསལ། ཡང་ན། གུ་ཎ། པདྨ་ཨཀྵ་ར། དེས་དྷརྨ་མ་ཏི་ལའོ། །ཡང་ན་གཏེར་ཆེན། ཚ་སྒང་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ། དེ་ལས་གནས་དགོན་མཆོག་གླིང་གཉིས་པ་པདྨ་ཨཀྵ་ར། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ གསང་ཐིག་ཕུར་པ་ལུགས་འདིའི་རྡོར་སེམས་དང་འདྲ། ཡང་ན་གུ་ཎ། ཐུབ་བསྟན་རྒྱལ་མཚན་འོད་ཟེར། གཉིས་ཀས་ཏཱའི་སི་ཏུ་པདྨ་དབང་མཆོག་རྒྱལ་པོ། དེ་ལས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་སི་ཏུ་པདྨ་དབང་མཆོག་གིས་འཇམ་མགོན་གུ་ཎ་ལས་ཀྱང་གསན་གསུངས། ཡང་ན་འཇམ་མགོན་གུ་ཎ། རྡོར་སློབ་ཀརྨ་དབང་འབྱོར། བདག་མངྒ་ལའོ། ༈ སྙན་བརྒྱུད་མ་མོའི་གཏད་ཏིག་མཁྱེན་ཀོང་གཉིས་ཀས་དྷརྨ་ས་ར། དེས་ཡབ་རྗེ། དེ་ལས་དྷརྨ་མ་ཏི། དེས་བདག་ལའོ། ༈ ཟབ་བདུན་མ་མོ་མངོན་རྫོགས་རྒྱལ་པོ་ཐུགས་སྒྲུབ་རྣམ་གཉིས་སྐབས་སུ་གསལ། ༈ བདུད་འདུལ་དྲག་མོ་གུ་ཎ། ཐུབ་བསྟན་རྒྱལ་མཚན་འོད་ཟེར། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ ༼གི༽ ༼ངི༽ མཁྱེན་བརྩེའི་དྲང་སྲོང་ཞི་བ་མཉྫུ་གྷོ་ཥ། དྷརྨ་ས་ར། གཉིས་ཀས་ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ ཉང་གཏེར་ཁྲོས་ནག་དབང་རྒྱས་པ་གུ་ཎ་ལས། དྷརྨ་ས་ར་དང༌། པདྨ་བི་ཛ་གཉིས་ཀ་ལས་དྷརྨ་མ་ཏི། དེས་བདག་ལའོ། །དྷཱ་ཀི་གཙུག་གི་རྒྱན་ཅིག་མཁྱེན་བརྩེ་ལས། གཏེར་སྟོན་དྲི་མེད། དེས་ཀུན་གཟིགས་དྷརྨ་མ་ཏི། དེས་བདག་ལའོ། ༈ ཡང་གཏེར་མཁའ་འགྲོ་གསང་འདུས་མཁྱེན་ཀོང་གཉིས་ཀས་ལུང་འཛིན་ཆོས་བདག་རིག་འཛིན་སྣ་ཚོགས་རང་གྲོལ་ལམ་གར་དབང་བཞད་པ་རྩལ། དེས་རྗེ་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་གུ་ཎ། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལ། ཡང་ན་མཁྱེན་བརྩེ། བློ་གྲོས་བཟང་པོ། ཤེས་རབ་འོད་ཟེར། དེ་ལས་དྷརྨ་མ་ཏི། དེས་བདག་ལའོ། ༈ ༼ཙི༽ གཡག་ཕྱར་སྒྲོལ་མ། གུ་ཎ། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ སངས་གླིང་དགོངས་འདུས་མཁའ་འགྲོའི་དབང་གོང་གསལ་རྩ་བའི་ཆོས་སྡེའི་སྐབས་ལྟར་རོ། ༈ རཏྣའི་མཚོ་རྒྱལ་སྐོར་གསུམ་ཐུགས་སྒྲུབ་ཡང་འདུས་སྐབས་སུ་གསལ། ༈ ཕག་མོ་ཟབ་རྒྱ། གུ་ཎ། ཐུབ་བསྟན་རྒྱལ་མཚན་འོད་ཟེར། དེ་ལས་དྷརྨ་མ་ཏི། དེས་བདག་ལའོ། ༈ ཡང་གཏེར་ལས་གླིང་ཕག་དཀར། མཁྱེན་ཀོང་གཉིས་ཀ་ལས་ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ སྲོག་སྒྲུབ་ཡུམ་བཀའ་ཕག་མོའི་དབང་ཁྲིད་མཁྱེན་བརྩེ། རིག་འཛིན་སྣ་ཚོགས་རང་གྲོལ། དེས་རྗེ་དྷརྨ་མ་ཏི། དེས་བདག་ལའོ། །སྣ་ཚོགས་རང་གྲོལ་གྱིས་གུ་ཎ་ལས་ཀྱང་གསན། ༈ སྨིན་གཏེར་གསང་ཡེ་རིག་འཛིན་ཐུགས་ཐིག་སྐབས་སུ་གསལ། ༼ཆི༽ ཀློང་སྙིང་ཡུམ་བཀའ་རིགས་འདུས་སྐབས་སུ་གསལ། ༈ འཕགས་མའི་སྙིང་ཐིག་མཁྱེན་བརྩེ། གུ་ཎ་གཉིས་ཀས་དྷརྨ་ས་ར། དེས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་མཁྱེན་བརྩེ། དྷརྨ་ས་ར། དེ་གཉིས་ཀ་ལས་ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ མཆོག་གླིང་མཁའ་འགྲོ་དགོངས་འདུས་སྙིང་པོ། གུ་ཎ། ཡབ་རྗེ། དེ་ལས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་མཆོག་གཏེར་སྤྱི་བརྒྱུད་ཐུགས་སྒྲུབ་རྣམ་གཉིས་སྐབས་སུ་གསལ་བ་ལྟར་འདི་སྐོར་གཤམ་གསལ་རྣམས་ལ་འདྲའོ། ༈ སྒྲོལ་མ་འཇིགས་པ་ཀུན་སེལ། གུ་ཎ། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ གཅོད་དབང་འཁོར་འདས་གཞི་གྲོལ་གུ་ཎ། བཀྲ་ཤིས་འོད་ཟེར། གཉིས་ཀ་ལས་དྷརྨ་ས་ར་དང༌། པདྨ་བི་ཛ་གཉིས་ཀྱིས། དེ་གཉིས་ཀས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་པདྨ་བི་ཛ་ལས་བདག་མངྒ་ལས་བཀའ་དྲིན་དུ་ཐོབ། ༼ཇི༽ རྒྱུད་མགོན་ལེགས་ལྡན་གཙང་ཤོད་པའི་ཡིག་ཆའི་དབང་བརྒྱུད་གཏེར་ཆེན། པད་ཕྲིན། ཁམས་ལུང་པ་རིག་འཛིན་དབང་རྒྱལ། རྡོ་རྗེ་ཐོགས་མེད། སྐལ་བཟང་པདྨ་རྡོ་རྗེ། པདྨ་གསང་སྔགས་མཐུ་སྟོབས། ཀུན་བཟང་རྣམ་གྲོལ་མགོན་པོ། དཔལ་འབྱོར་རྒྱ་མཚོ། འགྱུར་མེད་མཐུ་སྟོབས་རྣམ་རྒྱལ། མཁྱེན་བརྩེའི་དབང་པོ། ཀུན་བཟང་འཇིགས་མེད་ཚེ་དབང་ནོར་བུ། སི་ཏུ་ཨོ་རྒྱན་ཆོས་ཀྱི་རྒྱ་མཚོ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ མཆོག་གཏེར་ལེགས་ལྡན། ལས་མགོན་བེར་ཅན་ཞལ་སྦྱོར། ཕྱག་བཞི་ཕྱག་དྲུག་སོགས་ཐུགས་སྒྲུབ་རྣམ་གཉིས་སྐབས་སུ་གསལ། ༈ རཏ་གླིང་མ་ནིང་ཐུགས་སྒྲུབ་ཡང་འདུས་སྐབས་སུ་གསལ། ཡང་ན་གུ་ཎ། ཐུབ་བསྟན་རྒྱལ་མཚན་འོད་ཟེར། དེ་ལས་དྷརྨ་མ་ཏི། དེས་བདག་ལའོ། ༈ ༼ཉི༽ སྨིན་གཏེར་ཞལ་བཞི་རིག་འཛིན་ཐུགས་ཏིག་སྐབས་སུ་གསལ། ཐུན་མོང་མ་ཡིན་པའི་སྲོག་དབང་ཁྲིད་བཅས་ཀཿཐོག་སི་ཏུ་དྷརྨ་ས་ར་དང༌། སྨིན་གླིང་རྡོར་འཛིན་རྣམ་གྲོལ་རྒྱ་མཚོ་ལས་གསན་གསུང༌། གཉིས་ཀས་གསན་ཡུལ་གཏེར་སྲས་རིག་འཛིན་ཚེ་དབང་ནོར་བུ་ལས་གསན། ༈ བྱང་གཏེར་བསྟན་བསྲུང་ཡོངས་རྫོགས་རིག་འཛིན་གདུང་སྒྲུབ་སྐབས་སུ་གསལ། ༈ མཆོག་གཏེར་ཆོས་སྐྱོང་དགོངས་འདུས་སྙིང་པོ་གུ་ཎ། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་རྗེ་གུ་ཎ། །གཏེར་སྲས་ཚེ་ནོར། གཏེར་སྲས་སྤྲུལ་སྐུ་འགྱུར་མེད་ཚེ་དབང་བསྟན་འཕེལ་ལས་བཀའ་དྲིན་ཐོབ། ༈ ཞིག་གླིང་དཔལ་མགོན་བདུན་ཅུ་གུ་ཎ། ཐུབ་བསྟན་རྒྱལ་མཚན་འོད་ཟེར། དེ་ལས་དྷརྨ་མ་ཏི། དེས་བདག་ལའོ། ༈ རིན་གཏེར་དཀྱུས་སུ་མི་བཞུགས་མོད་བརྒྱུད་ཡིག་ལས་འབྱུང་བའི་ལྷ་མོ་རབ་བརྟན་མའི་ཐུན་མོང་ཐུན་མིན་གྱི་རྗེས་གནང་མཁྱེན་བརྩེ། བློ་གཏེར་དབང་པོ། བསམ་གཏན་བློ་གྲོས། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ དཀར་བདུད་གཉིས་གུ་ཎ། བཀྲ་འཕེལ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ ལས་གླིང་ཐུགས་ཆེན་དམ་ཅན་རྗེས་གནང༌། །གུ་ཎ། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ ༼ཏི༽ ཞིག་གླིང་ཤ་ཟ་ཁ་མོ་ཆེ་གོང་གསལ་དཔལ་མགོན་བདུན་ཅུ་དང་འདྲ། ༈ ཙིའུ་དམར་པོའི་སྲོག་གཏད་མི་འགྱུར་ནམ་མཁའི་རྡོ་རྗེ། ཕུག་གོང་མཆོག་སྤྲུལ་གྲགས་པ་མཐུ་སྟོབས་རྣམ་རྒྱལ་ལམ་འགྱུར་མེད་ངེས་དོན་བསྟན་འཕེལ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ ཐང་ལྷའི་སྲོག་གཏད་གུ་ཎ། ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ ༼ཐི༽ རྗེས་དྲན་བཻ་རོའི་ཐུགས་ཏིག །གུ་ཎ། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ སངས་གླིང་བླ་མ་དགོངས་འདུས་བཟླས་བརྗོད་ནུས་པ་སྟོབས་འབྱིན། རྗེ་བླ་མ་འོད་གསལ་ལས་ལྗགས་ལུང་ཐོབ། ༈ བསྙེན་བསྒྲུབ་སྤྱི་གཅེས་ཆོས་གྲགས་གསུང༌། འཇམ་མགོན་གུ་ཎ། པདྨ་བི་ཛ་ལས་བདག་མངྒ་ལར་བཀའ་དྲིན་ཐོབ། ༈ ༼དི༽ ༼ནི༽ ལྷ་བཙུན་བརྟགས་བསྒྲིལ་མན་ངག །རྗེ་མཁྱེན་བརྩེའི་དབང་པོ་ལས། སི་ཏུ་དྷརྨ་ས་ར། གཏེར་ཆེན་ལས་གླིང༌། རྡོར་གྲུབ་འཇིགས་མེད་བསྟན་པའི་ཉི་མ། གཏེར་སྟོན་དྲི་མེད། སྐྱབས་རྗེ་པདྨ་བི་ཛ་རྣམས་ཀྱིས་གསན། དེ་ཐམས་ཅད་ལས་རྗེ་བླ་མ་དྷརྨ་མ་ཏིས་གསན། དེས་བདག་ལའོ། ༼པི༽ ༼ཕི༽ ཀག་ཟློག་རྣམ་དགུ། ཧ་ས་གརྦྷ། དབང་ཕྱུག་ཟོར་མདོས། མ་མོའི་ཁྲག་མདོས་ཆོ་ག་རྣམས་དཔལ་སྤུངས་སྤར་དུ་མེད། ཀརྨ་པ་མཁའ་ཁྱབ་རྡོ་རྗེས་ཁ་གསབ་མཚུར་ཕུར་ཡོད་པའི་ལུང་རྒྱུན་རྒྱལ་དབང་མཁའ་ཁྱབ་རྡོ་རྗེ། ཐུགས་སྲས་འཇམ་མགོན་མཆོག་སྤྲུལ་མཁྱེན་བརྩེའི་འོད་ཟེར། ཟུར་མང་འབྲུག་པ་སྤྲུལ་སྐུ། བན་ཆེན་སྤྲུལ་སྐུ་བསྟན་འཛིན་རྣམ་རོལ་ལས་བདག་མངྒ་ལས་ཐོབ་པའོ། ༈ ༼བི༽ དུག་དབང་རྡོ་རྗེ་ཕ་ལམ། རབ་འབྱམས་དྲུག་པ་ཀུན་བཟང་བསྟན་པའི་ཉི་མ་ལས་རྗེ་དྷརྨ་མ་ཏིས་གསན། དེས་བདག་མངྒ་ལ་ལའོ། ༈ ཞི་བྱེད་སྐོར་བདུན། གུ་ཎ། དྷརྨ་ས་ར། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། མི༽ ཐུགས་རྡོར་དགོངས་གཏེར་མིག་འབྱེད་དབང༌། གུ་ཎ། ཐུབ་བསྟན་རྒྱལ་མཚན་འོད་ཟེར། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ རྭ་ཞི་པདྨ་རིག་འཛིན་གྱི་ཁྱུང་སྒྲུབ་གདུག་པ་ཀུན་འདུལ། གུ་ཎ། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ དགོངས་གཏེར་གསང་བདག་ཉི་མ་མདུང་གང་མའི་དབང་གོང་གསལ་མིག་འབྱེད་དང་འདྲ། ༈ ༼ཙི༽ ༼ཚི༽ ཆོས་དབང་འཁོར་བ་དོང་སྤྲུགས་མཁྱེན་ཀོང་གཉིས་ཀ་ལས་དྷརྨ་ས་ར། དེས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་གུ་ཎ། པདྨ་བི་ཛ། དེ་ལས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་སྒྲུབ་བཏུས་བརྒྱུད་པ་ལྟར་རོ། ༈ མཆོག་གཏེར་རྡོར་སེམས་སྒྲིབ་སྦྱོང་ཡེ་ཤེས་ཆུ་རྒྱུན་གུ་ཎ། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་མངྒ་ལ་ལའོ། ༈ ཐུགས་སྒྲུབ་བླ་མ་ལོངས་སྐུ་ངན་སོང་དོང་སྤྲུགས་དབང་མྱོང་གྲོལ་རིལ་དབང་བཅས། གུ་ཎ། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ འབུམ་རྫོང་གཏེར་བྱོན་ཐུགས་ཆེན་འཁོར་བ་དོང་སྤྲུགས། གུ་ཎ། ཚེ་ནོར། པདྨ་ཨཀྵ་ར། དེས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་མཁྱེན་བརྩེ། ཡབ་རྗེ། དེ་ལས་དྷརྨ་མ་ཏི། དེས་བདག་ལའོ། ༈ རིགས་གསུམ་སྙིང་ཐིག་གི་འཁོར་བ་དོང་སྤྲུགས། གུ་ཎ་ལས། དྷརྨ་ས་ར། པདྨ་བི་ཛ། མཁན་ཐུབ་བསྟན་རྒྱལ་མཚན་གསུམ་གྱིས། གསུམ་ཀས་དྷརྨ་མ་ཏི། དེས་བདག་ལའོ། ༈ སྒྲ་མི་སྙན་གྱི་ཚེ་སྒྲུབ་མཁྱེན་བརྩེ། བློ་གཏེར་དབང་པོ། དེས་དྷྱཱ་ན་མ་ཏི་དང་སྡེ་གཞུང་མཆོག་སྤྲུལ་ཀུན་དགའ་རྒྱལ་མཚན་གཉིས་ལ། གཉིས་ཀས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་མཁྱེན་བརྩེ། ཀུན་དགའ་འཇམ་དབྱངས། ངག་དབང་ལེགས་པ། དེས་ཀུན་དགའ་རྒྱལ་མཚན། དེ་གཉིས་ཀ་ལས་དྷརྨ་མ་ཏི། དེས་བདག་ལའོ། ༈ ཆོས་གླིང་ཉེ་བརྒྱུད་ཐང་རྒྱལ་ཚེ་སྒྲུབ་མཁྱེན་ཀོང་གཉིས་ཀས་དྷརྨ་ས་ར། དེས་དྷརྨ་མ་ཏི་ལའོ། །ཡང་ན་མཁྱེན་བརྩེ། ཀུན་དགའ་འཇམ་དབྱངས། །དེ་ལས་དྷརྨ་མ་ཏི། ཡང་ན་སྒྲུབ་བཏུས་སྤྱི་བརྒྱུད་ལྟར་རོ། ༈ ༼ཛི༽ དག་སྣང་ཚེ་ཡུམ་ཙཎྜ་ལི་མཁྱེན་བརྩེ་གུ་ཎ། གཉིས་ཀས་དྷརྨ་ས་ར། དེས་དྷརྨ་མ་ཏི་ལའོ། །ཡང་ན་གུ་ཎ། ཡབ་རྗེ། དེ་ལས་དྷརྨ་མ་ཏི། ཡང་ན་མཁྱེན་བརྩེ། ཆོས་བདག་རྟོགས་ལྡན་ཤཱཀྱ་ཤྲཱི་ཛྙཱ་ན། སྲས་མཁྱེན་བརྩེའི་ཐུགས་སྤྲུལ་འཕགས་མཆོག་རྡོ་རྗེ། དེས་དྷརྨ་མ་ཏི་ལའོ། །ཡང་ན་མཁྱེན་བརྩེ། ལྷ་སྲས་རྣམ་འཕྲུལ་གླིང་དཀར་ཆོས་རྒྱལ་པདྨ་བཞད་པ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ འོད་གསལ་སྙིང་ཏིག་གི་ཕག་དཀར་མཁྱེན་ཀོང་གཉིས་ཀ་ལས་དྷརྨ་ས་ར། དེས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་མཁྱེན་བརྩེ། ཡབ་རྗེ། དེ་ལས་དྷརྨ་མ་ཏི། དེས་བདག་མངྒ་ལའོ། ༈ ཕྱི་འགྱུར་མ་ཏི་ལུགས་ཀྱི་འཇམ་དཀར་དང༌། དམ་པའི་སྨྲ་སེང་གི་རྗེས་གནང་མཁྱེན་བརྩེ། མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེ། སི་ཏུ་པདྨ་དབང་མཆོག་རྒྱལ་པོ། དེས་དྷརྨ་མ་ཏི་ལའོ། །ཡང་ན་མཁྱེན་ཀོང་གཉིས་ཀ་ལས་འཇམ་མགོན་ངག་དབང་ལེགས་པ། དེས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་མཁྱེན་བརྩེ། མཁས་དབང་བཀྲ་འཕེལ། དེ་ལས་དྷརྨ་མ་ཏི། དེས་སོ། །ཡང་ན་སྒྲུབ་བཏུས་སྤྱི་བརྒྱུད་མཁྱེན་བརྩེ། འཇམ་དབྱངས་བློ་གཏེར་དབང་པོ། མཁན་བསམ་གཏན་བློ་གྲོས། ཡང་ན་མཁྱེན་བརྩེ་ནས། ངོར་མཁན་ཆེན་དཔལ་ལྡན་བློ་གྲོས་རྒྱལ་མཚན། དེ་ལས་བསམ་གཏན་བློ་གྲོས། དེས་དྷརྨ་མ་ཏི། དེས་བདག་ལའོ། །གོང་འོག་རྣམས་སུ་སྒྲུབ་བཏུས་སྤྱི་འབྱུང་བ་ཐམས་ཅད་འདིའོ། །མ་ཏིའི་འཇམ་དཀར་རྗེས་གནང་མི་ཕམ་རིན་པོ་ཆེར་ལབ་སྐྱབས་མགོན་དབང་ཆེན་དགྱེས་རབ་རྡོ་རྗེ་ཞེས་འཇམ་དཔལ་གྱིས་རྗེས་སུ་བཟུང་བ་ལ་ཐུགས་སྲས་འཇམ་དཔལ་གྱི་སྤྲུལ་པ་བཞི་འབྱུང་བར་ལུང་བསྟན་པའི་གཅིག་མི་ཕམ་རིན་པོ་ཆེ་ཡིན་གསུངས་ཏེ་རྗེས་གནང༌། གདམས་ངག་སྐོར། སྒྲུབ་ཐབས་དང་བཅས་པའི་ལྗགས་ལུང་བསྩལ་བར་གསུང་བ་ཡང་ཐོབ། མ་ཏིའི་འཇམ་དཀར། དམ་པའི་སྨྲ་སེང༌། བྲམ་ཟེ་ཕུར་བུའི་དབྱངས་ཅན་དཀར་མོ་གསུམ་ཆར་མི་ཕམ་རིན་པོ་ཆེ་འཇམ་པའི་དབྱངས་ཀྱིས་མཁྱེན་བརྩེ་རྡོ་རྗེ་འཆང་ལས་གསན། མི་ཕམ་ཞབས་ཀྱིས་སི་ཏུ་པདྨ་དབང་མཆོག །དེ་ལས་བདག་གི་རྗེ་བླ་མ་དང་ལྷན་ཅིག་བཀའ་དྲིན་ཐོབ་པའོ། ༈ ༼ཝི༽ རཏྣ་ཐོད་ཕྲེང་རྩལ་གྱི་དབང་མཁྱེན་བརྩེ། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་མཁྱེན་བརྩེ། ཀོང་སྤྲུལ་རིན་པོ་ཆེ། གཏེར་སྟོན་དྲི་མེད། མཉན་པ་རིན་པོ་ཆེ་དགུ་པ་ལས་ཐོབ་པའོ། ༈ གྲྭ་མངོན་ཛམ་དམར་རྫོགས་ཆེན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ལས་རྗེ་དྷརྨ་མ་ཏི། དེས་བདག་ལའོ། ༈ ཡང་གཏེར་ཡཀྴ་ཛམ་བྷ་ལ། གུ་ཎ་ལས་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་དང༌། ཡབ་རྗེ་གཉིས་ཀྱིས། གཉིས་ཀས་དྷརྨ་མ་ཏི། དེས་བདག་ལའོ། ༼ཞི༽ མཆོག་གཏེར་རྣམ་སྲས་འཇམ་མགོན་རྣམ་པ་གཉིས་ཀ་ལས། གཏེར་ཆེན་མཆོག་སྤྲུལ་དཀོན་མཆོག་འགྱུར་མེད་བསྟན་པའི་རྒྱལ་མཚན། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ དཀྱུས་སུ་མི་བཞུགས་མོད་ལྷ་མོ་དཔལ་གྱི་སྒོམ་ལུང་ཉེར་འཁོར་ཞར་བྱུང་བསྩལ་བ་སྒྲུབ་བཏུས་སྤྱི་བརྒྱུད་ལྟར་དང༌། ཡང་ན། གུ་ཎ། བཀྲ་འཕེལ། དེས་དྷརྨ་མ་ཏི་ལ། ཡང་ན། གུ་ཎ་ལས་ཐུབ་བསྟན་རྒྱལ་མཚན་འོད་ཟེར། ཀཿཐོག་རྗེ་དབོན་རིན་པོ་ཆེ་པདྨ་རྒྱལ་མཚན། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ ༼ཟི༽ རོང་ཟོམ་པདྨ་མཁའ་འགྲོ། གུ་ཎ། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་རྗེ་གུ་ཎ། རྫོགས་ཆེན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ལས་བླ་མ་དྷརྨ་མ་ཏིས་གསན། ཡང་ན་འཇམ་མགོན། གཏེར་སྟོན་དྲི་མེད་པདྨ་གླིང་པ། སངས་རྒྱས་མཉན་པ། དེ་ལས་བདག་གིས་ཐོབ་པའོ། ༈ ཆོས་གླིང་ཛམ་དམར་གུ་ཎ། ཐུབ་བསྟན་རྒྱལ་མཚན་འོད་ཟེར། དེས་དྷརྨ་མ་ཏི། དེས་བདག་ལའོ། །བྱང་གཏེར་ལྷ་ཆེན་གོང་གི་ཆོས་སྐོར་ཛམ་དམར་དང་འདྲ། ༈ ༼འི༽ སྨིན་ལུགས་ལྷ་ཆེན་སྤྱི་བརྒྱུད་རིག་འཛིན་ཐུགས་ཏིག་སྐབས་སུ་གསལ། ༈ མཆོག་གཏེར་ལྷ་ཆེན་གཉིས་ལུགས་འདིའི་སྤྱི་བརྒྱུད་ཐུགས་སྒྲུབ་རྣམ་གཉིས་སྐབས་ལྟར། ༈ ༼ཡི༽ ༈ ༼རི༽ མཆོག་གཏེར་ལུང་ཆེན་རྡོ་རྗེ་བཀོད་པ་སོགས་ཀྱི་བརྒྱུད་པ་འདྲ་མིན་ཐུགས་སྒྲུབ་རྣམ་གཉིས་སྐབས་སུ་གསལ། ༈ མཆོག་གཏེར་ལུང་ལུགས་ཕུར་གཅིག་མཁྱེན་བརྩེའི་དབང་པོ། ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ། དེས་ཀུན་གཟིགས་དྷརྨ་མ་ཏི། དེས་བདག་ལའོ། ༈ དྲི་མེད་ཀུན་དགའི་ཕྱག་ཆེན་དམར་ཁྲིད་ཐུགས་ཆེན་རྒྱལ་རྒྱམ་སྐབས་སུ་གསལ། ༈ རྒྱུད་བཅུ་བདུན་དབང༌། དྷརྨ་ས་ར། དེས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་ཐུབ་བསྟན་རྒྱལ་མཚན་འོད་ཟེར། དེ་ལས་དྷརྨ་མ་ཏི། དེས་བདག་མངྒ་ལ་ལའོ། ༈ ༼ལི༽ ལྕེ་བཙུན་སྙིང་ཐིག་མཁྱེན་ཀོང་གཉིས་ཀ་ལས་རིག་འཛིན་སྣ་ཚོགས་རང་གྲོལ་དང༌། པདྨ་བི་ཛ་གཉིས་ཀས། དེ་གཉིས་ཀ་ལས་ཀུན་གཟིགས་དྷརྨ་མ་ཏིས་སོ། །ཡང་ན་མཁྱེན་བརྩེ་ལས། ལས་རབ་གླིང་པ་དང༌། ཡབ་རྗེ་གཉིས་ཀས། གཉིས་ཀ་ལས་དྷརྨ་མ་ཏི། དེས་བདག་ལའོ། །མཁྱེན་བརྩེའི་ཞལ་གསུང་ལས་རབ་གླིང་པས་ཟིན་བྲིས་བཏབ་པའི་ཁྲིད་ཡིག །ལས་གླིང་ཉིད་ལས་རྗེ་དྷརྨ་མ་ཏིས་གསན་ཞིང༌། དེས་བདག་ལའོ། །སྐྱབས་རྗེ་གདོད་མའི་མགོན་པོ་པདྨ་བི་ཛ་ལས་རང་ལོ་བཅུ་སྟེང་ལན་གཅིག །སླར་གཅིག་བཅས་ལན་གཉིས་བཀའ་དྲིན་ཐོབ། ༈ མཁའ་འགྲོ་སྙིང་ཐིག་གུ་ཎ་ལས། དྷརྨ་ས་ར་དང༌། པདྨ་བི་ཛ་གཉིས་ཀྱིས། གཉིས་ཀས་རྗེ་དྷརྨ་མ་ཏི། དེས་བདག་ལའོ། ༼ཤི༽ རིན་གླིང་རྫོགས་ཆེན་ཆིག་ཆོད་ཀུན་གྲོལ་གུ་ཎ། ཐུབ་བསྟན་རྒྱལ་མཚན་འོད་ཟེར། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ རཏ་གླིང་ཀློང་གསལ་ཐུགས་སྒྲུབ་ཡང་འདུས་སྐབས་སུ་གསལ། ༈ བདུད་ཀློང་གི་རྫོགས་ཆེན་ཁྲིད་རྒྱུན་འདི་རྗེ་མཁྱེན་བརྩེ་རིན་པོ་ཆེར་ཉེ་བརྒྱུད། ཛ་ཀ་མཆོག་སྤྲུལ། མཁན་ཆེན་ངག་དབང་དཔལ་བཟང༌། གསེར་པ་གཏེར་སྲས་འཆི་མེད། འཇམ་པའི་དབྱངས་དྷརྨ་མ་ཏི། དེས་བདག་ལའོ། ༼སི༽ མཆོག་གཏེར་པད་འབྱུང་དབང་ཁྲིད་ཐུགས་སྒྲུབ་རྣམ་གཉིས་སྐབས་ལྟར་རོ། ༈ སྡེ་གསུམ་གསང་སྐོར་བཀའ་བརྒྱད་རྫོགས་འཕྲང་རིག་འཛིན་རྩལ་འཆང་ལྷན་རྒྱས་པར། ཚེ་ནོར། དེ་ལས་མཆོག་གླིང་གཉིས་པ་པདྨ་ཨཀྵ་ར། དེས་མཁྱེན་བརྩེ་སྐུ་ཕྲེང་གཉིས་པ་ཀུན་གཟིགས་དྷརྨ་མ་ཏི། དེས་བདག་ལའོ། ༈ སྨིན་གླིང་ཨ་ཏི་ཟབ་དོན། གུ་ཎ་དང༌། རབ་འབྱམས་ལྔ་པ་འགྱུར་མེད་ཀུན་བཟང་བདེ་ཆེན་རྒྱལ་པོ་གཉིས་ལས། པདྨ་བི་ཛ། དེས་དྷརྨ་མ་ཏི། དེས་བདག་ལའོ། །གདོད་མའི་མགོན་པོ་པདྨ་བི་ཛ་ལས་ཀྱང་སྨིན་གྲོལ་བཀའ་དྲིན་ཐོབ། ༈ མཆོག་གཏེར་དགའ་རབ་སྙིང་ཐིག་གི་ཡི་དམ་ཞི་ཁྲོ་གཉིས་ཀའི་དབང་ཁྲིད་ལུང་བཅས་མཁྱེན་བརྩེ། པདྨ་བི་ཛ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ ༼ཧི༽ དུང་མཚོ་རས་པའི་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག །ཀུན་གཟིགས་དྷརྨ་ས་ར། དེས་རྗེ་དྷརྨ་མ་ཏི། དེས་བདག་མངྒ་ལའོ། ༈ རིགས་གསུམ་སྙིང་ཐིག་མཆོག་གླིང་དང་མཁྱེན་ཀོང་གཉིས་བཅས་གསུམ་ཀས། ཚེ་ནོར། པདྨ་འགྱུར་མེད་ཐེག་མཆོག་བསྟན་འཕེལ། དེས་རྗེ་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་ཚེ་ནོར། དྷརྨ་ས་ར། ཡབ་རྗེ། དེ་ལས་དྷརྨ་མ་ཏི། དེས་བདག་ལའོ། ༈ ༼ཨི༽ ༈ ཉང་གཏེར་བླ་མ་དམར་ཁྲིད་མཁྱེན་ཀོང་གཉིས་ཀ་ལས་ཀུན་གཟིགས་དྷརྨ་ས་ར། དེས་རྗེ་བླ་མ་དྷརྨ་མ་ཏི། དེས་བདག་ལའོ། ༈ ༼ཨོཾ༽ འདོད་བུམ་ཡོངས་རྫོགས་གཏེར་ཆེན། རིན་རྣམ། པདྨ་བསྟན་འཛིན། ཕྲིན་ལས་རྣམ་རྒྱལ། ཕྲིན་ལས་ཆོས་སྒྲོན། སངས་རྒྱས་ཀུན་དགའ། ཡིད་བཞིན་དབང་རྒྱལ། རྗེ་བཙུན་མ་ཡེ་ཤེས་ཆོས་སྒྲོན། ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོའམ་འགྱུར་མེད་འཇམ་དབྱངས་ཚུལ་ཁྲིམས། དེས་ཀུན་གཟིགས་མཉྫུ་གྷོ་ཥ་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་སངས་རྒྱས་ཀུན་དགའ་ནས་མཁོ་དགོན་དམ་པ་བླ་མ་བློ་གྲོས་ཐོགས་མེད་ལས་ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོས་གསན་པའོ། །ཡང་ན་འདོད་བུམ་ཡོངས་རྫོགས་འཇམ་མགོན་གུ་ཎ། རྗེ་བླ་མ་པདྨ་བི་ཛ་ལས་དབང་ལུང་གཉིས་ཀ་བཀའ་དྲིན་གྱིས་ཁྱབ་པའོ། ༈ ༼ཨཱཿ༽ འཇམ་མགོན་རྣམ་ཐར་ལུང་བརྒྱུད་འཇམ་པའི་རྡོ་རྗེ་བློ་གྲོས་མཐའ་ཡས་དང༌། ཟུར་མང་དྲུང་རིན་པོ་ཆེ་ཀརྨ་ཆོས་ཀྱི་ཉིན་བྱེད། བླ་མ་ཀརྨ་འོད་གསལ་ལྷུན་གྲུབ་ལས་བཀའ་དྲིན་ཐོབ། ༈ མཛད་པ་ཐ་མའི་རྣམ་ཐར། མཛད་པ་པོ་བཀྲ་ཤིས་ཆོས་འཕེལ། དྲུང་རིན་པོ་ཆེ་ཀརྨ་ཆོས་ཀྱི་ཉིན་བྱེད། བླ་མ་ཀརྨ་འོད་གསལ་ལྷུན་གྲུབ་ལས་བཀའ་དྲིན་ཐོབ་པའོ། ༈ རྩ་གསུམ་འོད་གསལ་སྙིང་ཏིག་ཀུན་གཟིགས་མཁྱེན་བརྩེ་རྡོ་རྗེ་འཆང་ལས། འཇམ་མགོན་ཆོས་ཀྱི་རྒྱལ་པོ་པདྨ་གར་དབང༌། དེ་ལས་ཀཿཐོག་སི་ཏུ་ཨོ་རྒྱན་ཆོས་ཀྱི་རྒྱ་མཚོ། དཔལ་སྤུང་མཁས་དབང་བླ་མ་བཀྲ་ཤིས་ཆོས་འཕེལ་གཉིས་ཀྱིས་གསན། དེ་གཉིས་ཀ་ལས་འཇམ་མགོན་ཆོས་ཀྱི་བློ་གྲོས་རིས་མེད་བསྟན་པའི་རྒྱལ་མཚན་གྱིས་གསན་ནས་གུས་རྨོངས་ལ་བཀའ་དྲིན་གྱིས་ཁྱབ་པའོ། ༈ ༼ཧཱུྃ༽ རྒྱབ་ཆོས་ལམ་རིམ་ཡེ་ཤེས་སྙིང་པོའི་བཤད་ཁྲིད་མཁྱེན་བརྩེ། མཆོག་གླིང་གཉིས་ཀ་ལས། ཚ་སྒང་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ། གཏེར་ཆེན་མཆོག་སྤྲུལ་ངེས་དོན་གྲུབ་པའི་རྡོ་རྗེའམ་པདྨ་ཐེག་མཆོག་བསྟན་འཕེལ། དེས་རྗེ་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་མཁྱེན་བརྩེ། གུ་ཎ། མཁས་དབང་བླ་མ་བསྟན་འཛིན་ཆོས་འཕེལ། ཚེ་དབང་ནོར་བུ། ཀུན་གཟིགས་དྷརྨ་ས་ར། ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ། དེས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་ཚེ་ནོར། དྷརྨ་ས་ར། མཁས་དབང་ཀརྨ་བཀྲ་ཤིས་ཆོས་འཕེལ། དེ་ལས་རྗེ་དྷརྨ་མ་ཏི། དེས་བདག་མངྒ་ལ་ལའོ། །ཡང་ན་ཚེ་ནོར་ལས་གཏེར་སྤྲུལ་ངེས་དོན་གྲུབ་པའི་རྡོ་རྗེས་གསན་པ་མན་འདྲ། རིན་གཏེར་ཆེན་པོའི་སྨིན་གྲོལ་གཏང་རག་རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་སྒྲུབ་ཆེན་སྐབས་ལྗགས་བཤད་དུ་བཀའ་དྲིན་ཆེན་པོས་རྗེས་སུ་བཟུང་བའོ། ༈ ཆོས་མཛོད་སྤར་དུ་བསྒྲུབ་པའི་རྟོགས་བརྗོད། མཛད་པ་པོ་རྒྱལ་དབང་ཀརྨ་པ་མཁའ་ཁྱབ་རྡོ་རྗེ། བླ་བྲེ་ནོར་བུ་སྤྲུལ་སྐུ་ཀརྨ་ཚུལ་ཁྲིམས་འགྱུར་མེད་ལས་བདག་གིས་ཐོབ་པའོ། །དེ་ལྟར་རིན་ཆེན་གཏེར་མཛོད་ཆེན་པོ་སྤྱིའི་བརྒྱུད་པ་རགས་རིམ་ནི། ཡབ་རྗེ་རིག་པ་འཛིན་དབང་མཆོག་གིས་དཔལ་ཡུལ་སྐུ་ཆེན་ཀརྨ་ཡང་སྲིད་ཨོ་རྒྱན་མདོ་སྔགས་ཆོས་ཀྱི་ཉི་མ་ལས་གཏེར་མཛོད་དབང་དང་ཁྲིད་རིགས་རྫོགས་པར་གསན་པ་སྟེ། དཔལ་ཡུལ་སྐུ་ཆེན་གྱིས་འཇམ་མགོན་རིན་པོ་ཆེ་ལས་གཏེར་མཛོད་ལན་བཞི་པར་དབང་ཁྲིད་རྣམས་གསན། ལུང་འཇམ་མགོན་བླ་མ་ལས་རྫོགས་ཆེན་མཁན་པོ་ཨ་དཀོན་དང་གསེར་པ་བླ་མ་ཨོ་རྒྱན་ལྷུན་གྲུབ་ལས་ཡབ་རྗེས་གསན་པ་ཡིན་པ་དང་དེར་མི་བཞུགས་པའི་ཁ་སྐོང་གི་དབང་རིགས་ཡབ་རྗེས་ཀཿཐོག་སི་ཏུ་རིན་པོ་ཆེ་དང༌། ལུང་རྣམས་གྲུབ་དབང་པདྨ་ནོར་བུ་ལས་གསན་ཏེ་དབང་ལུང་ཁྲིད་བཅས་ཆ་ཚང་བཞུགས་ཤིང༌། ཡབ་རྗེ་མཆོག་ནས་འཇམ་མགོན་རྡོ་རྗེ་འཆང་རྣམ་གཉིས་དངོས་ལས་གསན་པའང་མང་ཞིག་སྣང་བ་དང༌། རྗེ་བླ་མ་འཇམ་མགོན་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་ཀྱང་འཇམ་མགོན་རྣམ་གཉིས་དངོས་སློབ་དུ་མ་ལས་གསན་པ་མཆན་གསལ་ལྟར་ཤེས་པར་བྱའོ། །གཏེར་མཛོད་འཆད་དང་ཉན་པས་ས་སྟེང་ཁྱབ། །གཏེར་མཛོད་དཔེ་ཡིས་ཛམ་གླིང་ཀུན་བརྡལ་ཡང༌། །གཏེར་མཛོད་སྙིང་པོ་བླ་རྫོགས་ཐུགས་གསུམ་གྱི། །གཏེར་མཛོད་ཁྱད་ཆོས་ཤེས་པ་ཉིན་སྐར་ཙམ། །ཞེས་ཀྱང་སྨྲས་སོ། ༈ སངས་རྒྱས་ཀུན་དངོས་པདྨ་འབྱུང་གནས་ཀྱི། །ཐུགས་བཅུད་རིན་ཆེན་གཏེར་གྱི་མཛོད་ཆེན་པོའི། །སྨིན་གྲོལ་ཟབ་མོ་ཇི་ལྟར་ཐོབ་པའི་གཏམ། །ཡིད་ཆེས་བརྒྱུད་པའི་རིམ་པར་བཅས་པ་ལ། །དད་སློབ་སྐལ་བཟང་འདུས་པའི་ཚོགས་རྣམས་ལ། །ཆོས་སྦྱིན་སྤེལ་བས་ཚེ་རབས་ཐམས་ཅད་དུ། །གུ་རུ་པདྨས་རྗེས་བཟུང་ས་ལམ་རྫོགས། །རང་གཞན་དོན་གཉིས་ཡིད་བཞིན་འགྲུབ་པ་དང༌། །རྒྱལ་བསྟན་རིས་མེད་དར་རྒྱས་བསྟན་འཛིན་རྣམས། །ཞབས་བརྟན་དགེ་འདུན་སྡེ་འཕེལ་ཐུགས་མཐུན་ཞིང༌། །བཤད་སྒྲུབ་བྱ་བས་ཕན་བདེའི་དཔལ་ཡོན་འཕེལ། །འགྲོ་ཀུན་སྐུ་བཞིའི་དབྱིངས་སུ་སངས་རྒྱས་ཤོག །ཅེས་པའང་མཁྱེན་སྤྲུལ་རྒན་བུས་སྨོན་པ་སིནྟི་རསྟུ། ༈ ཨོཾ་སྭ་སྟི་བི་ཛ་ཡནྟུ། ཕུལ་བྱུང་བྱིན་རླབས་ནོར་བུའི་སྤྲིན་གྱི་ངོགས། །བསམ་ཡས་སྒྱུ་འཕྲུལ་གློག་གི་ཕྲེང་གར་བཅས། །དངོས་གྲུབ་ཕྲིན་ལས་བདུད་རྩིའི་ཆར་འཇོ་བ། །སངས་རྒྱས་གཉིས་པ་མཚོ་སྐྱེས་རྒྱལ་བས་སྲུངས། ༈ གསང་སྔགས་མ་ཧཱ་ཡོ་གའི་དངོས་གྲུབ་ཀྱི་རྩ་བ་ཡི་དམ་སྒྲུབ་སྡེ་རབ་འབྱམས་ཀྱི་ཕྱི་མོ་སྙིང་དང་འདྲ་བ་བཀའ་བརྒྱད་བདེ་གཤེགས་འདུས་པ་མངའ་བདག་ཉང་ཉི་མ་འོད་ཟེར་གྱིས་ལྷོ་བྲག་མཁོ་མཐིང་གི་རྣམ་སྣང་སྐུ་རྒྱབ་ཀྱི་སྒྲོམ་བུ་ནས་སྤྱན་དྲངས་ཤིང་བཀའ་གཏེར་ཆུ་བོ་གཅིག་འདྲེས་ཀྱི་དབང་གི་མདོ་བྱང་ཆེན་པོ་སྒྲུབ་དབང་དང་འབྲེལ་བར་ཐོབ་པ་བརྒྱུད་སྲོལ་ཀུན་འདུས་སྨིན་གླིང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཨོ་རྒྱན་གཏེར་བདག་གླིང་པ་ཡན་ཆད་བརྒྱུད་འདེབས་ལྟར་ལ། གཏེར་ཆེན་ལས་རྒྱལ་སྲས་རིན་ཆེན་རྣམ་རྒྱལ། ཁྲི་ཆེན་པདྨ་བསྟན་འཛིན། ཁྲི་ཆེན་ཕྲིན་ལས་རྣམ་རྒྱལ། ཞེ་ཆེན་རྒྱལ་ཚབ་སྐུ་ཕྲེང་དང་པོ་བསྟན་འཛིན་ཆོས་རྒྱལ། ཞེ་ཆེན་དབོན་སྤྲུལ་འགྱུར་མེད་བསྟན་འཛིན་འཕེལ་རྒྱས་ལས། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང༌། འཇམ་མགོན་པདྨ་གར་དབང་གཉིས་ཀྱིས་གསན། རྗེ་མཁྱེན་བརྩེ་ལས་བཀའ་བརྒྱད་བདེ་འདུས་དབང་ཆེན་དང༌། འཇམ་མགོན་གུ་ཎ་ལས། བཀའ་བརྒྱད་གསང་རྫོགས་དབང་ཆེན་སྒྲུབ་དབང་དུ་ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོས་གསན། དེ་ལས་རྗེ་ཆོས་ཀྱི་བློ་གྲོས་ཀྱིས་གསན། ཞེ་ཆེན་རྒྱལ་ཚབ་གསུམ་པ་འགྱུར་མེད་པདྨ་རྣམ་རྒྱལ་མཆོག་གིས་བཀའ་བརྒྱད་བདེ་འདུས་དབང་ཆེན་འཇམ་མགོན་གུ་ཎ་དང༌། རྡོར་གླིང་བཀའ་བརྒྱད་དབང་ཆེན་ཉེ་བརྒྱུད་དུ་རྗེ་མཁྱེན་བརྩེ་ལས་གསན་སྐབས་ཉང་གཏེར་བདེ་འདུས་དང་ཆུ་གཅིག་འདྲེས་སུ་ཡིན་པས་གཉིས་གོ་གཅིག་ཆོད་དུ་འགྱུར་ཞེས་གསན། དེས་འཇམ་མགོན་བླ་མ་ཆོས་ཀྱི་བློ་གྲོས་དང༌། ཞེ་ཆེན་ཀོང་སྤྲུལ་འགྱུར་མེད་ཀུན་བཟང་གཞན་ཕན་མཐའ་ཡས་གཉིས་ཀྱིས་གསན་རྗེ་བླ་མ་དེ་གཉིས་ལས་བདག་མངྒ་ལ་ལ་བཀའ་དྲིན་ཆེན་པོས་རྗེས་སུ་བཟུང་སྟེ་སྒྲུབ་ཆེན་སྨན་སྒྲུབ་དང་འབྲེལ་བར་བཀའ་དྲིན་དུ་ཐོབ་པའོ། ༈ ཡང་ན། སྨིན་གཏེར་རིན་པོ་ཆེ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། ཁྲི་པད་བསྟན། ཁྲི་ཕྲིན་ལས་རྣམ་རྒྱལ། ཁྲི་ཆེན་ཡིད་བཞིན་དབང་རྒྱལ། ཡབ་རྗེ་འགྱུར་མེད་འཇམ་དབྱངས་ཚུལ་ཁྲིམས། རྗེ་བླ་མ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་བདག་མངྒ་ལ་ལའོ། །རྒྱ་ཆེན་བཀའ་ཡི་སྙིང་པོ་ཟབ་གཏེར་གྱི། །སྨིན་གྲོལ་རིན་ཆེན་ལྷུན་པོ་བཀོད་མཛེས་དཔལ། །མཁས་གྲུབ་ལྷ་དབང་གྲོང་གིས་མཛེས་བཞིན་དུ། །ཕན་བདེའི་དགའ་སྟོན་ཅིག་ཅར་རྒྱས་གྱུར་ཅིག །སརྦ་མངྒ་ལཾ།། །།}} | ༄༅། །ཨོཾ་སྭ་སྟི་བི་ཛ་ཡནྟུ། དཔྃལ་ལྡནྃ་རྫོགས་པའི་སངྃས་རྒྱསྃ་ཀུན་འདུས་སྐུ་ལྔ་ལྷུན་གྲུབ་པྃདྨྃ་རྒྱལྃ། །དུས་གསུམ་ཀུནྃ་མཁྱེནྃ་སྐུ་དང་ཡེྃ་ཤེསྃ་མཛོྃད་འཛིྃན་རྣམ་སྣང་སྤྱན་རས་གཟིགས། །གསུང་གི་རྡོ་རྗེ་ཆོས་ཀྱི་རྒྱལྃ་པོྃ་རིགས་ལྔ་སྒྱུྃ་འཕྲུྃལ་སྣྃ་ཚོྃགས་འཆྃང༌། །ཆེྃ་བྃའི་ཆེ་མཆོག་སངྃས་རྒྱསྃ་སྐུ་གསུམ་རིགྃས་སྔགྃས་འཆྃང་བའི་སྟོན་པ་རྒྱལ། །རྡོྃ་རྗེྃ་འཆང་ཆེན་གསང་བའི་བདག་པོ་རྡོྃ་རྗེྃའི་རིྃག་འཛིྃན་གྃར་གྱི་དབྃང༌། །འཇྃམ་དཔྃལ་གཞོྃན་ནུྃ་བཀའ་བབ་བདུན་བདག་འཇྃམ་དབྱངྃས་བླ་མ་མྃཁྱེན་བརྩེའིྃ་གཏེར། །པྃད་སྡོངྃ་ལས་འཁྲུངས་པྃདྨྃའི་རྒྱལྃ་ཚྃབ་སྤྲུལ་པའི་གཏེྃར་ཆེྃན་མཆོྃག་གྱུརྃ་གླིངྃ༌། །སྙིང་ནས་གསོལ་འདེབས་སྙིང་དབུས་རྟག་བཞུགས་བཀའ་དྲིན་དྲན་པས་ཅིས་མི་གུས། །གང་གི་རིང་ལུགས་སྔ་འགྱུར་བདུད་རྩིའི་ཀླུང༌། །བཀའ་གཏེར་གདེངས་ཅན་དབྱིག་གིས་གཏམས་པ་ཡིས། །ཕྱི་མའི་སྨིན་གྲོལ་འདོད་དགུའི་མཛོད་ཐོབ་པའི། །གཏམ་མཆོག་མཚོ་སྐྱེས་དགྱེས་པའི་དབྱངས་སུ་ལེན། །དེ་ལ་འདིར་གངས་རིའི་ར་བས་བསྐོར་བའི་ལྗོངས་སུ་རྒྱལ་བསྟན་རིན་པོ་ཆེའི་ཐོག་མའི་ཤིང་རྟ་སྔ་འགྱུར་རྡོ་རྗེ་སྙིང་པོའི་རིང་ལུགས་ལ་རྒྱ་ཆེ་བ་བཀའ་མ་དང༌། ཟབ་མོ་གཏེར་གྱི་ལམ་སྲོལ་ཆེན་པོ་གཉིས་སུ་གྲགས་པ་ལས། སྐབས་འདིར་ཕྱི་མ་ཟབ་གཏེར་གྱི་གསང་བ་རྒྱ་མཚོའི་སྙིང་པོའི་དབྱིག་གི་གསེར་སྒྲོམ་ཕལ་ཆེར་གྱི་བཅུད་འདུས་རིན་ཆེན་གཏེར་གྱི་གསང་མཛོད་ཆེན་པོའི་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་ཇི་ལྟར་ནོས་པའི་སྙེལ་ཐོ་འགོད་པ་ལ། དང་པོ་གང་ལས་བྱུང་བ་བརྒྱུད་པའི་ལོ་རྒྱུས་ཀྱི་སྐོར། ཀ༽ པ་ལ། མངའ་བདག་ཉང་གི་གཏེར་བྱོན་གུ་རུའི་རྣམ་ཐར་ཟངས་གླིང་མ་དང༌། དེའི་དོན་བསྡུས། གསོལ་འདེབས་ཉང་རལ་ཉིད་ཀྱི་གསུང་བཀའ་ཐང་དོན་བསྡུས། སྨིན་གླིང་ལོ་ཆེན་རིན་པོ་ཆེ་དྷརྨ་ཤྲཱི་དང༌། མཁྱེན་ཀོང་ལྷན་རྒྱས་ཀྱི་གསུང་བཅས་ཀཿཐོག་སི་ཏུ་པཎྜི་ཏ་ཨོ་རྒྱན་ཆོས་ཀྱི་རྒྱ་མཚོས་མཁྱེན་ཀོང་གཉིས་ཀ་ལས་ལྗགས་ལུང་གསན། དེ་ལས་རྗེ་བླ་མ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་གསན་གསུངས། གཏེར་བརྒྱའི་རྣམ་ཐར་འདི་མཁྱེན་བརྩེ་རིན་པོ་ཆེར་གཏེར་ཆེན་སངས་རྒྱས་གླིང་པས་བྱིན་གྱིས་བརླབས་པའི་དག་སྣང་སྐབས་གཏེར་སྟོན་སྟོང་ཕྲག་ལྷག་ཕྱེད་དང་སྔར་བྱོན་ཟིན་དང་ཕྱིས་འབྱུང་འགྱུར་གྱི་རྣམ་ཐར་དང༌། གཏེར་ཆེན་ཐུགས་ལ་གསལ་བའི་ཡེ་ཤེས་གཟིགས་པའི་ཞལ་ལུང་ཡིན་པས་ཤིན་ཏུ་ཚད་མར་གྱུར་ཅེས་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་ཐུགས་སྲས་མཁས་དབང་བླ་མ་བཀྲ་འཕེལ་གྱིས་གསུངས་ཞེས་རྗེ་བླ་མ་དྷརྨ་མ་ཏིས་གསུངས། དཔལ་སྤུངས་སྤར་མར་གུ་རུ་རིན་པོ་ཆེ་དང༌། བཻ་རོའི་རྣམ་ཐར་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་གཏེར་བྱོན་བཞུགས་པའི་ལུང་རྒྱུན་ནི། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ། མཁས་དབང་བླ་མ་བཀྲ་འཕེལ་ལས་རྗེ་བླ་མ་དྷརྨ་མ་ཏིས་གསན་གསུངས། མཚུར་སྤར་དུ་འཇམ་མགོན་རྣམ་ཐར་གསོལ་འདེབས་དང༌། བདག་བསྟོད་བཅས་འཇམ་མགོན་བླ་མའི་རྒྱ་ཆེན་བཀའ་མཛོད་ཀྱི་ལུང་བརྒྱུད་ལྟར་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ། ཟུར་མང་དྲུང་ཆོས་ཀྱི་ཉིན་བྱེད། བླ་མ་ཀརྨ་ལྷུན་གྲུབ་ལས་བདག་གིས་ནོས་པའོ། །ཡང་ན་རྣམ་ཐར་གསོལ་འདེབས་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ། མཁན་ཆེན་བླ་མ་བཀྲ་ཤིས་འོད་ཟེར། ཞེ་ཆེན་རྒྱལ་ཚབ་རྡོ་རྗེ་འཆང་འགྱུར་མེད་པདྨ་རྣམ་རྒྱལ་ལས་བཀའ་དྲིན་དུ་ཐོབ་པའོ། ཁ༽ པ་ལ་ལོ་རྒྱུས་དེ་ལྡན་གྱི་ཟབ་ཆོས་ཇི་ལྟར་བཞུགས་པའི་ཀར་ཆག་དང་བརྒྱུད་ཡིག །ལག་ལེན་བཅས་གཤམ་ལ་བརྒྱུད་པ་དམིགས་བསལ་མེད། ག༽ པ་ལ། བརྒྱུད་པ་དེ་ལས་བྱུང་བའི་གདམས་སྐོར་དངོས་ལ། བསྐྱེད་པ་མ་ཧཱ་ཡོ་ག །ལུང་ཨ་ནུ་ཡོ་ག །རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་སྐོར་གསུམ་ལས། དང་པོ་བསྐྱེད་པ་མ་ཧཱ་ཡོ་ག་ལའང་རྒྱུད་སྡེ་དང༌། སྒྲུབ་སྡེ་གཉིས། དང་པོ་རྒྱ་ཆེ་བ་རྩ་བར་གྱུར་པ་རྒྱུད་སྡེ་སྟེ། སྤྱིར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྩ་བ་གྱུར་པ་རྒྱུད་སྡེ་ལྔ། སྒྲུབ་པ་ལག་ལེན་དུ་སྟོན་པ་རོལ་པའི་རྒྱུད་སྡེ་ལྔ། སྤྱོད་པ་ལག་ལེན་དུ་འགྲོ་བའི་རྒྱུད་སྡེ་ལྔ། མ་ཚང་བ་ཁ་སྐོང་བའི་རྒྱུད་སྡེ་གཉིས། དེ་ཐམས་ཅད་ཀྱི་ཁྱབ་བྱེད་གཞི་མ་རྩ་བར་གྱུར་པའི་སྤྱི་རྒྱུད་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་དཔལ་གསང་བའི་སྙིང་པོ་སྟེ་ཏནྟྲ་སྡེ་བཅོ་བརྒྱད་དུ་གྲགས་པ་དངོས་སྔ་འགྱུར་བཀའ་མ་ཡིན་ཀྱང་སྒྲུབ་སྡེ་གཏེར་མའི་ཕྱོགས་ལ་བརྒྱུད་པའི་ཁྱད་པར་བཀའ་མ་རྒྱལ་པོ་ཛཿལས་བརྒྱུད་པའི་རྡོ་རྗེ་སེམས་དཔའི་བྱིན་རླབས་དང་ཆུ་བོ་གཅིག་ཏུ་འདྲེས་ཤིང༌། བསྐྱེད་རྫོགས་གཏེར་མཛོད་དབང་གི་ཐོག་མར་ཆོས་དབང་བླ་མ་གསང་འདུས་ཀྱི་ཟླུམ་པོ་བཞི་དབང༌། གཏོར་མའི་བརྡ་དབང་བཅས་བྱིན་རླབས་ཀྱི་སྒོ་དབྱེ་བའི་ཕྱིར་གསུང་དགོས་པའི་བརྒྱུད་པ་འདོད་བུམ་ལྟར་འོག་ནས་འབྱུང་ངོ༌། །མཆན། ཀྱི་ཟབ་གནད་རྣམས་གསང་བ་སྒྱུ་འཕྲུལ་གྱི་མན་ངག་ཁོ་ནར་སྣང་བས་དོན་གྱིས་བཀའ་གཏེར་ཟུང་འཇུག་ཏུ་འགྱུར་བའི་ཕྱིར་རྒྱུད་སྡེའི་ས་ཁོངས་འཛིན་པ་དང༌། དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བྱེད་དུ་གྱུར་ཅིང་ཐོག་མར་དགེ་བ་དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པ་ཞེས་ཆོས་ཀྱི་རྒྱལ་པོ་ཨོ་རྒྱན་གཏེར་བདག་གླིང་པའི་ཟབ་གཏེར་ཆེ་བ་བརྒྱད་ལྡན་གྱི་སྨིན་བྱེད་ཀྱི་དབང༌། རྒྱལ་ཚབ་སྐུ་ཕྲེང་དང་པོ་པདྨ་གསང་སྔགས་བསྟན་འཛིན་གྱི་མཚམས་སྦྱོར་སྟེང་ནས་ལན་གཅིག་དང༌། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་དབང་ཆོག་ཕྲིན་ལས་རབ་རྒྱས་སྟེང་ནས་ལན་གཅིག་བཅས་སྔ་ཕྱིར་གཉིས་དང༌། རྡོར་སེམས་རྩ་ཁྲིད། ཁྱད་པར་སྣང་བཞིའི་ཁྲིད། རྨི་ལམ། གཅོད། འཕོ་ཁྲིད་དང༌། གཏེར་གཞུང་ལེའུ་བཅུ་གཅིག་དང༌། འདོན་ཆ་དངོས་རྫོགས་ཀྱི་ལུང་བཅས་ཞེ་ཆེན་ཡང་དབེན་བདེ་མཆོག་བཀྲ་ཤིས་དགེ་འཕེལ་ནས་ཁྱབ་བདག་རྡོ་རྗེ་སེམས་དངོས་ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ་ལས་བཀའ་དྲིན་ཆེན་པོས་རྗེས་སུ་བསྩལ་ཞིང་རྩ་བའི་ཡི་དམ་དུ་ཉམས་སུ་བླང་བར་བྱོས་ཞེས་ཆེད་དུ་བཀའ་བསྩལ་བ་དང༌། ཡང་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་ལས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་གཟིམས་སྤྱིལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་ནས་རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་དབང་ལན་གསུམ། ཁྲིད་ལུང་བཅས་ལན་གཉིས་ཐོབ་པའི་བརྒྱུད་པ་ནི། མཁྱེན་ཀོང་གཉིས་ཀ་ལས། སི་ཏུ་ཆོས་ཀྱི་རྒྱ་མཚོ་དང༌། རྒྱལ་ཚབ་པདྨ་བི་ཛ། མཁན་ཐུབ་བསྟན་རྒྱལ་མཚན་འོད་ཟེར། དེ་གསུམ་ཀ་ལས་རྗེ་བླ་མ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱིས་གསན། དེས་བདག་མངྒ་ལ་ལའོ། །ཡང་ན་བློ་གྲོས་མཐའ་ཡས། ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ། ཡང་ན་སྨིན་གླིང་ཁྲིད་བརྒྱུད་བར་ཆད་པར་ཁྲི་ཆེན་ཡིད་བཞིན་དབང་རྒྱལ་ལས་འགྱུར་མེད་ཚེ་དབང་རྒྱ་མཚོ། དེས་ཆོས་ཀྱི་བློ་གྲོས། ཡང་ན་མཁྱེན་བརྩེའི་དབང་པོ་ལས་མཆོག་གླིང་གི་ཡང་སྲིད་པདྨ་འགྱུར་མེད་ཐེག་མཆོག་བསྟན་འཕེལ་གྱི་རྡོར་སེམས་སྨིན་བྱེད་ལན་དྲུག་ཏུ་གསན། དེས་རྗེ་ཆོས་ཀྱི་བློ་གྲོས་ལའོ། །ཁྲིད་བརྒྱུད། དྷརྨ་ས་ར། པདྨ་བི་ཛ། ཡབ་རྗེ། མཁན་རྒྱལ་མཚན་འོད་ཟེར་བཅས་བཞི་ཀ་ལས་གསན་ཞིང༌། བརྒྱུད་པ་གོང་གསལ་དབང་གི་སྐབས་རྣམས་དང་འདྲ། ལུང་བརྒྱུད་ཀྱང་ཕལ་ཆེར་དེ་དང་འདྲ་ཞིང༌། ཡབ་རྗེས་སྨིན་གླིང་དགེ་སློང་སྦྱིན་པ་ལགས་དང༌། མཁོ་ཆེན་དགོན་དམ་པ་བླ་མ་འགྱུར་མེད་ཆོས་གྲགས་ལས་གསན། གཞན་ཡང་རྒྱལ་ཚབ་རིན་པོ་ཆེས་མཁྱེན་བརྩེ། ཀོང་སྤྲུལ་གཉིས་ཀ་དང་རབ་འབྱམས་ལྔ་པ་ལས་གསན་པ་དང༌། ཡབ་རྗེ་དམ་པས་བླ་མ་བློ་གྲོས་ཐོགས་མེད་ལས་གསན་པ་སོགས་བརྒྱུད་ཚུལ་མང་དུ་བཞུགས་ཀྱང་བྲིར་མ་ལང༌། ཡང་ཞེ་ཆེན་ཀོང་སྤྲུལ་རིན་པོ་ཆེ་པདྨ་དྲི་མེད་ལས་དབང་ལན་གཅིག་ནོས་པ་བརྒྱུད་པ་ཞེ་ཆེན་རབ་འབྱམས་ལྔ་པ་དང༌། རྒྱལ་ཚབ་རིན་པོ་ཆེ་གཉིས་ལས་འདྲེན། ཡང་ས་ལ་སྤྱོད་པའི་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་བླ་བྲང་ཆོས་འཁོར་ལྷུན་པོར་གཏེར་ཆེན་འགྱུར་མེད་རྡོ་རྗེའི་སྐུ་གདུང་མདུན་ལས་སྨིན་གླིང་ཁྲི་ཚབ་གཅུང་རིན་པོ་ཆེ་ངག་དབང་ཆོས་ཀྱི་གྲགས་པ་ལས་གཏེར་གཞུང་ལྟར་དབང་བཞི་བཀའ་དྲིན་ཐོབ་པའི་བརྒྱུད་པ་ནི། ཞེ་ཆེན་རབ་འབྱམས་རིན་པོ་ཆེ་འགྱུར་མེད་ཀུན་བཟང་བསྟན་པའི་ཉི་མ་ལས་གསན་པ་དང༌། གཞན་བརྒྱུད་རིམ་མང་དུ་ཡོད་ཀྱང་གསན་ཡིག་མ་བྱུང་པས་མ་གསལ། ༈ གྲོལ་ཏིག་གཏེར་གཞུང་ལ་མཁྱེན་བརྩེ་རིན་པོ་ཆེས་གསར་བསྒྲིགས་ཞི་ཁྲོ་འོད་གསལ་སྙིང་པོ་འདི་བྱིན་རླབས་ཤིན་ཏུ་ཆེ་བར་ཡང་ཡང་གསུངས། ཉེ་བརྒྱུད་གྲོལ་ཏིག་སྤྱི་ལྟར་རོ། ༈ བཀའ་མ་དོང་སྤྲུགས་རིགས་བསྡུས་དང་ཆ་མཚུངས་པ། ཀར་གླིང་ཞི་ཁྲོའི་དབང་འབྲིང་བསྡུས། བར་དོའི་ཁྲིད་ཡིག་ཆགས་མེད་གསུང་ལྡེབ། ༢༡ བཅས་གུ་ཎ་ལས་དྷརྨ་ས་ར་དང༌། པདྨ་བི་ཛ་གཉིས། གཉིས་ཀས་རྗེ་བླ་མ་དྷརྨ་མ་ཏི། དེས་བཀའ་དྲིན་ལས་སོ། ༈ སྨིན་ལོའི་ཞི་ཁྲོའི་དབང་བདག་འཇུག་ལ་མཆོག་དབང་གསུམ་རྡོར་སེམས་ནས་ཁ་བསྐང་བའི་རྒྱུན། མཁྱེན་བརྩེ། གུ་ཎ། གཉིས་ཀས་པདྨ་བི་ཛ་དེ་ལས་མཉྫུ་གྷོ་ཥ་དྷརྨ་མ་ཏིས་གསན་པ་ལས་བཀའ་དྲིན་ནོས། ཡང་ན་མཁྱེན་བརྩེ། མཁོ་ཆེན་དགོན་སྤྲུལ་འགྱུར་མེད་གྲགས་པ། ཨོ་རྒྱན་ཆོས་གྲགས། འགྱུར་མེད་ཚེ་དབང་རྒྱ་མཚོ། དྷརྨ་མ་ཏི། དེ་ལས་སོ། ༈ བདེ་ཆེན་གླིང་པའི་བཀའ་འདུས་ཞི་ཁྲོའི་སྨིན་བྱེད་གཙོས་བདེ་གླིང་ཆོས་སྐོར་ལ་ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ་གཏེར་ཆེན་བདེ་གླིང་ནས་གསེར་པ་གཏེར་རྒན་ལས་བརྒྱུད་པ་ཞིག་ཡབ་རྗེ་ལ་བཞུགས་གསུངས་ཀྱང་བརྒྱུད་རིམ་ཞིབ་པར་མ་དྲན། ༈ འོད་གསལ་སྤྲུལ་པའི་རྡོ་རྗེའི་དགོངས་གཏེར་གྱི་གཙོ་བོ་གྲུབ་ཐོབ་ཐུགས་ཏིག་གི་ཆོས་སྐོར་ལས། སྒྲུབ་ཐབས་སྙིང་པོ་སྐོར་ལྔ་ཞེས་བླ་མ་ཞི་དྲག །འགྲོ་འདུལ་འཕགས་པ། རྟ་མཆོག་རོལ་པ། ཕག་མོ་རྣམས་སྒྱུ་འཕྲུལ་གསང་བ་སྙིང་པོའི་མན་ངག་གི་ལམ་རིམ་ཟབ་མོ་ལྟ་བའི་ཕྲེང་བ་བཀའ་མ་སློབ་དཔོན་ཆེན་པོའི་རྡོ་རྗེའི་གསུང་གི་དགོངས་དོན་གཞི་ཤེས་པའི་མཚན་ཉིད་ལྟ་བ་ལམ་བྱེད་ཀྱིས་གཏན་ལ་ཕབ། རྐྱེན་འཇུག་པའི་མཚན་ཉིད་སྒོམ་པ་རྣམ་ཤེས་ལམ་བྱེད་བསྐྱེད་རིམ། ཡེ་ཤེས་ལམ་བྱེད་རྫོགས་རིམ་གྱིས་ཉམས་སུ་ལེན། སྤྱོད་ཡུལ་ལམ་བྱེད་དབང་དང་དམ་ཚིག་གིས་གཞི་བཟུང་ཞིང་ཕྲིན་ལས་ཀྱིས་ཁ་བསྐངས་བ་སྒྲུབ་ཐབས་ལྔ། ཕྲིན་ལས། དབང་བཅས་བཀྲ་ཤིས་རྟགས་ཀྱི་གྲངས་ལྡན་དབང་ལུང་ཁྲིད་གསུམ་ཆིག་རྫོགས་སུ་བསྩལ་བའི་སྐལ་པ་བཟང་པོར་གྱུར་པའི་བརྒྱུད་པ་ནི་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཉི་ཟླ་ཟུང་གཅིག་ལས། ལུང་ཟིན་ཆོས་ཀྱི་བདག་པོ་ཀཿཐོག་སི་ཏུ་ཀུན་གཟིགས་ཆོས་ཀྱི་རྒྱ་མཚོ། ཡབ་རྗེ་རིག་པ་འཛིན་མཆོག་འགྱུར་མེད་ཚེ་དབང་རྒྱ་མཚོ། དེ་གཉིས་ཀ་ལས་འཁོར་ལོའི་མགོན་པོ་ཀུན་གཟིགས་འཇམ་དབྱངས་བླ་མ་ཆོས་ཀྱི་བློ་གྲོས་མཆོག་གིས་བཀའ་དྲིན་གྱིས་ཁྱབ་པའོ། །ཡང་ན་འཇམ་མགོན་བློ་གྲོས་མཐའ་ཡས་ལས། ཡབ་རྗེ་རྡོ་རྗེ་འཆང་འགྱུར་མེད་ཚེ་དབང་རྒྱ་མཚོས་གསན་གསུངས། མདོར་ན་ཀུན་གཟིགས་འོད་གསལ་སྤྲུལ་པའི་རྡོ་རྗེ། འཇམ་མགོན་གུ་ཎ། སི་ཏུ་པཎ་ཆེན། རྗེ་བླ་མ་ཐམས་ཅད་མཁྱེན་པ་པདྨ་ཡེ་ཤེས་རྡོ་རྗེ་བཅས་གྲུབ་ཐོབ་ཆེན་པོའི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་བ་ཤ་སྟག་ཡིན་ནོ། ༈ ༼ང༽ མ་ཧཱ་ཡོ་ག་ལ་ཏནྟྲ་སྡེ་བཅོ་བརྒྱད་ཀྱི་ནང་ཚན། སྐུ་རྒྱུད་སངས་རྒྱས་མཉམ་སྦྱོར་གྱི་དཀྱིལ་འཁོར་མ་ཧཱའི་ཨ་ནུ་ལྟར་ཉམས་སུ་ལེན་པའི་བཀའ་མ་ལས་སློབ་དཔོན་ཀུ་ཀུ་རཱ་ཛས་རིགས་སོ་སོ་དྲུག །རིགས་བསྡུས་དང་གཙོ་བསྡུས་རེ་རེ་བཅས་དཀྱིལ་འཁོར་བརྒྱད་དངོས་སུ་གསུངས་པའི་རིགས་བསྡུས་ཀྱི་སྨིན་གྲོལ་ལས་ཚོགས་དང་བཅས་པ་ཟབ་གཏེར་ལས་བྱོན་པ་ཤིན་ཏུ་དཀོན་པའི་བརྒྱུད་པ་ནི། འཇམ་མགོན་མཁྱེན་ཀོང་གཉིས་ཀ་ལས་རྒྱལ་ཚབ་རིན་པོ་ཆེ་འགྱུར་མེད་པདྨ་རྣམ་རྒྱལ། དེས་ཆོས་ཀྱི་བློ་གྲོས། ཡང་ན། རྗེ་གུ་ཎ་ལས་འགྱུར་མེད་ཚེ་དབང་རྒྱ་མཚོ་དེ་ལས་རྗེ་བླ་མ་འཇམ་པའི་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེའི་ཞལ་སྔ་ནས་གསན་ཏེ་བདག་ལ་བསྩལ་བའོ། ༈ གཉིས་པ་ཟབ་པ་སྒྲུབ་སྡེ་ལ། རྩ་བ་སྒྲུབ་པའི་ཐབས་དང༌། ཡན་ལག་ལས་ཀྱི་ཆོ་ག་གཙོ་བོར་གྱུར་པའི་སྐོར་རོ། །དང་པོ་ལའང༌། བྱིན་རླབས་དང༌། དངོས་གྲུབ་དང༌། ཕྲིན་ལས་ཀྱི་གཏེར་ཆེན་རྩ་བ་གསུམ་དུ་བཞག་པ་སྟེ། དེ་ལའང་གཉིས། རྩ་གསུམ་སྤྱིར་སྒྲུབ་པ་དང༌། བྱེ་བྲག་སོ་སོར་སྒྲུབ་པའི་སྐོར་རོ། །དང་པོ་ལ་གཏེར་སྟོན་ཀུན་གྱི་ཐོག་མ་སངས་རྒྱས་བླ་མའི་ཟབ་གཏེར་མངའ་རིས་གློ་བོ་དགེ་སྐར་ནས་སྤྱན་དྲངས་པའི་རྩ་གསུམ་དངོས་གྲུབ་བརྟན་གཟིགས་ཞེས་ཆོས་ཚན་ཉེར་གཅིག་ཙམ་མཁྱེན་བརྩེ་རིན་པོ་ཆེར་བཀའ་བབ་པའི་སྙིང་པོ་གཏོར་དབང་དང༌། ཚེ་དབང་བཅས་བཀའ་བབ་བདུན་ལྡན་པདྨ་འོད་གསལ་མདོ་སྔགས་གླིང་པ་དང༌། འཇམ་མགོན་རྡོ་རྗེ་འཆང་བློ་གྲོས་མཐའ་ཡས་རྣམ་པ་གཉིས་ཀ་ལས། ཀཿཐོག་སི་ཏུ་དྷརྨ་ས་ར། དེས་རྗེ་བླ་མ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ལའོ། །ཡང་ན་རྗེ་མཁྱེན་བརྩེ་རིན་པོ་ཆེ། མཁན་ཆེན་ཐུབ་བསྟན་རྒྱལ་མཚན་འོད་ཟེར། ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ། ཁྱུང་སྤྲུལ་པདྨ་དབང་ཆེན་གསུམ་གྱིས་གསན། དེ་གསུམ་ཀ་ལས་རྗེ་བླ་མ་ཆོས་ཀྱི་བློ་གྲོས་ལའོ། །ཟབ་ཁྲིད་ཟིན་བྲིས། མི་ཕམ་རིན་པོ་ཆེས་མཛད་པ་ནི། མཁྱེན་བརྩེ། སི་ཏུ་དྷརྨ་ས་ར་ལས་རྗེ་བླ་མས་གསན། ཡང་ན། མཁྱེན་བརྩེ་རིན་པོ་ཆེ། གཏེར་སྟོན་དྲི་མེད་པདྨ་གླིང་པ། སངས་རྒྱས་མཉན་སྤྲུལ་དགུ་པ་ཀརྨ་བཤད་སྒྲུབ་བསྟན་པའི་ཉི་མ་ལས་དབང་ཁྲིད་གཉིས་ཀ་བདག་གིས་ནོས། ཡང་ན་མཁྱེན་བརྩེ་རྡོ་རྗེ་འཆང༌། རྫོང་གསར་མངའ་རིས་སྤྲུལ་སྐུ། གྲུབ་དབང་འཇམ་དབྱངས་གྲགས་པས་བདག་གིས་ནོས། ༈ ༼ཅ༽ མཁྱེན་བརྩེའི་ས་གཏེར་རྩ་གསུམ་སྤྱི་འདུས་སྙིང་ཐིག་མཁྱེན་བརྩེ་གུ་ཎ། གཉིས་ཀ་ལས་དྷརྨ་ས་ར་དང༌། མཁན་ཐུབ་བསྟན་རྒྱལ་མཚན་འོད་ཟེར། དེ་གཉིས་ཀས་རྗེ་བླ་མ་དྷརྨ་མ་ཏི་ལའོ། །ཡང་ན་མཁྱེན་བརྩེའི་དབང་པོ། ཆོས་ཀྱི་བདག་པོ་ཤཱཀྱ་ཤྲཱི་ཛྙཱ་ན། སྲས་མཁྱེན་བརྩེའི་ཐུགས་སྤྲུལ་འཕགས་མཆོག་རྡོ་རྗེ། དེས་དྷརྨ་མ་ཏི་ལའོ། །ཡང་ན། རྗེ་གུ་ཎ། རྫོགས་ཆེན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་དེ་ལས་དྷརྨ་མ་ཏི། ཡང་ན་མཁྱེན་བརྩེ། ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ། དེས་དྷརྨ་མ་ཏི་ལའོ། །ཁྲིད་ཡིག་རྩ་བའི་ས་བཅད་གཏེར་གཞུང་ལ་གསུང་བཤད་བཅས་བཀའ་དྲིན་བསྩལ་བའི་བརྒྱུད་པ། མཁྱེན་བརྩེ་རིན་པོ་ཆེ། སི་ཏུ་དྷརྨ་ས་ར། འཇམ་མགོན་དྷརྨ་མ་ཏི་ལའོ། ༈ ༼ཆ༽ གཉིས་པ་རྩ་གསུམ་བྱེ་བྲག་སོ་སོར་སྒྲུབ་པའི་སྐོར་ལ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་བཞི་ལས། དང་པོ་བྱིན་རླབས་རྩ་བ་བླ་མ་སྒྲུབ་པ་ལའང་ཕྱི་གསོལ་འདེབས། ནང་ཞི་སྒྲུབ། གསང་བ་དྲག་སྒྲུབ་གསུམ་གྱི་དང་པོ་ཕྱི་གསོལ་འདེབས་ཀྱི་ཚུལ་དུ་སྒྲུབ་པ་ལ་གུ་རུའི་གསོལ་འདེབས་ཀུན་གྱི་རྒྱལ་པོ་ཀུན་ལ་གྲགས་པ་བྱང་གཏེར་ལེའུ་བདུན་མའི་ལྗགས་ལུང་རྡོར་སྨིན་གྱི་བརྒྱུད་པའི་རྣམ་གྲངས་དུ་མ་རིགས་ཀུན་ཁྱབ་བདག་པད་འབྱུང་དངོས་སྣང་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་གསན་ཅིང༌། རྗེ་དེ་ཉིད་ཀྱི་ཞལ་སྔ་ནས་སྣང་གྲགས་རྟོགས་ཚོགས་རང་གྲོལ་ཆོས་ཉིད་དུ་ངོ་སྤྲད་ནས་བྱིན་རླབས་དོན་གྱི་བརྒྱུད་པ་ཡེ་ཤེས་འཕོ་བའི་དགོངས་གཏད་དང་བཅས་ཏེ་ཞེ་ཆེན་ཡང་ཁྲོད་བདེ་མཆོག་བཀྲ་ཤིས་དགེ་འཕེལ་ནས་བཀའ་དྲིན་རྒྱ་མཚོའི་སྙིང་པོར་བསྩལ། ཡང་པདྨའི་རྒྱལ་ཚབ་མདོ་སྔགས་གླིང་པ་དང༌། འཇམ་མགོན་ཆོས་རྗེ་འཆི་མེད་བསྟན་གཉིས་གླིང་པ་གཙོ་བོར་གྱུར་པའི་བྱིན་རླབས་ཁྱད་པར་བ་དང་ལྡན་པའི་ལུང་རྒྱུན་དུ་མ་ཞིག་འཇམ་མགོན་བླ་མའི་ཐུགས་སྲས་མཁས་དབང་བཀྲ་ཤིས་ཆོས་འཕེལ་གྱིས་གདན་ས་ལས་རྗེ་བླ་མ་འཇམ་མགོན་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་གསན་གསུངས་ནས་ལྗགས་ལུང་བསྩལ་སྐབས་གསོལ་འདེབས་འདི་ལ་བླ་མ་སྐུ་གསུམ་ཞི་དྲག །སྒྲུབ་པ་བཀའ་བརྒྱད། གུ་རུའི་རྣམ་ཐར་ཀུན་གྱི་དོན་ཚང་འཇུག་པ་བདེ་བས་གུ་རུའི་རྗེས་འཇུག་སྤྱི་དང་ཁྱད་པར་ཟབ་གཏེར་སྟོན་པ་ཁས་འཆེ་བ་ཀུན་ནས་འདི་ལ་རྒྱུན་གྱི་ཉམས་ལེན་གཅིག་ཆོག་བྱ་བ་གལ་ཆེ་ཞེས་མཁྱེན་བརྩེ་རིན་པོ་ཆེས་བཀའ་ཡང་ཡང་བསྩལ་ཞིང༌། ཡང་སྨིན་གླིང་གཅུང་རིན་པོ་ཆེ་ངག་དབང་ཆོས་ཀྱི་གྲགས་པ་ལས་སྣང་གྲགས་རྟོགས་ཚོགས་ཆོས་ཉིད་དུ་ངོ་སྤྲད་པའི་བཀའ་ཁྲིད་བྱིན་རླབས་ཀྱི་བརྒྱུད་པ་ཐོབ་པ་གཏེར་མཛོད་བརྒྱུད་རིམ་སྨིན་གླིང་རྡོར་སེམས་ལྟར་ལས་གཞན་མ་གསལ། སྨིན་གཏེར་བླ་མའི་རྣལ་འབྱོར་གྱི་ཁྲིད་ཟིན་པདྨ་འགྱུར་མེད་རྒྱ་མཚོའི་གསུང་ཁྲིད་ཀྱི་ཚུལ་དུ་མ་ཧཱ་གུ་རུའི་ཞལ་སྐྱིན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ། རྗེ་འཇམ་པའི་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་ལས་བཀའ་དྲིན་ཐོབ། ༈ འཇམ་མགོན་གཏེར་བྱོན་ལམ་ཟབ་ལེའུ་བདུན་ལྗགས་ལུང༌། འཇམ་མགོན་གུ་ཎ་ལས། དྷརྨ་ས་ར་དང༌། པདྨ་བི་ཛ་གཉིས་ཀྱིས་གསན། དེ་གཉིས་ཀ་ལས་རྗེ་ཆོས་ཀྱི་བློ་གྲོས་རིན་པོ་ཆེའི་ཞལ་འདོན་ཡུན་རིང་གནང་བཞིན་བཀའ་དྲིན་ཐོབ་པའོ། །ཡང་ན། གུ་ཎ་ལས། ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོའི་ལྗགས་ལུང་ལན་གསུམ་དུ་ནོས་པ་ལས། ཆོས་ཀྱི་བློ་གྲོས་ཞབས་ལའོ། །ཡང་ན་འཇམ་མགོན་དངོས་ལས། དྲུང་ཆོས་ཀྱི་ཉིན་བྱེད། བླ་མ་ཀརྨ་ལྷུན་གྲུབ་ལས་བཀའ་དྲིན་ཐོབ། ཡང་འཇམ་མགོན་མཆོག་སྤྲུལ་ཁམས་སུ་ཕེབས་སྐབས་ཡབ་རྗེ་རྒྱལ་བའི་དབང་པོ་མཁའ་ཁྱབ་རྡོ་རྗེའི་རང་རེ་ཕ་བུ་ལུས་རྟེན་འདིར་ངོས་ཕྲད་པར་མི་འདུག་ཀྱང་ཁོ་བོ་གུ་རུ་རིན་པོ་ཆེས་བྱིན་གྱིས་བརླབས་པའི་སྤྲུལ་པ་ཞིག་ཡིན་པས་ཕ་རྒན་ང་མ་བརྗེད་དང་ཕྱི་མར་ཟངས་མདོག་དཔལ་རིར་འཕྲད་ངེས་གསུངས་ཕྱག་གིས་བཟུང་སྟེ་ཡབ་སྲས་གཉིས་ཀ་སྤྱན་ཆབ་བསིལ་བས་དེ་ནས་བཟུང་ད་ལྟའི་བར་བླ་མ་ལ་གདུང་ཤུགས་ཀྱིས་ལམ་ཟབ་ལེའུ་བདུན་གྱིས་གསོལ་འདེབས་འདི་ཉིན་རེ་བཞིན་མ་ཆགས་པར་ཡོད་པས་ཕྲན་གྱི་ཉམས་ལེན་གྱི་སྙིང་པོ་འདི་ཡིན་ཞེས་བཀའ་བསྩལ་ཏེ་ལྗགས་ལུང་བསྩལ་བའི་བརྒྱུད་པ་ནི། འཇམ་མགོན་དངོས་ལས་ཀརྨ་པ་མཁའ་ཁྱབ་རྡོ་རྗེ། འཇམ་མགོན་ཡང་སྲིད་མཁྱེན་བརྩེའི་འོད་ཟེར། གཅེན་བཤད་སྒྲུབ་བསྟན་འཛིན་ལས་སོ། ༈ གཉིས་པ་ནང་བླ་མ་ཞི་བར་སྒྲུབ་པའི་སྐོར་ལ། ཆོས་ལོངས་སྤྲུལ་གསུམ་གྱི་དང་པོ་བླ་མ་ཆོས་སྐུའི་སྒྲུབ་པ་ལ། མཆོག་གི་གཏེར་ཆེན་གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏེར་ཁ་ཆེན་པོ་བཅོ་བརྒྱད་སྤྱན་དྲངས་པའི་གཙོ་བོ་ཐུགས་གཏེར་ཆེན་པོ་ལྔའི་ཡ་གྱལ། གཏེར་བྱོན་ཐུགས་སྒྲུབ་ཀུན་གྱི་ཕྱི་མོ། བླ་མ་ཆོས་སྐུ་རྡོ་རྗེ་འཆང་གསང་བ་འདུས་པའི་དབང་ཆེན་ཚང་བ་བློ་མཆོག་རིག་པའི་རྡོ་རྗེའི་དབང་བསྒྲིགས་སྟེང་ནས་མེ་བྱ་སྤྲེལ་ཟླའི་ཚེས་བཅུ་ལ་ལན་གཅིག་དང༌། འཇམ་མགོན་གསུང་གི་སྟེང་ལན་གཅིག །རྩ་དབང་ཟླུམ་པོ་བཞི་དབང་གཏོར་དབང་གནད་ཀྱི་ཤོག་གཅིག་མ་འདོད་བུམ་ལྟར་ལན་གཉིས་དང༌། མཁྱེན་བརྩེ་རིན་པོ་ཆེའི་ཡིག་ཆ་ལྟར་ཐོབ་པ་ནི་སྤྱིར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེའི་བླ་མ་གསང་འདུས་འདི་ཉིད་རྩ་བའི་ཐུགས་དམ་ཐུན་མོང་མ་ཡིན་པ་གནང་སྟེ་ཉམས་བཞེས་ཡང་ཡང་གནང་བས་ཉེ་བརྒྱུད་བྱིན་རླབས་ཀྱི་ཚན་ཁ་ཁྱད་འཕགས་སུ་བཞུགས་པའི་སྤྲེལ་ཟླའི་ཚེས་བཅུ་ལ་ཐུགས་སྒྲུབ་འདི་ཉིད་ཀྱི་ཚོགས་མཆོད་ལོ་ལྟར་མ་ཆགས་པར་གནང་བར་མཛད་ཅིང་དེ་སྐབས་གུ་རུ་རིན་པོ་ཆེའི་ཞལ་གཟིགས་རེ་ཡང་ངེས་པར་ཡོད་པའི་ཞལ་འཕྲོས་བཅས་བསྩལ་བའི་བརྒྱུད་པ་ནི། གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་དངོས་བྱོན་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་དང༌། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་པདྨ་གར་དབང་གཉིས་ཀ་ལས་ཐུགས་སྲས་ཀཿཐོག་སི་ཏུ་པཎ་ཆེན་ཨོ་རྒྱན་ཆོས་ཀྱི་རྒྱ་མཚོ་དང༌། ཞེ་ཆེན་རྒྱལ་ཚབ་རྡོ་རྗེ་འཆང་འགྱུར་མེད་པདྨ་རྣམ་རྒྱལ་གཉིས་ཀྱིས་གསན། དེ་གཉིས་ཀ་ལས་འཇམ་པའི་རྡོ་རྗེ་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་གསན་ནས་བཀའ་དྲིན་ཆེན་པོས་རྗེས་སུ་བཟུང་བའོ། །ཡང་མཁྱེན་བརྩེའི་གསུང་ལྟར་གཏོར་དབང་གནད་ཀྱི་ཤོག་གཅིག་མ་རྗེ་མཁྱེན་བརྩེ་རིན་པོ་ཆེ་ལས། གླིང་རྒྱལ་སྔགས་རིག་འཛིན་པ་པདྨ་བཞད་པས་གསན། དེ་ལས་རྗེ་བླ་མ་ཆོས་ཀྱི་བློ་གྲོས་ལས་བཀའ་དྲིན་ཐོབ་པའོ། །ཡང་ན་བླ་མ་གསང་འདུས་ཟླུམ་པོ་བཞི་དབང་དང༌། གཏོར་དབང་བཅས་ཞེ་ཆེན་དབོན་སྤྲུལ་མ་ཧཱ་པཎྜི་ཏ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་གྱི་ཡིག་ཆ་ལྟར་ཞེ་ཆེན་རབ་འབྱམས་ལྔ་པ་འགྱུར་མེད་ཀུན་བཟང་བསྟན་པའི་ཉི་མ་དང༌། སྨིན་གླིང་གཅུང་རིན་པོ་ཆེ་ངག་དབང་ཆོས་ཀྱི་གྲགས་པ་ལས་མེ་སྤྲེལ་སྤྲེལ་ཟླའི་ཚེས་བཅུ་ལ་བཀའ་དྲིན་ཐོབ་པའི་བརྒྱུད་པ་ནི། རྒྱལ་ཚབ་རིན་པོ་ཆེ་འགྱུར་མེད་པདྨ་རྣམ་རྒྱལ་ལས། རབ་འབྱམས་ཀུན་བཟང་བསྟན་པའི་ཉི་མས་གསན། རབ་འབྱམས་རིན་པོ་ཆེ་ལས་གཅུང་རིན་པོ་ཆེས་གསན་པའོ། ༈ རྒྱ་ལོ་ཙཱ་རྡོ་རྗེ་བཟང་པོའི་བླ་མ་བསྟན་གཉིས་སྐོར་གསུམ་ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེར་ཡང་གཏེར་དུ་བཀའ་བབ་བརྙེས་པའི་དོན་དབང་དང༌། གཏེར་ཆེན་པདྨ་འོད་གསལ་མདོ་སྔགས་གླིང་པ་དང༌། འཇམ་མགོན་བློ་གྲོས་མཐའ་ཡས་རྗེ་བླ་མ་རྣམ་གཉིས་ལས་ཆོས་ཀྱི་བདག་པོ་སི་ཏུ་དྷརྨ་ས་ར་དང༌། ལས་ཅན་ཆོས་བདག་གཏེར་སྟོན་དྲི་མེད་པདྨ་གླིང་པས་བསྙེན་སྒྲུབ་ཉམས་བཞེས་ཡང་ཡང་གནང༌། དེ་གཉིས་ཀའི་མདུན་ནས་འཇམ་པའི་རྡོ་རྗེ་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་གསན་ཅིང༌། གཏེར་སྟོན་དྲི་མེད་ལས་གཏེར་གཞུང་ཡོངས་རྫོགས་ཁྲིད་ཀྱི་ཚུལ་དུ་གསན་གསུངས། ༈ དྲི་མེད་ཀུན་དགའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ཡང་གཏེར་བླ་སྒྲུབ་ཀྱི་དབང་ཁྲིད་འཇམ་མགོན་ཆོས་ཀྱི་རྒྱལ་པོ་གུ་ཎ་ས་མུ་དྲ་ལས། ཡབ་རྗེ་རིག་འཛིན་ཆེན་པོ་འགྱུར་མེད་ཚེ་དབང་རྒྱ་མཚོ། རྗེ་བླ་མ་འཁོར་ལོའི་མགོན་པོས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་རྗེ་མཁྱེན་བརྩེ་རྡོ་རྗེ་འཆང༌། གཏེར་སྟོན་དྲི་མེད་ཞབས། དེ་ལས་རྗེ་བླ་མ་མཉྫུ་གྷོ་ཥ་དྷརྨ་མ་ཏིས་གསན། ༈ གཉིས་པ་བླ་མ་ལོངས་སྐུའི་སྒྲུབ་པའི་གཙོ་བོ་ཆོས་རྒྱལ་རཏྣ་གླིང་པའི་གཏེར་བྱོན་ཚེ་སྒྲུབ་གསང་བ་འདུས་པ་འཇམ་མགོན་ཆོས་རྗེའི་ཞལ་སློབ་བན་ཆེན་སྤྲུལ་སྐུ་ཀརྨ་བསྟན་འཛིན་ཆོས་རྒྱལ་གྱིས་སྒྲུབ་ཞག་བདུན་གནང་སྟེ་ཁོ་བོ་མ་ལས་བཙས་ནས་དབང་བསྐུར་ཐམས་ཅད་ཀྱི་ཐོག་མར་དོན་དབང་འཇམ་མགོན་གསུང་ལྟར་ཐོབ་པའི་རྟེན་འབྲེལ་ལེགས་ཕྱོགས་སུ་འཕེལ་པའི་བརྒྱུད་པ་ཀོང་སྤྲུལ་རིན་པོ་ཆེ། སྒ་སྤྲུལ་བསྟན་འཛིན་ཆོས་རྒྱལ་ལའོ། །ཡང་ན་ཚེ་སྒྲུབ་གསང་བ་འདུས་པའི་དབང་ཆེན། དོན་དབང་དང་བཅས་པ་རྒྱལ་ཚབ་རྡོ་རྗེ་འཆང་འགྱུར་མེད་པདྨ་རྣམ་རྒྱལ་ལས་བདག་གིས་བཀའ་དྲིན་ཐོབ་པའི་དབང་བརྒྱུད་འཇམ་མགོན་པདྨ་གར་དབང༌། རབ་འབྱམས་བདེ་ཆེན་རྒྱལ་པོ་ལས། མི་ཕམ་ཕྱོགས་ལས་རྣམ་རྒྱལ་གྱིས་གསན་ནས་བསྙེན་སྒྲུབ་ཟླ་བ་དྲུག་གི་བར་དུ་མཛད་དེ་དངོས་གྲུབ་ལེན་པའི་སྐབས་རབ་འབྱམས་རིན་པོ་ཆེ་དང་ལྷན་དུ་བདག་འཇུག་གི་ཚུལ་དུ་དབང་བཞེས་པའི་དོན་བརྒྱུད་རྒྱལ་ཚབ་མཆོག་ལ་བཞུགས་པ་དང༌། འཇམ་མགོན་མི་ཕམ་རིན་པོ་ཆེའི་ཉེ་གནས་བླ་མ་རིན་པོ་ཆེ་འོད་གསལ་འཇའ་ལུས་རྡོ་རྗེ་ལས་ལན་དུ་མར་བཀའ་དྲིན་ཐོབ་པའོ། །ཡང་ན་འཇམ་མགོན་གུ་ཎ་ལས། དཔལ་ཡུལ་ཨོ་རྒྱན་མདོ་སྔགས་ཆོས་ཀྱི་ཉི་མ། ར་མགོ་མཆོག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོ། འཇམ་མགོན་ཆོས་ཀྱི་བློ་གྲོས་ལའོ། །ཡང་ན་རྗེ་གུ་ཎ། ལྷ་འདིའི་བསྙེན་བཟླས་དུང་ཕྱུར་རྫོང་ཤོད་བདེ་གཤེགས་འདུས་པའི་གནས་མཆོག་ནས་གསུངས་པའི་ཁྱུང་པོ་བླ་མ་རིན་ཆེན་ལས་རྗེ་བླ་མ་དྷརྨ་མ་ཏིས་གསན། ཁྱུང་པོ་བླ་མ་རིན་ཆེན་ལས་ཚེ་གསང་དོན་དབང་ཞིག་བདག་ལ་བཀའ་དྲིན་ཐོབ། ཡང་ན་དོན་དབང་གཏོར་དབང་དང་འབྲེལ་བར་རྗེ་གུ་ཎ། སི་ཏུ་དྷརྨ་ས་ར་དང༌། པདྨ་བི་ཛ་ཡ། གཉིས་ཀས་ཆོས་ཀྱི་བློ་གྲོས། ཡང་ན་གུ་ཎ། རྫོགས་ཆེན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། གཏེར་ཆེན་ལས་རབ་གླིང་པའམ་བསོད་ནམས་རྒྱལ་མཚན་ལས་རྗེ་བླ་མས་གསན། ཡང་ན་རྗེ་གུ་ཎ། རྒྱལ་བ་ཀརྨ་པ་མཁའ་ཁྱབ་རྡོ་རྗེ། སངས་རྒྱས་མཉན་སྤྲུལ་དགུ་པ་ཀརྨ་བཤད་སྒྲུབ་བསྟན་པའི་ཉི་མ་ལས་བདག་གིས་ཐོབ་པའོ། ༈ གསུམ་པ་བླ་མ་སྤྲུལ་སྐུའི་སྐོར་ལ། དངོས་དང༌། ཞར་བྱུང་གཉིས་ལས། དང་པོ་ལ། ཉང་གཏེར་ཕྲིན་སྒྲུབ་རིན་ཆེན་སྒྲོན་མེ་ལས་བྱང་གཞུང་ཀུན་མཁྱེན་གསུང་ལྟར་དབང་གི་བརྒྱུད་པ་ནི་འཇམ་མགོན་མཁྱེན་ཀོང་གཉིས་ཀ་ལས། ཀུན་གཟིགས་ཆོས་ཀྱི་རྒྱ་མཚོ། དེས་འཇམ་པའི་དབྱངས་དྷརྨ་མ་ཏི་ལའོ། །ཡང་ན་རྗེ་གུ་ཎ་ས་མུ་དྲ་རིན་པོ་ཆེ། མཁན་ཐུབ་བསྟན་རྒྱལ་མཚན་འོད་ཟེར་ལས་ཀྱང་གསན། ཕྲིན་སྒྲུབ་འདི་མཁྱེན་བརྩེ་རིན་པོ་ཆེར་ཉེ་བརྒྱུད་དམིགས་བསལ་དུ་བཞུགས་ཤིང༌། དགུང་གསར་གྱི་ཐོ་རངས་ཕྲིན་སྒྲུབ་འདིའི་ཚོགས་མཆོད་རྒྱས་པ་རེ་མཛད་སྲོལ་ཡོད་པ་མངའ་བདག་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་མཆོད་ཀྱང་ཡིན་གསུངས། ༈ རྒྱལ་སྟོན་པདྨ་དབང་ཕྱུག་གི་བླ་མ་བདེ་མཆོག་འཁོར་ལོ་ཀུན་མཁྱེན་བླ་མ་པདྨ་མདོ་སྔགས་གླིང་པ་ལ་ཡང་གཏེར་དུ་བཀའ་བབ་བརྙེས་པ་ནི། མཁྱེན་ཀོང་རྣམ་པ་གཉིས་ཀ་ལས། ཡབ་རྗེ་རིག་འཛིན་ཆེན་པོ་འགྱུར་མེད་ཚེ་དབང་རྒྱ་མཚོ་དང༌། མཁན་རྒྱལ་མཚན་འོད་ཟེར་གཉིས་ཀས་གསན། དེ་ལས་རྗེ་བླ་མ། ཡང་ན་མཁྱེན་བརྩེའི་དབང་པོ། ཆོས་བདག་གྲུབ་དབང་ཧེ་རུ་ཀ་དངོས་ཤཱཀྱ་ཤྲཱི་ཛྙཱ་ན། ཐུགས་སྲས་འཕགས་མཆོག་རྡོ་རྗེ་ལས་རྗེ་བླ་མ་རིན་པོ་ཆེ་པདྨ་ཡེ་ཤེས་རྡོ་རྗེས་གསན་པ་དང༌། ཀུན་གཟིགས་སི་ཏུ་པཎ་ཆེན་ལས་འདི་ལ་གསར་མའི་དྲིལ་བུ་རིམ་ལྔའི་བྱིན་རླབས་ཀྱི་རྒྱུན་དང་གྲུབ་ཆེན་དྲིལ་བུ་པའི་ཉེ་བརྒྱུད་ཀྱང་བཞུགས་པས་ཤིན་ཏུ་ཐུགས་རྩིས་ཆེ་བར་གནང༌། ཟབ་ཁྲིད་ཞིབ་རྒྱས་སུ་གསན་པར་གསུངས། ༈ ༼ཇ༽ བླ་མ་དགོངས་འདུས་དོན་དབང་བདུད་རྩིའི་ཐིག་པ་ལམ་འདིར་ཐུགས་དམ་ཉམས་བཞེས་ཟབ་རྒྱས་སུ་གནང་བའི་འཇམ་མགོན་ཆོས་ཀྱི་རྒྱལ་པོ་པདྨ་གར་དབང༌། སི་ཏུ་དྷརྨ་ས་ར་ལས། རྗེ་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་གསན། ཡང་ན་རྗེ་བླ་མ་གུ་ཎ་ས་ག་རས་རྒྱལ་དབང་ཀརྨ་པ་མཁའ་ཁྱབ་བདེ་བའི་རྡོ་རྗེ་ལ་སྒྲུབ་ཆེན་དང་འབྲེལ་བའི་བླ་མ་དགོངས་འདུས་སྨིན་གྲོལ་རྒྱས་པ་གསན། དེས་མཆོག་སྤྲུལ་རྒྱལ་སྲས་ཀུན་ཏུ་བཟང་པོ་ལས་སྒྲུབ་དབང་དུ་གསན་པའོ། །ཡང་ན་རྒྱལ་དབང་མཁའ་ཁྱབ་རྡོ་རྗེ་ལས། སྐུ་གསུང་ཐུགས་ཀྱི་སྲས་འཇམ་མགོན་མཆོག་སྤྲུལ་ཀརྨ་དཔལ་ལྡན་མཁྱེན་བརྩེའི་འོད་ཟེར། རྒྱལ་དབང་ཀརྨ་པ་རང་བྱུང་ཁྱབ་བདག་རིག་པའི་རྡོ་རྗེ་ལས་བདག་ལ་བཀའ་དྲིན་ཐོབ་པའོ། ༈ ཐུགས་སྒྲུབ་ཡོན་ཏན་གཏེར་མཛོད་འཇམ་མགོན་མཁྱེན་ཀོང་གཉིས་ཀ་ལས། ཀུན་གཟིགས་སི་ཏུ་དྷརྨ་ས་ར། འཇམ་དབྱངས་བླ་མ་དྷརྨ་མ་ཏིས་གསན་པའི་སྨིན་གྲོལ་དགྱེས་བཞིན་བསྩལ་ཏེ་འདི་ནི་བྱིན་རླབས་ཀྱི་ཚན་ཀ་གཞན་མཚུངས་མེད་པས་གུ་རུའི་རྗེས་འཇུག་ཀུན་གྱིས་ཉམས་ལེན་བྱ་དགོས་པར་བཀའ་བསྩལ་བར་མཛད་པའོ། ༈ ༼ཉ༽ གྲོལ་ཏིག་དགོངས་པ་རང་གྲོལ་གྱི་བླ་མ་རིག་འཛིན་ཀུན་འདུས་ཀྱི་ལམ་རྒྱས་འབྲིང་བསྡུས་པའི་དབང་ཐམས་ཅད་མཁྱེན་གཟིགས་མཉྫུ་གྷོ་ཥ། འཇམ་མགོན་གུ་ཎ་ས་ར། གཉིས་ཀ་ལས་སརྦ་ཛྙཱ་དྷརྨ་ས་རས་གསན་པ་ལས་ཀུན་མཁྱེན་བླ་མ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་གསན་པར་གསུངས། ཡང་གྲོལ་ཏིག་ལམ་རྒྱས་པ་བདེ་གཤེགས་ཀུན་འདུས་དབང་ཆོག་མཁྱེན་བརྩེའི་དགོངས་རྒྱན་ཀུན་མཁྱེན་འཇིགས་མེད་གླིང་པའི་གསུང་ལྟར་ཀུན་གཟིགས་མཉྫུ་གྷོ་ཥའི་ཞལ་ནས་གསན་པའི་བརྒྱུད་པའི་ཁྱད་པར། ཀུན་མཁྱེན་འཇིགས་གླིང་ལ་འཕྲེང་གཏེར་པྲཛྙཱ་རསྨིའི་ཡེ་ཤེས་ཀྱི་སྐུས་ཉེ་བརྒྱུད་བསྩལ། དེའི་དཔལ་རི་མཚོ་རྒྱལ་སྤྲུལ་སྐུ། འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ། གཏེར་ཆེན་ལས་རབ་གླིང་པ། འཇམ་པའི་རྡོ་རྗེ་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་གསན་ཏེ་ཆེད་དུ་བཀའ་དྲིན་བསྐྱངས་པའོ། །སྤྱིར་གྲོལ་ཏིག་གཏེར་གཞུང་པོད་གཅིག་གི་ལུང་རྗེ་མཁྱེན་བརྩེ་རྡོ་རྗེ་འཆང༌། གཏེར་ཆེན་ལས་རབ་གླིང་པ། འཇམ་མགོན་ཆོས་ཀྱི་བློ་གྲོས། ཞེ་ཆེན་ཀོང་སྤྲུལ་རིན་པོ་ཆེ་པདྨ་དྲི་མེད་བློ་གྲོས་ལས་བཀའ་དྲིན་ཐོབ་པ་གཏེར་མཛོད་དཀྱུས་སུ་མི་བཞུགས་ཀྱང་ཟབ་ཆོས་ཁྱད་འཕགས་དཔེ་དང་ལུང་རྒྱུན་དཀོན་པས་ཞར་བྱུང་དུ་བཀོད་པའོ། ༈ རིག་འཛིན་འཇའ་ཚོན་སྙིང་པོའི་ཟབ་གཏེར་གྱི་གཙོ་བོ་དཀོན་མཆོག་སྤྱི་འདུས་ཀྱི་དབང་རྗེ་འཇམ་མགོན་རྣམ་གཉིས་ལས། སི་ཏུ་དྷརྨ་ས་ར་དང༌། རྡོ་རྗེ་འཆང་པདྨ་བི་ཛ། གཉིས་ཀ་ལས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱིས་གསན་པར་གསུང་སྟེ་དབང་ལན་གཉིས་བཀའ་དྲིན་ཐོབ། ཡང་ན་རྗེ་མཁྱེན་བརྩེ་རྡོ་རྗེ་འཆང༌། ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ། དེས་རྗེ་བླ་མ་རིན་པོ་ཆེ་དྷརྨ་མ་ཏི་ལའོ། །ཡང་ན་འཇམ་མགོན་རིན་པོ་ཆེ་གུ་ཎ། མཁས་དབང་བླ་མ་བཀྲ་ཤིས་ཆོས་འཕེལ། རྗེ་དྷརྨ་མ་ཏི་སྟེ། སི་ཏུ་པཎྜི་ཏས་ཛཿསྤྲུལ་ཀུན་བཟང་རྣམ་རྒྱལ་དང༌། རྫོགས་ཆེན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། དཔལ་ཡུལ་རྒྱ་སྤྲུལ་མདོ་སྔགས་བསྟན་འཛིན་རྣམས་ལས་གསན། རྗེ་བླ་མ་རྡོ་རྗེ་འཆང་པདྨ་བི་ཛ་ལས་བདག་གིས་ཀྱང་བཀའ་དྲིན་ཐོབ། ཡང་མཁྱེན་བརྩེ་རིན་པོ་ཆེ། སྐུ་ཚེ་རིལ་པོར་དཀོན་སྤྱིའི་ཉམས་ལེན་རྟགས་ཐོན་དུ་གནང་བའི་བླ་མ་བློ་གྲོས་ཕུན་ཚོགས་ལས་ཀྱང་ཐོབ་པའོ། ༈ བདུད་འདུལ་པདྨ་འོད་འབར། བདུད་འདུལ་ནུས་ལྡན་རྡོ་རྗེ་ནས། རྒྱལ་སྲས་པདྨ་རྣམ་རྒྱལ། དེས་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་པའི་རང་སྲས་གསེར་པ་གཏེར་རྒན་བདུད་འདུལ་རོལ་པ་རྩལ་ལམ་ནུས་ལྡན་ནམ་མཁའི་རྒྱལ་པོ་ལ་བསྩལ་ཞིང་བདུད་འདུལ་ཉིད་ཀྱི་ཡེ་ཤེས་སྐུས་ཀྱང་རྗེས་སུ་བཟུང་ཞིང་སྐུ་ཚེ་ལ་མངའ་བརྙེས་ཏེ་དགུང་གྲངས་བརྒྱ་དང་བརྒྱད་ཅུ་ཙམ་བཞུགས། དེ་ལས་ཡབ་རྗེ་གསེར་པ་གཏེར་སྲས་འགྱུར་མེད་ཚེ་དབང་རྒྱ་མཚོ། དེས་རིག་འཛིན་གྲུབ་པའི་ཚོགས་རྗེ་འཇམ་མགོན་དྷརྨ་མ་ཏི་ལའོ། །ཡང་ན། དྲི་མེད་ཞིང་སྐྱོང་ནས། ཀཿཐོག་འཇམ་དབྱངས་སྤྲུལ་སྐུས་བདུད་ཀློང་གི་ཆོས་སྐོར་ཉམས་བཞེས་ཚུལ་བཞིན་གནང༌། ཀུན་གཟིགས་དྷརྨ་ས་ར། དེས་མཁན་ངག་དབང་དཔལ་བཟང༌། དེ་གཉིས་ཀ་ལ་རྗེ་དྷརྨ་མ་ཏིས་གསན་པ་ཏེ་བརྒྱུད་ཚུལ་གཉིས་ཀ་བདུད་འདུལ་སྐོར་ཐམས་ཅད་ལ་འདྲ། ༈ ༼ཏ༽ རྟོགས་པའི་དབང་ཕྱུག་ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱི་དག་སྣང་རིག་འཛིན་སྲོག་སྒྲུབ་ཀྱི་དབང་དང༌། སྨིན་ཁྲིད་སྐོར། རྗེ་མཁྱེན་ཀོང་ལྷན་རྒྱས་པ་ལས། ཐམས་ཅད་གཟིགས་པ་དྷརྨ་ས་ར། གདོད་མའི་མགོན་པོ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱིས་གསན་པ་དང༌། ཡང་ན་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས། རྩི་ཀེའི་གདན་འཛིན་མཆོག་གླིང་གཉིས་པ་དཀོན་མཆོག་འགྱུར་མེད་བསྟན་པའི་རྒྱལ་མཚན་གྱིས་དབང་ཁྲིད་རྩ་གཞུང་པོད་གཅིག་གི་ལྗགས་ལུང་བཅས་གསན་པའི་བཀའ་དྲིན་གྱིས་དབང་ཁྲིད་རྗེ་བླ་མ་རྡོ་རྗེ་འཆང་དྷརྨ་མ་ཏི་དང༌། རྩ་པོད་ལུང་རྗེ་དྷརྨ་མ་ཏི། མཆོད་དཔོན་བླ་མ་འཇམ་དཔལ་བློ་གྲོས་མཆོག་ལྡན་ལས་ཐོབ་པའི་སྐལ་བཟང་བྱུང་བའོ། ༈ གཏེར་ཆེན་རོལ་རྡོར་གཏེར་བྱོན་བླ་མ་རྒྱལ་བ་ཀུན་འདུས་ཀྱིས་གཏེར་ཁ་ཡོངས་རྫོགས་ཀྱི་དབང༌། ཁྲིད། ལུང་བཅས་འཇམ་མགོན་རྡོ་རྗེ་འཆང་གར་དབང་ལས། དྲུང་རིན་པོ་ཆེ་ཀརྨ་ཆོས་ཀྱི་ཉིན་བྱེད། རོལ་རྡོར་གཏེར་སྤྲུལ་ལྔ་པ་ཀརྨ་དྲི་མེད་འོད་ཟེར་ལས། རྗེ་བླ་མ་རྡོ་རྗེ་འཆང་དྷརྨ་མ་ཏི་དང་ཆབས་ཅིག་མཚོ་བྲག་གཏེར་ཁ་ཡོངས་རྫོགས་ཀྱི་བཀའ་ལུང་གདམས་གཏད་བཅས་བཀའ་དྲིན་ཐོབ་པ་འོག་མ་ཀུན་ལའང་ཤེས་པར་བྱ་དགོས་སོ། ༈ ༼ཐ༽ རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་ནང་སྒྲུབ་བླ་མ་རིག་འཛིན་འདུས་པའི་རྩ་དབང་རྒྱལ་ཐབས་སྤྱི་བླུགས་ནི། མཁྱེན་ཀོང་གཉིས་ཀ་ལས་མཚོ་སྐྱེས་རྒྱལ་བ་གཉིས་པའི་ཞལ་སྐྱིན་འགྱུར་མེད་པདྨ་རྣམ་རྒྱལ། དེ་ལས་བཀའ་དྲིན་ཐོབ། ཡང་ན་འཇམ་མགོན་མཁྱེན་བརྩེའི་དབང་པོ་དང༌། རྫོགས་ཆེན་མཁན་རིན་པོ་ཆེ་པདྨ་རྡོ་རྗེ་གཉིས་ཀ་ལས། མཁས་བཙུན་གྲུབ་པའི་དབང་ཕྱུག་རྫོགས་ཆེན་མཁན་རིན་པོ་ཆེ་འཇིགས་མེད་པདྨ་བློ་གསལ་ལས་བཀའ་དྲིན་ཐོབ་པའོ། །ཡང་ན་མཁྱེན་ཀོང་རྣམ་གཉིས་ལས་ཨ་འཛོམ་འབྲུག་པ་རིག་འཛིན་སྣ་ཚོགས་རང་གྲོལ། དེའི་ཀུན་མཁྱེན་བླ་མ་དྷརྨ་མ་ཏིས་ཞིབ་རྒྱས་སུ་དགོངས་གཏད་ཐུན་མིན་དང་བཅས་ཏེ་བསྩལ། ཡང་ན་མཁྱེན་ཀོང་ཞལ་ལྷན་རྒྱས་ལས། མཁན་ཆེན་ཐུབ་བསྟན་རྒྱལ་མཚན་འོད་ཟེར་ལས་རྗེ་དྷརྨ་མ་ཏིས་གསན། ཡང་ན་མཁྱེན་བརྩེ་རིན་པོ་ཆེ། རྡོ་གྲུབ་ཀུན་མཁྱེན་འཇིགས་མེད་བསྟན་པའི་ཉི་མ་དང༌། ཡབ་རྗེ་རིག་འཛིན་འགྱུར་མེད་ཚེ་དབང་རྒྱ་མཚོ། གཉིས་ཀ་ལས་རྗེ་བླ་མ་དྷརྨ་མ་ཏིས་གསན་ཅིང༌། རྡོ་གྲུབ་རིན་པོ་ཆེ་ལས་བཀའ་དབང་གསན་སྐབས་གསང་མཚན་ཡེ་ཤེས་རྡོ་རྗེ་ཞེས་བསྩལ་བའོ། །གཞན་ཡང་བརྒྱུད་ཚུལ་མང་དུ་བཞུགས་པ་ཀློང་སྙིང་ཐོབ་ཡིག་རྒྱས་པར་གསལ། ༈ མཆོག་གླིང་གཏེར་བྱོན་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་དབང་ཆེན་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་མཆོག་གྱུར་གླིང་པ། བཻ་རོ་དངོས་བྱོན་འཇམ་མགོན་གུ་ཎ་ས་མུ་དྲ། གཉིས་ཀས་གཏེར་ཆེན་མཆོག་གི་སྐུ་གསུང་ཐུགས་ཀྱི་སྲས་ཚེ་དབང་ནོར་བུ། ཀུན་གཟིགས་སི་ཏུ་པཎ་ཆེན་དྷརྨ་ས་ར། ཡང་ན་གཏེར་ཆེན་མཆོག་གླིང༌། མངའ་བདག་ཆེན་པོའི་རྣམ་འཕྲུལ་གངས་ཅན་མཁས་གྲུབ་ཡོངས་ཀྱི་རྒྱལ་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། སི་ཏུ་སརྦ་ཛྙཱ་དྷརྨ་ས་ར། དེ་ལས་ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ། ཀུན་མཁྱེན་འཇམ་དབྱངས་བླ་མ་དངོས་བྱོན་འཇམ་མགོན་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་ནས་གསན་པའོ། །གཏེར་མཛོད་དཀྱུས་སུ་བཞུགས་པའི་དབང་འབྲིང་བསྡུས་ཚེ་དབང་བཅས་གཏེར་ཆེན་དང༌། མཁྱེན་བརྩེ་རྡོ་རྗེ་འཆང༌། འཇམ་མགོན་གུ་ཎ། གསུམ་ཀས་གཏེར་སྲས་རིག་འཛིན་ཚེ་དབང་ནོར་བུ། ཀུན་གཟིགས་ཨོ་རྒྱན་ཆོས་ཀྱི་རྒྱ་མཚོ་ལ་འདྲེན་ཀྱང་རུང༌། ཡང་གཏེར་སྲས་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུས་ཡབ་རྗེ་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་གླིང་པ་ལས་སྒྲུབ་ཆེན་དང་རྗེས་སུ་འབྲེལ་བར་ཐུགས་སྒྲུབ་ཀྱི་རྩ་དབང་རྒྱས་འབྲིང་བསྡུས་གསུམ་ག་གསན་པའོ། །ཡང་ན་དབང་རྒྱས་འབྲིང་བསྡུས་གསུམ་ག་གཏེར་ཆེན་བླ་མའི་སྐུ་གསུང་ཐུགས་ཀྱི་སྲས་འགྱུར་མེད་ཚེ་དབང་གྲགས་པ་དང་གཏེར་སྲས་ཚེ་དབང་ནོར་བུ་སྐུ་མཆེད་གཉིས་ཀས། གནས་དགོན་གཏེར་ཆེན་མཆོག་སྤྲུལ་པདྨ་འགྱུར་མེད་ཐེག་མཆོག་བསྟན་འཕེལ། དེ་ལས་རྗེ་འཇམ་མགོན་ཆོས་ཀྱི་བློ་གྲོས་ཀྱིས་གསན་པར་གནང༌། ཡང་ན་གནས་དགོན་གཏེར་སྤྲུལ་རིན་པོ་ཆེ་དང༌། ཀཿཐོག་སི་ཏུ་གཉིས་ཀས་དབང་འབྲིང་བསྡུས་ཚེ་དབང་བཅས་འཇམ་མགོན་ཆོས་ཀྱི་རྒྱལ་པོ་གཉིས་ཀ་ལས་གསན། ཡང་ན་དབང་འབྲིང་བསྡུས་ཚེ་དབང་བཅས་འཇམ་པའི་དབྱངས་ཡོན་ཏན་རྒྱ་མཚོ། ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ་ནས་འཇམ་པའི་རྡོ་རྗེ་དྷརྨ་མ་ཏི་ལའོ། ༈ ཐུགས་སྒྲུབ་བསམ་པ་ལྷུན་གྲུབ་རྩ་དབང་རྒྱས་འབྲིང་བསྡུས་པ་ཚེ་དབང་བཅས། རིག་འཛིན་རྩལ་འཆང་རྣམ་པ་གསུམ་ཀའི་ཞལ་སྔ་ནས་མཆོག་གཏེར་རིག་འཛིན་ཆེན་པོའི་སྐུ་གསུང་ཐུགས་ཀྱི་སྲས་ཚེ་དབང་ནོར་བུ་ཀཿཐོག་བསམ་འགྲུབ་ལྷ་ཁང་གི་གུ་རུ་རིན་པོ་ཆེའི་མདུན་ནས་འཇམ་དབྱངས་བླ་མ་ཀུན་གཟིགས་ཆོས་ཀྱི་བློ་གྲོས་སམ་པདྨ་ཡེ་ཤེས་རྡོ་རྗེས་གསན་ཏེ་རབ་ཚེས་ས་བྱ་ལོར་ཟབ་རྒྱས་ནོར་བུའི་སྒྲོམ་འདི་མཆོག་གི་གཏེར་ཆེན་རྣམ་གཉིས་ཞལ་རྒྱས་པས་ཐོག་མར་གཏན་ལ་འབེབས་པའི་གནས་མདོ་ཁམས་ཀྱི་ཤྲཱི་ནཱ་ལེནྡྲ་རྫོང་གསར་བཀྲ་ཤིས་ལྷ་རྩེའི་གཟིམས་སྤྱིལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་ཆེན་པོ་ནས་ཆོས་བཀའ་དེ་ཉིད་དང་ལྷན་རྒྱས་སུ་སྤྱན་དྲངས་པའི་སྐུ་ཚབ་རིན་པོ་ཆེའི་དངོས་གྲུབ་དཔལ་འབར་གྱི་སྤྱན་སྔར་རྗེས་སུ་བཟུང་བའི་སྐལ་བཟང་གི་དལ་རྟེན་དོན་ཡོད་དུ་མཛད་པའོ། །ཡང་ན་དབང་རྒྱས་འབྲིང་བསྡུས་གསུམ་ག་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ལས། གཏེར་སྲས་རིག་འཛིན་ཚེ་དབང་གྲགས་པ་དང༌། གཡུ་སྒྲའི་རྣམ་འཕྲུལ་ཚེ་དབང་ནོར་བུ་སྐུ་མཆེད་གཉིས་ཀས་གནས་དགོན་གཏེར་ཆེན་མཆོག་སྤྲུལ་ཐེག་མཆོག་བསྟན་འཕེལ་ལས། སྐྱབས་མཆོག་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་རྟེན་མཆོག་འགྱུར་མེད་གླིང་ནས་གསན་པའོ། །ཡང་ན་མཆོག་གླིང་གཉིས་པ་ཐེག་མཆོག་བསྟན་འཕེལ་དང༌། ཀཿཐོག་སི་ཏུ་ཀུན་གཟིགས་དྷརྨ་ས་ར་གཉིས་ཀས་དབང་འབྲིང་བསྡུས་ཚེ་དབང་བཅས་མཁྱེན་ཀོང་གཉིས་ཀ་ལས་གསན། ཡང་དབང་འབྲིང་བསྡུས། ཚེ་དབང་བཅས་ལོ་ཆེན་གུ་ཎ་ལས་ཡབ་རྗེ་རིག་འཛིན་འགྱུར་མེད་ཚེ་དབང་རྒྱ་མཚོ་ལས་རྡོ་རྗེ་འཆང་དྷརྨ་མ་ཏིས་གསན་བཞེས་གནང་བ་ལས་བཀའ་དྲིན་ཐོབ་པའོ། །མདོར་ན་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་དབང་འབྲིང་བསྡུས་ཚེ་དབང་བཅས་རྗེ་བླ་མ་འཇམ་པའི་དབྱངས་དང་སྐུ་ཚབ་རིན་པོ་ཆེ་ཞལ་ལྷན་རྒྱས་པའི་སྤྱན་སྔར་ལན་བཞི་ཙམ་དང༌། བདག་འཇུག་གི་དབང་ལན་གཅིག་བཅས་བཀའ་དྲིན་ཐོབ་པའི་སྐལ་བཟང་བྱུང་བའོ། །མཚོ་སྐྱེས་སྙིང་ཐིག་མཁྱེན་བརྩེ། གུ་ཎ་གཉིས་ཀས། དྷརྨ་ས་ར། དེ་ལས་ཡབ་རྗེ། གཉིས་ཀས་རྗེ་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་གུ་ཎ། མཁན་རྒྱལ་མཚན་འོད་ཟེར། སི་ཏུ་པདྨ་དབང་མཆོག་རྒྱལ་པོ། དེས་དྷརྨ་མ་ཏི། དེས་བདག་ལའོ། །ཁམས་སྤར་དུ་བཞུགས་པའི་མཁྱེན་བརྩེའི་རྩ་གསུམ་གསུམ་བདེར་འདུས་མཉྫུ་གྷོ་ཥ། དྷརྨ་ས་ར། དེས་དྷརྨ་མ་ཏི། དེས་བདག་མངྒ་ལ་ལའོ། ༈ རྩ་གསུམ་དགོངས་འདུས་ཀྱི་བླ་མ་རིག་འཛིན་མཆོག་སྒྲུབ་ཀྱི་དོན་དབང་ཚེ་དབང་བཅས་དང་ལུང་ཡོངས་རྫོགས། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ། ལུང་ཟིན་ཆོས་བདག་ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ། དེས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་འཇམ་མགོན་ཆོས་ཀྱི་རྒྱལ་པོ་གུ་ཎས་མཛོད་ཆེན་ལྔ་ཡོངས་རྫོགས་ཀྱི་སྨིན་གྲོལ་རྫོགས་པའི་དགོངས་གཏད་བཅས། མཆོག་གླིང་གཏེར་སྲས་སྤྲུལ་སྐུ་རིན་པོ་ཆེ་འགྱུར་མེད་ཚེ་དབང་བསྟན་འཕེལ་དེ་ལས་བདག་མངྒ་ལའོ། །གསང་ཐིག་ཡབ་བཀའ་ཡུམ་བཀའ་གཉིས་རྩ་གསུམ་དགོངས་འདུས་དང་འདྲ། ༼ད༽ བཀའ་སྲུང་སྔགས་སྲུང་དབང་འདི་འཇམ་མགོན་གུ་ཎ། མཁན་ཐུབ་བསྟན་རྒྱལ་མཚན། མཆོག་སྤྲུལ་པདྨ་ཐུགས་རྗེའི་དབང་ཕྱུག་ལས་རྗེ་བླ་མས་གསན་སྐབས་བཀའ་དྲིན་ཐོབ། ༈ ཚིག་བདུན་བླ་སྒྲུབ་སྐོར་རྣམས་ཀྱང་གོང་གསལ་རྩ་གསུམ་དགོངས་འདུས་ལྟར་རོ། ༈ དྭགས་པོའི་གསང་ལམ་བླ་སྒྲུབ། རྗེ་གུ་ཎས་ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་གུ་ཎ། ཀརྨ་བསྟན་པ་གསལ་བྱེད། དྲུང་ཀརྨ་ཆོས་ཀྱི་ཉིན་བྱེད། དེ་ལས་དྷརྨ་མ་ཏིས་སོ། །ཡང་ན་འཇམ་མགོན་ཆོས་རྗེ་ལས། རྒྱལ་དབང་ཀརྨ་པ་མཁའ་ཁྱབ་རྡོ་རྗེ། དཔའ་བོ་གཙུག་ལག་སྨྲ་བའི་ཉིན་བྱེད། དེ་ལས་བཀའ་དྲིན་ཐོབ། ཡང་ན་གུ་ཎ། སྒྲུབ་དཔོན་བླ་མ་ཀརྨ་བསྟན་པ་གསལ་བྱེད། མི་འགྱུར་རྡོ་རྗེའི་མཆོག་སྤྲུལ་ཀརྨ་འཇིགས་བྲལ་ཆོས་ཀྱི་སེང་གེ །དྲུང་རམ་རྒྱལ་སྤྲུལ་ཀརྨ་ཕྲིན་ལས་ཀུན་ཁྱབ་ལས་བཀའ་དྲིན་ཐོབ། ༈ ཀརྨ་པཀྵིའི་བླ་སྒྲུབ་དབང་རྒྱལ་དབང་ཀརྨ་པ་རང་བྱུང་རིག་པའི་རྡོ་རྗེ་ལས་བཀའ་དྲིན་ཐོབ། ༈ བླ་སྒྲུབ་ཐིག་རྒྱ་མཁྱེན་བརྩེ། རྡོ་གྲུབ་བསྟན་པའི་ཉི་མ། དེས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་མཁྱེན་བརྩེ། གུ་ཎ། གཉིས་ཀས་དྷརྨ་ས་ར་དང༌། སྣ་ཚོགས་རང་གྲོལ་ལ། དེ་གཉིས་ཀ་ལས་དྷརྨ་མ་ཏིས། ཡང་ན་མཁྱེན་བརྩེ་ལས། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། །རྡོར་སེམས་མངོན་དགའི་རིལ་དབང་སྦྱར་ནས་བཀའ་དྲིན་ཐོབ། ༈ གྲུབ་ཐོབ་ཐུགས་ཏིག་བླ་སྒྲུབ་མཁྱེན་བརྩེ། གུ་ཎ། གཉིས་ཀས་ལུང་ཟིན་དྷརྨ་ས་ར་དང༌། པདྨ་བི་ཛ། ཡབ་རྗེ་བཅས་ལ། གསུམ་ཀས་རྗེ་ཆོས་ཀྱི་བློ་གྲོས་དེས་བདག་ལའོ། ༈ མཆོག་གླིང་བླ་སྒྲུབ་སྐུ་གསུམ་རིགས་འདུས་མཁྱེན་བརྩེ། གུ་ཎ་གཉིས་ཀས་དྷརྨ་ས་ར་དང༌། ཡབ་རྗེ། དེ་གཉིས་ཀས་དྷརྨ་མ་ཏི། དེས་བདག་ལའོ། །འདིའི་རྩ་དབང་རྒྱས་པ་མཁྱེན་བརྩེ་ལས། དྷརྨ་ས་ར། དེས་དྷརྨ་མ་ཏི། དེས་བདག་ལའོ། །ཁམས་སྤར་དུ་བཞུགས་པའི་ཁྲི་སྲོང་བླ་སྒྲུབ། མཉྫུ་གྷོ་ཥ། དྷརྨ་ས་ར། དེས་དྷརྨ་མ་ཏི། ཡང་ན་མཉྫུ་གྷོ་ཥ། སེམས་དཔའ་ཆེན་པོ་བློ་གྲོས་བཟང་པོ། ཤེས་རབ་འོད་ཟེར། དེ་ལས་དྷརྨ་མ་ཏིས་གསན་པ། དེས་བདག་ལའོ། ༈ ཉང་གཏེར་དྲེགས་པའི་སྲོག་དབང་གུ་ཎ། ཐུབ་བསྟན་རྒྱལ་མཚན་འོད་ཟེར། དེས་དྷརྨ་མ་ཏི། དེས་བདག་ལའོ། ༼ན༽ རིན་གཏེར་དཀྱུས་སུ་མི་བཞུགས་ཀྱང་རཏྣའི་གུར་དྲག་མེ་འཁྱིལ་གྱི་དྲེགས་པའི་སྲོག་དབང་བསྩལ་བའི་བརྒྱུད་པ་ཐུགས་སྒྲུབ་ཡང་འདུས་སྐབས་སུ་གསལ། ༈ མི་འགྱུར་ལས་གླིང་པདྨ་གཏུམ་པོ་མཁྱེན་བརྩེ། གུ་ཎ། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༼པ༽ འཇའ་ཚོན་དཀོན་སྤྱིའི་གུ་དྲག་གཏོར་དབང་མཁྱེན་བརྩེ། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ རྒྱ་ཅན་གྲོ་ལོད་དང་ཀརྨ་དྲག་པོ་གཉིས། གུ་ཎ། ཐུབ་བསྟན་རྒྱལ་མཚན་འོད་ཟེར། དེས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་རྒྱ་ཅན་སྤྱི་བརྒྱུད་དྭངས་མ་བཅུད་འདྲེན་སྐབས་སུ་གསལ། ༈ གནམ་ཆོས་གུར་དྲག་ཕུར་མཇུག །དཔལ་ཡུལ་ཕྱོགས་བརྒྱུད་ཨོ་རྒྱན་མདོ་སྔགས་ཆོས་ཀྱི་ཉི་མ། ར་སྤྲུལ་ཐུབ་བསྟན་བཤད་སྒྲུབ་འོད་ཟེར་ལས། རྗེ་དྷརྨ་མ་ཏི་མཆོག་གིས་གསན་པ་སྟེ་གནམ་ཆོས་ཚང་མའི་བརྒྱུད་པ་འདིའོ། ༈ སྨིན་གཏེར་དྲག་དམར་རིག་འཛིན་ཐུགས་ཏིག་སྐབས་དང་འདྲ། ཡང་ན་རྡོར་འཛིན་རྣམ་གྲོལ་རྒྱ་མཚོ་ལས། དྷརྨ་མ་ཏིས་གསན་པ་དེས་བདག་མངྒ་ལའོ། ༈ གུར་དྲག་ཡེ་ཤེས་རབ་འབར། གུ་ཎ། ཐུབ་བསྟན་རྒྱལ་མཚན་འོད་ཟེར། དེས་དྷརྨ་མ་ཏི། དེས་བདག་ལའོ། །སྟག་ཤམ་རྡོ་རྗེ་དྲག་རྩལ་བཀའ་སྲུང་གཟའ་བདུད་དང༌། འདི་གཉིས་རིན་གཏེར་དཀྱུས་སུ་མེད་ཀྱང་བཀའ་དྲིན་ཐོབ། སྡེ་བརྒྱད་སྲོག་དབང་བཅས་སྟག་ཤམ་བསམ་གཏན་གླིང་པ། བསམ་གཏན་བསྟན་འཛིན། མཐུ་སྟོབས་རྣམ་རྒྱལ། ཨོ་རྒྱན་རྟ་མཆོག་ཆོས་གྲགས། བླ་མ་མི་འགྱུར། འཕེལ་ཚ་བསོད་ནམས་རྣམ་རྒྱལ། དབོན་མགོན་པོ་རྡོ་རྗེ། པདྨ་ལྷུན་གྲུབ། གཏེར་སྟོན་དྲི་མེད་འོད་ཟེར་རམ་པདྨ་གླིང་པ། དེས་རྗེ་ཆོས་ཀྱི་བློ་གྲོས་ལའོ། །ཡང་ན་རྗེ་གུ་ཎ་བ་འདིར་མཁན་ཐུབ་བསྟན་རྒྱལ་མཚན་ཡོད་མེད་དཔྱད།དྲི་མེད་འོད་ཟེར་སོགས་འདྲ། ༼ཕ༽ གྲོ་ལོད་གསང་སྒྲུབ་འཇམ་མགོན་གུ་ཎ་ལས། བཀྲ་ཤིས་ཆོས་འཕེལ། ཡབ་རྗེ། གཉིས་ཀས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་གུ་ཎ། རྒྱལ་དབང་མཁའ་ཁྱབ་རྡོ་རྗེ། འཇམ་མགོན་ཡང་སྲིད་དཔལ་ལྡན་མཁྱེན་བརྩེའི་འོད་ཟེར། དེ་ལས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་གུ་ཎ། ཐུབ་བསྟན་རྒྱལ་མཚན་འོད་ཟེར། གཏེར་སྟོན་དྲི་མེད་དེས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་འཇམ་མགོན་བླ་མ། འགྱུར་མེད་པདྨ་རྣམ་རྒྱལ། དེས་བདག་མངྒ་ལར་བཀའ་དྲིན་ཐོབ། ༈ བཀའ་བརྒྱད་བདེ་འདུས་དབང་ཆེན་འདི་སྨིན་གླིང་གཏེར་ཆེན་རིན་པོ་ཆེ་འགྱུར་མེད་རྡོ་རྗེ། རྒྱལ་སྲས་འགྱུར་མེད་རིན་ཆེན་རྣམ་རྒྱལ། ཁྲི་ཆེན་པདྨ་བསྟན་འཛིན། ཁྲི་ཆེན་ཕྲིན་ལས་རྣམ་རྒྱལ། ཞེ་ཆེན་རྒྱལ་ཚབ་དང་པོ་པདྨ་གསང་སྔགས་བསྟན་འཛིན་ཆོས་རྒྱལ། ཀུན་གཟིགས་འགྱུར་མེད་བསྟན་འཛིན་འཕེལ་རྒྱས་ལས་རྗེ་མཁྱེན་ཀོང་གཉིས་ཀས་གསན། དབོན་སྤྲུལ་རིན་པོ་ཆེ་ལ་སྟག་བླ་པདྨ་མ་ཏིའི་སྨད་བརྒྱུད། འབྲི་གུང་སྒྲུབ་དབང་གི་རྒྱུན་ཀྱང་བཞུགས། རིན་གཏེར་དཀྱུས་སུ་མི་བཞུགས་ཀྱང༌། བཀའ་བརྒྱད་དབང་ཆེན་རེ་ངེས་པར་གནང་བའི་ཕྱག་རྒྱུན་ལྟར་ཉང་གཏེར་བཀའ་བརྒྱད་བདེར་འདུས་དབང་ཆེན་ཟེ་ཆེན་དབོན་སྤྲུལ་འགྱུར་མེད་བསྟན་འཛིན་འཕེལ་རྒྱས་ལམ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་ལས་རིང་བརྒྱུད་དང༌། ཉེ་བརྒྱུད་ཀྱི་བཀའ་བབས་ཁྱད་འཕགས་བཞུགས་པ་ཁྲི་སྲོང་རྣམ་འཕྲུལ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལས། སི་ཏུ་ཆོས་ཀྱི་རྒྱ་མཚོ། དེས་རྗེ་བླ་མ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ལའོ། །ཡང་ན་ལོ་ཆེན་བཻ་རོའི་རྣམ་འཕྲུལ་འཇམ་མགོན་བློ་གྲོས་མཐའ་ཡས་ལས། འགྱུར་མེད་པདྨ་བི་ཛ། འཇམ་མགོན་མཆོག་སྤྲུལ་པདྨ་དྲི་མེད་ལེགས་པའི་བློ་གྲོས། དེས་རྗེ་ཆོས་ཀྱི་བློ་གྲོས་ལའོ། །ཡང་ན་སྨིན་གླིང་བརྒྱུད་པ་གཏེར་ཆེན་ནས་རིན་རྣམ་སོགས་རིམ་བརྒྱུད་ཁྲི་ཆེན་ཡིད་བཞིན་དབང་རྒྱལ་ལས། ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ། དེས་རྗེ་ཀུན་གཟིགས་ཆོས་ཀྱི་བློ་གྲོས་ལའོ། །རྗེ་མཁྱེན་བརྩེར། རྡོར་གླིང་བཀའ་བརྒྱད་ཉེ་བརྒྱུད་བཞུགས་པ་དེ་ཉིད་ནས་འགྱུར་མེད་པདྨ་བི་ཛ། དེ་ལས་རྗེ་ཆོས་ཀྱི་བློ་གྲོས་ཀྱིས་གསན་པ་བྱིན་རླབས་ཆུ་བོ་གཅིག་ཏུ་འདུས་པར་གསུངས་ཤིང༌། དྷརྨ་ས་རས་འཇམ་མགོན་གུ་ཎ་ལས་གཏེར་ཁ་འོག་མའི་བཀའ་བརྒྱད་དབང་ཆེན་སྒྲུབ་དབང་དུ་གསན་པ་ལས། མཁན་ཆེན་ངག་དབང་དཔལ་བཟང༌། དེ་ལས་རྗེ་ཆོས་ཀྱི་བློ་གྲོས་མཆོག་གིས་གསན་པའང་བྱིན་རླབས་ཀྱི་རྒྱུན་གཅིག་ཏུ་འདྲིལ་བའོ། ༈ དབང་འབྲིང་པདྨ་ཤེལ་ཕུག་དང་རྣལ་འབྱོར་རྒྱུན་དབང་ ལན་གསུམ་ཐོབ། བཅས་པདྨ་བི་ཛ་ལས་ཆོས་ཀྱི་བློ་གྲོས་གསན། ཡང་ན་གུ་ཎ། མཁན་ཐུབ་བསྟན་རྒྱལ་མཚན་འོད་ཟེར། དེས་ཆོས་ཀྱི་བློ་གྲོས་ལའོ། །དབང་འབྲིང་པདྨ་ཤེལ་ཕུག་སྐྱབས་རྗེ་རྡོ་རྗེ་འཆང་པདྨ་བི་ཛ་ལས་ཀྱང་བཀའ་དྲིན་ཐོབ། ༼བ༽ ༈ མི་ཕམ་བཀའ་བརྒྱད་རྣམ་བཤད་མི་ཕམ་རིན་པོ་ཆེ་དངོས་ལས་སི་ཏུ་པཎྜི་ཏ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་དང༌། ཉེ་གནས་བླ་མ་འོད་གསལ་གཉིས་ཀྱིས་གསན། སྔ་མ་ལས་འཇམ་མགོན་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་གསན་པ་ལས་ལན་གཅིག་དང༌། ཕྱི་མ་ལས་བདག་གིས་བཀའ་དྲིན་ཐོབ་པའོ། ༈ ཆོས་དབང་བཀའ་བརྒྱད་གསང་རྫོགས། རྗེ་གུ་ཎ། དྷརྨ་ས་ར། མཁན་ངག་དབང་དཔལ་བཟང༌། དེ་ལས་དབང་རྒྱས་བསྡུས། རྩ་གཞུང་པོད་བཞིའི་ལུང་བཅས་རྗེ་དྷརྨ་མ་ཏི་མཆོག་གིས་གསན། དེས་བདག་ལའོ། ༈ བཀའ་བརྒྱད་བདེ་འདུས་ཕྱག་རྒྱ་རྐྱང་སྒྲུབ་དང༌། རིམ་ལྔའི་སྨིན་ཁྲིད་མཁྱེན་བརྩེ་རྡོ་རྗེ་འཆང༌། རྗེ་བླ་མ་པདྨ་བི་ཛ། འཇམ་མགོན་དྷརྨ་མ་ཏི། དེས་བདག་ལའོ། ༈ བཀའ་འདུས་ཆོས་ཀྱི་རྒྱ་མཚོ་མཁྱེན་བརྩེའི་དབང་པོ་ལས། ཆོས་ཀྱི་བདག་པོར་དབུགས་དབྱུང་བཅས་ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོས་ཞིབ་རྒྱས་སུ་ནོས་ཤིང་གསང་མཚན་རིག་པ་འཛིན་པ་འཆི་མེད་སྣང་མཛད་རྡོ་རྗེ་ཞེས་བསྩལ། དེས་རྗེ་བླ་མ་ཀུན་གཟིགས་དྷརྨ་མ་ཏི་མཆོག །དེས་བདག་ལའོ། ༈ ༼མ༽ ཀློང་གསལ་བཀའ་བརྒྱད་གུར་དྲག་ཡེ་འབར་སྐབས་སུ་གསལ། ༈ གྲུབ་ཐོབ་ཐུགས་ཐིག་བཀའ་བརྒྱད་མཁྱེན་ཀོང་གཉིས་ཀ་ལས། སི་ཏུ་དྷརྨ་ས་ར། དེ་ལས་དྷརྨ་མ་ཏི། དེས་བདག་ལའོ། ༈ མཆོག་གཏེར་བཀའ་འདུས་རྩ་སྒྲུབ། གུ་ཎ། ཚེ་ནོར། གཏེར་ཆེན་མཆོག་སྤྲུལ་འགྱུར་མེད་དཀོན་མཆོག་བསྟན་པའི་རྒྱལ་མཚན། དེས་རྗེ་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་གཏེར་གསར་སྤྱི་བརྒྱུད་བཞིན་ནོ། ༈ བཀའ་འདུས་སྙིང་པོ་གུ་ཎ། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ འཇམ་དཔལ་རྫོགས་ཆེན་དྷརྨ་ས་ར། དེས་དྷརྨ་མ་ཏི། དེས་བདག་ལའོ། །འཇམ་མགོན་མི་ཕམ་ཞབས་ཀྱིས་འཇམ་དཔལ་རྫོགས་ཆེན་དང་སངས་གླིང་འཇམ་དཔལ་སོགས་བཀའ་གཏེར་འཇམ་དཔལ་སྐོར་རྣམས་རྗེ་མཁྱེན་བརྩེའི་ཞབས་ལས་གསན་ཞིང༌། ཁྱད་པར་དུ་བཀའ་བབས་པའི་རྒྱུད་ལུགས་འཇམ་དཔལ་ཞི་བའི་དབང་ཐུན་མིན་འཇམ་དཔལ་དགྱེས་པའི་རྡོ་རྗེ་ཉིད་ལས་སི་ཏུ་དྷརྨ་ས་ར། དེས་ཀུན་གཟིགས་དྷརྨ་མ་ཏི་ལ་བརྒྱུད་པའང་བཀའ་དྲིན་ཐོབ་པ་ཞར་བྱུང་ངོ༌། །ཡང་ན་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུ་གསུང་ཐུགས་དབང་འཇམ་དཔལ་དབྱངས་དངོས་མི་ཕམ་རིན་པོ་ཆེ་དངོས་ལས་བདག་གིས་ཐོབ་པའི་སྐལ་བཟང་བྱུང་བའོ། ༈ ༼ཙ༽ བདུད་འདུལ་འཇམ་དཔལ་གསང་སྒྲུབ་དཔལ་ཡུལ་རྒྱ་སྤྲུལ་ཀརྨ་ཀུན་བཟང་བསྟན་པའི་ཉི་མའམ་མདོ་སྔགས་བསྟན་འཛིན་ལས། མཁྱེན་བརྩེའི་དབང་པོ། དེས་ཕུག་གོང་མཆོག་སྤྲུལ་འགྱུར་མེད་ངེས་དོན་བསྟན་འཕེལ་ལམ་གྲགས་པ་མཐུ་སྟོབས་རྣམ་རྒྱལ། དེ་ལས་དྷརྨ་མ་ཏི། དེས་བདག་ལའོ། ༈ ཞང་ཁྲོམ་ཚེ་བདག །བློ་གྲོས་མཐའ་ཡས། པདྨ་བི་ཛ། དེས་དྷརྨ་མ་ཏི། དེས་བདག་ལའོ། །འདི་ལ་འཇམ་མགོན་མི་ཕམ་རིན་པོ་ཆེའི་བསྙེན་ཆེན་གྲུབ་པའི་མཐའ་རྒྱས་དངོས་གྲུབ་བླང་བའི་བདག་དབང་བྱིན་རླབས་རྒྱུན་པདྨ་བི་ཛར་བཞུགས། ཡང་ལྕགས་སྡིག་མུ་ཏིག་ཕྲེང༌། གཏེར་སྟོན་དྲི་མེད་ཞབས་ལས་རྗེ་དྷརྨ་མ་ཏིས་གསན། དེས་བདག་ལའོ། །སྐྱབས་མཆོག་འཁོར་ལོའི་མགོན་པོ་པདྨ་བི་ཛ་ལས་ཀྱང་ཚེ་བདག་དབང་ཆེན་བཀའ་དྲིན་ཐོབ། ༈ སྨིན་གཏེར་དྲེགས་འཇོམས། མཁྱེན་ཀོང་གཉིས་ཀ་ལས་པདྨ་བི་ཛ། དེ་ལས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་མཁྱེན་བརྩེ། ཕུག་གོང་མཆོག་སྤྲུལ་གྲགས་པ་མཐུ་སྟོབས་རྣམ་རྒྱལ་ལམ་འགྱུར་མེད་ངེས་དོན་བསྟན་འཕེལ། དེས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་སྐྱབས་རྗེ་པདྨ་བི་ཛ། སྐུ་ཕྲེང་རིམ་བྱོན་ལྷག་པའི་ལྷ་ཡིས་རྗེས་སུ་བཟུང་བ་ཞེ་ཆེན་རབ་འབྱམས་ལྔ་པ་འགྱུར་མེད་ཀུན་བཟང་བསྟན་པའི་ཉི་མ་ལས་ཀྱང་བཀའ་དྲིན་ཐོབ། ༈ སྙན་བརྒྱུད་གཤིན་རྗེ། མཁྱེན་བརྩེ། གུ་ཎ། དེ་གཉིས་ཀ་ལ་དྷརྨ་ས་ར་དང༌། པདྨ་བི་ཛ། མཁན་རྒྱལ་མཚན་འོད་ཟེར་གསུམ་གྱིས། གསུམ་ཀས་རྗེ་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་དྷརྨ་ས་ར། ཡབ་རྗེ་སྣང་མཛད་རྡོ་རྗེ། དེ་ལས་དྷརྨ་མ་ཏི། དེས་བདག་ལའོ། ༼ཚ༽ ཟབ་བདུན་ལྕགས་བྱང་མའི་ཚེ་བདག་སྨིན་བྱེད་ཐུན་མིན་གཟབ་རྒྱས་མཉྫུ་གྷོ་ཥ། ཆོས་ཀྱི་བདག་པོ། ཡབ་རྗེ་སྣང་མཛད་རྡོ་རྗེ། དེས་མཉྫུ་གྷོ་ཥ་དྷརྨ་མ་ཏི། དེས་བདག་ལའོ། ༈ ༼ཛ༽ ཉང་གཏེར་མཚོ་སྐྱེས་རྡོ་རྗེ། གུ་ཎ། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ རཏ་གླིང་ཚེ་ཁྲིད་ཐུགས་སྒྲུབ་ཡང་འདུས་སྐབས་སུ་གསལ། ༈ གཏེར་ཁ་བཞི་འདུས་ཚེ་སྒྲུབ་བདུད་རྩི་བུམ་ཆུང་གུ་ཎ། ཡབ་རྗེ། དེ་ལས་དྷརྨ་མ་ཏི། དེས་བདག་ལའོ། ༈ མངའ་པཎ་ཚེ་སྒྲུབ་ཡེ་ཤེས་འོད་མཆོག་གུ་ཎ། ཐུབ་བསྟན་རྒྱལ་མཚན་འོད་ཟེར། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ ༼ཝ༽ བདུད་འདུལ་ཚ་བ་དམར་ཐག་པདྨ་འོད་འབར་སྐབས་སུ་གསལ། སྨིན་གཏེར་འཆི་མེད་ཡང་སྙིང་ཀུན་འདུས་སྐྱབས་རྗེ་རྡོ་རྗེ་འཆང་པདྨ་བི་ཛ། རྗེ་དྷརྨ་མ་ཏི། ཞེ་ཆེན་ཀོང་སྤྲུལ་རིན་པོ་ཆེ། རྒྱལ་ཚབ་ཡང་སྲིད་པདྨ་རྡོ་རྗེ། སྨིན་གླིང་མཁན་རིན་པོ་ཆེ་བཅས་ལས་བཀའ་དྲིན་ཐོབ། ༈ སྨིན་གཏེར་འཆི་མེད་ཡང་སྙིང་ཀུན་འདུས་རིག་འཛིན་ཐུགས་ཐིག་སྐབས་སུ་གསལ། ཡང་ན་གུ་ཎ། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ ཀློང་གསལ་ཡང་གསང་བླ་མེད་གུར་དྲག་ཡེ་འབར་སྐབས་སུ་གསལ། ཡང་ན་གུ་ཎ། ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། ལས་རབ་གླིང་པ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ ཡོན་དགེའི་ནམ་སྙིང་ཚེ་སྒྲུབ་གུ་ཎ། ཡོན་དགེའི་གཏེར་སྤྲུལ་ཀརྨ་འཇིགས་བྲལ་ཆོས་ཀྱི་སེང་གེ །དེས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་གཏེར་སྤྲུལ་ཆོས་ཀྱི་སེངྒེ། དྲུང་རམ་རྒྱལ་སྤྲུལ་དྷརྨ་ཤྲཱི་ལས་ཐོབ། ༈ དབོན་སྲས་ཁྱུང་ཐོག་གི་ཚེ་སྒྲུབ་ཡེ་ཤེས་སྲོག་ཏིག་གུ་ཎ། ཡབ་རྗེ། དེ་ལས་དྷརྨ་མ་ཏི། དེས་བདག་ལའོ། ༈ རོག་རྗེ་གླིང་པའི་གསང་བ་རྨད་བྱུང་གུ་ཎ། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ དཔའ་བོ་བརྒྱད་པ་པདྨ་བསྟན་འཛིན་གྲུབ་མཆོག་རྩལ་གྱི་དགོངས་གཏེར། འཇམ་མགོན། མཁའ་ཁྱབ་རྡོ་རྗེ་དང༌། འཇམ་མགོན་ཡང་སྲིད་མཁྱེན་བརྩེ་རིན་པོ་ཆེ། དཔའ་བོ་གཙུག་ལག་སྨྲ་བའི་ཉིན་བྱེད་ལས་བཀའ་དྲིན་ཐོབ། ༈ མཆོག་གཏེར་ཚེ་སྐོར་རྣམས་གཏེར་གསར་སྤྱི་བརྒྱུད་ཐུགས་སྒྲུབ་རྣམ་གཉིས་སྐབས་སུ་གསལ། ༈ ཐུགས་སྒྲུབ་ཚེ་དམར་གུ་ཎ། ཡབ་རྗེ། དེ་ལས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་རྗེ་གུ་ཎ། གཏེར་སྲས་སྤྲུལ་སྐུ་རིན་པོ་ཆེ་ཚེ་དབང་བསྟན་འཕེལ། བདག་མངྒ་ལའོ། ༼ཞ༽ མཆོག་གཏེར་ཚེ་བདག་ཡབ་ཡུམ་སྲས་གསུམ། དྷརྨ་ས་ར། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ ཉང་གཏེར་ཐུགས་ཆེན་རྒྱལ་རྒྱམ་ལྷ་ལྔ་གུ་ཎ། ཀརྨ་བཀྲ་ཤིས་ཆོས་འཕེལ། དེས་དྷརྨ་ཏི་དེས་བདག་ལའོ། །ཡང་ན་གུ་ཎ། དྲུང་ཆོས་ཀྱི་ཉིན་བྱེད། དེ་ལས་དྷརྨ་མ་ཏི། དེས་བདག་ལའོ། ༼ཟ༽ ཆོས་དབང་ཐུགས་ཆེན་ཡང་འདུས་མཁྱེན་ཀོང་གཉིས་ཀ་ལས་དྷརྨ་ས་ར། དེ་ལས་རྩ་གཞུང་པོད་ལུང་བཅས་རྗེ་དྷརྨ་མ་ཏིས་གསན་པའོ། །ཡང་མཁྱེན་བརྩེའི་གསུང་དོན་དབང་རྗེ་དེ་ཉིད་ཀྱི་ཞལ་སློབ་ཐུགས་ཆེན་ཡང་འདུས་ཁོ་ནར་བགྲང་བྱ་བཅུ་གསུམ་ལྷག་བསྙེན་སྒྲུབ་ཉམས་བཞེས་ལ་བརྩོན་པ་སྤྱི་འགྲུས་བླ་མ་དགེ་འདུན་ཞབས་ཀྱིས་དྷརྨ་མ་ཏི། དེས་བདག་ལའོ། ༈ ཡང་གཏེར་ཐུགས་ཆེན་པདྨ་ཞི་ཁྲོའམ་པདྨ་རྒྱལ་པོ་མཁྱེན་བརྩེ། གུ་ཎ། ཡབ་རྗེ། དེས་དྷརྨ་མ་ཏི་མཆོག་ལ། དེས་བདག་མངྒ་ལ་ལའོ། །ཡང་ན་མཁྱེན་བརྩེ། ལུང་ཟིན་ཆོས་བདག་གཏེར་སྟོན་པདྨ་གླིང་པའམ་དྲི་མེད་འོད་ཟེར། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ བྱང་གཏེར་ཐུགས་ཆེན་རིག་འཛིན་གདུང་སྒྲུབ་སྐབས་སུ་གསལ། ༈ ཡང་གཏེར་ཐུགས་ཆེན་རྒྱལ་རྒྱམ་ཕྱག་ཆེན་དམར་ཁྲིད་བཅས་མཁྱེན་བརྩེ། གུ་ཎ་གཉིས་ཀ་ལས་ཐུབ་བསྟན་རྒྱལ་མཚན་འོད་ཟེར། དེས་ཀུན་གཟིགས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་གུ་ཎ། ཡབ་རྗེ། དེས་དྷརྨ་མ་ཏིས་སོ། །ཡང་ན་ཆོས་འདིས་བདག་པོ་ཟླ་བཟང་མཆོག་སྤྲུལ་ལས་ཀྱང་དྷརྨ་མ་ཏི། དེས་བདག་མངྒ་ལ་ལའོ། ༼འ༽ རྡོར་གླིང་བདེ་གཤེགས་ཀུན་འདུས་དང༌། ངན་སོང་ཀུན་སྐྱོབ། གུ་ཎ། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ རཏ་གླིང་ཐུགས་གསང་གུ་ཎ། ཡབ་རྗེ། དེ་ལས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་རཏ་གླིང་སྤྱི་བརྒྱུད་ཐུགས་སྒྲུབ་ཡང་འདུས་སྐབས་སུ་གསལ་བ་ལྟར་རོ། ༈ གྲུབ་ཆེན་ཚུལ་ཁྲིམས་བཟང་པོའི་ཐུགས་ཆེན་གསོལ་འདེབས་སྒྲུབ་ཐབས་མཁྱེན་བརྩེ། གུ་ཎ་གཉིས་ཀས་དྷརྨ་ས་ར་དང༌། ཡབ་རྗེ་ལ། དེ་གཉིས་ཀས་དྷརྨ་མ་ཏི། དེས་བདག་མངྒ་ལའོ། །ཡན་ན་མཁྱེན་བརྩེ་ལས་བཀྲ་འཕེལ། ངག་དབང་ལེགས་པ། གཉིས་ཀས་དྷརྨ་མ་ཏི། དེས་བདག་ལའོ། ༈ ཞིག་གླིང་ཐུགས་ཆེན་གོང་གསལ་ལུགས་འདིའི་པདྨ་བཛྲ་སྐབས་དང་འདྲ། ༈ ༼ཡ༽ བདུད་འདུལ་ནམ་མཁའི་རྒྱལ་པོ་པདྨ་འོད་འབར་སྐབས་སུ་གསལ། ཡང་ན་གུ་ཎ། མཁན་ཐུབ་བསྟན་རྒྱལ་མཚན་འོད་ཟེར། དེ་ལས་དྷརྨ་མ་ཏི། དེས་བདག་ལའོ། ༈ རྒྱ་ཅན་འཇིག་རྟེན་དབང་ཕྱུག་དྭངས་མ་བཅུད་འདྲེན་སྐབས་སུ་གསལ། ༈ སྨིན་གླིང་བདེ་ཀུན་རིག་འཛིན་ཐུགས་ཐིག་སྐབས་སུ་གསལ། ཡང་ན་མཁྱེན་བརྩེ། ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོའམ་འགྱུར་མེད་འཇམ་དབྱངས་ཚུལ་ཁྲིམས། དེས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་རྗེ་བླ་མ་འགྱུར་མེད་པདྨ་རྣམ་རྒྱལ་ལས་བདག་མངྒ་ལར་བཀའ་དྲིན་ཐོབ་པའོ། ༈ ཀློང་གསལ་ཡང་གསང་བླ་མེད། གུ་ཎ། ཐུབ་བསྟན་རྒྱལ་མཚན་འོད་ཟེར། དེ་ལས་དྷརྨ་མ་ཏི། དེས་བདག་ལའོ། ༈ ༼ར༽ མཆོག་གླིང་ཐུགས་ཆེན་པདྨ་གཙུག་ཏོར་གྱི་སྤྱོད་རྒྱུད་འགྲོ་འདུལ་ལྷ་ལྔ་མཁྱེན་བརྩེ། གུ་ཎ། གཉིས་ཀ་ལས་ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ འཇམ་མགོན་མཁྱེན་བརྩེའི་གཏེར་བྱོན་སེམས་ཉིད་ངལ་བསོ་ཐུགས་རྗེ་ཆེན་པོའི་ཕྲིན་ལས་གཏེར་གཞུང་ལུང་མཁྱེན་ཀོང་གཉིས། མཁན་ཐུབ་བསྟན་རྒྱལ་མཚན། འཇམ་མགོན་པདྨ་ཡེ་ཤེས་རྡོ་རྗེ་ལས་བཀའ་དྲིན་ཐོབ། གཏེར་ཁ་དངོས་གཏན་ལ་མ་ཕབ་ཀྱང་དབང་དོན་གྱི་ཆུ་བོ་གཅིག་འདྲེས་འགྱུར་ཞེས་རྒྱ་ཅན་སེམས་ཉིད་ངལ་གསོ་ཐོབ། ༈ རྟ་མགྲིན་ཡང་ཁྲོས་གཏོར་དབང་མཁྱེན་བརྩེ། བློ་གཏེར་ཞབས། བསམ་གཏན་བློ་གྲོས། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ སྐྱེར་སྒང་རྟ་མགྲིན་གསང་སྒྲུབ་གོང་གསལ་རྟ་མགྲིན་ཡང་ཁྲོས་གཏོར་དབང་དང་འདྲ། ཡང་ན་གུ་ཎ་དང༌། འཇམ་མགོན་མི་ཕམ་རིན་པོ་ཆེ་གཉིས་ཀ་ལས། ཏ་སི་པདྨ་དབང་མཆོག་རྒྱལ་པོ། དེས་ཆོས་ཀྱི་བློ་གྲོས་ལའོ། །འཇམ་མགོན་མི་ཕམ་རིན་པོ་ཆེ་ལ་སྐྱབས་མགོན་དབང་ཆེན་དགྱེས་རབ་རྡོ་རྗེར་རྟ་མགྲིན་གྱི་ཞལ་གཟིགས་པ་ལས་གསན་པ་སི་ཏུ་པདྨ་དབང་མཆོག་ལ་ཆེད་དུ་གནང་བ་ལགས་སོ། ༈ ཡང་གཏེར་རྟ་མགྲིན་དྲེགས་སྒྲོལ། གུ་ཎ། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ ༼ལ༽ རྟ་མགྲིན་གནམ་ལྕགས་མེ་འཁོར་གོང་གསལ་རྟ་མགྲིན་དྲེགས་སྒྲོལ་དང་འདྲ། ༈ བྱང་གཏེར་རྟ་མགྲིན་རིག་འཛིན་གདུང་སྒྲུབ་སྐབས་སུ་གསལ། ༈ རཏྣའི་རྟ་གསང་ཐུགས་སྒྲུབ་ཡང་འདུས་སྐབས་སུ་གསལ། ༈ སྟག་ཤམ་ཡི་དམ་དགོངས་འདུས་ཀྱི་དབང་ཆེན་སོགས་སྨིན་བྱེད་ཚང་བ་གོང་གསལ་ལུགས་འདིའི་རྡོ་རྗེ་དྲག་རྩལ་སྐབས་ལྟར་རོ། ༈ སྙན་བརྒྱུད་རྟ་མཆོག་རོལ་པའི་སྙིང་ཐིག་མཁྱེན་བརྩེ། ཀོང་སྤྲུལ་གཉིས་ཀ་ལས་དྷརྨ་ས་ར་དང༌། པདྨ་བི་ཛ། དེ་གཉིས་ཀས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་དྷརྨ་ས་ར། ཡབ་རྗེ་དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ ཟབ་བདུན་རྟ་མགྲིན་ཐུགས་སྒྲུབ་རྣམ་གཉིས་སྐབས་སུ་གསལ། །ཁམས་ཕྱོགས་གཏེར་མཛོད་རྣམས་སུ་བཞུགས་པའི་འཇམ་མགོན་གཏེར་བྱོན་གསང་ཐིག་སྐོར་བདུན་གྱི་ཚེ་རྟ་ཟུང་འབྲེལ་གུ་ཎ། ཐུབ་བསྟན་རྒྱལ་མཚན་འོད་ཟེར། པདྨ་ཐུགས་རྗེའི་དབང་ཕྱུག །དེས་དྷརྨ་མ་ཏི། དེས་བདག་ལའོ། །འཇམ་མགོན་རིན་པོ་ཆེ། མཁས་དབང་བླ་མ་བཀྲ་འཕེལ་ལས། ཡང་ན་ཙཱ་འདྲ་མཆོག་སྤྲུལ་དཔལ་ལྡན་མཁྱེན་བརྩེའི་འོད་ཟེར་ལས་དྷརྨ་མ་ཏིས་གསན་པའོ། ༈ ཟླ་རྒྱལ་རྟ་ནག་མཁྱེན་བརྩེ། བློ་གཏེར་ཞབས། བསམ་གཏན་བློ་གྲོས། དེ་ལས་དྷརྨ་མ་ཏི། དེས་བདག་ལའོ། ༈ ༼ཤ༽ གསང་ཐིག་རྡོར་སེམས་གཏེར་ཆེན། མཁྱེན་བརྩེ། གཉིས་ཀ་ལས་ཚ་སྒང་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ། དེ་ལས་མཆོག་གླིང་གཉིས་པ་པདྨ་ཐེག་མཆོག་བསྟན་འཕེལ། དེ་ལས་རྗེ་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་གུ་ཎ། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། །གསང་ཐིག་ཡང་ཕུར་གཉིས་ཀྱང་དེ་དང་འདྲའོ། ༈ བྱང་གླིང་ཞི་ཁྲོ་ཕུར་གསུམ། གུ་ཎ། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ སྙན་བརྒྱུད་ཡང་དག་ཟབ་ཏིག་མཁྱེན་བརྩེ། དྷརྨ་ས་ར། གཉིས་ཀ་ལས་ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། །ཁྲིད་ཡིག་མཁྱེན་བརྩེའི་ཞལ་སློབ་ཡོན་ཏན་རྒྱ་མཚོས་མཛད་པ། དེ་ཉིད་ལས་དྲི་མེད་འོད་ཟེར། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ སྙན་བརྒྱུད་ཡང་ཕུར་སྦྲགས་མ་མཁྱེན་ཀོང་གཉིས་ཀ་ལས་དྷརྨ་ས་ར་དང༌། པདྨ་བི་ཛ་གཉིས་ཀྱིས། གཉིས་ཀས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་གུ་ཎ་དང༌། དྷརྨ་ས་ར་གཉིས་ཀས་ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། །རྣམ་བཤད་པདྨ་བི་ཛ། དེ་ཉིད་ལས་དྷརྨ་མ་ཏི། དེས་བདག་ལའོ། ༈ ཟབ་བདུན་ཡང་དག་མཆོག་གླིང༌། མཁྱེན་བརྩེའི་དབང་པོ། །མཆོག་གླིང་གཉིས་པ་པདྨ་ཨཀྵ་ར། དེས་རྗེ་མཁྱེན་བརྩེ་སྐུ་ཕྲེང་གཉིས་པ་མཉྫུགྷོ་ཥ་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་མཆོག་གཏེར་སྤྱི་བརྒྱུད་ཐུགས་སྒྲུབ་རྣམ་གཉིས་སྐབས་སུ་གསལ། ༈ ཡང་དག་ཟླ་གམ་ལྔ་བཅུ་རྩ་བརྒྱད་པ་མཆོག་གླིང༌། ཚ་སྒང་རིན་ཆེན་རྣམ་རྒྱལ། པདྨ་ཨཀྵ་ར། དེས་དྷརྨ་མ་ཏི། དེས་བདག་ལའོ། ༼ས༽ ཁམས་སྤར་དུ་བཞུགས་པའི་འཇམ་མགོན་གཏེར་བྱོན་གསང་ཐིག་སྐོར་བདུན་གྱི་ཡང་དག་ཐུགས་ཀྱི་སྙིང་པོ་གུ་ཎ། ཐུབ་བསྟན་རྒྱལ་མཚན་འོད་ཟེར། པདྨ་ཐུགས་རྗེའི་དབང་ཕྱུག །དེས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་འདིས་ཀྱང་ཐུབ་བསྟན་རྒྱལ་མཚན་འོད་ཟེར་ལས་གསན་སྙམ། འཇམ་མགོན་མཆོག་སྤྲུལ་དཔལ་ལྡན་མཁྱེན་བརྩེའི་འོད་ཟེར་ལས་རྗེ་དྷརྨ་མ་ཏི། དེས་བདག་ལའོ། ༈ ཡང་གཏེར་ཕྱག་རྡོར་རྡོ་རྗེ་མེ་འབར། མཁྱེན་བརྩེ། འཇམ་མགོན། ཡབ་རྗེ། རྗེ་བླ་མ་དྷརྨ་མ་ཏི། དེས་བདག་ལའོ། ༈ གཡུ་ཐོག་སྙིང་ཐིག་མཁྱེན་བརྩེ། དྷརྨ་ས་ར། དེས་དྷརྨ་མ་ཏི་ལ་དབང་དང་པོད་ལུང་བཅས་སོ། །རིན་གཏེར་ནང་བཞུགས་རྣམས་གུ་ཎ། དྷརྨ་ས་ར་སོགས་འདྲ། ༈ ༼ཧ༽ སྨན་བླ་ལོངས་སྐུ་མཁྱེན་ཀོང་གཉིས་ཀས་དྷརྨ་ས་ར། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ མཆོག་གཏེར་བི་མ་གཏེར་ཆེན། མཁྱེན་བརྩེ། གུ་ཎ། གཉིས་ཀས་ཙི་ཀེའི་མཆོག་གླིང་གཉིས་པ་དཀོན་མཆོག་བསྟན་པའི་རྒྱལ་མཚན། དེས་ཀུན་གཟིགས་དྷརྨ་མ་ཏི། དེས་བདག་ལའོ། ༈ བླ་སྒྲུབ་བྱིན་རླབས་སྙིང་པོ་མཁྱེན་ཀོང་གཉིས་ཀས་དྷརྨ་ས་ར། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་མངྒ་ལ་ལའོ། །ཡང་ན་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ ༼ཨ༽ སྙན་བརྒྱུད་ཡོན་ཏན་བདུད་རྩིའི་མཆོག་ཏིག་མཉྫུ་གྷོ་ཥ། གུ་ཎ། གཉིས་ཀ་ལས་དྷརྨ་ས་ར། དེས་ཡབ་རྗེ། དེ་ལས་དྷརྨ་མ་ཏི། དེས་བདག་ལའོ། ༈ ༼ཀི༽ ཕུར་པ་ཡང་གསང་སྤུ་གྲི། མཁྱེན་ཀོང་གཉིས་ཀས་པདྨ་བི་ཛ། དེས་དབང་དང་རྩ་པོད་ལུང་བཅས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་གུ་ཎ། ཐུབ་བསྟན་རྒྱལ་མཚན་འོད་ཟེར། དེ་ལས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་མཁྱེན་ཀོང་གཉིས་ཀ་ལས། རྒྱལ་ཚབ་རྡོ་རྗེ་འཆང་པདྨ་བི་ཛ་ཡ་གྲུབ་པའི་གོ་འཕང་མངོན་དུ་མཛད་དེ་རྗེ་ཉིད་ཀྱི་གསུང་རྣམ་བཤད་ཀྱི་སྨིན་ཁྲིད་བཅས་བདག་མངྒ་ལར་ལན་གཉིས་བཀའ་དྲིན་དུ་ཐོབ་པའོ། ༈ བྱང་གཏེར་ཕུར་པ་རིག་འཛིན་གདུང་སྒྲུབ་སྐབས་སུ་གསལ། ༈ སངས་གླིང་ཕུར་པ། མཁན་ཐུབ་བསྟན་རྒྱལ་མཚན་འོད་ཟེར་ལས་དབང་དང་པོད་ལུང་བཅས་དྷརྨ་མ་ཏི། དེས་བདག་ལའོ། ༈ རཏ་ཕུར་ཐུགས་སྒྲུབ་ཡང་འདུས་སྐབས་སུ་གསལ། དོན་དབང་གུ་ཎ། རྒྱལ་དབང་མཁའ་ཁྱབ་རྡོ་རྗེ། སྐུའི་སྲས་འཇམ་མགོན་མཆོག་སྤྲུལ་དཔལ་ལྡན་མཁྱེན་བརྩེའི་འོད་ཟེར། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ པད་གླིང་ཕུར་པ་གུ་ཎ། ཐུབ་བསྟན་རྒྱལ་མཚན་འོད་ཟེར་ལས་དྷརྨ་མ་ཏི། དེས་བདག་ལའོ། ༈ བདུད་འདུལ་ཕུར་པ་པདྨ་འོད་འབར་སྐབས་སུ་གསལ། ༈ ར་སྟོན་ཕུར་པ། ཀུན་གཟིགས་མཁྱེན་བརྩེ་རྡོ་རྗེ་འཆང༌། དེས་རྒྱལ་ཚབ་རྡོ་རྗེ་འཆང་དབང་མཆོག་ཕྲིན་ལས་འདུས་པ་རྩལ་ལ་བཀའ་བབ་ཆོས་བདག་ཏུ་བསྔགས་པས་སྨིན་གྲོལ་ཆིག་རྫོགས་སུ་བསྩལ། རྗེ་དེ་ལས་བཀའ་དྲིན་ཐོབ་པའོ། ༈ ༼ཁི༽ སྙན་བརྒྱུད་ཕུར་པ་མཁྱེན་བརྩེ། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། །ཟབ་ཁྲིད་མཁྱེན་བརྩེའི་ཞལ་ལུང་ཞལ་སློབ་བུ་ལུ་ཡོན་ཏན་རྒྱ་མཚོས་མཛད་པ་དེ་ལས་དྲི་མེད་འོད་ཟེར། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ མཆོག་གཏེར་ཟབ་བདུན་ཕུར་པ། ཐུགས་སྒྲུབ་རྣམ་གཉིས་སྐབས་སུ་གསལ། ཡང་ན། གུ་ཎ། པདྨ་ཨཀྵ་ར། དེས་དྷརྨ་མ་ཏི་ལའོ། །ཡང་ན་གཏེར་ཆེན། ཚ་སྒང་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ། དེ་ལས་གནས་དགོན་མཆོག་གླིང་གཉིས་པ་པདྨ་ཨཀྵ་ར། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ གསང་ཐིག་ཕུར་པ་ལུགས་འདིའི་རྡོར་སེམས་དང་འདྲ། ཡང་ན་གུ་ཎ། ཐུབ་བསྟན་རྒྱལ་མཚན་འོད་ཟེར། གཉིས་ཀས་ཏཱའི་སི་ཏུ་པདྨ་དབང་མཆོག་རྒྱལ་པོ། དེ་ལས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་སི་ཏུ་པདྨ་དབང་མཆོག་གིས་འཇམ་མགོན་གུ་ཎ་ལས་ཀྱང་གསན་གསུངས། ཡང་ན་འཇམ་མགོན་གུ་ཎ། རྡོར་སློབ་ཀརྨ་དབང་འབྱོར། བདག་མངྒ་ལའོ། ༈ སྙན་བརྒྱུད་མ་མོའི་གཏད་ཏིག་མཁྱེན་ཀོང་གཉིས་ཀས་དྷརྨ་ས་ར། དེས་ཡབ་རྗེ། དེ་ལས་དྷརྨ་མ་ཏི། དེས་བདག་ལའོ། ༈ ཟབ་བདུན་མ་མོ་མངོན་རྫོགས་རྒྱལ་པོ་ཐུགས་སྒྲུབ་རྣམ་གཉིས་སྐབས་སུ་གསལ། ༈ བདུད་འདུལ་དྲག་མོ་གུ་ཎ། ཐུབ་བསྟན་རྒྱལ་མཚན་འོད་ཟེར། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ ༼གི༽ ༼ངི༽ མཁྱེན་བརྩེའི་དྲང་སྲོང་ཞི་བ་མཉྫུ་གྷོ་ཥ། དྷརྨ་ས་ར། གཉིས་ཀས་ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ ཉང་གཏེར་ཁྲོས་ནག་དབང་རྒྱས་པ་གུ་ཎ་ལས། དྷརྨ་ས་ར་དང༌། པདྨ་བི་ཛ་གཉིས་ཀ་ལས་དྷརྨ་མ་ཏི། དེས་བདག་ལའོ། །དྷཱ་ཀི་གཙུག་གི་རྒྱན་ཅིག་མཁྱེན་བརྩེ་ལས། གཏེར་སྟོན་དྲི་མེད། དེས་ཀུན་གཟིགས་དྷརྨ་མ་ཏི། དེས་བདག་ལའོ། ༈ ཡང་གཏེར་མཁའ་འགྲོ་གསང་འདུས་མཁྱེན་ཀོང་གཉིས་ཀས་ལུང་འཛིན་ཆོས་བདག་རིག་འཛིན་སྣ་ཚོགས་རང་གྲོལ་ལམ་གར་དབང་བཞད་པ་རྩལ། དེས་རྗེ་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་གུ་ཎ། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལ། ཡང་ན་མཁྱེན་བརྩེ། བློ་གྲོས་བཟང་པོ། ཤེས་རབ་འོད་ཟེར། དེ་ལས་དྷརྨ་མ་ཏི། དེས་བདག་ལའོ། ༈ ༼ཙི༽ གཡག་ཕྱར་སྒྲོལ་མ། གུ་ཎ། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ སངས་གླིང་དགོངས་འདུས་མཁའ་འགྲོའི་དབང་གོང་གསལ་རྩ་བའི་ཆོས་སྡེའི་སྐབས་ལྟར་རོ། ༈ རཏྣའི་མཚོ་རྒྱལ་སྐོར་གསུམ་ཐུགས་སྒྲུབ་ཡང་འདུས་སྐབས་སུ་གསལ། ༈ ཕག་མོ་ཟབ་རྒྱ། གུ་ཎ། ཐུབ་བསྟན་རྒྱལ་མཚན་འོད་ཟེར། དེ་ལས་དྷརྨ་མ་ཏི། དེས་བདག་ལའོ། ༈ ཡང་གཏེར་ལས་གླིང་ཕག་དཀར། མཁྱེན་ཀོང་གཉིས་ཀ་ལས་ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ སྲོག་སྒྲུབ་ཡུམ་བཀའ་ཕག་མོའི་དབང་ཁྲིད་མཁྱེན་བརྩེ། རིག་འཛིན་སྣ་ཚོགས་རང་གྲོལ། དེས་རྗེ་དྷརྨ་མ་ཏི། དེས་བདག་ལའོ། །སྣ་ཚོགས་རང་གྲོལ་གྱིས་གུ་ཎ་ལས་ཀྱང་གསན། ༈ སྨིན་གཏེར་གསང་ཡེ་རིག་འཛིན་ཐུགས་ཐིག་སྐབས་སུ་གསལ། ༼ཆི༽ ཀློང་སྙིང་ཡུམ་བཀའ་རིགས་འདུས་སྐབས་སུ་གསལ། ༈ འཕགས་མའི་སྙིང་ཐིག་མཁྱེན་བརྩེ། གུ་ཎ་གཉིས་ཀས་དྷརྨ་ས་ར། དེས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་མཁྱེན་བརྩེ། དྷརྨ་ས་ར། དེ་གཉིས་ཀ་ལས་ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ མཆོག་གླིང་མཁའ་འགྲོ་དགོངས་འདུས་སྙིང་པོ། གུ་ཎ། ཡབ་རྗེ། དེ་ལས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་མཆོག་གཏེར་སྤྱི་བརྒྱུད་ཐུགས་སྒྲུབ་རྣམ་གཉིས་སྐབས་སུ་གསལ་བ་ལྟར་འདི་སྐོར་གཤམ་གསལ་རྣམས་ལ་འདྲའོ། ༈ སྒྲོལ་མ་འཇིགས་པ་ཀུན་སེལ། གུ་ཎ། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ གཅོད་དབང་འཁོར་འདས་གཞི་གྲོལ་གུ་ཎ། བཀྲ་ཤིས་འོད་ཟེར། གཉིས་ཀ་ལས་དྷརྨ་ས་ར་དང༌། པདྨ་བི་ཛ་གཉིས་ཀྱིས། དེ་གཉིས་ཀས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་པདྨ་བི་ཛ་ལས་བདག་མངྒ་ལས་བཀའ་དྲིན་དུ་ཐོབ། ༼ཇི༽ རྒྱུད་མགོན་ལེགས་ལྡན་གཙང་ཤོད་པའི་ཡིག་ཆའི་དབང་བརྒྱུད་གཏེར་ཆེན། པད་ཕྲིན། ཁམས་ལུང་པ་རིག་འཛིན་དབང་རྒྱལ། རྡོ་རྗེ་ཐོགས་མེད། སྐལ་བཟང་པདྨ་རྡོ་རྗེ། པདྨ་གསང་སྔགས་མཐུ་སྟོབས། ཀུན་བཟང་རྣམ་གྲོལ་མགོན་པོ། དཔལ་འབྱོར་རྒྱ་མཚོ། འགྱུར་མེད་མཐུ་སྟོབས་རྣམ་རྒྱལ། མཁྱེན་བརྩེའི་དབང་པོ། ཀུན་བཟང་འཇིགས་མེད་ཚེ་དབང་ནོར་བུ། སི་ཏུ་ཨོ་རྒྱན་ཆོས་ཀྱི་རྒྱ་མཚོ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ མཆོག་གཏེར་ལེགས་ལྡན། ལས་མགོན་བེར་ཅན་ཞལ་སྦྱོར། ཕྱག་བཞི་ཕྱག་དྲུག་སོགས་ཐུགས་སྒྲུབ་རྣམ་གཉིས་སྐབས་སུ་གསལ། ༈ རཏ་གླིང་མ་ནིང་ཐུགས་སྒྲུབ་ཡང་འདུས་སྐབས་སུ་གསལ། ཡང་ན་གུ་ཎ། ཐུབ་བསྟན་རྒྱལ་མཚན་འོད་ཟེར། དེ་ལས་དྷརྨ་མ་ཏི། དེས་བདག་ལའོ། ༈ ༼ཉི༽ སྨིན་གཏེར་ཞལ་བཞི་རིག་འཛིན་ཐུགས་ཏིག་སྐབས་སུ་གསལ། ཐུན་མོང་མ་ཡིན་པའི་སྲོག་དབང་ཁྲིད་བཅས་ཀཿཐོག་སི་ཏུ་དྷརྨ་ས་ར་དང༌། སྨིན་གླིང་རྡོར་འཛིན་རྣམ་གྲོལ་རྒྱ་མཚོ་ལས་གསན་གསུང༌། གཉིས་ཀས་གསན་ཡུལ་གཏེར་སྲས་རིག་འཛིན་ཚེ་དབང་ནོར་བུ་ལས་གསན། ༈ བྱང་གཏེར་བསྟན་བསྲུང་ཡོངས་རྫོགས་རིག་འཛིན་གདུང་སྒྲུབ་སྐབས་སུ་གསལ། ༈ མཆོག་གཏེར་ཆོས་སྐྱོང་དགོངས་འདུས་སྙིང་པོ་གུ་ཎ། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་རྗེ་གུ་ཎ། །གཏེར་སྲས་ཚེ་ནོར། གཏེར་སྲས་སྤྲུལ་སྐུ་འགྱུར་མེད་ཚེ་དབང་བསྟན་འཕེལ་ལས་བཀའ་དྲིན་ཐོབ། ༈ ཞིག་གླིང་དཔལ་མགོན་བདུན་ཅུ་གུ་ཎ། ཐུབ་བསྟན་རྒྱལ་མཚན་འོད་ཟེར། དེ་ལས་དྷརྨ་མ་ཏི། དེས་བདག་ལའོ། ༈ རིན་གཏེར་དཀྱུས་སུ་མི་བཞུགས་མོད་བརྒྱུད་ཡིག་ལས་འབྱུང་བའི་ལྷ་མོ་རབ་བརྟན་མའི་ཐུན་མོང་ཐུན་མིན་གྱི་རྗེས་གནང་མཁྱེན་བརྩེ། བློ་གཏེར་དབང་པོ། བསམ་གཏན་བློ་གྲོས། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ དཀར་བདུད་གཉིས་གུ་ཎ། བཀྲ་འཕེལ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ ལས་གླིང་ཐུགས་ཆེན་དམ་ཅན་རྗེས་གནང༌། །གུ་ཎ། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ ༼ཏི༽ ཞིག་གླིང་ཤ་ཟ་ཁ་མོ་ཆེ་གོང་གསལ་དཔལ་མགོན་བདུན་ཅུ་དང་འདྲ། ༈ ཙིའུ་དམར་པོའི་སྲོག་གཏད་མི་འགྱུར་ནམ་མཁའི་རྡོ་རྗེ། ཕུག་གོང་མཆོག་སྤྲུལ་གྲགས་པ་མཐུ་སྟོབས་རྣམ་རྒྱལ་ལམ་འགྱུར་མེད་ངེས་དོན་བསྟན་འཕེལ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ ཐང་ལྷའི་སྲོག་གཏད་གུ་ཎ། ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ ༼ཐི༽ རྗེས་དྲན་བཻ་རོའི་ཐུགས་ཏིག །གུ་ཎ། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ སངས་གླིང་བླ་མ་དགོངས་འདུས་བཟླས་བརྗོད་ནུས་པ་སྟོབས་འབྱིན། རྗེ་བླ་མ་འོད་གསལ་ལས་ལྗགས་ལུང་ཐོབ། ༈ བསྙེན་བསྒྲུབ་སྤྱི་གཅེས་ཆོས་གྲགས་གསུང༌། འཇམ་མགོན་གུ་ཎ། པདྨ་བི་ཛ་ལས་བདག་མངྒ་ལར་བཀའ་དྲིན་ཐོབ། ༈ ༼དི༽ ༼ནི༽ ལྷ་བཙུན་བརྟགས་བསྒྲིལ་མན་ངག །རྗེ་མཁྱེན་བརྩེའི་དབང་པོ་ལས། སི་ཏུ་དྷརྨ་ས་ར། གཏེར་ཆེན་ལས་གླིང༌། རྡོར་གྲུབ་འཇིགས་མེད་བསྟན་པའི་ཉི་མ། གཏེར་སྟོན་དྲི་མེད། སྐྱབས་རྗེ་པདྨ་བི་ཛ་རྣམས་ཀྱིས་གསན། དེ་ཐམས་ཅད་ལས་རྗེ་བླ་མ་དྷརྨ་མ་ཏིས་གསན། དེས་བདག་ལའོ། ༼པི༽ ༼ཕི༽ ཀག་ཟློག་རྣམ་དགུ། ཧ་ས་གརྦྷ། དབང་ཕྱུག་ཟོར་མདོས། མ་མོའི་ཁྲག་མདོས་ཆོ་ག་རྣམས་དཔལ་སྤུངས་སྤར་དུ་མེད། ཀརྨ་པ་མཁའ་ཁྱབ་རྡོ་རྗེས་ཁ་གསབ་མཚུར་ཕུར་ཡོད་པའི་ལུང་རྒྱུན་རྒྱལ་དབང་མཁའ་ཁྱབ་རྡོ་རྗེ། ཐུགས་སྲས་འཇམ་མགོན་མཆོག་སྤྲུལ་མཁྱེན་བརྩེའི་འོད་ཟེར། ཟུར་མང་འབྲུག་པ་སྤྲུལ་སྐུ། བན་ཆེན་སྤྲུལ་སྐུ་བསྟན་འཛིན་རྣམ་རོལ་ལས་བདག་མངྒ་ལས་ཐོབ་པའོ། ༈ ༼བི༽ དུག་དབང་རྡོ་རྗེ་ཕ་ལམ། རབ་འབྱམས་དྲུག་པ་ཀུན་བཟང་བསྟན་པའི་ཉི་མ་ལས་རྗེ་དྷརྨ་མ་ཏིས་གསན། དེས་བདག་མངྒ་ལ་ལའོ། ༈ ཞི་བྱེད་སྐོར་བདུན། གུ་ཎ། དྷརྨ་ས་ར། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། མི༽ ཐུགས་རྡོར་དགོངས་གཏེར་མིག་འབྱེད་དབང༌། གུ་ཎ། ཐུབ་བསྟན་རྒྱལ་མཚན་འོད་ཟེར། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ རྭ་ཞི་པདྨ་རིག་འཛིན་གྱི་ཁྱུང་སྒྲུབ་གདུག་པ་ཀུན་འདུལ། གུ་ཎ། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ དགོངས་གཏེར་གསང་བདག་ཉི་མ་མདུང་གང་མའི་དབང་གོང་གསལ་མིག་འབྱེད་དང་འདྲ། ༈ ༼ཙི༽ ༼ཚི༽ ཆོས་དབང་འཁོར་བ་དོང་སྤྲུགས་མཁྱེན་ཀོང་གཉིས་ཀ་ལས་དྷརྨ་ས་ར། དེས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་གུ་ཎ། པདྨ་བི་ཛ། དེ་ལས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་སྒྲུབ་བཏུས་བརྒྱུད་པ་ལྟར་རོ། ༈ མཆོག་གཏེར་རྡོར་སེམས་སྒྲིབ་སྦྱོང་ཡེ་ཤེས་ཆུ་རྒྱུན་གུ་ཎ། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་མངྒ་ལ་ལའོ། ༈ ཐུགས་སྒྲུབ་བླ་མ་ལོངས་སྐུ་ངན་སོང་དོང་སྤྲུགས་དབང་མྱོང་གྲོལ་རིལ་དབང་བཅས། གུ་ཎ། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ འབུམ་རྫོང་གཏེར་བྱོན་ཐུགས་ཆེན་འཁོར་བ་དོང་སྤྲུགས། གུ་ཎ། ཚེ་ནོར། པདྨ་ཨཀྵ་ར། དེས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་མཁྱེན་བརྩེ། ཡབ་རྗེ། དེ་ལས་དྷརྨ་མ་ཏི། དེས་བདག་ལའོ། ༈ རིགས་གསུམ་སྙིང་ཐིག་གི་འཁོར་བ་དོང་སྤྲུགས། གུ་ཎ་ལས། དྷརྨ་ས་ར། པདྨ་བི་ཛ། མཁན་ཐུབ་བསྟན་རྒྱལ་མཚན་གསུམ་གྱིས། གསུམ་ཀས་དྷརྨ་མ་ཏི། དེས་བདག་ལའོ། ༈ སྒྲ་མི་སྙན་གྱི་ཚེ་སྒྲུབ་མཁྱེན་བརྩེ། བློ་གཏེར་དབང་པོ། དེས་དྷྱཱ་ན་མ་ཏི་དང་སྡེ་གཞུང་མཆོག་སྤྲུལ་ཀུན་དགའ་རྒྱལ་མཚན་གཉིས་ལ། གཉིས་ཀས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་མཁྱེན་བརྩེ། ཀུན་དགའ་འཇམ་དབྱངས། ངག་དབང་ལེགས་པ། དེས་ཀུན་དགའ་རྒྱལ་མཚན། དེ་གཉིས་ཀ་ལས་དྷརྨ་མ་ཏི། དེས་བདག་ལའོ། ༈ ཆོས་གླིང་ཉེ་བརྒྱུད་ཐང་རྒྱལ་ཚེ་སྒྲུབ་མཁྱེན་ཀོང་གཉིས་ཀས་དྷརྨ་ས་ར། དེས་དྷརྨ་མ་ཏི་ལའོ། །ཡང་ན་མཁྱེན་བརྩེ། ཀུན་དགའ་འཇམ་དབྱངས། །དེ་ལས་དྷརྨ་མ་ཏི། ཡང་ན་སྒྲུབ་བཏུས་སྤྱི་བརྒྱུད་ལྟར་རོ། ༈ ༼ཛི༽ དག་སྣང་ཚེ་ཡུམ་ཙཎྜ་ལི་མཁྱེན་བརྩེ་གུ་ཎ། གཉིས་ཀས་དྷརྨ་ས་ར། དེས་དྷརྨ་མ་ཏི་ལའོ། །ཡང་ན་གུ་ཎ། ཡབ་རྗེ། དེ་ལས་དྷརྨ་མ་ཏི། ཡང་ན་མཁྱེན་བརྩེ། ཆོས་བདག་རྟོགས་ལྡན་ཤཱཀྱ་ཤྲཱི་ཛྙཱ་ན། སྲས་མཁྱེན་བརྩེའི་ཐུགས་སྤྲུལ་འཕགས་མཆོག་རྡོ་རྗེ། དེས་དྷརྨ་མ་ཏི་ལའོ། །ཡང་ན་མཁྱེན་བརྩེ། ལྷ་སྲས་རྣམ་འཕྲུལ་གླིང་དཀར་ཆོས་རྒྱལ་པདྨ་བཞད་པ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ འོད་གསལ་སྙིང་ཏིག་གི་ཕག་དཀར་མཁྱེན་ཀོང་གཉིས་ཀ་ལས་དྷརྨ་ས་ར། དེས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་མཁྱེན་བརྩེ། ཡབ་རྗེ། དེ་ལས་དྷརྨ་མ་ཏི། དེས་བདག་མངྒ་ལའོ། ༈ ཕྱི་འགྱུར་མ་ཏི་ལུགས་ཀྱི་འཇམ་དཀར་དང༌། དམ་པའི་སྨྲ་སེང་གི་རྗེས་གནང་མཁྱེན་བརྩེ། མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེ། སི་ཏུ་པདྨ་དབང་མཆོག་རྒྱལ་པོ། དེས་དྷརྨ་མ་ཏི་ལའོ། །ཡང་ན་མཁྱེན་ཀོང་གཉིས་ཀ་ལས་འཇམ་མགོན་ངག་དབང་ལེགས་པ། དེས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་མཁྱེན་བརྩེ། མཁས་དབང་བཀྲ་འཕེལ། དེ་ལས་དྷརྨ་མ་ཏི། དེས་སོ། །ཡང་ན་སྒྲུབ་བཏུས་སྤྱི་བརྒྱུད་མཁྱེན་བརྩེ། འཇམ་དབྱངས་བློ་གཏེར་དབང་པོ། མཁན་བསམ་གཏན་བློ་གྲོས། ཡང་ན་མཁྱེན་བརྩེ་ནས། ངོར་མཁན་ཆེན་དཔལ་ལྡན་བློ་གྲོས་རྒྱལ་མཚན། དེ་ལས་བསམ་གཏན་བློ་གྲོས། དེས་དྷརྨ་མ་ཏི། དེས་བདག་ལའོ། །གོང་འོག་རྣམས་སུ་སྒྲུབ་བཏུས་སྤྱི་འབྱུང་བ་ཐམས་ཅད་འདིའོ། །མ་ཏིའི་འཇམ་དཀར་རྗེས་གནང་མི་ཕམ་རིན་པོ་ཆེར་ལབ་སྐྱབས་མགོན་དབང་ཆེན་དགྱེས་རབ་རྡོ་རྗེ་ཞེས་འཇམ་དཔལ་གྱིས་རྗེས་སུ་བཟུང་བ་ལ་ཐུགས་སྲས་འཇམ་དཔལ་གྱི་སྤྲུལ་པ་བཞི་འབྱུང་བར་ལུང་བསྟན་པའི་གཅིག་མི་ཕམ་རིན་པོ་ཆེ་ཡིན་གསུངས་ཏེ་རྗེས་གནང༌། གདམས་ངག་སྐོར། སྒྲུབ་ཐབས་དང་བཅས་པའི་ལྗགས་ལུང་བསྩལ་བར་གསུང་བ་ཡང་ཐོབ། མ་ཏིའི་འཇམ་དཀར། དམ་པའི་སྨྲ་སེང༌། བྲམ་ཟེ་ཕུར་བུའི་དབྱངས་ཅན་དཀར་མོ་གསུམ་ཆར་མི་ཕམ་རིན་པོ་ཆེ་འཇམ་པའི་དབྱངས་ཀྱིས་མཁྱེན་བརྩེ་རྡོ་རྗེ་འཆང་ལས་གསན། མི་ཕམ་ཞབས་ཀྱིས་སི་ཏུ་པདྨ་དབང་མཆོག །དེ་ལས་བདག་གི་རྗེ་བླ་མ་དང་ལྷན་ཅིག་བཀའ་དྲིན་ཐོབ་པའོ། ༈ ༼ཝི༽ རཏྣ་ཐོད་ཕྲེང་རྩལ་གྱི་དབང་མཁྱེན་བརྩེ། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་མཁྱེན་བརྩེ། ཀོང་སྤྲུལ་རིན་པོ་ཆེ། གཏེར་སྟོན་དྲི་མེད། མཉན་པ་རིན་པོ་ཆེ་དགུ་པ་ལས་ཐོབ་པའོ། ༈ གྲྭ་མངོན་ཛམ་དམར་རྫོགས་ཆེན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ལས་རྗེ་དྷརྨ་མ་ཏི། དེས་བདག་ལའོ། ༈ ཡང་གཏེར་ཡཀྴ་ཛམ་བྷ་ལ། གུ་ཎ་ལས་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་དང༌། ཡབ་རྗེ་གཉིས་ཀྱིས། གཉིས་ཀས་དྷརྨ་མ་ཏི། དེས་བདག་ལའོ། ༼ཞི༽ མཆོག་གཏེར་རྣམ་སྲས་འཇམ་མགོན་རྣམ་པ་གཉིས་ཀ་ལས། གཏེར་ཆེན་མཆོག་སྤྲུལ་དཀོན་མཆོག་འགྱུར་མེད་བསྟན་པའི་རྒྱལ་མཚན། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ དཀྱུས་སུ་མི་བཞུགས་མོད་ལྷ་མོ་དཔལ་གྱི་སྒོམ་ལུང་ཉེར་འཁོར་ཞར་བྱུང་བསྩལ་བ་སྒྲུབ་བཏུས་སྤྱི་བརྒྱུད་ལྟར་དང༌། ཡང་ན། གུ་ཎ། བཀྲ་འཕེལ། དེས་དྷརྨ་མ་ཏི་ལ། ཡང་ན། གུ་ཎ་ལས་ཐུབ་བསྟན་རྒྱལ་མཚན་འོད་ཟེར། ཀཿཐོག་རྗེ་དབོན་རིན་པོ་ཆེ་པདྨ་རྒྱལ་མཚན། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ ༼ཟི༽ རོང་ཟོམ་པདྨ་མཁའ་འགྲོ། གུ་ཎ། ཡབ་རྗེ། དེས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་རྗེ་གུ་ཎ། རྫོགས་ཆེན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ལས་བླ་མ་དྷརྨ་མ་ཏིས་གསན། ཡང་ན་འཇམ་མགོན། གཏེར་སྟོན་དྲི་མེད་པདྨ་གླིང་པ། སངས་རྒྱས་མཉན་པ། དེ་ལས་བདག་གིས་ཐོབ་པའོ། ༈ ཆོས་གླིང་ཛམ་དམར་གུ་ཎ། ཐུབ་བསྟན་རྒྱལ་མཚན་འོད་ཟེར། དེས་དྷརྨ་མ་ཏི། དེས་བདག་ལའོ། །བྱང་གཏེར་ལྷ་ཆེན་གོང་གི་ཆོས་སྐོར་ཛམ་དམར་དང་འདྲ། ༈ ༼འི༽ སྨིན་ལུགས་ལྷ་ཆེན་སྤྱི་བརྒྱུད་རིག་འཛིན་ཐུགས་ཏིག་སྐབས་སུ་གསལ། ༈ མཆོག་གཏེར་ལྷ་ཆེན་གཉིས་ལུགས་འདིའི་སྤྱི་བརྒྱུད་ཐུགས་སྒྲུབ་རྣམ་གཉིས་སྐབས་ལྟར། ༈ ༼ཡི༽ ༈ ༼རི༽ མཆོག་གཏེར་ལུང་ཆེན་རྡོ་རྗེ་བཀོད་པ་སོགས་ཀྱི་བརྒྱུད་པ་འདྲ་མིན་ཐུགས་སྒྲུབ་རྣམ་གཉིས་སྐབས་སུ་གསལ། ༈ མཆོག་གཏེར་ལུང་ལུགས་ཕུར་གཅིག་མཁྱེན་བརྩེའི་དབང་པོ། ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ། དེས་ཀུན་གཟིགས་དྷརྨ་མ་ཏི། དེས་བདག་ལའོ། ༈ དྲི་མེད་ཀུན་དགའི་ཕྱག་ཆེན་དམར་ཁྲིད་ཐུགས་ཆེན་རྒྱལ་རྒྱམ་སྐབས་སུ་གསལ། ༈ རྒྱུད་བཅུ་བདུན་དབང༌། དྷརྨ་ས་ར། དེས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་ཐུབ་བསྟན་རྒྱལ་མཚན་འོད་ཟེར། དེ་ལས་དྷརྨ་མ་ཏི། དེས་བདག་མངྒ་ལ་ལའོ། ༈ ༼ལི༽ ལྕེ་བཙུན་སྙིང་ཐིག་མཁྱེན་ཀོང་གཉིས་ཀ་ལས་རིག་འཛིན་སྣ་ཚོགས་རང་གྲོལ་དང༌། པདྨ་བི་ཛ་གཉིས་ཀས། དེ་གཉིས་ཀ་ལས་ཀུན་གཟིགས་དྷརྨ་མ་ཏིས་སོ། །ཡང་ན་མཁྱེན་བརྩེ་ལས། ལས་རབ་གླིང་པ་དང༌། ཡབ་རྗེ་གཉིས་ཀས། གཉིས་ཀ་ལས་དྷརྨ་མ་ཏི། དེས་བདག་ལའོ། །མཁྱེན་བརྩེའི་ཞལ་གསུང་ལས་རབ་གླིང་པས་ཟིན་བྲིས་བཏབ་པའི་ཁྲིད་ཡིག །ལས་གླིང་ཉིད་ལས་རྗེ་དྷརྨ་མ་ཏིས་གསན་ཞིང༌། དེས་བདག་ལའོ། །སྐྱབས་རྗེ་གདོད་མའི་མགོན་པོ་པདྨ་བི་ཛ་ལས་རང་ལོ་བཅུ་སྟེང་ལན་གཅིག །སླར་གཅིག་བཅས་ལན་གཉིས་བཀའ་དྲིན་ཐོབ། ༈ མཁའ་འགྲོ་སྙིང་ཐིག་གུ་ཎ་ལས། དྷརྨ་ས་ར་དང༌། པདྨ་བི་ཛ་གཉིས་ཀྱིས། གཉིས་ཀས་རྗེ་དྷརྨ་མ་ཏི། དེས་བདག་ལའོ། ༼ཤི༽ རིན་གླིང་རྫོགས་ཆེན་ཆིག་ཆོད་ཀུན་གྲོལ་གུ་ཎ། ཐུབ་བསྟན་རྒྱལ་མཚན་འོད་ཟེར། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ རཏ་གླིང་ཀློང་གསལ་ཐུགས་སྒྲུབ་ཡང་འདུས་སྐབས་སུ་གསལ། ༈ བདུད་ཀློང་གི་རྫོགས་ཆེན་ཁྲིད་རྒྱུན་འདི་རྗེ་མཁྱེན་བརྩེ་རིན་པོ་ཆེར་ཉེ་བརྒྱུད། ཛ་ཀ་མཆོག་སྤྲུལ། མཁན་ཆེན་ངག་དབང་དཔལ་བཟང༌། གསེར་པ་གཏེར་སྲས་འཆི་མེད། འཇམ་པའི་དབྱངས་དྷརྨ་མ་ཏི། དེས་བདག་ལའོ། ༼སི༽ མཆོག་གཏེར་པད་འབྱུང་དབང་ཁྲིད་ཐུགས་སྒྲུབ་རྣམ་གཉིས་སྐབས་ལྟར་རོ། ༈ སྡེ་གསུམ་གསང་སྐོར་བཀའ་བརྒྱད་རྫོགས་འཕྲང་རིག་འཛིན་རྩལ་འཆང་ལྷན་རྒྱས་པར། ཚེ་ནོར། དེ་ལས་མཆོག་གླིང་གཉིས་པ་པདྨ་ཨཀྵ་ར། དེས་མཁྱེན་བརྩེ་སྐུ་ཕྲེང་གཉིས་པ་ཀུན་གཟིགས་དྷརྨ་མ་ཏི། དེས་བདག་ལའོ། ༈ སྨིན་གླིང་ཨ་ཏི་ཟབ་དོན། གུ་ཎ་དང༌། རབ་འབྱམས་ལྔ་པ་འགྱུར་མེད་ཀུན་བཟང་བདེ་ཆེན་རྒྱལ་པོ་གཉིས་ལས། པདྨ་བི་ཛ། དེས་དྷརྨ་མ་ཏི། དེས་བདག་ལའོ། །གདོད་མའི་མགོན་པོ་པདྨ་བི་ཛ་ལས་ཀྱང་སྨིན་གྲོལ་བཀའ་དྲིན་ཐོབ། ༈ མཆོག་གཏེར་དགའ་རབ་སྙིང་ཐིག་གི་ཡི་དམ་ཞི་ཁྲོ་གཉིས་ཀའི་དབང་ཁྲིད་ལུང་བཅས་མཁྱེན་བརྩེ། པདྨ་བི་ཛ། དེས་དྷརྨ་མ་ཏི། དེས་བདག་ལའོ། ༈ ༼ཧི༽ དུང་མཚོ་རས་པའི་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག །ཀུན་གཟིགས་དྷརྨ་ས་ར། དེས་རྗེ་དྷརྨ་མ་ཏི། དེས་བདག་མངྒ་ལའོ། ༈ རིགས་གསུམ་སྙིང་ཐིག་མཆོག་གླིང་དང་མཁྱེན་ཀོང་གཉིས་བཅས་གསུམ་ཀས། ཚེ་ནོར། པདྨ་འགྱུར་མེད་ཐེག་མཆོག་བསྟན་འཕེལ། དེས་རྗེ་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་ཚེ་ནོར། དྷརྨ་ས་ར། ཡབ་རྗེ། དེ་ལས་དྷརྨ་མ་ཏི། དེས་བདག་ལའོ། ༈ ༼ཨི༽ ༈ ཉང་གཏེར་བླ་མ་དམར་ཁྲིད་མཁྱེན་ཀོང་གཉིས་ཀ་ལས་ཀུན་གཟིགས་དྷརྨ་ས་ར། དེས་རྗེ་བླ་མ་དྷརྨ་མ་ཏི། དེས་བདག་ལའོ། ༈ ༼ཨོཾ༽ འདོད་བུམ་ཡོངས་རྫོགས་གཏེར་ཆེན། རིན་རྣམ། པདྨ་བསྟན་འཛིན། ཕྲིན་ལས་རྣམ་རྒྱལ། ཕྲིན་ལས་ཆོས་སྒྲོན། སངས་རྒྱས་ཀུན་དགའ། ཡིད་བཞིན་དབང་རྒྱལ། རྗེ་བཙུན་མ་ཡེ་ཤེས་ཆོས་སྒྲོན། ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོའམ་འགྱུར་མེད་འཇམ་དབྱངས་ཚུལ་ཁྲིམས། དེས་ཀུན་གཟིགས་མཉྫུ་གྷོ་ཥ་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་སངས་རྒྱས་ཀུན་དགའ་ནས་མཁོ་དགོན་དམ་པ་བླ་མ་བློ་གྲོས་ཐོགས་མེད་ལས་ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོས་གསན་པའོ། །ཡང་ན་འདོད་བུམ་ཡོངས་རྫོགས་འཇམ་མགོན་གུ་ཎ། རྗེ་བླ་མ་པདྨ་བི་ཛ་ལས་དབང་ལུང་གཉིས་ཀ་བཀའ་དྲིན་གྱིས་ཁྱབ་པའོ། ༈ ༼ཨཱཿ༽ འཇམ་མགོན་རྣམ་ཐར་ལུང་བརྒྱུད་འཇམ་པའི་རྡོ་རྗེ་བློ་གྲོས་མཐའ་ཡས་དང༌། ཟུར་མང་དྲུང་རིན་པོ་ཆེ་ཀརྨ་ཆོས་ཀྱི་ཉིན་བྱེད། བླ་མ་ཀརྨ་འོད་གསལ་ལྷུན་གྲུབ་ལས་བཀའ་དྲིན་ཐོབ། ༈ མཛད་པ་ཐ་མའི་རྣམ་ཐར། མཛད་པ་པོ་བཀྲ་ཤིས་ཆོས་འཕེལ། དྲུང་རིན་པོ་ཆེ་ཀརྨ་ཆོས་ཀྱི་ཉིན་བྱེད། བླ་མ་ཀརྨ་འོད་གསལ་ལྷུན་གྲུབ་ལས་བཀའ་དྲིན་ཐོབ་པའོ། ༈ རྩ་གསུམ་འོད་གསལ་སྙིང་ཏིག་ཀུན་གཟིགས་མཁྱེན་བརྩེ་རྡོ་རྗེ་འཆང་ལས། འཇམ་མགོན་ཆོས་ཀྱི་རྒྱལ་པོ་པདྨ་གར་དབང༌། དེ་ལས་ཀཿཐོག་སི་ཏུ་ཨོ་རྒྱན་ཆོས་ཀྱི་རྒྱ་མཚོ། དཔལ་སྤུང་མཁས་དབང་བླ་མ་བཀྲ་ཤིས་ཆོས་འཕེལ་གཉིས་ཀྱིས་གསན། དེ་གཉིས་ཀ་ལས་འཇམ་མགོན་ཆོས་ཀྱི་བློ་གྲོས་རིས་མེད་བསྟན་པའི་རྒྱལ་མཚན་གྱིས་གསན་ནས་གུས་རྨོངས་ལ་བཀའ་དྲིན་གྱིས་ཁྱབ་པའོ། ༈ ༼ཧཱུྃ༽ རྒྱབ་ཆོས་ལམ་རིམ་ཡེ་ཤེས་སྙིང་པོའི་བཤད་ཁྲིད་མཁྱེན་བརྩེ། མཆོག་གླིང་གཉིས་ཀ་ལས། ཚ་སྒང་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ། གཏེར་ཆེན་མཆོག་སྤྲུལ་ངེས་དོན་གྲུབ་པའི་རྡོ་རྗེའམ་པདྨ་ཐེག་མཆོག་བསྟན་འཕེལ། དེས་རྗེ་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་མཁྱེན་བརྩེ། གུ་ཎ། མཁས་དབང་བླ་མ་བསྟན་འཛིན་ཆོས་འཕེལ། ཚེ་དབང་ནོར་བུ། ཀུན་གཟིགས་དྷརྨ་ས་ར། ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ། དེས་དྷརྨ་མ་ཏི། དེས་བདག་ལའོ། །ཡང་ན་ཚེ་ནོར། དྷརྨ་ས་ར། མཁས་དབང་ཀརྨ་བཀྲ་ཤིས་ཆོས་འཕེལ། དེ་ལས་རྗེ་དྷརྨ་མ་ཏི། དེས་བདག་མངྒ་ལ་ལའོ། །ཡང་ན་ཚེ་ནོར་ལས་གཏེར་སྤྲུལ་ངེས་དོན་གྲུབ་པའི་རྡོ་རྗེས་གསན་པ་མན་འདྲ། རིན་གཏེར་ཆེན་པོའི་སྨིན་གྲོལ་གཏང་རག་རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་སྒྲུབ་ཆེན་སྐབས་ལྗགས་བཤད་དུ་བཀའ་དྲིན་ཆེན་པོས་རྗེས་སུ་བཟུང་བའོ། ༈ ཆོས་མཛོད་སྤར་དུ་བསྒྲུབ་པའི་རྟོགས་བརྗོད། མཛད་པ་པོ་རྒྱལ་དབང་ཀརྨ་པ་མཁའ་ཁྱབ་རྡོ་རྗེ། བླ་བྲེ་ནོར་བུ་སྤྲུལ་སྐུ་ཀརྨ་ཚུལ་ཁྲིམས་འགྱུར་མེད་ལས་བདག་གིས་ཐོབ་པའོ། །དེ་ལྟར་རིན་ཆེན་གཏེར་མཛོད་ཆེན་པོ་སྤྱིའི་བརྒྱུད་པ་རགས་རིམ་ནི། ཡབ་རྗེ་རིག་པ་འཛིན་དབང་མཆོག་གིས་དཔལ་ཡུལ་སྐུ་ཆེན་ཀརྨ་ཡང་སྲིད་ཨོ་རྒྱན་མདོ་སྔགས་ཆོས་ཀྱི་ཉི་མ་ལས་གཏེར་མཛོད་དབང་དང་ཁྲིད་རིགས་རྫོགས་པར་གསན་པ་སྟེ། དཔལ་ཡུལ་སྐུ་ཆེན་གྱིས་འཇམ་མགོན་རིན་པོ་ཆེ་ལས་གཏེར་མཛོད་ལན་བཞི་པར་དབང་ཁྲིད་རྣམས་གསན། ལུང་འཇམ་མགོན་བླ་མ་ལས་རྫོགས་ཆེན་མཁན་པོ་ཨ་དཀོན་དང་གསེར་པ་བླ་མ་ཨོ་རྒྱན་ལྷུན་གྲུབ་ལས་ཡབ་རྗེས་གསན་པ་ཡིན་པ་དང་དེར་མི་བཞུགས་པའི་ཁ་སྐོང་གི་དབང་རིགས་ཡབ་རྗེས་ཀཿཐོག་སི་ཏུ་རིན་པོ་ཆེ་དང༌། ལུང་རྣམས་གྲུབ་དབང་པདྨ་ནོར་བུ་ལས་གསན་ཏེ་དབང་ལུང་ཁྲིད་བཅས་ཆ་ཚང་བཞུགས་ཤིང༌། ཡབ་རྗེ་མཆོག་ནས་འཇམ་མགོན་རྡོ་རྗེ་འཆང་རྣམ་གཉིས་དངོས་ལས་གསན་པའང་མང་ཞིག་སྣང་བ་དང༌། རྗེ་བླ་མ་འཇམ་མགོན་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་ཀྱང་འཇམ་མགོན་རྣམ་གཉིས་དངོས་སློབ་དུ་མ་ལས་གསན་པ་མཆན་གསལ་ལྟར་ཤེས་པར་བྱའོ། །གཏེར་མཛོད་འཆད་དང་ཉན་པས་ས་སྟེང་ཁྱབ། །གཏེར་མཛོད་དཔེ་ཡིས་ཛམ་གླིང་ཀུན་བརྡལ་ཡང༌། །གཏེར་མཛོད་སྙིང་པོ་བླ་རྫོགས་ཐུགས་གསུམ་གྱི། །གཏེར་མཛོད་ཁྱད་ཆོས་ཤེས་པ་ཉིན་སྐར་ཙམ། །ཞེས་ཀྱང་སྨྲས་སོ། ༈ སངས་རྒྱས་ཀུན་དངོས་པདྨ་འབྱུང་གནས་ཀྱི། །ཐུགས་བཅུད་རིན་ཆེན་གཏེར་གྱི་མཛོད་ཆེན་པོའི། །སྨིན་གྲོལ་ཟབ་མོ་ཇི་ལྟར་ཐོབ་པའི་གཏམ། །ཡིད་ཆེས་བརྒྱུད་པའི་རིམ་པར་བཅས་པ་ལ། །དད་སློབ་སྐལ་བཟང་འདུས་པའི་ཚོགས་རྣམས་ལ། །ཆོས་སྦྱིན་སྤེལ་བས་ཚེ་རབས་ཐམས་ཅད་དུ། །གུ་རུ་པདྨས་རྗེས་བཟུང་ས་ལམ་རྫོགས། །རང་གཞན་དོན་གཉིས་ཡིད་བཞིན་འགྲུབ་པ་དང༌། །རྒྱལ་བསྟན་རིས་མེད་དར་རྒྱས་བསྟན་འཛིན་རྣམས། །ཞབས་བརྟན་དགེ་འདུན་སྡེ་འཕེལ་ཐུགས་མཐུན་ཞིང༌། །བཤད་སྒྲུབ་བྱ་བས་ཕན་བདེའི་དཔལ་ཡོན་འཕེལ། །འགྲོ་ཀུན་སྐུ་བཞིའི་དབྱིངས་སུ་སངས་རྒྱས་ཤོག །ཅེས་པའང་མཁྱེན་སྤྲུལ་རྒན་བུས་སྨོན་པ་སིནྟི་རསྟུ། ༈ ཨོཾ་སྭ་སྟི་བི་ཛ་ཡནྟུ། ཕུལ་བྱུང་བྱིན་རླབས་ནོར་བུའི་སྤྲིན་གྱི་ངོགས། །བསམ་ཡས་སྒྱུ་འཕྲུལ་གློག་གི་ཕྲེང་གར་བཅས། །དངོས་གྲུབ་ཕྲིན་ལས་བདུད་རྩིའི་ཆར་འཇོ་བ། །སངས་རྒྱས་གཉིས་པ་མཚོ་སྐྱེས་རྒྱལ་བས་སྲུངས། ༈ གསང་སྔགས་མ་ཧཱ་ཡོ་གའི་དངོས་གྲུབ་ཀྱི་རྩ་བ་ཡི་དམ་སྒྲུབ་སྡེ་རབ་འབྱམས་ཀྱི་ཕྱི་མོ་སྙིང་དང་འདྲ་བ་བཀའ་བརྒྱད་བདེ་གཤེགས་འདུས་པ་མངའ་བདག་ཉང་ཉི་མ་འོད་ཟེར་གྱིས་ལྷོ་བྲག་མཁོ་མཐིང་གི་རྣམ་སྣང་སྐུ་རྒྱབ་ཀྱི་སྒྲོམ་བུ་ནས་སྤྱན་དྲངས་ཤིང་བཀའ་གཏེར་ཆུ་བོ་གཅིག་འདྲེས་ཀྱི་དབང་གི་མདོ་བྱང་ཆེན་པོ་སྒྲུབ་དབང་དང་འབྲེལ་བར་ཐོབ་པ་བརྒྱུད་སྲོལ་ཀུན་འདུས་སྨིན་གླིང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཨོ་རྒྱན་གཏེར་བདག་གླིང་པ་ཡན་ཆད་བརྒྱུད་འདེབས་ལྟར་ལ། གཏེར་ཆེན་ལས་རྒྱལ་སྲས་རིན་ཆེན་རྣམ་རྒྱལ། ཁྲི་ཆེན་པདྨ་བསྟན་འཛིན། ཁྲི་ཆེན་ཕྲིན་ལས་རྣམ་རྒྱལ། ཞེ་ཆེན་རྒྱལ་ཚབ་སྐུ་ཕྲེང་དང་པོ་བསྟན་འཛིན་ཆོས་རྒྱལ། ཞེ་ཆེན་དབོན་སྤྲུལ་འགྱུར་མེད་བསྟན་འཛིན་འཕེལ་རྒྱས་ལས། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང༌། འཇམ་མགོན་པདྨ་གར་དབང་གཉིས་ཀྱིས་གསན། རྗེ་མཁྱེན་བརྩེ་ལས་བཀའ་བརྒྱད་བདེ་འདུས་དབང་ཆེན་དང༌། འཇམ་མགོན་གུ་ཎ་ལས། བཀའ་བརྒྱད་གསང་རྫོགས་དབང་ཆེན་སྒྲུབ་དབང་དུ་ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོས་གསན། དེ་ལས་རྗེ་ཆོས་ཀྱི་བློ་གྲོས་ཀྱིས་གསན། ཞེ་ཆེན་རྒྱལ་ཚབ་གསུམ་པ་འགྱུར་མེད་པདྨ་རྣམ་རྒྱལ་མཆོག་གིས་བཀའ་བརྒྱད་བདེ་འདུས་དབང་ཆེན་འཇམ་མགོན་གུ་ཎ་དང༌། རྡོར་གླིང་བཀའ་བརྒྱད་དབང་ཆེན་ཉེ་བརྒྱུད་དུ་རྗེ་མཁྱེན་བརྩེ་ལས་གསན་སྐབས་ཉང་གཏེར་བདེ་འདུས་དང་ཆུ་གཅིག་འདྲེས་སུ་ཡིན་པས་གཉིས་གོ་གཅིག་ཆོད་དུ་འགྱུར་ཞེས་གསན། དེས་འཇམ་མགོན་བླ་མ་ཆོས་ཀྱི་བློ་གྲོས་དང༌། ཞེ་ཆེན་ཀོང་སྤྲུལ་འགྱུར་མེད་ཀུན་བཟང་གཞན་ཕན་མཐའ་ཡས་གཉིས་ཀྱིས་གསན་རྗེ་བླ་མ་དེ་གཉིས་ལས་བདག་མངྒ་ལ་ལ་བཀའ་དྲིན་ཆེན་པོས་རྗེས་སུ་བཟུང་སྟེ་སྒྲུབ་ཆེན་སྨན་སྒྲུབ་དང་འབྲེལ་བར་བཀའ་དྲིན་དུ་ཐོབ་པའོ། ༈ ཡང་ན། སྨིན་གཏེར་རིན་པོ་ཆེ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། ཁྲི་པད་བསྟན། ཁྲི་ཕྲིན་ལས་རྣམ་རྒྱལ། ཁྲི་ཆེན་ཡིད་བཞིན་དབང་རྒྱལ། ཡབ་རྗེ་འགྱུར་མེད་འཇམ་དབྱངས་ཚུལ་ཁྲིམས། རྗེ་བླ་མ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་བདག་མངྒ་ལ་ལའོ། །རྒྱ་ཆེན་བཀའ་ཡི་སྙིང་པོ་ཟབ་གཏེར་གྱི། །སྨིན་གྲོལ་རིན་ཆེན་ལྷུན་པོ་བཀོད་མཛེས་དཔལ། །མཁས་གྲུབ་ལྷ་དབང་གྲོང་གིས་མཛེས་བཞིན་དུ། །ཕན་བདེའི་དགའ་སྟོན་ཅིག་ཅར་རྒྱས་གྱུར་ཅིག །སརྦ་མངྒ་ལཾ།། །།}} | ||
</onlyinclude> | </onlyinclude> |
Latest revision as of 09:12, 1 June 2024
Wylie title | gsang sngags snga 'gyur nang rgyud sde gsum gyi bka' babs nye brgyud zab mo rin chen gter gyi mdzod chen po'i thob yig ngo mtshar u dum wa ra'i phreng mdzes mtsho skyes dgyes pa'i dbyangs snyan | |
---|---|---|
Location | dil mgo mkhyen brtse bka' 'bum Volume 24, Text 5, Pages 285-322 (Folios 1a to 38a4) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | Khyentse, Dilgo. Gsang sngags snga 'gyur nang rgyud sde gsum gyi bka' babs nye brgyud zab mo rin chen gter gyi mdzod chen po'i thob yig ngo mtshar u dum wa ra'i phreng mdzes mtsho skyes dgyes pa'i dbyangs snyan. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 24: 285-322. Delhi: Shechen Publications, 1994. | |
Genre | Records of Teachings Received - thob yig - gsan yig |