DKR-KABUM-25-RA-011: Difference between revisions
From Khyentse Lineage - A Tsadra Foundation Project
WikiBot2015 (talk | contribs) No edit summary |
m (Text replacement - "Khyentse Metadata" to "Text") |
||
(2 intermediate revisions by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=ཀུན་མཁྱེན་བླ་མ་འཇིགས་མེད་གླིང་པའི་བཀའ་འབུམ་གྱི་ཐོབ་ཡིག་རིན་ཆེན་སྙེ་མ། | |||
|fulltitle=kun mkhyen bla ma 'jigs med gling pa'i bka' 'bum gyi thob yig rin chen snye ma | |||
|citation=[[Khyentse, Dilgo]]. ''Kun mkhyen bla ma 'jigs med gling pa'i bka' 'bum gyi thob yig rin chen snye ma''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 25: 142-161. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
| | |tibgenre=Records of Teachings Received - thob yig - gsan yig | ||
| | |terma=No | ||
|volumenumber= | |dkroutline=Ten | ||
|volumenumber=025 | |||
|volnumtib=༢༥ | |||
|volyigtib=ར་ | |||
|totalvolumes=25 | |||
|textnuminvol=011 | |textnuminvol=011 | ||
|pagenumbers=142-161 | |||
|totalpages=40 | |||
|beginfolioline=1a | |||
|endfolioline=20b4 | |||
|totalfolios=20 | |||
|multivolumework=No | |||
|rectonotes=gsan yig | |||
|versonotes='jigs gling bka' 'bum | |||
|pdflink=File:DKR-KABUM-25-RA-011.pdf | |pdflink=File:DKR-KABUM-25-RA-011.pdf | ||
}} | }} | ||
Line 16: | Line 31: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། །ཀུན་མཁྱེན་བླ་མ་འཇིགས་མེད་གླིང་པའི་བཀའ་འབུམ་གྱི་ཐོབ་ཡིག་རིན་ཆེན་སྙེ་མ་བཞུགས།། | {{TibP|༄༅། །ཀུན་མཁྱེན་བླ་མ་འཇིགས་མེད་གླིང་པའི་བཀའ་འབུམ་གྱི་ཐོབ་ཡིག་རིན་ཆེན་སྙེ་མ་བཞུགས།།<br><br> | ||
ཨོཾ་སྭ་སྟི། མདོ་སྔགས་ཆོས་ཚུལ་མཐའ་ཀླས་རྒྱ་མཚོའི་དབུས། །མཁྱེན་བརྩེ་ནུས་པའི་རི་དབང་ལྷུན་ཆགས་བཞིན། །འོད་གསལ་ཐེག་མཆོག་ཉི་ཟླའི་རྣ་ཆ་ཅན། །ཀུན་མཁྱེན་ཀློང་ཆེན་རབ་འབྱམས་སྤྱི་བོར་མཆོད། །མཆོག་གི་ཡེ་ཤེས་ནམ་མཁའི་ནོར་བུ་ཆེ། །སྙིགས་དུས་མུན་སེལ་ཐེག་མཆོག་པདྨའི་ཚལ། འབྱེད་ལ་ཟླ་བྲལ་མཁས་གྲུབ་རྒྱ་མཚོའི་མགོན། །རིག་འཛིན་འཇིགས་མེད་གླིང་ཞེས་གྲགས་ལ་འདུད། །མཆོག་གི་རྟོགས་པ་ཆོས་སྐུའི་མཆོད་སྡོང་ཆེ། །སྐལ་བཟང་བཙས་སུ་བཞག་པའི་ལེགས་བཤད་ཚོགས། །ཐེག་མཆོག་བསྟན་པ་མཛེས་པའི་ནོར་བུའི་རྒྱན། །ཐོས་པས་དགའ་བསྐྱེད་མཆིད་འདི་གླིང་བུ་སྒྲོགས། །ཞེས་པའང་གངས་ཅན་མཁས་གྲུབ་རྒྱུ་སྐར་གྱི་ཕྲེང་བའི་དབུས་ན་མཚུངས་ཟླ་མེད་པའི་རྣམ་ཐར་ཆུ་ཤེལ་གྱི་དཀྱིལ་འཁོར་ཆེས་ཆེར་གསལ་བ་ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པའི་གསུང་རབ་བདུད་རྩིའི་སྣང་བ་དག་དད་བརྒྱའི་ཀུ་མུད་ཀྱི་གཉེན་དུ་ཇི་ལྟར་ཐོབ་པའི་བསྙེལ་གསོས་སུ་བསྟར་བ་ལ། ཆོས་རྒྱལ་སྡེ་དགེའི་སྤར་འཁོད་ཀྱི་གླེགས་བམ་དགུའི་ལུང་གི་རིམ་པ་ཇི་ལྟར་ཐོབ་པའི་ཚུལ་ལ་གླེགས་བམ་དང་པོ། ཀ༽ པ་ལ། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་རྒྱ་ཆེར་སྟོན་པས་མདོ་སྔགས་བསྟན་པ་རྒྱ་མཚོའི་སྤྱི་སྡོམ་གྱི་གླེགས་བམ་ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་རྩ་བ་ལ་ལྡེབ། ༥༡ དེའི་འགྲེལ་པ་ལམ་གྱི་གཞུང་ཤིང་རྒྱུ་མཚན་ཉིད་ཐེག་པའི་དོན་རྒྱ་ཆེར་བཤད་པའི་འགྲེལ་པ་བདེན་གཉིས་ཤིང་རྟ་ལ་ལྡེབ། ༤༦༡ ཁ༽ པ་ལ། ལམ་གྱི་སྦས་དོན་གསང་སྔགས་རྡོ་རྗེ་ཐེག་པ་རྒྱ་ཆེར་བཤད་པའི་འགྲེལ་པ་རྣམ་མཁྱེན་ཤིང་རྟ་ལ་ལྡེབ། ༤༤༠ བཤད་རྒྱུན་ནི་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་འཇིགས་མེད་གླིང་པ་ཡན་ཆད་རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོའི་དགེ་བ་གསུམ་གྱི་དོན་ཁྲིད་ལས་འབྱུང་བ་ལྟར་ལ། བསྟན་བཅོས་མཛད་པ་པོ་ཀུན་མཁྱེན་ཉིད་ལས། རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར། འཇིགས་མེད་བསོད་ནམས་མཆོག་ལྡན། ཀུན་མཁྱེན་ཉིད་སླར་ཡང་བསྟན་པ་ཡོངས་རྫོགས་ཀྱི་ཤིང་རྟར་བྱོན་པ་ཐམས་ཅད་མཁྱེན་གཟིགས་མཉྫུ་གྷོ་ཥ་དངོས་ལས། མཁས་གྲུབ་ཀྱི་དབང་ཕྱུག་རྒྱལ་ཚབ་པདྨ་བི་ཛ། ཀོང་སྤྲུལ་རིན་པོ་ཆེ་པདྨ་དྲི་མེད་བློ་གྲོས། མཁན་ཆེན་བློ་གྲོས་རབ་གསལ། མཁན་བསྟན་འཛིན་ཆོས་འཕེལ་ལས་བཀའ་དྲིན་ཐོབ་པའོ། །ཡང་ན་རྩ་བ་ཁོ་ནའི་བརྒྱུད་པ་ནི་རྒྱལ་སྲས་གཞན་ཕན་མཐའ་ཡས་ལས། དཔལ་སྤྲུལ་ཆོས་ཀྱི་དབང་པོ་དང༌། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་གཉིས་ཀས་གསན། དེ་གཉིས་ཀས། དགེ་མང་མཁན་ཨོ་རྒྱན་བསྟན་འཛིན་ནོར་བུ། མཁན་ཡོན་ཏན་རྒྱ་མཚོ། མཁན་དཀོན་མཆོག་བློ་གྲོས་འོད་ཟེར་ལས་ཐོག་མར་བཤད་ཁྲིད་དུ་བཀའ་དྲིན་ཐོབ་པའོ། །ཡང་ན་རྡོ་གྲུབ་རིན་པོ་ཆེ་ཕྲིན་ལས་འོད་ཟེར་ལས། རྡོ་བླ་འཇིགས་མེད་སྐལ་བཟང་ངམ་ཆོས་ཀྱི་བློ་གྲོས། རྒྱལ་སྲས་གཞན་ཕན་མཐའ་ཡས། མཁྱེན་བརྩེའི་དབང་པོ། རྒྱལ་ཚབ་པདྨ་བི་ཛ། པདྨ་དྲི་མེད། མཁན་བློ་གྲོས་རབ་གསལ། མཁན་བསྟན་འཛིན་ཆོས་འཕེལ་གྱིས་གསན་པའོ། །དེའི་འགྲེལ་ཆེན་ཤིང་རྟ་རྣམ་གཉིས་ནི་ཀུན་མཁྱེན་འཇིགས་གླིང༌། འཇིགས་མེད་ཆོས་གྲགས། རྒྱལ་སྲས་གཞན་ཕན་མཐའ་ཡས། མཁན་ཆེན་པདྨ་བཛྲའམ་པདྨ་དམ་ཆོས་འོད་ཟེར། མཁྱེན་བརྩེའི་དབང་པོ་འཇིགས་མེད་མཁྱེན་བརྩེའི་ཟློས་གར། ཁྱབ་བདག་ཞེ་ཆེན་པ་ཆེན་པོ་པདྨ་བི་ཛ་མན་ཆད་སྔ་མ་ལྟར་རོ། ག༽ པ་ལ། དེ་བཞིན་གཤེགས་པས་ལེགས་པར་གསུངས་པའི་གསུང་རབ་རྒྱ་མཚོའི་སྙིང་པོར་གྱུར་པ་རིག་པ་འཛིན་པའི་སྡེ་སྣོད་དམ། སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྟོགས་པ་བརྗོད་པ་འཛམ་གླིང་ཐ་གྲུ་ཁྱབ་པའི་རྒྱན་ལ་ལྡེབ། ༢༥༠ དྲིས་ལན་རིན་པོ་ཆེའི་བསྟན་བཅོས་ལུང་གི་གཏེར་མཛོད་ལ་ལྡེབ། ༡༨༨ ང༽ པ་ལ། དགོངས་འདུས་ཆོ་གའི་རྣམ་བཤད་མཁྱེན་བརྩེའི་མེ་ལོང་ལ་ལྡེབ། ༡༨༦ གཏམ་གྱི་ཚོགས་ཐེག་པའི་རྒྱ་མཚོ་ཞེས་ནང་གསེས་སུ་བདུན་ཅུ་དོན་གསུམ་ལས། གཏམ་ཚོགས་ཡོན་ཏན་རྒྱ་མཚོའི་སྤྱི་དོན་ཐེག་པའི་གྲུ་གཟིངས། ནམ་མཁའ་བརྟགས་པ་གཟའ་དང་རྒྱུ་སྐར་གྱི་གཏམ་གོ་ལའི་རྣ་རྒྱན། ལྷོ་ཕྱོགས་རྒྱ་གར་གྱི་གཏམ་བརྟགས་པ་བརྒྱད་ཀྱི་མེ་ལོང༌། རིན་ཆེན་བརྟགས་པའི་གཏམ་ཙིནྟ་མ་ཎིའི་མཛོད་ཁང༌། སྙན་ངག་གི་གཏམ་རིན་པོ་ཆེའི་གཏེར་ཞེས་བྱ་བ། རྒྱལ་པོ་དང་དམངས་ལ་སྤྲིངས་བའི་གཏམ། རབ་ཏུ་བྱེད་པ་འཇིག་རྟེན་གསོ་བའི་སྨན། ས་སྐྱོང་སྡེ་དགེ་ལ་སྤྲིངས་བའི་གཏམ་ས་ལ་སྤྱོད་པའི་རྣ་རྒྱན། རྒྱལ་བུ་ལ་སྤྲིངས་བའི་གཏམ་ཆར་སྤྲིན་གྱི་རོལ་མོ། བཙུན་མོ་ལ་སྤྲིངས་བའི་གཏམ་དམ་པའི་གན་མཛོད་རྩ་འགྲེལ། དམངས་ལ་སྤྲིངས་བའི་དོན་དཔེ་དོན་འབྲེལ་པ། བྷོ་ཌཱའི་སྲིད་སྐྱོང་ལ་སྤྲིངས་བའི་གཏམ། དམ་པ་ལ་སྤྲིངས་བའི་གཏམ། སློབ་མ་ལ་སྤྲིངས་བའི་གཏམ་མདུན་ན་འདོན་གྱི་རྣ་རྒྱན། བཤེས་གཉེན་བུདྡྷ་ལ་སྤྲིངས་བའི་གཏམ། དགའ་ལྡན་བྱང་རྩེ་བ་བཤེས་གཉེན་ཕྲིན་ལས་ཐོགས་མེད་ལ་སྤྲིངས་བའི་གཏམ། བླ་མ་ལ་སྤྲིངས་བའི་གཏམ། ལྷོ་བྲག་གསུང་སྤྲུལ་ལ་སྤྲིངས་བའི་གཏམ་ཚངས་པའི་རྣ་རྒྱན། སྒོམ་པ་ལ་སྤྲིངས་པའི་གཏམ། སྤ་ཁང་ཡོན་ཏན་ལ་སྤྲིངས་བའི་གཏམ་དོན་རབ་འབྱེད་པའི་རྒྱན། དགེ་སློང་ལ་སྤྲིངས་བའི་གཏམ་སྦྱངས་པའི་ཡོན་ཏན་གྱི་རབ་བྱེད། རབ་ཏུ་བྱུང་བ་ལ་སྤྲིངས་བའི་གཏམ་པྲ་ཏི་མོཀྵ་གརྦྷ། སྔགས་པ་ལ་སྤྲིངས་བའི་གཏམ་བཤགས་ལེ་བཞི་པའི་ཌཱིཀ་དམ་ཚིག་རྒྱ་མཚོའི་གསལ་བྱེད། སྡེ་བརྒྱད་ལ་སྤྲིངས་བའི་གཏམ་གནོད་སྦྱིན་གྱི་རྣ་ཆ། ཕྱོགས་བཅུའི་གདོན་ཚོགས་ལ་སྤྲིངས་བའི་གཏམ་ལྷ་མ་ཡིན་གྱི་གཙུག་ཏོར། ཨར་ཇག་ལ་སྤྲིངས་བའི་གཏམ་དཀོན་མཆོག་གསུམ་གྱི་གྲིབ་བསིལ། གནས་བསྐོར་པ་ལ་སྤྲིངས་པའི་གཏམ་ལྷག་བསམ་གྱི་ཆུན་པོ། བསམ་ཡས་གཙུག་ལག་ཁང་གི་གཏམ་འདོད་པ་ཁམས་ཀྱི་རྣ་རྒྱན། ཨཱརྻ་པ་ལོའི་གླིང་གི་གཏམ་བདེན་པའི་རྣ་རྒྱན། དཔལ་གྱི་བསམ་ཡས་མཆིམས་ཕུའི་གཏམ་ཀ་ལ་པིངྐའི་རོལ་མོ། བསམ་ཡས་གཙུག་ལག་ཁང་ལ་དངུལ་དཀར་ཞུན་མ་ཐུར་སྲང་བརྒྱ་ཕྲག་ལྔ་དང་གསེར་རྡོ་ཚད་གཉིས་ལས་བསྐྲུན་པའི་མཆོད་སྡོང་ཕུལ་ནས་བརྟན་བཞུགས་གསོལ་བའི་གཏམ་འཕྲུལ་དགའི་རྣ་རྒྱན། གུ་རུ་མཚོ་སྐྱེས་རྡོ་རྗེ་དང་ཞབས་རྗེས་རིན་པོ་ཆེའི་གཏམ། གཞུ་སྟོད་ཀྱི་གཏམ་མཁའ་འགྲོའི་གླུ་གར། དབུ་རུ་ཞྭ་ཡི་ལྷ་ཁང་གི་གཏམ་ཆོས་འབྱུང་གི་མེ་ཏོག །ལྷོ་མོན་དཀར་པོ་ཟངས་ཀྱི་གཏམ། བཀྲ་ཤིས་སྲོང་བཙན་བང་སོའི་གཏམ་ལོ་རྒྱུས་ཀྱི་མཛོད་ཁང༌། བཀྲ་ཤིས་སྲོང་བཙན་བང་སོའི་དཀར་ཆག་འབྲིང་པོ་བྱས་པ་ནྱ་གྲོ་དྷའི་ཆུན་འཕྱང༌། དཔལ་རི་ཐེག་པ་ཆེན་པོའི་གླིང་གི་གཏམ་རྡོ་རྗེ་སྒྲ་མའི་རྣ་རྒྱན། པདྨ་འོད་གསལ་ཐེག་མཆོག་གླིང་རྟེན་དང༌། བརྟེན་པ་བཅས་པའི་གཏམ་ནོར་བུའི་དོ་ཤལ། གཙང་རུ་ལག་རྒྱལ་བྱེད་ཚལ་གྱི་གསང་སྔགས་ཐེག་མཆོག་གླིང་གི་གཏམ་དད་པའི་གེ་སར། མཚོ་སྣར་རྒྱུད་འབུམ་བཞེངས་པའི་གཏམ་ཀ་ལནྟ་ཀའི་རྒྱན། ས་སྐྱོང་པ་སྡེ་དགེའི་རྒྱལ་ཁབ་ཏུ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེ་སྤར་དུ་བཞེངས་པའི་དུས་སུ་ཞུ་ཆེན་པ་རྣམ་གཉིས་ལ་སྐབས་དབྱེ་བའི་གཏམ་དྲང་སྲོང་གི་རྔ་སྒྲ་ཞེས་བྱ་བ། མཆོད་རྟེན་བཀྲ་ཤིས་འོད་འབར་གྱི་གཏམ་རྙོག་མ་བསྒྲུངས་པའི་ཀེ་ཏ་ཀ །བདེ་བར་གཤེགས་པའི་མཆོད་རྟེན་བརྒྱད་ཀྱི་ཐིག་གི་གཏམ་བྱང་ཆུབ་ལྗོན་ཤིང༌། མཆོད་སྦྱིན་གྱི་གཏམ་འཕྲུལ་དགའི་རོལ་མོ། མཎྜལ་གྱི་གཏམ་བསོད་ནམས་སྤྲིན་ཕུང༌། དགེ་རྩ་བྱང་ཆུབ་ཏུ་བསྔོ་བའི་གཏམ་རྣམ་མཁྱེན་ལམ་བཟང༌། ནགས་ཚལ་གྱི་གཏམ་ཨུ་དུམ་ཝ་རའི་ཆུན་པོ་ཞེས་བྱ་བ། འདབ་ཆགས་ཀྱི་གཏམ་མི་ཁོམ་པའི་གནས་ལ་སྐྱོ་བར་བསྐུལ་བ། རི་དྭགས་ཀྱི་གཏམ་ངེས་འབྱུང་གི་ཕོ་ཉ། དྲི་བ་ཤིན་ཏུ་བརྟན་པའི་གཏམ་བྲག་རིའི་མགུལ་རྒྱན། འདུ་འཛི་ལ་སྐྱོ་བའི་གཏམ་ཏོག་གི་བློ་གྲོས། བློ་ལྡན་བྷྲ་མ་རའི་གཏམ་ཚིག་ལ་མི་རྟོན་དོན་ལ་རྟོན་པ། ཆོས་སྤྱོད་བཅུ་ཡི་གཏམ་དགེ་བའི་ལྗོན་ཤིང༌། དྲན་པའི་གཏམ་ཡོན་ཏན་རྒྱ་མཚོ། དྲན་པ་དང་ཤེས་བཞིན་ལས་འཕྲོས་པའི་གཏམ་དོན་རབ་འབྱེད་པའི་ཐུར་མ། འཕགས་པ་སྟོང་ཕྲག་བརྒྱ་པ་ལས་འཕྲོས་པའི་གཏམ་དེ་ཁོ་ན་ཉིད་ཀྱི་མེ་ལོང༌། གྲུབ་པའི་མཐའ་རབ་ཏུ་འབྱེད་པའི་གཏམ་རྟོག་གེའི་གཉེན་པོ། དགེ་བཅུ་གནང་བཀག་ལ་དཔྱད་པའི་གཏམ་ཚུལ་ཁྲིམས་རིན་པོ་ཆེའི་རྒྱན། ཕྱག་རྫོགས་ཀྱི་དེ་ཁོ་ན་ཉིད་རབ་ཏུ་དབྱེ་བའི་གཏམ་ཀེ་ཏའི་ཀའི་རྣ་རྒྱན། ཆོས་ཉིད་རྣམ་པར་གྱུར་པའི་གཏམ་ནམ་མཁའ་ལྡིང་གི་རྣ་རྒྱན། གནས་མིན་གྱི་བརྒལ་བརྟགས་ལ་སྐྱོ་བའི་གཏམ། རྣམ་གྲངས་པའི་དོན་དམ་ལ་དཔྱད་པའི་གཏམ་ལྷའི་རྒྱལ་རྔ། ཡེ་གྲོལ་ཀ་དག་གི་གཏམ་དག་པ་གཉིས་ཀྱི་མཛོད་ཁང༌། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཏམ་རྫོགས་པ་ཆེན་པོའི་དོ་ཧ་མཛོད་ཅེས་བྱ་བ། ཏནྟྲའི་ཕྱོགས་འཛིན་པ་ཟློག་པའི་གཏམ་ཚིག་དོན་གྱི་མདོ་འགག །རྟོན་པ་བཞི་ལྡན་གྱི་གཏམ་ལོག་རྟོག་གི་གཉེན་པོ་ཞེས་བྱ་བ། ཤེས་རབ་ཀྱི་གཏམ་ཟབ་མོ་སྣང་བ། ཤེས་རབ་སྙིང་པོའི་གཏམ་བསྟོད་ཕྱག་གིས་གསལ་བ། ཡང་དེའི་བསྡུས་དོན་གྱི་གཏམ། ན་ཚ་ལམ་ཁྱེར་གྱི་གཏམ་ཞེས་བྱ་བ་བཅས་ལེ་ཚན་བདུན་ཅུ་དོན་གསུམ་གྱིས་རྫོགས། ཅ༽ པ་ལ། བསྟོད་ཚོགས་སྐོར་ལས། སྐྱེས་པ་རབས་ཀྱི་རྒྱུད་སྙན་ངག་དམ་པའི་འཁྲི་ཤིང་དུ་བསྔགས་པའི་པྲ་ནི་དྷ་མི་འམ་ཅི་ཀུན་ཏུ་དགའ་བའི་ཟློས་གར་ལ་ལྡེབ། ༤༧ སངས་རྒྱས་དང་བྱང་སེམས་སྤྲུལ་པར་བཅས་པའི་བསྟོད་ཚོགས་ཚངས་པའི་རྒྱུད་མང་ལས། སངས་རྒྱས་སུམ་ཅུ་སོ་ལྔ་ལ་བསྟོད་པ་ལྗོན་པའི་གླུ་ཕྲེང༌། ཐུབ་དབང་གྲོང་ཁྱེར་མ་ལ་བསྟོད་པ། དུས་གསུམ་དང་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ལ་མཚན་དོན་གྱི་སྒོ་ནས་བསྔགས་པ་དད་པའི་ཕོ་ཉ། རྙིང་མ་རྒྱུད་འབུམ་གསར་བཞེངས་ལ་བསྔགས་པ། དེ་བཞིན་གཤེགས་པའི་མཆོད་རྟེན་རྣམ་པ་ཐམས་ཅད་རྫོགས་པ་བརྒྱད་ལ་བསྟོད་པ། བྱང་ཆུབ་སེམས་དཔའི་དགེ་འདུན་ཉེ་བའི་སྲས་བརྒྱད་ལ་བསྟོད་པ། དེའི་དོན་འགྲེལ། ཆོ་འཕྲུལ་ཆེན་པོའི་དུས་ཆེན་ལ་བརྗོད་པ་ཚོགས་གཉིས་ཤིང་རྟ། རྟ་མཆོག་རོལ་པ་གསང་སྒྲུབ་ལ་བསྟོད་པ། ཡོན་ཏན་གཏེར་མཛོད་ལས་གསུངས་བའི་མན་ངག་བཅུ་གསུམ་ལ་བསྔགས་པ། རྣམ་ཐར་སིནྡྷུ་མ་ལ། །མཁན་པོ། ༡ ཆོས་རྒྱལ། ༢ སློབ་དཔོན། ༣ སེང་གེ་སྒྲ། ༤ སྡོམ་བརྩོན་དམ་པ། ཚེ་རིང་ཡུལ་ལྗོངས། རྣམ་བཅུ། བྱང་གྲོལ་འཁོར་ལོ། སྤྲུལ་པའི་སྐུ་མཚན་བརྒྱད་ལ་བསྟོད་པ། དཔལ་བསམ་ཡས་པ་ཀུན་མཁྱེན་ངག་གི་དབང་པོ་ལ་བསྟོད་པ། ཟབ་ཚིག་དཔྱིད་ཀྱི་རྒྱལ་མོའི་རྒྱང་གླུ། ཚིགས་སུ་བཅད་པ་རྐང་པ་ལྔ་པ། དཔལ་གྱི་བསམ་ཡས་མཆིམས་ཕུ་ལ་བསྟོད་པ་རྡོ་རྗེའི་གཱ་མ་ཀཿ ༈ དཔེ་ཕྲན་སྣ་ཚོགས་སྐོར་ཚོ་དྲུག་ལས། དང་པོ་ངག་འདོན་ཆོས་སྤྱོད་སྐོར་ལ་ལྡེབ། ༡༣ གཉིས་པ་སྒྲུབ་ཐབས་སྣ་ཚོགས་སྐོར་ལ་སྒྱུ་འཕྲུལ་ཞི་ཁྲོ། འདུས་མདོའི་ལྷན་ཐབས། རྒྱུན་ཁྱེར། ཚེ་དཔག་མེད་སྐུ་གསུམ་འདུས་པ། ཡང་ཏི་ནག་པོའི་ཕྲིན་ལས། ཇོ་ལུགས་སྒྲོལ་དཀར། འཇམ་དཀར། ལོཀྟྲི། རྟ་མགྲིན་གསང་སྒྲུབ། སྨན་བླའི་སྒོམ་བཟླས། བྲམ་ཟེ་ཕུར་བུའི་ལུགས་ཀྱི་དབྱངས་ཅན། གསུམ་པ་ཕྲིན་ལས་སྣ་ཚོགས་སྐོར་ལ་གསུང་རྟེན་རབ་གནས། གྲོལ་ཏིག་དབང་ཆོག །དམ་གྲིབ་ཉེས་སེལ་ཁྲུས། འདུས་མདོའི་དབང་གི་བསྙེན་ཐོ། བཀའ་བརྒྱད་གཏོར་བཟློག་དྲིས་ལེན། གཤིན་རྗེ་ནག་པོ་གསུམ་བསྒྲིལ་མནན་པ། སེར་སྲུང༌། མནན་པའི་ལས་རིམ། ཕུར་པ་གནམ་ལྕགས་འཁོར་ལོའི་སྨེ་བརྩེགས་ཀྱི་བྱབ་ཁྲུས། བཞི་པ་ཊཱིཀ་གསལ་བྱེད་སྐོར། མདོ་སྔགས་སྨོན་ལམ་ཊཱི་ཀ ༈ །གཉིས་པ་སྒྲུབ་ཐབས་སྐོར་ལ། དཔལ་གསང་བའི་སྙིང་པོ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་ཞི་བའི་སྒྲུབ་ཐབས་རྣམ་གྲོལ་ཤིང་རྟ་ལ་ལྡེབ། ༢༤ དཔལ་གསང་བའི་སྙིང་པོ་སྒྱུ་འཕྲུལ་ཁྲོ་བོའི་སྒྲུབ་ཐབས་ཁྲག་འཐུང་མངོན་རྫོགས་ལ་ལྡེབ། ༢༣ ཚོགས་ཆེན་འདུས་པའི་ཆོ་གའི་ལྷན་ཐབས་བསྟན་པ་རྒྱ་མཚོའི་གྲུ་གཟིངས་ལ་ལྡེབ། ༦ འོག་མིན་ཚོགས་ཆེན་འདུས་པའི་དབང་ཆེན་བསྙེལ་ཐོ་ལ་ལྡེབ། ༢ ཚེ་དཔག་མེད་སྐུ་གསུམ་འདུས་པའི་དཀྱིལ་ཆོག་འཆི་མེད་ལྗོན་པ་ལ་ལྡེབ། ༡༨ ཡང་ཏི་ནག་པོའི་ཕྲིན་ལས་ཆོག་ཁྲིགས་བཅས་ལ་ལྡེབ། ༩ ཇོ་ལུགས་སྒྲོལ་དཀར་མཎྜལ་གཅིག་པ། འཇམ་དཔལ་དཀར་པོ་མ་ཏི་ལུགས་ཀྱི་རྒྱུན་ཁྱེར། དྲང་སྲོང་ཞི་བའི་རྒྱུན་ཁྱེར། རྟ་མགྲིན་གསང་སྒྲུབ་རྒྱུན་ཁྱེར། སྨན་བླའི་སྒོམ་བཟླས་འཚོ་བྱེད་བདེ་ལམ། བྲམ་ཟེ་ཕུར་བུའི་ལུགས་ཀྱི་དབྱངས་ཅན་མ་སྒྲུབ་ཐབས་ཀུན་མཁྱེན་ལམ་སྲོལ་ལ་ལྡེབ། ༧ ༈ གསུམ་པ་ཕྲིན་ལས་སྣ་ཚོགས་སྐོར་ལ། འཁོར་ལོ་མཚོན་པའི་གསུང་རྟེན་སྤྱི་ལ་རབ་གནས་ཕྱག་རྒྱ་བཞི་ལྡན་ལ་ལྡེབ། ༥ གྲོལ་ཐིག་ལམ་རྒྱས་པ་བདེ་གཤེགས་ཀུན་འདུས་དབང་ཆོག་མཁྱེན་བརྩེའི་དགོངས་རྒྱན་ལ་ལྡེབ། ༥༤ གྲོལ་ཐིག་དགོངས་པ་རང་གྲོལ་གྱི་ལེ་ལག་དམ་གྲིབ་ཉེས་པ་ཀུན་སེལ་གྱི་ཁྲུས་ཆོག་ལ་ལྡེབ། ༢ ཡིག་ཆ་འདིའི་སྟེང་དབང་གི་བརྒྱུད་པ་ཀུན་མཁྱེན་འཇིགས་གླིང༌། དཔལ་རི་སྤྲུལ་སྐུ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། གཏེར་ཆེན་ལས་རབ་གླིང་པ། འཇམ་དབྱངས་བླ་མ་ཆོས་ཀྱི་བློ་གྲོས་ལས་བཀའ་དྲིན་གྱི་བདུད་རྩིའི་སིམ་པའོ། །ཉང་ལུགས་བཀའ་བརྒྱད་གཏོར་བཟློག་དྲིས་ལན་གཤིན་རྗེའི་གད་རྒྱངས་ལ་ལྡེབ། ༢ གཤིན་རྗེ་ནག་པོ་སུམ་བསྒྲིལ་གྱི་མནན་པའི་ཡིག་ཆུང་གཅིག་ཤེས་ཀུན་གྲོལ་ལ་ལྡེབ། ༤ དེའི་སྒོ་ནས་སེར་སྲུང་སྤྲུལ་སྐུའི་འཁོར་ལོ། མནན་པའི་ལས་རིམ་རི་རབ་ནག་པོ། དེའི་ལིང་ཁྲུས། རྡོ་རྗེ་ཕུར་པ་དྲེགས་འདུལ་གནམ་ལྕགས་འཁོར་ལོའི་ལས་མཐའ་དམེ་བརྩེགས་ཀྱི་བྱབ་ཁྲུས་རྒྱུད་དོན་རྣམ་དག་ལ་ལྡེབ། ༨ བྱང་ཆུབ་སྤྱོད་པའི་སྨོན་ལམ་ཕན་བདེའི་ལྗོན་པའི་ཊིཀ་རྒྱལ་བའི་གཞུང་ལམ་ལ་ལྡེབ། ༢༦ ཡང་རྫོང་ཐུགས་སྒྲུབ་ཀྱི་ཧཱུྃ་བསྙེན་དམིགས་སྐོར་དཔལ་རིའི་མྱུར་ལམ་ལ་ལྡེབ། ༤ ཀུན་བཟང་སྨོན་ལམ་གྱི་འདྲེན་བྱེད་ཊིཀའི་བུར་མས་བསལ་བ་ལ་ལྡེབ། ༣ འཁོར་ལོ་འབར་བའི་དམིགས་རིམ་ཀུན་གསལ་མེ་ལོང་ལ་ལྡེབ། ༣ ༈ བཞི་པ་ལྷ་སྲུང་གསོལ་མཆོད་སྐོར་ལ། བསང་བརྔན་གྱི་ཆོ་ག་མཆོད་པའི་སྤྲིན་གྱི་ཁང་བཟང་ལ་ལྡེབ། ༡༣ དཔལ་མགོན་ཞལ་བཞི་པའི་སྐོང་བ་དམ་ཅན་བླ་ཆགས་མ་ལ་ལྡེབ། ༣ ཞིང་སྐྱོང་དུར་ཁྲོད་ལྷ་མོའི་གསོལ་མཆོད་ལ་ལྡེབ། ༤ རྡོ་རྗེ་གཡུ་སྒྲོན་མའི་གསོལ་མཆོད་སྨན་བཙུན་མགུལ་རྒྱན་ལ་ལྡེབ། ༣ དེའི་སྐོང་གསོ་ཉེར་བསྡུས་ལ་ལྡེབ། ༡ གནོད་སྦྱིན་ཙི་དམར་བའི་གསོལ་ཁ་རྒྱས་པ་མངའ་རིས་པཎ་ཆེན་རིན་པོ་ཆེའི་གཏེར་བྱོན་རྩ་བའི་དོན་རྒྱ་ཆེར་བཀྲལ་བ་དབང་དྲག་དུས་ཀྱི་ཕོ་ཉ་ལ་ལྡེབ། ༡༣ རྒྱལ་ཆེན་རྣམ་སྲས་སྐོང་གསོལ་ཉུང་བསྡུས་ལ་ལྡེབ། ༢ དམ་ཅན་རྒྱ་མཚོའི་སྐོང་བཤགས་ལ་ལྡེབ། ༡ བསྟན་སྲུང་དམ་ཅན་རྒྱ་མཚོའི་རུ་མཚོན་མངའ་གསོལ་ལ་ལྡེབ། ༡ ༈ ལྔ་པ་ཐོར་བུ་སྣ་ཚོགས་སྐོར་ལ། སྔོན་འགྲོ་དངོས་གཞིའི་ལམ་བསྡུས་ལ་ལྡེབ། ༡ ཆབ་གཏོར་གོ་དོན། སྐྱབས་སྡོམ་འབོག་ཆོག་མཐོ་རིས་འཁྲི་ཤིང་ལ་ལྡེབ། ༣ གནས་བརྟན་ཕྱག་མཆོད་ལ་ལྡེབ། ༣ སྙུང་ཆོག་མདོར་བསྡུས་ལ་ལྡེབ། ༡ རྡོར་སེམས་མངོན་དགའི་ཞིང་སྦྱོང་གཏེར་གཞུང་ལ་ལྡེབ། ༡༠ སྣང་མཐའ་སྐུ་གསུམ་བླ་མའི་རྣལ་འབྱོར། སྔ་འགྱུར་སྲོལ་འབྱེད་ཆེན་པོ་རྣམས་ཀྱི་གསོལ་འདེབས། རིག་འཛིན་འཇིགས་མེད་གླིང་པའི་འཁྲུངས་རབ་རྣམ་ཐར་མདོར་བསྡུས་ལ་ལྡེབ། ༤ ཇོ་བོ་རིན་པོ་ཆེར་གསོལ་འདེབས་སྨོན་ལམ་དང་འབྲེལ་བ་དབང་བཞི་ལེན་ཚུལ། མཛད་བཅུ་དབང་བཞི་སྦྱར་བ། རྫོགས་སྨིན་སྦྱངས་པའི་སྨོན་ལམ་གསོལ་འདེབས་འཚངས་འདོན་མ། རིག་འཛིན་འཇིགས་མེད་གླིང་པའི་འཁྲུངས་རབ་གསོལ་འདེབས། རྫོགས་ཆེན་པ་རང་བྱུང་རྡོ་རྗེའི་རྣམ་ཐར་གསོལ་འདེབས། གཅིག་ཆོད་ནོར་བུ་ལུགས་ཀྱི་གསོལ་འདེབས། རང་སེམས་བདེ་གཤེགས་སྙིང་པོ་ཡི། སོགས། རྒྱལ་བ་འོད་མཚན་སྟོང་སོགས། རང་སེམས་ཆོས་སྐུར་སོགས། རིག་འཛིན་འཇིགས་མེད་གླིང་པའི་ཞབས་བརྟན། རྩ་གསུམ་ཀུན་འདུས་སོགས། གཞོམ་བྲལ་རྡོ་རྗེའི་སོགས། རྒྱལ་བའི་བསྟན་ལ་སོགས། རྒྱལ་སྲས་ཉིན་བྱེད་འོད་ཟེར་ཞབས་བརྟན། མདོ་ཁམས་རྫོགས་ཆེན་པའི་སྐྱེ་ཕྲེང་གསོལ་འདེབས། ཇ་མཆོད་ནི། སངས་རྒྱས་མཉམ་སྦྱོར་སོགས། ༈ སྔ་འགྱུར་རྙིང་མ་ལ་རྒོལ་ངན་ལོག་རྟོགས་བཟློག་པའི་བསྟན་བཅོས་ཀུན་མཁྱེན་ངག་གི་དབང་པོས་མཛད་པ་ལ་ལྡེབ། ༤༩ ༈ ཆབ་ཤོག་གི་རིམ་པ་ཕྱོགས་གཅིག་ཏུ་བསྒྲིགས་པ་མིའམ་ཅིའི་ཟློས་གར་ལ་ནང་གསེས། ཞབས་དྲུང་ལྷ་སའི་མཆིད་ལན་ཁག་གཉིས། ལྕགས་ཟམ་སྤྲུལ་སྐུ་རིན་པོ་ཆེ། ཡང་དེ་ལ་གསུངས་པ་བློ་ལྡན་མཆོག་སྲེད་དབང་པོའི་གཏམ། རྒྱའི་ཞབས་དྲུང་ལ་ཕུལ་བའི་མཆིད་ལན། མཚོ་སྣ་དགོན་རྩེ་སྤྲུལ་སྐུའི་ཆབ་ཤོག་ལན་ཕུལ་བ། གཞུང་ས་རིན་པོ་ཆེའི་ཞབས་བརྟན་དཔེར་བརྗོད། ལྕགས་ཟམ་རིན་པོ་ཆེར་ལོ་གསུམ་གནང་རྒྱུའི་མཆིད་ཕེབས་ལན། ལྷོ་རྒྱུད་བུམ་ཐང་ཕྱོགས་ལ་གནས་སོགས། གང་དུ་མཆིད་ན་གཡེར་སྟོད་སོགས། བྱ་བྲལ་བ་སོས་དལ་སོགས། འཕྱོང་རྒྱས་རྫོང་གི་དེབ་གསར་བཟོའི་མགོ་བརྗོད། དཔེར་བརྗོད་དུ། བསྟན་འགྲོའི་རྩ་ལག་སོགས། སྤང་བ་སྟོན་པའི་ཁྱུ་མཆོག །མཁྱེན་དབང་དམ་པ་རིན་པོ་ཆེར། མཁྱེན་དཔྱོད་ཡངས་པ་སྡེ་པ་སོགས། མདོ་སྨད་བསྟན་པའི་སྲོག་ཤིང༌། དགོན་རྩེ་སྤྲུལ་པའི་སྐུར་ཕུལ་བ། ས་སྤྲེའུ་ཚེ་ཆོག་དང་འབྲེལ་པའི་སོགས། ལྷོ་བྲག་གསུང་སྤྲུལ་གྱི་མཆིད་ལན། ལྷ་འདྲེའི་ཆབ་ཤོག །རིག་བྱེད་འཛིན་པ་ལ་སྤྲིངས་བ། སྲིད་སྐྱོང་རྟག་ཚག་རིན་པོ་ཆེར། རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེར། རྡོ་རྗེ་བྲག་ལྷ་ལུང་ཐུགས་སྲས་སྤྲུལ་སྐུ། མངའ་རིས་སྤྲུལ་སྐུའི་ཆབ་ཤོག་ལན། བཀའ་བློན་ལྷ་ལྡིངས་པར། གསུང་སྤྲུལ་རིན་པོ་ཆེ་སོགས་ལ་ལྡེབ། ༡༩ ༈ སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེ་དང་མདོ་སྒྱུ་སེམས་གསུམ་གྱིས་མཚོན་པའི་བཀའ་མའི་སྒྲུབ་ཕྲིན། མཛོད་བདུན། སྙིང་ཐིག་ཡ་བཞི། གཏེར་ཁ་གོང་འོག་གཙོར་གྱུར་པའི་ཐོབ་ཡིག་ཉི་ཟླའི་རྣ་ཆ་ལ་ལྡེབ། ༡༣ ༈ ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པའི་བཀའ་འབུམ་ཡོངས་རྫོགས་ཀྱི་དཀར་ཆག་ལ་ལྡེབ ༡༣ ཆ༽ པ་ལ། ཕུར་པ་རྒྱུད་ལུགས་ཀྱི་ཆོས་ཀྱི་མཚན་བྱང་ལ། ༢ ཀ༽ པ་ལ་ཆོས་འབྱུང་ངོ་མཚར་སྣང་བྱེད། ༦ ཁ༽ པ་ལ་ལས་སྟོད་ལས་བྱང་ཆུབ་བསྒྲུབ་པའི་སྤྱི་ཆིངས་དྲྭ་བ་སྡོམ་པ། ༥ ག༽ པ་ལ་དབང་ཆོག་དངོས་གྲུབ་རྒྱ་མཚོ། ༧༢ ང༽ པ་ལ་བདག་འཇུག་བྱིན་རླབས་རོལ་མཚོ། ༡༢ ཅ༽ པ་ལ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཤིང་རྟ ༢། ཆ༽ པ་ལ་བཀའ་མའི་ཡན་ལག་བརྒྱད་འགྲེལ་རྒྱུད་དོན་གསལ་བ། ༤ ཇ༽ པ་ལ་སྒྲུབ་ཐབས་རྡོ་རྗེ་ཁྲོས་པའི་བཅུད་དུམ་དཔག་བསམ་ལྗོན་པ། ༤༡ ཉ༽ པ་ལ་བདུད་རྩི་གསང་ནན་གྱི་འགྲེལ་བ། ༣ ཏ༽ པ་ལ་བསྙེན་པའི་ལས་བྱང་བཀོལ་བའི་དུམ་བུ། ༢༢ ཐ༽ པ་ལ་ཛཔ་བསྐུལ། ༣ ད༽ པ་ལ་ཉུལ་ལེ་བསྐྲད་པའི་ཕོ་ཉའི་དགོས་བསྐུལ། ༤ ན༽ པ་ལ་མངོན་རྟོགས་བསྡུས་པ་རྡོ་རྗེ་བཀོད་པའི་རྒྱན། ༡༠ པ༽ པ་ལ་བསྐྱེད་རིམ་གྱི་དོགས་སེལ་དཀའ་གནད་མདུད་འགྲོལ། ༤ ཕ༽ པ་ལ་བསྙེན་སྒྲུབ་ཐམས་ཅད་ཀྱི་མཛོད་ཁང་རིག་འཛིན་གཞུང་ལམ། ༡༩ བ༽ པ་ལ་ཚེ་སྒྲུབ་ཉི་ཟླའི་ཟ་མ་ཏོག ༦། མ༽ པ་ལ་སྤྲོས་མེད་རྒྱུན་གྱི་རྣལ་འབྱོར། ༢ ཙ༽ པ་ལ་བྱུག་བདུག་བྲབ་གསུམ་གྱི་སྒྲུབ་ཚུལ། ༦ ཚ༽ པ་ལ་སྨད་ལས་སྤུ་གྲི་རླུང་འཁོར་ཞེས་བྱ་བ་ངན་སྔགས་ཉེ་བར་བསྙེན་པ་མན་ངག་ལྟར་བཀྲ་བ་ཆིག་བརྒྱུད་ས། ༣༤ ཛ༽ པ་ལ་ཕུར་སྲུང་ལྕམ་དྲལ་གྱི་གནད་ཡིག་དམ་ཅན་བླ་ཆགས། ༡༠ ཝ༽ པ་ལ་དམ་ཅན་ཉེ་བར་བསྙེན་པའི་ཕྲིན་ལས་སྨད་ལས་སྲོག་ཤིང༌། ༨ ཞ༽ པ་ལ་དེའི་ལེ་ལག་ལྷ་དབྱེའི་བསྐུལ། ༡༤ ཟ༽ པ་ལ་སྨད་ལས་དམ་ཅན་ཉེ་བར་བསྙེན་པའི་མན་ངག་མ་མོ་མཁའ་འགྲོའི་ཞལ་ལུང་ཞེས་བྱ་བ་གསང་བའི་རྒྱ་ཅན། ༦ འ༽ པ་ལ་དམ་ཅན་ལྕམ་དྲལ་གྱི་མཆོད་བསྐུལ། ༣ ཡ༽ པ་ལ་ཞི་བའི་སྦྱིན་སྲེག་བདུད་རྩིའི་ཐིགས་པ། ༧ ར༽ པ་ལ་དྲག་པོའི་སྦྱིན་སྲེག་རྟ་གདོང་རྔམས་ཞུགས། ༡༤ ལ༽ པ་ལ་ཟོར་ལས་གནམ་ལྕགས་འབར་བ། ༤༧ ཤ༽ པ་ལ་སྲི་གནོན་རྒྱ་གྲམ་ནག་པོ། ༦ ས༽ པ་ལ་ཕན་གནོད་ལས་ཚོགས་རྡོ་རྗེ་ཕ་ལམ་བཅས་བཞུགས། ༥ ༈ ཇ༽ ཉ༽ པ་ལ། དགོངས་གཏེར་ཀློང་ཆེན་སྙིང་ཐིག་གི་ཆོས་སྐོར་པོད་གཉིས་དང༌། ཏ༽ པ་ལ། ཡུལ་ལྷོ་བརྒྱུད་དུ་བྱུང་བའི་རྫོགས་ཆེན་པ་རང་བྱུང་རྡོ་རྗེའི་མཁྱེན་བརྩེའི་འོད་ཟེར་གྱི་རྣམ་ཐར་པ་ལེགས་བྱས་ཡོངས་འདུའི་སྙེ་མ། སྒྲུབ་པ་ནན་ཏན་དང་འབྲེལ་བའི་སྐབས་གཉིས་པ། བྱ་བ་ལས་ཀྱི་འཁོར་ལོ་དང་འབྲེལ་བའི་སྐབས་གསུམ་པ་འཕྲོས་དབོན་པོ་འོད་ཟེར་ཕྲིན་ལས་ནས་མཛད་པ། དོན་གྱི་རྣམ་ཐར་དོ་ཧའི་རྒྱན་ཅེས་མདོར་ན་བཀའ་འབུམ་སྤར་འཁོད་ཡོངས་རྫོགས་ཀུན་མཁྱེན་བླ་མ་རིག་འཛིན་འཇིགས་མེད་གླིང་པ་པདྨ་དབང་ཆེན་ཡེ་ཤེས་རོལ་པའི་རྡོ་རྗེ། རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར། འཇིགས་མེད་ཆོས་གྲགས། རྒྱལ་སྲས་གཞན་ཕན་མཐའ་ཡས། མཁན་ཆེན་པདྨ་དམ་ཆོས་འོད་ཟེར་རམ་པདྨ་བཛྲ། ཀུན་མཁྱེན་མཆོག་གི་སྤྲུལ་པའི་སྐུ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། མཁས་གྲུབ་ཀྱི་དབང་ཕྱུག་རྒྱལ་ཚབ་རིན་པོ་ཆེ་འགྱུར་མེད་པདྨ་རྣམ་རྒྱལ། འཇམ་མགོན་མཆོག་སྤྲུལ་རིན་པོ་ཆེ་པདྨ་དྲི་མེད་བློ་གྲོས། མཁན་ཆེན་བློ་གྲོས་རབ་གསལ། མཁན་པོ་བསྟན་འཛིན་ཆོས་འཕེལ་ལས་བཀའ་དྲིན་དུ་ཐོབ་པའོ། །ཤིན་ཏུ་ཞི་བའི་ནགས་ཀྱི་སྨན་ལྗོངས་སུ། །ནང་གི་ཡེ་ཤེས་གཟིགས་པའི་ཏིང་འཛིན་གྱིས། །ཆོས་རབ་རྣམ་འབྱེད་གཟུངས་དང་སྤོབས་པའི་སྒོའི། །ངོ་མཚར་གསང་མཛོད་ཅི་དགར་དགྱེས་འདི་རྨད། །ཚེ་རབས་ཀུན་ཏུ་བློ་གྲོས་འཇུག་པའི་སྒོ། །ཐོས་བསམ་སྒོམ་པས་སྙིང་པོ་བླང་བ་ཡིས། །ཚེ་འདིའི་འདུན་མ་ཅི་དགའ་བོར་ནུས་པས། །བསྟན་པའི་སྙིང་པོ་བཤད་སྒྲུབ་འཛིན་གྱུར་ཅིག། །། ༈ ཀུན་མཁྱེན་འཇིགས་མེད་གླིང་པའི་དགོངས་གཏེར་རྩ་པོད་ཨ་འཛོམ་འབྲུག་སྒར་གྱི་སྤར་མ་ལྟར་དང༌། ཁ་སྐོང་བཅས་པའི་ཐོབ་ཡིག་རིན་ཆེན་ཤེལ་གྱི་མེ་ལོང་བཞུགས། ཨོཾ་སྭ་སྟི། ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེ་ཆོས་ཚན་འདིའི་འགྲིགས་རིམ་སྡེ་དགེ་དགོན་ཆེན་སྤར་ལྟར་ཡིན་པ་ཀུན་མཁྱེན་འཇིགས་གླིང་ཞལ་བཞུགས་དུས་སྤར་འཁོད་ཡིན་པས་ལེགས་ཆེ་སྙམ་དཔེ་བཤུས་བྱས་པའོ། །སྔ་འགྱུར་དབང་ཆུ་བཞི་ལྡན་གྱི་རྒྱུད་སྡེ་རྒྱ་མཚོའི་མན་ངག་གཅིག་ཏུ་དྲིལ་པའི་བཀའ་གཏེར་ཟུང་འཇུག་གི་གདམས་པ། ཟབ་ཆོས་ཁྱད་འཕགས་འཇིག་རྟེན་ན་འབྱུང་བར་དཀའ་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའི་ཆོས་ཀྱི་རྣམ་གྲངས་དང་སྐུ་གསུམ་མཚོན་བྱེད་པུསྟི་ཀ་གསུམ་གྱི་དང་པོ། ཨོཾ་ཅན་གྱི་ཚན་ལ། ཀ༽ པ། ཌཱཀྐིའི་གསང་གཏམ་ཆེན་མོ། ༧ ཁ༽ པ། གསང་བ་ཉམས་སྣང་གི་རྟོགས་བརྗོད་ཆུ་ཟླའི་གར་མཁན། ༢༦ ག༽ པ། གནད་བྲང་ཐུགས་ཀྱི་སྒྲོམ་བུ། ༥ ང༽ པ། རིག་འཛིན་རྩ་རྒྱུད་ཐོད་པའི་དུམ་བུ། ༤ ཅ༽ པ། རྩ་དབང་རྒྱལ་ཐབས་སྤྱི་བླུགས། ༣ ཆ༽ པ། དབང་གི་སྤྱི་དོན་སྙིང་པོ། ༡༩ ཇ༽ པ། ཕྱི་སྒྲུབ་བླ་མའི་རྣལ་འབྱོར། ༥ ཉ༽ པ། བླ་མ་མཆོད་ཆོག་དངོས་གྲུབ་རྒྱ་མཚོ། ༣༥ ཏ༽ པ། དཔལ་རིའི་སྨོན་ལམ། ༤ ཐ༽ པ། བརྒྱུད་འདེབས། ༢ ད༽ པ། ནང་སྒྲུབ་རིག་འཛིན་འདུས་པ། ༩ ན༽ པ། གབ་བྱང་གནད་ཀྱི་མིག་ཚག ༣ པ༽ པ། བསྙེན་ཡིག ༦ ཕ༽ པ། ཚེ་སྒྲུབ་བདུད་རྩིའི་བུམ་བཅུད། ༥ བ༽ པ། དེའི་དམིགས་གནད་གལ་མདོ། ༢ མ༽ པ། ཚེ་སྒྲུབ་དབང་བཤད་ལྷན་ཐབས། ༦ ཙ༽ པ། ཡུམ་ཀའི་ལོ་རྒྱུས། ༡ ཚ༽ པ། ཡུམ་ཀའི་དབང་ཆོག ༢ ཛ༽ པ། རྩ་སྒྲུབ་བདེ་ཆེན་དཔལ་ཕྲེང༌། ༡༠ ཝ༽ པ། དེའི་རྩ་བའི་བསྙེན་ཡིག ༤ ཞ༽ པ། དེའི་དོགས་སེལ་ལུས་དཀྱིལ། ༦ ཟ༽ པ། ཡུམ་ཀའི་བདག་འཇུག་དབང་དོན་རབ་གསལ། ༤ འ༽ པ། མེ་མཆོད་ལས་བཞིའི་བང་མཛོད། ༥ ཡ༽ པ། སྐུ་གསུམ་བདུད་རྩིའི་བཅུད་ལེན། ༢ ར༽ པ། ནང་སྒྲུབ་བདེ་ཆེན་གཏེར་བུམ། ༡༣ ལ༽ པ། སྒྲོལ་མ་མཎྜལ་བཞི་ཆོག་ཀླུ་དབང་དགོངས་རྒྱན། ༡༧ ཤ༽ པ། མཁའ་འགྲོའི་བསུན་བཟློག་ངོ་མཚར་སྣང་བ། ༡༠ ས༽ པ། དེའི་གྲངས་གསོག་ཉེར་བསྡུ་དང༌། ༡ སྐོང་བཤགས་ཀྱི་འཛུད། ༡ ཧ༽ པ། དཔའ་བོ་དཔའ་མོའི་བསུན་བཟློག ༢ ཨ༽ པ། ཚེ་དབང་གི་མཚམས་སྦྱོར། ༨ ཀི༽ པ། གཡང་ཆོག་གཏེར་བུམ་སྒྲུབ་པའི་ལྷན་ཐབས་དང༌། བསེ་རགས་རྫོང་ཐབས། ༨ ཀུ༽ པ། རིགས་བདག་གི་སྒྲུབ་ཐབས་བདེ་བ་ཅན་གྱི་ཆོ་ག་གཞན་ཕན་གྱི་ཕྲིན་ལས་དང་བཅས་པ། ༡༧ ཀེ༽ པ། བདེ་བ་ཅན་གྱི་བཀོད་སྨོན། ༣ ཀོ༽ པ། སྒྲིབ་སྦྱོང་གནས་ལུང་གི་ཆོ་ག་དག་བྱེད་གཏེར་བུམ། ༧ ཁི༽ པ། དུག་དབྱུང་བྱབས་བཀྲུས་ལྷན་ཐབས། ༢ ཁུ༽ པ། བླ་བསླུ་སྲོག་འཚོའི་ལྗོན་པ། ༩ ཁེ༽ པ། སེང་གདོང་དབང་ཆོག་བྱིན་རླབས་ཆུན་པོ། ༢ ཁོ༽ པ། གསོལ་འདེབས་བྱིན་རླབས་ཆར་འབེབས། ༡ གི༽ པ། གསང་སྒྲུབ་སེང་གདོང་མའི་སྒྲུབ་ཐབས་ལས་བྱང༌། ༨ གུ༽ པ། དེའི་བསྙེན་ཡིག ༤ གེ༽ པ། སྲུང་བཟློག་བྱད་མ་སྟོབས་འཇོམས། ༢ གོ༽ པ། བྱད་འགྲོལ་གནམ་ལྕགས་འཁོར་ལོ། ༦ ངི༽ པ། གཏོར་བཟློག་བྱད་གདོན་གཡུལ་འཇོམས། ༡༢ དུ༽ པ། བཅའ་གཞི་གནད་ཀྱི་ཡིག་ཆུང༌། ༢ ངེ༽ པ། ཕྲིན་ལས་གཞན་ཕན་འཁོར་ལོ། ༡ ངོ༽ པ། སྤྱི་ཆིངས་དཔལ་ཆེན་ཞལ་ལུང༌། ༦ ཅི༽ པ། དཔལ་ཆེན་བརྒྱུད་པའི་གསོལ་འདེབས། ༡ ཅུ༽ པ། ཐུགས་སྒྲུབ་དྲག་པོ་དཔལ་ཆེན་འདུས་པ། ༡༨ ཅེ༽ པ། དེའི་བསྙེན་ཡིག ༦ ཅོ༽ པ། གཤིན་རྗེ་འཆི་བདག་ཟིལ་གནོན། ༦ ཆི༽ པ། རྟ་མགྲིན་ཁམས་གསུམ་རོལ་པ། ༤ ཆུ༽ པ། ཡང་དག་སངས་རྒྱས་མཉམ་སྦྱོར། ༥ ཆེ༽ པ། ཕུར་པ་བདུད་དཔུང་ཟིལ་གནོན། ༩ ཆོ༽ པ། དཔལ་ཆེན་ཕྱག་རྒྱ་རྒྱས་པ་ ༥ བཅས་ཆོས་སྡེ་ལྔ་བཅུ་ང་བཞི་ལ་འབོར་ལྡེབས་གྲངས་ ༣༩༡ བཅས་བཞུགས་པ་དགེ་ལེགས་འཕེལ། ༈ ཨོཾ་སྭ་སྟི། པུསྟི་གཉིས་པ། ཨཱཿཅན་གྱི་ཚན་གྲངས། ཇི་པ། ཁྲག་འཐུང་རིགས་བཞིའི་སྒོས་དབང༌། ༥ ཇུ༽ པ། སྒྲུབ་ཁོག་རིན་ཆེན་ཟ་མ་ཏོག ༡༣ ཇེ༽ པ། རིགས་བཞིའི་བསྙེན་བྱང༌། ༣ ཇོ༽ པ། བདག་འཇུག་དབང་དོན་རྒྱ་མཚོ། ༡༡ ཉི༽ པ། རོལ་པ་ཆེན་པོའི་གཏོར་བཟློག ༤༤ ཉུ༽ པ། གཟེར་ཁ་ཟབ་མོ་གུད་དུ་སྦས་པ། ༩ ཉེ༽ པ། སྲུང་བཟློག་འཁོར་ལོའི་ཞལ་ཤེས། ༤ ཉོ༽ པ། ཆེ་མཆོག་བདུད་འཁྱིལ་འདུས་འཁོར། ༡༢ ཏི༽ པ། སྨན་སྒྲུབ་ལག་ལེན་ཟིན་ཐོ། ༤ ཏུ༽ པ། བསྐྱེད་རིམ་འོག་མིན་བགྲོད་པའི་ཐེམ་སྐས། ༢༦ ཏེ༽ པ། ཞི་དྲག་སྦྱིན་སྲེག ༧ ཏོ༽ པ། ལས་བཞི་མཆོག་ལྔའི་སྦྱིན་སྲེག ༢༩ ཏམ༽ པ། སྐོང་བཤགས་རྡོ་རྗེའི་ཐོལ་གླུ། ༨ ཐི༽ པ། གསང་སྒྲུབ་སྡུག་བསྔལ་རང་གྲོལ། ༥ ཐུ༽ པ། དེའི་དཀའ་འགྲེལ་དབྱར་རྔ། ༩ ཐེ༽ པ། བདག་འཇུག་དབང་དོན་གསལ་བ། ༣ ཐོ༽ པ། པྲ་ཁྲིད་དམར་བྱང༌། ༩ དི༽ པ། གསོལ་འདེབས་ཞལ་མཐོང་མ། ༣ དུ༽ པ། དེ་ཉིད་ཁྲོ་སྒྲུབ་རྟ་མགྲིན་འདུས་པ། ༢ དེ༽ པ། ཡང་གསང་བླ་སྒྲུབ་ཐོག་མཐའ་ཆོག་བསྒྲིགས་ཅན། ༡༠ དོ༽ པ། བླ་མ་དྲག་པོ་རྟ་ཁྱུང་འབར་བ། ༣ ནི༽ པ། དེའི་དབང་དང་བསྙེན་པའི་གནད་ཡིག ༢ ནུ༽ པ། ཀླུའི་གདོན་འགྲོལ། ༨ ནེ༽ པ། གཞི་འབྲས་སྨོན་ལམ། ༢ ནོ༽ པ། སྐུ་གསུམ་ཞིང་སྦྱོང་སྨོན་ལམ། ༣ པི༽ པ། བར་དོའི་སྨོན་ལམ། ༦ པུ༽ པ། བདེན་ཚིག་གྲུབ་པའི་པྲ་ཎི་དྷ་ན། ༢ པེ༽ པ། སྲོག་འཁོར་དཔལ་གྱི་གདུ་བུ། ༦ པོ༽ པ། ཞི་ཁྲོ་ཆོག་བསྒྲིགས་ཁྲོམ་དཀྲུགས་གསལ་རྒྱན། ༣༢ ཕི༽ པ། དེའི་ཞི་དཔྱོད་ལྷན་ཐབས། ༣ ཕུ༽ པ། ཡང་ཡིག་དཀའ་གནད་རྒྱ་འགྲོལ། ༤ ཕེ༽ པ། ལྷ་དབང་གི་བཀོད་བྱང་དང༌། ཉམས་ཆགས་སྐོང་བའི་མན་ངག ༢ ཕོ༽ པ། མཆོད་ཕྲེང་དྲི་ཟའི་རྒྱུད་མང༌། ༤ བི༽ པ། ཚེ་འདས་ཕན་གདགས་ཆོ་ག་གཞན་ཕན་ཐུགས་དྲྭ། ༩ བུ༽ པ། བསྲེག་སྦྱོང་གི་སྒྲིབ་གཉིས་རྣམ་གྲོལ། ༩ བེ༽ པ། བཀའ་སྲུང་མགོན་པོ་ལྕམ་དྲལ། ༡༣ བོ༽ པ། ལྕམ་དྲལ་གསུམ་གྱི་སྲོག་གཏད། ༣ མི༽ པ། ལྕམ་དྲལ་སྒྲུབ་པའི་གནད་ཡིག ༣ མུ༽ པ། མདོས་སྐོང་སྲིད་པ་གཞིར་བཞེངས། ༢ མེ༽ པ། མཁའ་འགྲོའི་འཁྲུགས་སྐོང༌། ༤ མོ༽ པ། གཡུལ་མདོས་བདུད་དཔུང་ཟིལ་གནོན། ༢༥ ཙི༽ པ། དེའི་སོགས་ཀྱི་ཡིག་ཆུང༌། ༤ ཙུ༽ པ། གཟའ་རྒོད་སྲོག་གི་སྤུ་གྲི་དང༌། བསྐུལ་བྱང་དུག་རླངས་འཚུབ་མ༌། ༢ ཙེ༽ པ། ཚེ་རིང་མའི་སྲོག་གཏད། ༦ ཙོ༽ པ། མཆོད་ཕྲིན་དཔག་བསམ་ཡོངས་འདུ། ༤ ཚི༽ པ། གབ་ཡིག་དོན་ཡོད་ཞགས་པ། ༥ ཚུ༽ པ། དེའི་ཡང་ཡིག་ཆིག་བརྒྱུད་མ། ༡ ཚེ༽ པ། གཡང་འགུགས། ༡ ཚོ༽ པ། གཏལ་དཀར་མའི་ཕྱུགས་གཏའ། ༢ ཛི༽ པ། རྒྱུད་མགོན་ལེགས་ལྡན་ཚོགས་བདག་སྐོང་བ། ༩ ཛུ༽ པ། མགོན་པོ་ལེགས་ལྡན་གྱི་སྐོང་བ་རྒྱུན་ཁྱེར། ༢ བཅས་ཆོས་སྡེ་ལྔ་བཅུ་བཞུགས་པ་འབོར་ལྡེབ་གྲངས་ ༣༩༧ ཡོད་པ་དགེ་ལེགས་འཕེལ། ༈ ཨོཾ་སྭ་སྟི། པུསྟི་ཀ་གསུམ་པ། ཧཱུྃ་ཅན་གྱི་ཚན་གྲངས། གསང་དབང་གི་ལམ་ཁྱེར་སྐོར། ཛེ༽ པ། འཕོ་བ་མ་བསྒོམས་སངས་རྒྱས། ༢ ཛོ༽ པ། འཕོ་བའི་ངོ་སྤྲོད་ཉུང་ངུ༌། ༣ ཝི༽ པ། བདེ་སྟོང་རླུང་གི་རྫོགས་རིམ་དང༌། དེའི་ཞལ་ཤེས། ༥ ཝུ༽ པ། གཏུམ་མོའི་འབར་འཛག་ཡིག་ཆུང༌། ༢ ཝེ༽ པ། ཐབས་ལམ་མ་བསྒོམས་སངས་རྒྱས་འཁྲུལ་འཁོར། ༦ ཝོ༽ པ། འཁྲུལ་འཁོར་ལག་ཁྲིད། ༨ ཞི༽ པ། གཏུམ་མོའི་གསོལ་འདེབས་རྡོ་རྗེའི་ཚིག་རྐང༌། ༡ ཞུ༽ པ། གཅོད་ཡུལ་མཁའ་འགྲོའི་གད་རྒྱང༌། ༨ ཞེ༽ པ། དེའི་ཡིག་ཆུང་ཕྱིན་དྲུག་ལང་ཚོ། ༣ ཞོ༽ པ། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་རྒྱུད་ལེའུ་ལྔ་པ། ༡༢ ཟི༽ པ། དེའི་མན་ངག་གི་རྒྱུད་ཕྱི་མ། ༥ ཟུ༽ པ། ལུང་ཀུན་ཏུ་བཟང་པོའི་དགོངས་ཉམས། ༥ ཟེ༽ པ། མན་ངག་གི་ཡེ་ཤེས་གནད་གསུམ་ཤན་འབྱེད། ༣ ཟོ༽ པ། བློ་སྦྱོང་གི་ཁྲིད་ཡིག་ཐར་པའི་ཐེམ་སྐས། ༥༥ འི༽ པ། ཐུན་མོང་སྔོན་ཁྲིད་ལག་ལེན་འདེབས་ལུགས། ༡༧ འུ༽ པ། ཐུན་མིན་ཁྲིད་ཡིག་དྲན་པ་ཉེར་བཞག ༡༧ འེ༽ པ། ཁྱད་པར་ཁྲིད་ཡིག་ཡེ་ཤེས་བླ་མ། ༨༣ འོ༽ པ། རྒྱབ་ཆོས་སྐོར་ལ་དབང་གི་ངེས་འབྱེད་དང་རྣལ་འབྱོར་གྱི་རིམ་པ་སྟོན་པ་པདྨ་དཀར་པོ། ༢༧ ཡི༽ པ། རྩ་བ་རྡོ་རྗེའི་ཚིག་རྐང༌། ༢ ཡུ༽ པ། དེའི་དོན་འགྲེལ་ཀུན་མཁྱེན་ཞལ་ལུང༌། ༡༤ ཡེ༽ པ། གོལ་ཤོར་ཚར་གཅོད་སེང་གེའི་ང་རོ། ༡༠ ཡོ༽ པ། རྫོགས་ཆེན་གནས་ལུགས་གཅེར་མཐོང༌། ༤ རི༽ པ། རི་ཆོས་ཞལ་གདམས་ངོ་མཚར་རྒྱ་མཚོ། ༨ རུ༽ པ། གཏོར་མའི་ཟིན་བྲིས་ ༣ བཅས་རྩ་བའི་ཆོས་སྐོར་དང༌། དེའི་རྗེས་འབྲངས་ཉེར་མཁོ་ཐོར་བུའི་སྐོར་ལ། རེ༽ པ། ཐང་སྟོང་རྒྱལ་པོའི་ཞལ་གདམས་ཀོ་གྲུའི་འཇིགས་སྐྱོབ། ༣ རོ༽ པ། མདོ་སྔགས་ཟུང་འཇུག་སྤྱོད་ཡུལ་ལམ་ཁྱེར། ༨ ལི༽ པ། བདག་ཉིད་ཆེན་པོ་བཻ་རོའི་སྒྲུབ་ཐབས། ༥ རིག་འཛིན་འཇིགས་མེད་གླིང་པ་ལ་བརྟེན་པའི་བླ་མའི་རྣལ་འབྱོར། རྒྱལ་གདོན་ཞི་བའི་བསྒོམ་བཟླས། བསྙེན་གནས་ཀྱི་ཆོ་ག་བྱ་རྒྱུད་བདེ་ལམ་རྣམས་ཏེ་ལེ་ཚན་བཞི། ལུ༽ པ། ཚེས་བཅུའི་གསོལ་འདེབས། གུ་རུའི་གསོལ་འདེབས། ༤ ལེ༽ པ། ཐུན་མོང་དང་ཐུན་མིན་ངག་འདོན་སྐོར། ཀུན་མཁྱེན་ལུགས་ཀྱི་ཆུ་གཏོར་བརྒྱ་རྩའི་ལྷན་ཐབས་དང་འབྲེལ་བའི་སྤུངས་གཏོར་ཁྱེར་བདེ། དཀར་གསུར། དམར་གསུར། གསོན་གཤིན་བསྔོ་བ། དུས་མཐར་གདབ་པའི་སྨོན་ལམ་བཅས་ ༡༨ ལེ་ཚན་བརྒྱད། ལོ༽ པ། མཆོད་ཕྲེང་ཀུན་རྒྱུ་དང་ཨརྒ་སྤོ་ཆོག ༢ ཨོ༽ པ། རབ་གནས་ཀྱི་ཆོ་ག་བཀྲ་ཤིས་འདོད་འཇོ། ༢༥ བཅས་སྤྱིར་ཆོས་ཚན་བརྒྱ་དང་སོ་དྲུག་ལ་ནང་གསེས་སུ་བརྒྱ་དང་ལྔ་བཅུ་ང་བདུན་བཞུགས་ལ་པུསྟི་ཕྱི་མའི་ཆོས་སྡེའི་རྣམ་གྲངས་སོ་གཅིག་ལ་ལྡེབ་གྲངས་ ༣༦༧ ཡོད་ཅིང་སྤྱི་འབོར་ཆིག་སྟོང་གཅིག་བརྒྱ་སུམ་ཅུ་སོ་ལྔ་བཞུགས། ཀློང་ཆེན་སྙིང་ཐིག་ཁ་སྐོང་རྡོར་སེམས་མངོན་དགའི་རྩ་དབང༌། ཚེ་དབང༌། སྨན་སྒྲུབ་ཀྱི་དབང་དང༌། ལུང་ཡོངས་རྫོགས། ཇོ་ལུགས་སྒྲོལ་དཀར་གྱི་དབང་ལུང༌། གཉིས་ཀ་འཇམ་དབྱངས་མཁྱེན་བརྩེའི་མདུན་ནས་ཨ་འཛོམ་འབྲུག་པ་དང༌། ཉག་བླ་ཨ་སྟོབས་ཐུབ་བསྟན་རྒྱལ་མཚན་འོད་ཟེར་གཉིས་ཀྱིས་གསན། དེ་གཉིས་ཀ་ལས་འཇམ་དབྱངས་བླ་མ་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་གསན་ཏེ་བདག་ལ་བཀའ་དྲིན་ཐོབ་པའོ། ༈ རྩ་པོད་ཡོངས་རྫོགས་ཀྱི་དབང་ཁྲིད་ལུང་བཅས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ཨ་འཛོམ་འབྲུག་པ་འོད་གསལ་སྣ་ཚོགས་རང་གྲོལ། ཀུན་གཟིགས་འཇམ་དབྱངས་བླ་མ་ཆོས་ཀྱི་བློ་གྲོས་མཆོག་གིས་དགྱེས་བཞིན་བསྩལ་བའོ། །ཡང་ན་རྫོགས་ཆེན་མཁན་རིན་པོ་ཆེ་པདྨ་དམ་ཆོས་འོད་ཟེར་རམ་པདྨ་རྡོ་རྗེ། མཁན་ཆེན་དཀོན་མཆོག་གྲགས་པའམ་འཇིགས་མེད་པདྨ་བློ་གསལ་ལས་བཀའ་དྲིན་ཐོབ་པའོ། །མཁན་ཆེན་པདྨ་བློ་གསལ་གྱིས་མཁྱེན་བརྩེའི་དབང་པོ་ལས་ཀྱང་གསན་སྙམ་ཡོད། ཡང་རིག་འཛིན་འདུས་པ། ཕུར་པ་བདུད་དཔུང་ཟིལ་གནོན་ཡུམ་ཀ་བཅས་རྩ་བ་གསུམ་གྱི་དབང༌། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། འཇམ་མགོན་བློ་གྲོས་མཐའ་ཡས། གཉིས་ཀ་ལས་ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ་འགྱུར་མེད་པདྨ་རྣམ་རྒྱལ་ལས་བཀའ་དྲིན་དུ་ཐོབ་པའོ།། །། ༈ ན་མོ་གུ་རུ་ཨ་བྷཱ་ཡ་དྭཱི་པ་ཡེ། ཀུན་མཁྱེན་གྲུབ་པའི་དབང་ཕྱུག་རང་བྱུང་རྡོ་རྗེ་འཇིགས་མེད་གླིང་པའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ཆེན་པོའི་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་རྩ་བ་རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་མངོན་དགའི་ཞིང་སྦྱོང་ཀུན་མཁྱེན་འཇིགས་མེད་གླིང་པའི་དགོངས་གཏེར་ལ་དབང་དང་སྒྲུབ་ཐབས་ལས་ཚོགས་བཅས་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་པོ་ལ་སླར་ཡང་དག་སྣང་ཉེ་བརྒྱུད་དུ་བཀའ་བབ་བརྙེས་པའི་རྩ་བའི་སྨིན་བྱེད་རིགས་ཀུན་གྱི་ཁྱབ་བདག་ཚུལ་དུ་དབང་གི་སྒོ་ཕྱེས་ནས། ཡན་ལག་རིལ་བུའི་དབང༌། བདུད་རྩི་སྨན་དབང༌། ཚེ་ཡི་དབང་བཅས་རྒྱས་པར་དང་ལུང་བཅས་ཐོབ་པ་དེའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རིགས་ལྔ། རྡོར་སེམས། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སེང་ཧ། ཛྙཱ་ན་སཱུ་ཏྲ། བི་མ་མི་ཏྲ། ཨོ་རྒྱན་ཐོད་ཕྲེང༌། མངའ་བདག་ཁྲི་སྲོང༌། བཻ་རོ་ཙ་ན། ཡེ་ཤེས་མཚོ་རྒྱལ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས། རིག་འཛིན་འཇིགས་མེད་གླིང་པའི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་སྟེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་དག་སྣང་གི་ཆོས་སྡེ། ཨ་འཛོམ་འབྲུག་པ་སྣ་ཚོགས་རང་གྲོལ། དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་ལས་བཀའ་དྲིན་དུ་ཐོབ་པའོ། །ཡང་ན་ཀུན་གཟིགས་མཁྱེན་བརྩེའི་དབང་པོ། ཉག་བླ་ཨ་སྟོབས་སམ་མཁན་ཆེན་ཐུབ་བསྟན་རྒྱལ་མཚན་འོད་ཟེར་ལས་འཇམ་མགོན་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་གསན་གསུངས། ཡང་ན་རྗེ་མཁྱེན་བརྩེའི་དབང་པོ། དགེ་མང་དབོན་པོ་ཨོ་རྒྱན་བསྟན་འཛིན་ནོར་བུ། མཁན་པོ་ཐེག་མཆོག་གམ་འཇམ་དབྱངས་བསྟན་འཛིན་ལས་དབང་ཐམས་ཅད་དང་ལུང་བཅས་བཀའ་དྲིན་དུ་ཐོབ་པའོ། ༈ །རྒྱུད་སྡེ་ན་རཀ་དོང་སྤྲུགས་ཀྱི་དགོངས་པ་དང་འབྲེལ་ཆེ་བས་བཀའ་གཏེར་ཟུང་འཇུག་ཞི་ཁྲོ་ཁྲོམ་དཀྲུགས་ངན་སོང་སྦྱོང་བ་དབང་གི་སྤྱི་དོན་སྙིང་པོ་དོན་གསལ་ལྟར་སྟ་གོན་སྔོན་དུ་འགྲོ་བས། དངོས་གཞི་ཕྱི་ཕན་པ་ཐུན་མོང་རིག་པའི་དབང་ལྔ། དམ་ཚིག་གསུམ་སྦྱིན་པ་དང༌། ནང་སྐུ་གསུང་ཐུགས་ནུས་པ་འཇུག་པའི་བྱིན་རླབས། གསང་བ་ཟབ་མོའི་དབང་གསུམ། མཐའ་རྟེན་གཏད་རྒྱ་དང་བཅས་པ་ནི་ཀུན་མཁྱེན་འཇིགས་གླིང༌། འཇིགས་མེད་རྒྱལ་བའི་མྱུ་གུ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཞེས་འདྲེན་ཀྱང་རུང་བ་དང༌། ནང་སྒྲུབ་བླ་མ་རིག་འཛིན་འདུས་པའི་རྩ་དབང་རྒྱལ་ཐབས་སྤྱི་བླུགས་ལ། ཕྱི་ནང་གི་འཇུག་པ། སྡོམ་བཟུང་གཉིས། རྡོ་རྗེ་སློབ་མའི་དབང་ལྔ་སོགས་མན་ངག་གིས་ཁ་སྐོང་ནི། ནང་ནུས་པ་འཇུག་པ་ལ་ལྷ་དབང་པདྨ་རཱ་གའི་ཕྲེང་བ་དང༌། མཐའ་རྟེན་གཏོར་དབང་བཅས་རྩ་བའི་ཆོས་བདག་རྡོ་གྲུབ་རིན་པོ་ཆེ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱི་གསུང་ལྟར་དང༌། རྫོགས་ཆེན་མཁན་རིན་པོ་པདྨ་བློ་གསལ་དང༌། ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེ་པདྨ་ཡེ་ཤེས་རྡོ་རྗེ་བཅས་ལས་བཀའ་དྲིན་དུ་ཐོབ་པའོ། །རྩ་དབང་རྒྱལ་ཐབས་སྤྱི་བླུགས་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་མཚམས་སྦྱོར་ལྟར་ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ་དང༌། འཇམ་མགོན་བླ་མ་པདྨ་ཡེ་ཤེས་རྡོ་རྗེའམ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་ལས་ལན་གཉིས་བཀའ་དྲིན་དུ་ཐོབ་པ་དང༌། ཡང་ན་མཁན་པདྨ་རྡོ་རྗེ། རྫོགས་ཆེན་མཁན་རིན་པོ་ཆེ་བསོད་ནམས་ཆོས་འཕེལ་ལས་བཀའ་དྲིན་ཐོབ་པའོ། །སྤྱིར་ཀུན་མཁྱེན་འཇིགས་མེད་གླིང་པས་རྒྱུད་དོན་གཟིགས་པའི་ཕྱག་བཞེས་ལྟར་ཐོག་མའི་ཆོས་ཀྱི་སྒོ་འབྱེད་ལ་ཞི་ཁྲོ་དང་དཔལ་ཆེན་གང་རུང་གི་དབང་ཆེན་གྱིས་ཆོས་ཀྱི་སྒོ་འབྱེད་ནས། རིག་འདུས་སོགས་ནུས་དབང་གཙོ་བོར་བཏོན་པ་རིམ་གྱིས་བསྒྱུར་དགོས་པ་དབང་གི་སྤྱི་དོན་སྙིང་པོ་དོན་གསལ་དུ་གསུངས་པ་བཞིན་ཆོས་འདིའི་རྩ་བ་བླ་མའི་ཐུགས་སྒྲུབ་ཡིན་པས། རིག་འདུས་ལས་ནང་དབང་སོགས་མན་ངག་གིས་ཁ་བསྐང་བ་གྲུབ་ཆེན་རིན་པོ་ཆེའི་ཡིག་ཆའི་ལུགས་ལྟར་སྦྱར་ན་ཐོག་མའི་སྨིན་བྱེད་ཀྱི་སྒོ་འབྱེད་རུང་བའི་གནད་ཀྱང་གཅིག་པར་དགོངས་ནས་ཕྱིས་ཀྱི་བརྒྱུད་པ་ཕལ་མོ་ཆེའི་རིག་འཛིན་འདུས་པའི་དབང་རྒྱས་པས་ཆོས་སྒོ་ཕྱེ་མཛད་པའང་ཞར་ལ་འཕྲོས་པའོ། །རིག་འཛིན་འདུས་པའི་ཚེ་སྒྲུབ་བདུད་རྩིའི*བུམ་བཅུད་ལ་གྲུབ་ཆེན་རིན་པོ་ཆེའི་མཚམས་སྦྱོར་དོན་གཉིས་ལྷུན་གྲུབ་ཡིད་བཞིན་དབང་གི་རྒྱལ་པོ་དང༌། ཀུན་མཁྱེན་འཇིགས་གླིང་གི་གསུང་གཉིས་ཀའི་སྟེང་ནས་མཁྱེན་བརྩེ་རིན་པོ་ཆེ་དྷརྨ་མ་ཏི་དང༌། མཁན་ཆེན་འཇིགས་མེད་པདྨ་བློ་གསལ་ལས་བཀའ་དྲིན་དུ་ཐོབ། བླ་མ་དྲག་པོ་རྟ་ཁྱུང་འབར་བའི་དབང་རྡོ་གྲུབ་རིན་པོ་ཆེ་འཇིགས་མེད་ཕྲིན་ལས་འོད་ཟེར་གསུང་ལྟར་མཁན་རིན་པོ་ཆེ་འཇིགས་མེད་པདྨ་བློ་གསལ་དང༌། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་གསུང་རྡོ་རྗེའི་དོ་ཤལ་དང༌། མཁྱེན་བརྩེ་རིན་པོ་ཆེའི་གསུང་གཏོར་དབང་བཅས་འཇམ་དབྱངས་བླ་མ་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་ལས་ཐོབ། ཡི་དམ་བླ་མ་དྲག་མཐིང་བཀའ་བརྒྱད་དབྱེར་མེད་ཆིག་སྒྲུབ་དཔལ་ཆེན་འདུས་པའི་བདག་འཇུག་དབང་དོན་རྒྱ་མཚོ་དང་དབང་གི་སྤྱི་དོན་སྙིང་པོ་དོན་གསལ་དགོངས་པ་གུང་བསྡེབས་ཀྱི་སྟ་གོན་སྔོན་འགྲོ་དང་དབང་དངོས་སྔོན་འགྲོ་ཕྱི་ནང་གི་འཇུག་པ། ཐུན་མོང་རིགས་པའི་དབང་ལྔ། ནུས་འཇུག །ཟབ་དབང་གསུམ་བཅས་དབང་བཞི་ཡོངས་རྫོགས་ཞིབ་རྒྱས་དང༌། སྒོས་བཀའ་གཤིན་རྗེ་འཆི་བདག་ཟིལ་གནོན། རྟ་མགྲིན་ཁམས་གསུམ་རོལ་པ། ཡང་དག་སངས་རྒྱས་མཉམ་སྦྱོར། ཕུར་པ་བདུད་དཔུང་ཟིལ་གནོན། ཕུར་པ་བདུད་དཔུང་ཟིལ་གནོན་འདི་ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེ་ཆོས་ཀྱི་བློ་གྲོས་ལས་དབང་གི་ཐོག་མ་ཞེ་ཆེན་རི་ཁྲོད་ནས་ལན་གཅིག་ཐོབ་པའོ། །རྣམས་རང་རང་གི་སྒོས་དབང་ཀྱི་ཁྱད་ཆོས་དམིགས་གསལ་སྦྱར་ཞིང་དཔལ་ཆེན་འདུས་པའི་བདག་འཇུག་དབང་དོན་རྒྱ་མཚོའི་གཞུང་བསྲང་གིས་རྒྱས་པ་སོ་སོར་ཐོབ། གསང་སྒྲུབ་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་དབང་ཆེན་རྡོ་གྲུབ་རིན་པོ་ཆེའི་གསུང་འོད་དཀར་མཐའ་ཡས་ལ། བསྐལ་བཟང་སངས་རྒྱས་སྟོང་དབང་ཉི་གྲགས་ཐུགས་རྗེ་ཆེན་པོ་སངས་རྒྱས་སྟོང་དབང་དུ་སྦྱར་བ་རྫོགས་ཆེན་མཁན་རིན་པོ་ཆེ་འཇིགས་མེད་པདྨ་བློ་གསལ་ལས་ནོས། རཏ་གླིང་ཐུགས་རྗེ་གསང་འདུས་ལྟར་སྦྱར་བ་ཀུན་མཁྱེན་བླ་མ་དྷརྨ་མ་ཏི་ལས་བཀའ་དྲིན་ཐོབ་པ་ནི་འཕགས་མཆོག་སེམས་ཉིད་ངལ་གསོ་དངོས་བྱོན་ཀུན་མཁྱེན་འཇིགས་མེད་གླིང་པ་ལས། འབྲེལ་ཚད་དོན་ལྡན་གྱི་སེམས་དཔའ་འཇིགས་མེད་རྒྱལ་བའི་མྱུ་གུ། བྱང་ཆུབ་སེམས་ཀྱི་མངའ་བདག་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཞེས་འདྲེན་ཀྱང་རུང་གསུངས། ཡང་གསང་བླ་སྒྲུབ་ཐིག་ལེའི་རྒྱ་ཅན་གྱི་རྩ་བའི་དབང་བཞི་བཀའ་གཏད་བཅས་དང༌། མྱོང་གྲོལ་རིལ་དབང་མཁན་རིན་པོ་ཆེ་པདྨ་བློ་གསལ་ལས་ནོས། རྡོར་སེམས་མངོན་དགའི་ཞིང་སྦྱོང་ལྟར་དང༌། བཏགས་གྲོལ་རིག་འཛིན་སྲོག་འཁོར་དཔལ་གྱི་གདུ་བུའི་དབང་བཅས་ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེ་དག་སྣང་ལྟར་མཁན་ཆེན་འཇིགས་མེད་པདྨ་བློ་གསལ་ལས་བཀའ་དྲིན་ཐོབ་པ་ནི་ཀུན་མཁྱེན་འཇིགས་བྲལ་གླིང་པ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། མཁན་རིན་པོ་ཆེ་པདྨ་བློ་གསལ་ལའོ། །ཡང་ན་འཇམ་མགོན་མཁྱེན་བརྩེ་རིན་པོ་ལས། འབྲུག་པ་རིན་པོ་ཆེ་སྣ་ཚོགས་རང་གྲོལ་དང་རྡོ་གྲུབ་མཆོག་སྤྲུལ་འཇིགས་མེད་བསྟན་པའི་ཉི་མ་རྣམ་པ་གཉིས་ཀས་གསན། དེ་གཉིས་ཀ་ལས་འཇམ་པའི་རྡོ་རྗེ་ཆོས་ཀྱི་བློ་གྲོས་མཆོག་གི་གསན་པ་ལས་ལན་གཉིས་བཀའ་དྲིན་གྱི་དཔྱིད་དཔལ་དུ་སྨིན་པའོ། །ཡུམ་བཀའ་བདེ་ཆེན་རྒྱལ་མོའི་ཡེ་ཤེས་སེམས་དཔའ་རྣལ་འབྱོར་མའི་བྱིན་རླབས། ནང་སྒྲུབ་རྗེ་བཙུན་སྒྲོལ་མའི་རྗེས་གནང༌། རྡོ་རྗེ་ཕག་མོའི་དབང་བཞི་བཅས་དབང་ཆོག་གཅིག་གིས་རྫོགས་པའི་མཚམས་སྦྱོར་བདེ་ཆེན་བཅུད་འབེབས་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་གསུང་ལྟར་ཐོབ་པའང་རྗེ་མཁྱེན་བརྩེའི་དབང་པོ་ལས། འབྲུག་པ་སྣ་ཚོགས་རང་གྲོལ། འཇམ་མགོན་བླ་མ་པདྨ་ཡེ་ཤེས་རྡོ་རྗེ་ལས་ལན་གཉིས་བཀའ་དྲིན་ཐོབ། ཡང་ན་མཁྱེན་བརྩེ་རིན་པོ་ཆེ། འཇུ་དབོན་འཇིགས་མེད་རྡོ་རྗེ། ཞེ་ཆེན་རྒྱལ་ཚབ་རྡོ་རྗེ་འཆང་པདྨ་བི་ཛ་འམ་པདྨ་དགྱེས་པ་ལས་བཀའ་དྲིན་ཐོབ། ཀུན་གཟིགས་མཁྱེན་བརྩེའི་དབང་པོ་ལས་རྒྱལ་ཚབ་རིན་པོ་ཆེའི་རིག་འཛིན་འདུས་པའི་དབང་རྒྱས་པ་གསན་ནས། སྙིང་ཐིག་གི་དབང་ལུང་ཡོངས་རྫོགས་ངོས་ནས་འཇུ་དབོན་འཇིགས་མེད་རྡོ་རྗེ་ལ་བསྐུར་ཡོད་པ་དེ་ལས་ཞུས། བརྒྱུད་པ་ཁོ་བོ་ལ་བགྲང་བས་ཆོག་གསུང༌། ཡང་ན་མཁན་ཆེན་འཇིགས་མེད་པདྨ་བློ་གསལ་ལས་བཀའ་དྲིན་དུ་ཐོབ་པའོ། །ཡུམ་བཀའི་གསང་སྒྲུབ་སེང་གདོང་མའི་དབང༌། ཡུམ་བཀའི་རིགས་བདག་བདེ་ཆེན་ཞིང་སྦྱོང་ཆོ་ག་དཔག་མེད་མྱུར་ལམ་གྱི་དབང་རྡོ་གྲུབ་གསུང་དང༌། མཁྱེན་བརྩེ་རིན་པོ་ཆེའི་གསུང་ཚེ་དབང་ཁོལ་ཕྱུང་བཅས་མཁན་ཆེན་པདྨ་བློ་གསལ་ཞབས་དང༌། མཁྱེན་བརྩེ་རྡོ་རྗེ་འཆང་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་གཉིས་ཀ་ལས་བཀའ་དྲིན་ཐོབ། ཇོ་ལུགས་སྒྲོལ་དཀར་སྙིང་ཐིག་ཁ་སྐོང་དུ་གྲགས་པའི་དབང་ནི་རྗེ་བཙུན་སྒྲོལ་མས་ཀུན་མཁྱེན་ཆེན་པོ་འཇིགས་མེད་གླིང་པར་ཉེ་བརྒྱུད་དུ་བྱོན་པ་བཀའ་གཏེར་དག་སྣང་སུམ་འདྲེས་ནི། རྗེ་བཙུན་སྒྲོལ་མ་ཡིད་བཞིན་འཁོར་ལོ། ཀུན་མཁྱེན་འཇིགས་མེད་གླིང་པ། རྗེ་བཙུན་ཛྙཱ་ན་ཏཱ་ར་དཱི་པཾ་སྟེ་ཡེ་ཤེས་ཆོས་སྒྲོན། ཞབས་དྲུང་བསྟན་འཛིན་རྡོ་རྗེ། ལྕགས་ཟམ་སྤྲུལ་པའི་སྐུ་བསྟན་འཛིན་མཁྱེན་རབ་མཐུ་སྟོབས། འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོ། ཨ་འཛོམ་འབྲུག་པ་སྣ་ཚོགས་རང་གྲོལ། མཁྱེན་བརྩེའི་མངའ་བདག་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་ལས་བཀའ་དྲིན་ཐོབ། ཡང་ན་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས། དབོན་ཨོ་རྒྱན་བསྟན་འཛིན་ནོར་བུ། དགེ་མང་མཁན་རིན་པོ་ཆེ་འཇམ་དབྱངས་བསྟན་འཛིན་ལས་བཀའ་དྲིན་ཐོབ་པའོ། །རྡོ་གྲུབ་རིན་པོ་ཆེ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱི་གསུང་བྱང་ཆུབ་སེམས་སྡོམ་དང༌། ཡོན་ཏན་མཛོད་ལ་བརྟེན་པའི་སེམས་སྡོམ་བཅས་ཐོབ་པའང་ཀུན་མཁྱེན་རྒྱལ་བའི་མྱུ་གུ་མཁྱེན་བརྩེའི་ལྷ་འམ་འཇིགས་མེད་གླིང་པ། འཇིགས་མེད་ཕྲིན་ལས་འོད་ཟེར། རྒྱལ་སྲས་གཞན་ཕན་མཐའ་ཡས། མཁན་ཆེན་པདྨ་བཛྲ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ཀཿཐོག་སི་ཏུ་ཨོ་རྒྱན་ཆོས་ཀྱི་རྒྱ་མཚོ། འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་ལས་བཀའ་དྲིན་དུ་ཐོབ་པའོ། །དེ་དག་གིས་ཡུམ་བཀའི་ནང་སྒྲུབ་བདེ་ཆེན་གཏེར་བུམ་ལ་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་མཁྱེན་བརྩེ་རིན་པོ་ཆེའི་དགོངས་གཏེར་ཞིག་ཡོད་པ་དེའི་དཔེ་མ་འབྱོར་པ་ལས་གཞན་རྩ་བ་ཡན་ལག་གི་ཆོས་བཀའ་ཚང་བ་གྲུབ་པའི་བརྒྱུད་རིམ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། རིག་འཛིན་ཤྲཱི་སེང་ཧ། སློབ་དཔོན་འཇམ་དཔལ་བཤེས་གཉེན། མཁས་པ་ཛྙཱ་ན་སཱུ་ཏྲ། པཎ་ཆེན་བི་མ་མི་ཏྲ། ཨོ་རྒྱན་པདྨ་འབྱུང་གནས། རྗེ་རྒྱལ་ཁྲི་སྲོང་ལྡེའུ་བཙན། འབངས་བཻ་རོ་ཙ་ན། གྲོགས་ཡེ་ཤེས་མཚོ་རྒྱལ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས། རིག་འཛིན་འཇིགས་མེད་གླིང་པ་དང༌། ཐུགས་སྲས་རྡོ་གྲུབ་སྐུ་ཕྲེང་དང་པོ་འཇིགས་མེད་ཕྲིན་ལས་འོད་ཟེར་གཉིས་ཀ་ལས། སེམས་དཔའ་ཆེན་པོ་འཇིགས་མེད་རྒྱལ་བའི་མྱུ་གུ། དེ་ལས་རྫོགས་ཆེན་མཁན་རིན་པོ་ཆེ་པདྨ་དམ་ཆོས་འོད་ཟེར་རམ་པདྨ་ཡེ་ཤེས་རྡོ་རྗེ། ཡང་ན་རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར་ལས། རྫོགས་ཆེན་བཞི་བ་མི་འགྱུར་ནམ་མཁའི་རྡོ་རྗེ་དང༌། མདོ་མཁྱེན་བརྩེ་འཇིགས་མེད་ཡེ་ཤེས་རྡོ་རྗེ། རྒྱལ་སྲས་གཞན་ཕན་མཐའ་ཡས་གསུམ་ཀས་གསན། དེ་གསུམ་ཀ་ལས་མཁན་ཆེན་པདྨ་བཛྲས་གསན། དེ་ལས་ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་གསན་པའམ། ཡང་ན་རིགས་འདུས་དབང་རྒྱས་པ་རྡོ་གྲུབ་གསུང༌། སྡུག་བསྔལ་རང་གྲོལ་དབང་རྒྱས་པ། རིགས་བདག་འོད་དཔག་མེད་མཁའ་འགྲོ་བདེ་རྒྱལ། སྔོན་འགྲོ་དངོས་གཞིའི་ཁྲིད་ཡོངས་རྫོགས་འཇིགས་མེད་རྒྱལ་བའི་མྱུ་གུ་དངོས་ལས་ཀུན་གཟིགས་མཉྫུ་གྷོ་ཥས་དགུང་གྲངས་བཅུ་དགུར་ཕེབས་སྐབས་གསན་པ་དང༌། ཡང་ན་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ། དེའི་སྐུ་གསུང་ཐུགས་ཀྱི་སྲས་རྡོ་གྲུབ་དྲི་མེད་གྲགས་པ། ཏྲེ་ཧོར་འབའ་ཕུག་སྤྲུལ་སྐུ་ཐུབ་བསྟན་ཆོས་དཔལ་རྒྱ་མཚོའམ་བློ་གྲོས་དྲི་མེད། ཨ་འཛོམ་འབྲུག་པ་སྣ་ཚོགས་རང་གྲོལ་གྱིས་གསན། ཨ་འཛོམ་འབྲུག་པ་རིན་པོ་ཆེ་ལས་རྗེ་བླ་མ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིས་མེད་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཀློང་ཆེན་སྙིང་ཐིག་གི་དབང་ཁྲིད་ལུང་བཅས་ཡོངས་རྫོགས་གསན། ཡང་རིག་འཛིན་འདུས་པའི་རྩ་དབང་རྒྱས་པ། ཡང་གསང་བླ་སྒྲུབ་ཐིག་ལེའི་རྒྱ་ཅན་ཡེ་ཤེས་རིག་པའི་རྩལ་དབང་བཅས་སྦྱར་བ་དང༌། སྔོན་འགྲོ། དངོས་གཞི་ཡེ་ཤེས་བླ་མའི་སྨིན་ཁྲིད། ཚེ་རིང་མའི་སྲོག་གཏད་བཅས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། རྡོ་གྲུབ་ཆེན་འཇིགས་མེད་བསྟན་པའི་ཉི་མ་ལས། ཀུན་གཟིགས་འཇམ་མགོན་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་གསན་པའོ། །ཡང་རྩ་གསུམ་ཡོངས་རྫོགས་ཀྱི་དབང་ཀུན་གཟིགས་མཁྱེན་བརྩེའི་དབང་པོ་ལས། མཁན་ཆེན་ཐུབ་བསྟན་རྒྱལ་མཚན་འོད་ཟེར་དེ་ལས། རྗེ་བླ་མ་རིན་པོ་ཆེ་ཆོས་ཀྱི་བློ་གྲོས་ཀྱིས་གསན་གསུངས། རིག་འཛིན་འདུས་པ་ཡབ་བཀའ་དང༌། ཡུམ་བཀའ་གཉིས་མཁྱེན་ཀོང་གཉིས་ཀ་ལས་མཁན་ཆེན་ཐུབ་བསྟན་རྒྱལ་མཚན་གྱིས་གསན། ཡང་ན་རིག་འཛིན་འདུས་པའི་དབང་ཆེན་རྡོ་གྲུབ་རིན་པོ་ཆེ་ཕྲིན་ལས་འོད་ཟེར་གྱི་གསུང་བཞིན་ཀུན་གཟིགས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་ཐུན་མོང་མ་ཡིན་པའི་དགོངས་གཏད་དང་བཅས་སྟེ་ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོས་གསན། དེ་ལས་རྗེ་བླ་མ་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་གསན་པར་གསུངས་སོ།། །།}} | ཨོཾ་སྭ་སྟི། མདོ་སྔགས་ཆོས་ཚུལ་མཐའ་ཀླས་རྒྱ་མཚོའི་དབུས། །མཁྱེན་བརྩེ་ནུས་པའི་རི་དབང་ལྷུན་ཆགས་བཞིན། །འོད་གསལ་ཐེག་མཆོག་ཉི་ཟླའི་རྣ་ཆ་ཅན། །ཀུན་མཁྱེན་ཀློང་ཆེན་རབ་འབྱམས་སྤྱི་བོར་མཆོད། །མཆོག་གི་ཡེ་ཤེས་ནམ་མཁའི་ནོར་བུ་ཆེ། །སྙིགས་དུས་མུན་སེལ་ཐེག་མཆོག་པདྨའི་ཚལ། འབྱེད་ལ་ཟླ་བྲལ་མཁས་གྲུབ་རྒྱ་མཚོའི་མགོན། །རིག་འཛིན་འཇིགས་མེད་གླིང་ཞེས་གྲགས་ལ་འདུད། །མཆོག་གི་རྟོགས་པ་ཆོས་སྐུའི་མཆོད་སྡོང་ཆེ། །སྐལ་བཟང་བཙས་སུ་བཞག་པའི་ལེགས་བཤད་ཚོགས། །ཐེག་མཆོག་བསྟན་པ་མཛེས་པའི་ནོར་བུའི་རྒྱན། །ཐོས་པས་དགའ་བསྐྱེད་མཆིད་འདི་གླིང་བུ་སྒྲོགས། །ཞེས་པའང་གངས་ཅན་མཁས་གྲུབ་རྒྱུ་སྐར་གྱི་ཕྲེང་བའི་དབུས་ན་མཚུངས་ཟླ་མེད་པའི་རྣམ་ཐར་ཆུ་ཤེལ་གྱི་དཀྱིལ་འཁོར་ཆེས་ཆེར་གསལ་བ་ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པའི་གསུང་རབ་བདུད་རྩིའི་སྣང་བ་དག་དད་བརྒྱའི་ཀུ་མུད་ཀྱི་གཉེན་དུ་ཇི་ལྟར་ཐོབ་པའི་བསྙེལ་གསོས་སུ་བསྟར་བ་ལ། ཆོས་རྒྱལ་སྡེ་དགེའི་སྤར་འཁོད་ཀྱི་གླེགས་བམ་དགུའི་ལུང་གི་རིམ་པ་ཇི་ལྟར་ཐོབ་པའི་ཚུལ་ལ་གླེགས་བམ་དང་པོ། ཀ༽ པ་ལ། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་རྒྱ་ཆེར་སྟོན་པས་མདོ་སྔགས་བསྟན་པ་རྒྱ་མཚོའི་སྤྱི་སྡོམ་གྱི་གླེགས་བམ་ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་རྩ་བ་ལ་ལྡེབ། ༥༡ དེའི་འགྲེལ་པ་ལམ་གྱི་གཞུང་ཤིང་རྒྱུ་མཚན་ཉིད་ཐེག་པའི་དོན་རྒྱ་ཆེར་བཤད་པའི་འགྲེལ་པ་བདེན་གཉིས་ཤིང་རྟ་ལ་ལྡེབ། ༤༦༡ ཁ༽ པ་ལ། ལམ་གྱི་སྦས་དོན་གསང་སྔགས་རྡོ་རྗེ་ཐེག་པ་རྒྱ་ཆེར་བཤད་པའི་འགྲེལ་པ་རྣམ་མཁྱེན་ཤིང་རྟ་ལ་ལྡེབ། ༤༤༠ བཤད་རྒྱུན་ནི་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་འཇིགས་མེད་གླིང་པ་ཡན་ཆད་རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོའི་དགེ་བ་གསུམ་གྱི་དོན་ཁྲིད་ལས་འབྱུང་བ་ལྟར་ལ། བསྟན་བཅོས་མཛད་པ་པོ་ཀུན་མཁྱེན་ཉིད་ལས། རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར། འཇིགས་མེད་བསོད་ནམས་མཆོག་ལྡན། ཀུན་མཁྱེན་ཉིད་སླར་ཡང་བསྟན་པ་ཡོངས་རྫོགས་ཀྱི་ཤིང་རྟར་བྱོན་པ་ཐམས་ཅད་མཁྱེན་གཟིགས་མཉྫུ་གྷོ་ཥ་དངོས་ལས། མཁས་གྲུབ་ཀྱི་དབང་ཕྱུག་རྒྱལ་ཚབ་པདྨ་བི་ཛ། ཀོང་སྤྲུལ་རིན་པོ་ཆེ་པདྨ་དྲི་མེད་བློ་གྲོས། མཁན་ཆེན་བློ་གྲོས་རབ་གསལ། མཁན་བསྟན་འཛིན་ཆོས་འཕེལ་ལས་བཀའ་དྲིན་ཐོབ་པའོ། །ཡང་ན་རྩ་བ་ཁོ་ནའི་བརྒྱུད་པ་ནི་རྒྱལ་སྲས་གཞན་ཕན་མཐའ་ཡས་ལས། དཔལ་སྤྲུལ་ཆོས་ཀྱི་དབང་པོ་དང༌། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་གཉིས་ཀས་གསན། དེ་གཉིས་ཀས། དགེ་མང་མཁན་ཨོ་རྒྱན་བསྟན་འཛིན་ནོར་བུ། མཁན་ཡོན་ཏན་རྒྱ་མཚོ། མཁན་དཀོན་མཆོག་བློ་གྲོས་འོད་ཟེར་ལས་ཐོག་མར་བཤད་ཁྲིད་དུ་བཀའ་དྲིན་ཐོབ་པའོ། །ཡང་ན་རྡོ་གྲུབ་རིན་པོ་ཆེ་ཕྲིན་ལས་འོད་ཟེར་ལས། རྡོ་བླ་འཇིགས་མེད་སྐལ་བཟང་ངམ་ཆོས་ཀྱི་བློ་གྲོས། རྒྱལ་སྲས་གཞན་ཕན་མཐའ་ཡས། མཁྱེན་བརྩེའི་དབང་པོ། རྒྱལ་ཚབ་པདྨ་བི་ཛ། པདྨ་དྲི་མེད། མཁན་བློ་གྲོས་རབ་གསལ། མཁན་བསྟན་འཛིན་ཆོས་འཕེལ་གྱིས་གསན་པའོ། །དེའི་འགྲེལ་ཆེན་ཤིང་རྟ་རྣམ་གཉིས་ནི་ཀུན་མཁྱེན་འཇིགས་གླིང༌། འཇིགས་མེད་ཆོས་གྲགས། རྒྱལ་སྲས་གཞན་ཕན་མཐའ་ཡས། མཁན་ཆེན་པདྨ་བཛྲའམ་པདྨ་དམ་ཆོས་འོད་ཟེར། མཁྱེན་བརྩེའི་དབང་པོ་འཇིགས་མེད་མཁྱེན་བརྩེའི་ཟློས་གར། ཁྱབ་བདག་ཞེ་ཆེན་པ་ཆེན་པོ་པདྨ་བི་ཛ་མན་ཆད་སྔ་མ་ལྟར་རོ། ག༽ པ་ལ། དེ་བཞིན་གཤེགས་པས་ལེགས་པར་གསུངས་པའི་གསུང་རབ་རྒྱ་མཚོའི་སྙིང་པོར་གྱུར་པ་རིག་པ་འཛིན་པའི་སྡེ་སྣོད་དམ། སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྟོགས་པ་བརྗོད་པ་འཛམ་གླིང་ཐ་གྲུ་ཁྱབ་པའི་རྒྱན་ལ་ལྡེབ། ༢༥༠ དྲིས་ལན་རིན་པོ་ཆེའི་བསྟན་བཅོས་ལུང་གི་གཏེར་མཛོད་ལ་ལྡེབ། ༡༨༨ ང༽ པ་ལ། དགོངས་འདུས་ཆོ་གའི་རྣམ་བཤད་མཁྱེན་བརྩེའི་མེ་ལོང་ལ་ལྡེབ། ༡༨༦ གཏམ་གྱི་ཚོགས་ཐེག་པའི་རྒྱ་མཚོ་ཞེས་ནང་གསེས་སུ་བདུན་ཅུ་དོན་གསུམ་ལས། གཏམ་ཚོགས་ཡོན་ཏན་རྒྱ་མཚོའི་སྤྱི་དོན་ཐེག་པའི་གྲུ་གཟིངས། ནམ་མཁའ་བརྟགས་པ་གཟའ་དང་རྒྱུ་སྐར་གྱི་གཏམ་གོ་ལའི་རྣ་རྒྱན། ལྷོ་ཕྱོགས་རྒྱ་གར་གྱི་གཏམ་བརྟགས་པ་བརྒྱད་ཀྱི་མེ་ལོང༌། རིན་ཆེན་བརྟགས་པའི་གཏམ་ཙིནྟ་མ་ཎིའི་མཛོད་ཁང༌། སྙན་ངག་གི་གཏམ་རིན་པོ་ཆེའི་གཏེར་ཞེས་བྱ་བ། རྒྱལ་པོ་དང་དམངས་ལ་སྤྲིངས་བའི་གཏམ། རབ་ཏུ་བྱེད་པ་འཇིག་རྟེན་གསོ་བའི་སྨན། ས་སྐྱོང་སྡེ་དགེ་ལ་སྤྲིངས་བའི་གཏམ་ས་ལ་སྤྱོད་པའི་རྣ་རྒྱན། རྒྱལ་བུ་ལ་སྤྲིངས་བའི་གཏམ་ཆར་སྤྲིན་གྱི་རོལ་མོ། བཙུན་མོ་ལ་སྤྲིངས་བའི་གཏམ་དམ་པའི་གན་མཛོད་རྩ་འགྲེལ། དམངས་ལ་སྤྲིངས་བའི་དོན་དཔེ་དོན་འབྲེལ་པ། བྷོ་ཌཱའི་སྲིད་སྐྱོང་ལ་སྤྲིངས་བའི་གཏམ། དམ་པ་ལ་སྤྲིངས་བའི་གཏམ། སློབ་མ་ལ་སྤྲིངས་བའི་གཏམ་མདུན་ན་འདོན་གྱི་རྣ་རྒྱན། བཤེས་གཉེན་བུདྡྷ་ལ་སྤྲིངས་བའི་གཏམ། དགའ་ལྡན་བྱང་རྩེ་བ་བཤེས་གཉེན་ཕྲིན་ལས་ཐོགས་མེད་ལ་སྤྲིངས་བའི་གཏམ། བླ་མ་ལ་སྤྲིངས་བའི་གཏམ། ལྷོ་བྲག་གསུང་སྤྲུལ་ལ་སྤྲིངས་བའི་གཏམ་ཚངས་པའི་རྣ་རྒྱན། སྒོམ་པ་ལ་སྤྲིངས་པའི་གཏམ། སྤ་ཁང་ཡོན་ཏན་ལ་སྤྲིངས་བའི་གཏམ་དོན་རབ་འབྱེད་པའི་རྒྱན། དགེ་སློང་ལ་སྤྲིངས་བའི་གཏམ་སྦྱངས་པའི་ཡོན་ཏན་གྱི་རབ་བྱེད། རབ་ཏུ་བྱུང་བ་ལ་སྤྲིངས་བའི་གཏམ་པྲ་ཏི་མོཀྵ་གརྦྷ། སྔགས་པ་ལ་སྤྲིངས་བའི་གཏམ་བཤགས་ལེ་བཞི་པའི་ཌཱིཀ་དམ་ཚིག་རྒྱ་མཚོའི་གསལ་བྱེད། སྡེ་བརྒྱད་ལ་སྤྲིངས་བའི་གཏམ་གནོད་སྦྱིན་གྱི་རྣ་ཆ། ཕྱོགས་བཅུའི་གདོན་ཚོགས་ལ་སྤྲིངས་བའི་གཏམ་ལྷ་མ་ཡིན་གྱི་གཙུག་ཏོར། ཨར་ཇག་ལ་སྤྲིངས་བའི་གཏམ་དཀོན་མཆོག་གསུམ་གྱི་གྲིབ་བསིལ། གནས་བསྐོར་པ་ལ་སྤྲིངས་པའི་གཏམ་ལྷག་བསམ་གྱི་ཆུན་པོ། བསམ་ཡས་གཙུག་ལག་ཁང་གི་གཏམ་འདོད་པ་ཁམས་ཀྱི་རྣ་རྒྱན། ཨཱརྻ་པ་ལོའི་གླིང་གི་གཏམ་བདེན་པའི་རྣ་རྒྱན། དཔལ་གྱི་བསམ་ཡས་མཆིམས་ཕུའི་གཏམ་ཀ་ལ་པིངྐའི་རོལ་མོ། བསམ་ཡས་གཙུག་ལག་ཁང་ལ་དངུལ་དཀར་ཞུན་མ་ཐུར་སྲང་བརྒྱ་ཕྲག་ལྔ་དང་གསེར་རྡོ་ཚད་གཉིས་ལས་བསྐྲུན་པའི་མཆོད་སྡོང་ཕུལ་ནས་བརྟན་བཞུགས་གསོལ་བའི་གཏམ་འཕྲུལ་དགའི་རྣ་རྒྱན། གུ་རུ་མཚོ་སྐྱེས་རྡོ་རྗེ་དང་ཞབས་རྗེས་རིན་པོ་ཆེའི་གཏམ། གཞུ་སྟོད་ཀྱི་གཏམ་མཁའ་འགྲོའི་གླུ་གར། དབུ་རུ་ཞྭ་ཡི་ལྷ་ཁང་གི་གཏམ་ཆོས་འབྱུང་གི་མེ་ཏོག །ལྷོ་མོན་དཀར་པོ་ཟངས་ཀྱི་གཏམ། བཀྲ་ཤིས་སྲོང་བཙན་བང་སོའི་གཏམ་ལོ་རྒྱུས་ཀྱི་མཛོད་ཁང༌། བཀྲ་ཤིས་སྲོང་བཙན་བང་སོའི་དཀར་ཆག་འབྲིང་པོ་བྱས་པ་ནྱ་གྲོ་དྷའི་ཆུན་འཕྱང༌། དཔལ་རི་ཐེག་པ་ཆེན་པོའི་གླིང་གི་གཏམ་རྡོ་རྗེ་སྒྲ་མའི་རྣ་རྒྱན། པདྨ་འོད་གསལ་ཐེག་མཆོག་གླིང་རྟེན་དང༌། བརྟེན་པ་བཅས་པའི་གཏམ་ནོར་བུའི་དོ་ཤལ། གཙང་རུ་ལག་རྒྱལ་བྱེད་ཚལ་གྱི་གསང་སྔགས་ཐེག་མཆོག་གླིང་གི་གཏམ་དད་པའི་གེ་སར། མཚོ་སྣར་རྒྱུད་འབུམ་བཞེངས་པའི་གཏམ་ཀ་ལནྟ་ཀའི་རྒྱན། ས་སྐྱོང་པ་སྡེ་དགེའི་རྒྱལ་ཁབ་ཏུ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེ་སྤར་དུ་བཞེངས་པའི་དུས་སུ་ཞུ་ཆེན་པ་རྣམ་གཉིས་ལ་སྐབས་དབྱེ་བའི་གཏམ་དྲང་སྲོང་གི་རྔ་སྒྲ་ཞེས་བྱ་བ། མཆོད་རྟེན་བཀྲ་ཤིས་འོད་འབར་གྱི་གཏམ་རྙོག་མ་བསྒྲུངས་པའི་ཀེ་ཏ་ཀ །བདེ་བར་གཤེགས་པའི་མཆོད་རྟེན་བརྒྱད་ཀྱི་ཐིག་གི་གཏམ་བྱང་ཆུབ་ལྗོན་ཤིང༌། མཆོད་སྦྱིན་གྱི་གཏམ་འཕྲུལ་དགའི་རོལ་མོ། མཎྜལ་གྱི་གཏམ་བསོད་ནམས་སྤྲིན་ཕུང༌། དགེ་རྩ་བྱང་ཆུབ་ཏུ་བསྔོ་བའི་གཏམ་རྣམ་མཁྱེན་ལམ་བཟང༌། ནགས་ཚལ་གྱི་གཏམ་ཨུ་དུམ་ཝ་རའི་ཆུན་པོ་ཞེས་བྱ་བ། འདབ་ཆགས་ཀྱི་གཏམ་མི་ཁོམ་པའི་གནས་ལ་སྐྱོ་བར་བསྐུལ་བ། རི་དྭགས་ཀྱི་གཏམ་ངེས་འབྱུང་གི་ཕོ་ཉ། དྲི་བ་ཤིན་ཏུ་བརྟན་པའི་གཏམ་བྲག་རིའི་མགུལ་རྒྱན། འདུ་འཛི་ལ་སྐྱོ་བའི་གཏམ་ཏོག་གི་བློ་གྲོས། བློ་ལྡན་བྷྲ་མ་རའི་གཏམ་ཚིག་ལ་མི་རྟོན་དོན་ལ་རྟོན་པ། ཆོས་སྤྱོད་བཅུ་ཡི་གཏམ་དགེ་བའི་ལྗོན་ཤིང༌། དྲན་པའི་གཏམ་ཡོན་ཏན་རྒྱ་མཚོ། དྲན་པ་དང་ཤེས་བཞིན་ལས་འཕྲོས་པའི་གཏམ་དོན་རབ་འབྱེད་པའི་ཐུར་མ། འཕགས་པ་སྟོང་ཕྲག་བརྒྱ་པ་ལས་འཕྲོས་པའི་གཏམ་དེ་ཁོ་ན་ཉིད་ཀྱི་མེ་ལོང༌། གྲུབ་པའི་མཐའ་རབ་ཏུ་འབྱེད་པའི་གཏམ་རྟོག་གེའི་གཉེན་པོ། དགེ་བཅུ་གནང་བཀག་ལ་དཔྱད་པའི་གཏམ་ཚུལ་ཁྲིམས་རིན་པོ་ཆེའི་རྒྱན། ཕྱག་རྫོགས་ཀྱི་དེ་ཁོ་ན་ཉིད་རབ་ཏུ་དབྱེ་བའི་གཏམ་ཀེ་ཏའི་ཀའི་རྣ་རྒྱན། ཆོས་ཉིད་རྣམ་པར་གྱུར་པའི་གཏམ་ནམ་མཁའ་ལྡིང་གི་རྣ་རྒྱན། གནས་མིན་གྱི་བརྒལ་བརྟགས་ལ་སྐྱོ་བའི་གཏམ། རྣམ་གྲངས་པའི་དོན་དམ་ལ་དཔྱད་པའི་གཏམ་ལྷའི་རྒྱལ་རྔ། ཡེ་གྲོལ་ཀ་དག་གི་གཏམ་དག་པ་གཉིས་ཀྱི་མཛོད་ཁང༌། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཏམ་རྫོགས་པ་ཆེན་པོའི་དོ་ཧ་མཛོད་ཅེས་བྱ་བ། ཏནྟྲའི་ཕྱོགས་འཛིན་པ་ཟློག་པའི་གཏམ་ཚིག་དོན་གྱི་མདོ་འགག །རྟོན་པ་བཞི་ལྡན་གྱི་གཏམ་ལོག་རྟོག་གི་གཉེན་པོ་ཞེས་བྱ་བ། ཤེས་རབ་ཀྱི་གཏམ་ཟབ་མོ་སྣང་བ། ཤེས་རབ་སྙིང་པོའི་གཏམ་བསྟོད་ཕྱག་གིས་གསལ་བ། ཡང་དེའི་བསྡུས་དོན་གྱི་གཏམ། ན་ཚ་ལམ་ཁྱེར་གྱི་གཏམ་ཞེས་བྱ་བ་བཅས་ལེ་ཚན་བདུན་ཅུ་དོན་གསུམ་གྱིས་རྫོགས། ཅ༽ པ་ལ། བསྟོད་ཚོགས་སྐོར་ལས། སྐྱེས་པ་རབས་ཀྱི་རྒྱུད་སྙན་ངག་དམ་པའི་འཁྲི་ཤིང་དུ་བསྔགས་པའི་པྲ་ནི་དྷ་མི་འམ་ཅི་ཀུན་ཏུ་དགའ་བའི་ཟློས་གར་ལ་ལྡེབ། ༤༧ སངས་རྒྱས་དང་བྱང་སེམས་སྤྲུལ་པར་བཅས་པའི་བསྟོད་ཚོགས་ཚངས་པའི་རྒྱུད་མང་ལས། སངས་རྒྱས་སུམ་ཅུ་སོ་ལྔ་ལ་བསྟོད་པ་ལྗོན་པའི་གླུ་ཕྲེང༌། ཐུབ་དབང་གྲོང་ཁྱེར་མ་ལ་བསྟོད་པ། དུས་གསུམ་དང་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ལ་མཚན་དོན་གྱི་སྒོ་ནས་བསྔགས་པ་དད་པའི་ཕོ་ཉ། རྙིང་མ་རྒྱུད་འབུམ་གསར་བཞེངས་ལ་བསྔགས་པ། དེ་བཞིན་གཤེགས་པའི་མཆོད་རྟེན་རྣམ་པ་ཐམས་ཅད་རྫོགས་པ་བརྒྱད་ལ་བསྟོད་པ། བྱང་ཆུབ་སེམས་དཔའི་དགེ་འདུན་ཉེ་བའི་སྲས་བརྒྱད་ལ་བསྟོད་པ། དེའི་དོན་འགྲེལ། ཆོ་འཕྲུལ་ཆེན་པོའི་དུས་ཆེན་ལ་བརྗོད་པ་ཚོགས་གཉིས་ཤིང་རྟ། རྟ་མཆོག་རོལ་པ་གསང་སྒྲུབ་ལ་བསྟོད་པ། ཡོན་ཏན་གཏེར་མཛོད་ལས་གསུངས་བའི་མན་ངག་བཅུ་གསུམ་ལ་བསྔགས་པ། རྣམ་ཐར་སིནྡྷུ་མ་ལ། །མཁན་པོ། ༡ ཆོས་རྒྱལ། ༢ སློབ་དཔོན། ༣ སེང་གེ་སྒྲ། ༤ སྡོམ་བརྩོན་དམ་པ། ཚེ་རིང་ཡུལ་ལྗོངས། རྣམ་བཅུ། བྱང་གྲོལ་འཁོར་ལོ། སྤྲུལ་པའི་སྐུ་མཚན་བརྒྱད་ལ་བསྟོད་པ། དཔལ་བསམ་ཡས་པ་ཀུན་མཁྱེན་ངག་གི་དབང་པོ་ལ་བསྟོད་པ། ཟབ་ཚིག་དཔྱིད་ཀྱི་རྒྱལ་མོའི་རྒྱང་གླུ། ཚིགས་སུ་བཅད་པ་རྐང་པ་ལྔ་པ། དཔལ་གྱི་བསམ་ཡས་མཆིམས་ཕུ་ལ་བསྟོད་པ་རྡོ་རྗེའི་གཱ་མ་ཀཿ ༈ དཔེ་ཕྲན་སྣ་ཚོགས་སྐོར་ཚོ་དྲུག་ལས། དང་པོ་ངག་འདོན་ཆོས་སྤྱོད་སྐོར་ལ་ལྡེབ། ༡༣ གཉིས་པ་སྒྲུབ་ཐབས་སྣ་ཚོགས་སྐོར་ལ་སྒྱུ་འཕྲུལ་ཞི་ཁྲོ། འདུས་མདོའི་ལྷན་ཐབས། རྒྱུན་ཁྱེར། ཚེ་དཔག་མེད་སྐུ་གསུམ་འདུས་པ། ཡང་ཏི་ནག་པོའི་ཕྲིན་ལས། ཇོ་ལུགས་སྒྲོལ་དཀར། འཇམ་དཀར། ལོཀྟྲི། རྟ་མགྲིན་གསང་སྒྲུབ། སྨན་བླའི་སྒོམ་བཟླས། བྲམ་ཟེ་ཕུར་བུའི་ལུགས་ཀྱི་དབྱངས་ཅན། གསུམ་པ་ཕྲིན་ལས་སྣ་ཚོགས་སྐོར་ལ་གསུང་རྟེན་རབ་གནས། གྲོལ་ཏིག་དབང་ཆོག །དམ་གྲིབ་ཉེས་སེལ་ཁྲུས། འདུས་མདོའི་དབང་གི་བསྙེན་ཐོ། བཀའ་བརྒྱད་གཏོར་བཟློག་དྲིས་ལེན། གཤིན་རྗེ་ནག་པོ་གསུམ་བསྒྲིལ་མནན་པ། སེར་སྲུང༌། མནན་པའི་ལས་རིམ། ཕུར་པ་གནམ་ལྕགས་འཁོར་ལོའི་སྨེ་བརྩེགས་ཀྱི་བྱབ་ཁྲུས། བཞི་པ་ཊཱིཀ་གསལ་བྱེད་སྐོར། མདོ་སྔགས་སྨོན་ལམ་ཊཱི་ཀ ༈ །གཉིས་པ་སྒྲུབ་ཐབས་སྐོར་ལ། དཔལ་གསང་བའི་སྙིང་པོ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་ཞི་བའི་སྒྲུབ་ཐབས་རྣམ་གྲོལ་ཤིང་རྟ་ལ་ལྡེབ། ༢༤ དཔལ་གསང་བའི་སྙིང་པོ་སྒྱུ་འཕྲུལ་ཁྲོ་བོའི་སྒྲུབ་ཐབས་ཁྲག་འཐུང་མངོན་རྫོགས་ལ་ལྡེབ། ༢༣ ཚོགས་ཆེན་འདུས་པའི་ཆོ་གའི་ལྷན་ཐབས་བསྟན་པ་རྒྱ་མཚོའི་གྲུ་གཟིངས་ལ་ལྡེབ། ༦ འོག་མིན་ཚོགས་ཆེན་འདུས་པའི་དབང་ཆེན་བསྙེལ་ཐོ་ལ་ལྡེབ། ༢ ཚེ་དཔག་མེད་སྐུ་གསུམ་འདུས་པའི་དཀྱིལ་ཆོག་འཆི་མེད་ལྗོན་པ་ལ་ལྡེབ། ༡༨ ཡང་ཏི་ནག་པོའི་ཕྲིན་ལས་ཆོག་ཁྲིགས་བཅས་ལ་ལྡེབ། ༩ ཇོ་ལུགས་སྒྲོལ་དཀར་མཎྜལ་གཅིག་པ། འཇམ་དཔལ་དཀར་པོ་མ་ཏི་ལུགས་ཀྱི་རྒྱུན་ཁྱེར། དྲང་སྲོང་ཞི་བའི་རྒྱུན་ཁྱེར། རྟ་མགྲིན་གསང་སྒྲུབ་རྒྱུན་ཁྱེར། སྨན་བླའི་སྒོམ་བཟླས་འཚོ་བྱེད་བདེ་ལམ། བྲམ་ཟེ་ཕུར་བུའི་ལུགས་ཀྱི་དབྱངས་ཅན་མ་སྒྲུབ་ཐབས་ཀུན་མཁྱེན་ལམ་སྲོལ་ལ་ལྡེབ། ༧ ༈ གསུམ་པ་ཕྲིན་ལས་སྣ་ཚོགས་སྐོར་ལ། འཁོར་ལོ་མཚོན་པའི་གསུང་རྟེན་སྤྱི་ལ་རབ་གནས་ཕྱག་རྒྱ་བཞི་ལྡན་ལ་ལྡེབ། ༥ གྲོལ་ཐིག་ལམ་རྒྱས་པ་བདེ་གཤེགས་ཀུན་འདུས་དབང་ཆོག་མཁྱེན་བརྩེའི་དགོངས་རྒྱན་ལ་ལྡེབ། ༥༤ གྲོལ་ཐིག་དགོངས་པ་རང་གྲོལ་གྱི་ལེ་ལག་དམ་གྲིབ་ཉེས་པ་ཀུན་སེལ་གྱི་ཁྲུས་ཆོག་ལ་ལྡེབ། ༢ ཡིག་ཆ་འདིའི་སྟེང་དབང་གི་བརྒྱུད་པ་ཀུན་མཁྱེན་འཇིགས་གླིང༌། དཔལ་རི་སྤྲུལ་སྐུ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། གཏེར་ཆེན་ལས་རབ་གླིང་པ། འཇམ་དབྱངས་བླ་མ་ཆོས་ཀྱི་བློ་གྲོས་ལས་བཀའ་དྲིན་གྱི་བདུད་རྩིའི་སིམ་པའོ། །ཉང་ལུགས་བཀའ་བརྒྱད་གཏོར་བཟློག་དྲིས་ལན་གཤིན་རྗེའི་གད་རྒྱངས་ལ་ལྡེབ། ༢ གཤིན་རྗེ་ནག་པོ་སུམ་བསྒྲིལ་གྱི་མནན་པའི་ཡིག་ཆུང་གཅིག་ཤེས་ཀུན་གྲོལ་ལ་ལྡེབ། ༤ དེའི་སྒོ་ནས་སེར་སྲུང་སྤྲུལ་སྐུའི་འཁོར་ལོ། མནན་པའི་ལས་རིམ་རི་རབ་ནག་པོ། དེའི་ལིང་ཁྲུས། རྡོ་རྗེ་ཕུར་པ་དྲེགས་འདུལ་གནམ་ལྕགས་འཁོར་ལོའི་ལས་མཐའ་དམེ་བརྩེགས་ཀྱི་བྱབ་ཁྲུས་རྒྱུད་དོན་རྣམ་དག་ལ་ལྡེབ། ༨ བྱང་ཆུབ་སྤྱོད་པའི་སྨོན་ལམ་ཕན་བདེའི་ལྗོན་པའི་ཊིཀ་རྒྱལ་བའི་གཞུང་ལམ་ལ་ལྡེབ། ༢༦ ཡང་རྫོང་ཐུགས་སྒྲུབ་ཀྱི་ཧཱུྃ་བསྙེན་དམིགས་སྐོར་དཔལ་རིའི་མྱུར་ལམ་ལ་ལྡེབ། ༤ ཀུན་བཟང་སྨོན་ལམ་གྱི་འདྲེན་བྱེད་ཊིཀའི་བུར་མས་བསལ་བ་ལ་ལྡེབ། ༣ འཁོར་ལོ་འབར་བའི་དམིགས་རིམ་ཀུན་གསལ་མེ་ལོང་ལ་ལྡེབ། ༣ ༈ བཞི་པ་ལྷ་སྲུང་གསོལ་མཆོད་སྐོར་ལ། བསང་བརྔན་གྱི་ཆོ་ག་མཆོད་པའི་སྤྲིན་གྱི་ཁང་བཟང་ལ་ལྡེབ། ༡༣ དཔལ་མགོན་ཞལ་བཞི་པའི་སྐོང་བ་དམ་ཅན་བླ་ཆགས་མ་ལ་ལྡེབ། ༣ ཞིང་སྐྱོང་དུར་ཁྲོད་ལྷ་མོའི་གསོལ་མཆོད་ལ་ལྡེབ། ༤ རྡོ་རྗེ་གཡུ་སྒྲོན་མའི་གསོལ་མཆོད་སྨན་བཙུན་མགུལ་རྒྱན་ལ་ལྡེབ། ༣ དེའི་སྐོང་གསོ་ཉེར་བསྡུས་ལ་ལྡེབ། ༡ གནོད་སྦྱིན་ཙི་དམར་བའི་གསོལ་ཁ་རྒྱས་པ་མངའ་རིས་པཎ་ཆེན་རིན་པོ་ཆེའི་གཏེར་བྱོན་རྩ་བའི་དོན་རྒྱ་ཆེར་བཀྲལ་བ་དབང་དྲག་དུས་ཀྱི་ཕོ་ཉ་ལ་ལྡེབ། ༡༣ རྒྱལ་ཆེན་རྣམ་སྲས་སྐོང་གསོལ་ཉུང་བསྡུས་ལ་ལྡེབ། ༢ དམ་ཅན་རྒྱ་མཚོའི་སྐོང་བཤགས་ལ་ལྡེབ། ༡ བསྟན་སྲུང་དམ་ཅན་རྒྱ་མཚོའི་རུ་མཚོན་མངའ་གསོལ་ལ་ལྡེབ། ༡ ༈ ལྔ་པ་ཐོར་བུ་སྣ་ཚོགས་སྐོར་ལ། སྔོན་འགྲོ་དངོས་གཞིའི་ལམ་བསྡུས་ལ་ལྡེབ། ༡ ཆབ་གཏོར་གོ་དོན། སྐྱབས་སྡོམ་འབོག་ཆོག་མཐོ་རིས་འཁྲི་ཤིང་ལ་ལྡེབ། ༣ གནས་བརྟན་ཕྱག་མཆོད་ལ་ལྡེབ། ༣ སྙུང་ཆོག་མདོར་བསྡུས་ལ་ལྡེབ། ༡ རྡོར་སེམས་མངོན་དགའི་ཞིང་སྦྱོང་གཏེར་གཞུང་ལ་ལྡེབ། ༡༠ སྣང་མཐའ་སྐུ་གསུམ་བླ་མའི་རྣལ་འབྱོར། སྔ་འགྱུར་སྲོལ་འབྱེད་ཆེན་པོ་རྣམས་ཀྱི་གསོལ་འདེབས། རིག་འཛིན་འཇིགས་མེད་གླིང་པའི་འཁྲུངས་རབ་རྣམ་ཐར་མདོར་བསྡུས་ལ་ལྡེབ། ༤ ཇོ་བོ་རིན་པོ་ཆེར་གསོལ་འདེབས་སྨོན་ལམ་དང་འབྲེལ་བ་དབང་བཞི་ལེན་ཚུལ། མཛད་བཅུ་དབང་བཞི་སྦྱར་བ། རྫོགས་སྨིན་སྦྱངས་པའི་སྨོན་ལམ་གསོལ་འདེབས་འཚངས་འདོན་མ། རིག་འཛིན་འཇིགས་མེད་གླིང་པའི་འཁྲུངས་རབ་གསོལ་འདེབས། རྫོགས་ཆེན་པ་རང་བྱུང་རྡོ་རྗེའི་རྣམ་ཐར་གསོལ་འདེབས། གཅིག་ཆོད་ནོར་བུ་ལུགས་ཀྱི་གསོལ་འདེབས། རང་སེམས་བདེ་གཤེགས་སྙིང་པོ་ཡི། སོགས། རྒྱལ་བ་འོད་མཚན་སྟོང་སོགས། རང་སེམས་ཆོས་སྐུར་སོགས། རིག་འཛིན་འཇིགས་མེད་གླིང་པའི་ཞབས་བརྟན། རྩ་གསུམ་ཀུན་འདུས་སོགས། གཞོམ་བྲལ་རྡོ་རྗེའི་སོགས། རྒྱལ་བའི་བསྟན་ལ་སོགས། རྒྱལ་སྲས་ཉིན་བྱེད་འོད་ཟེར་ཞབས་བརྟན། མདོ་ཁམས་རྫོགས་ཆེན་པའི་སྐྱེ་ཕྲེང་གསོལ་འདེབས། ཇ་མཆོད་ནི། སངས་རྒྱས་མཉམ་སྦྱོར་སོགས། ༈ སྔ་འགྱུར་རྙིང་མ་ལ་རྒོལ་ངན་ལོག་རྟོགས་བཟློག་པའི་བསྟན་བཅོས་ཀུན་མཁྱེན་ངག་གི་དབང་པོས་མཛད་པ་ལ་ལྡེབ། ༤༩ ༈ ཆབ་ཤོག་གི་རིམ་པ་ཕྱོགས་གཅིག་ཏུ་བསྒྲིགས་པ་མིའམ་ཅིའི་ཟློས་གར་ལ་ནང་གསེས། ཞབས་དྲུང་ལྷ་སའི་མཆིད་ལན་ཁག་གཉིས། ལྕགས་ཟམ་སྤྲུལ་སྐུ་རིན་པོ་ཆེ། ཡང་དེ་ལ་གསུངས་པ་བློ་ལྡན་མཆོག་སྲེད་དབང་པོའི་གཏམ། རྒྱའི་ཞབས་དྲུང་ལ་ཕུལ་བའི་མཆིད་ལན། མཚོ་སྣ་དགོན་རྩེ་སྤྲུལ་སྐུའི་ཆབ་ཤོག་ལན་ཕུལ་བ། གཞུང་ས་རིན་པོ་ཆེའི་ཞབས་བརྟན་དཔེར་བརྗོད། ལྕགས་ཟམ་རིན་པོ་ཆེར་ལོ་གསུམ་གནང་རྒྱུའི་མཆིད་ཕེབས་ལན། ལྷོ་རྒྱུད་བུམ་ཐང་ཕྱོགས་ལ་གནས་སོགས། གང་དུ་མཆིད་ན་གཡེར་སྟོད་སོགས། བྱ་བྲལ་བ་སོས་དལ་སོགས། འཕྱོང་རྒྱས་རྫོང་གི་དེབ་གསར་བཟོའི་མགོ་བརྗོད། དཔེར་བརྗོད་དུ། བསྟན་འགྲོའི་རྩ་ལག་སོགས། སྤང་བ་སྟོན་པའི་ཁྱུ་མཆོག །མཁྱེན་དབང་དམ་པ་རིན་པོ་ཆེར། མཁྱེན་དཔྱོད་ཡངས་པ་སྡེ་པ་སོགས། མདོ་སྨད་བསྟན་པའི་སྲོག་ཤིང༌། དགོན་རྩེ་སྤྲུལ་པའི་སྐུར་ཕུལ་བ། ས་སྤྲེའུ་ཚེ་ཆོག་དང་འབྲེལ་པའི་སོགས། ལྷོ་བྲག་གསུང་སྤྲུལ་གྱི་མཆིད་ལན། ལྷ་འདྲེའི་ཆབ་ཤོག །རིག་བྱེད་འཛིན་པ་ལ་སྤྲིངས་བ། སྲིད་སྐྱོང་རྟག་ཚག་རིན་པོ་ཆེར། རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེར། རྡོ་རྗེ་བྲག་ལྷ་ལུང་ཐུགས་སྲས་སྤྲུལ་སྐུ། མངའ་རིས་སྤྲུལ་སྐུའི་ཆབ་ཤོག་ལན། བཀའ་བློན་ལྷ་ལྡིངས་པར། གསུང་སྤྲུལ་རིན་པོ་ཆེ་སོགས་ལ་ལྡེབ། ༡༩ ༈ སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེ་དང་མདོ་སྒྱུ་སེམས་གསུམ་གྱིས་མཚོན་པའི་བཀའ་མའི་སྒྲུབ་ཕྲིན། མཛོད་བདུན། སྙིང་ཐིག་ཡ་བཞི། གཏེར་ཁ་གོང་འོག་གཙོར་གྱུར་པའི་ཐོབ་ཡིག་ཉི་ཟླའི་རྣ་ཆ་ལ་ལྡེབ། ༡༣ ༈ ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པའི་བཀའ་འབུམ་ཡོངས་རྫོགས་ཀྱི་དཀར་ཆག་ལ་ལྡེབ ༡༣ ཆ༽ པ་ལ། ཕུར་པ་རྒྱུད་ལུགས་ཀྱི་ཆོས་ཀྱི་མཚན་བྱང་ལ། ༢ ཀ༽ པ་ལ་ཆོས་འབྱུང་ངོ་མཚར་སྣང་བྱེད། ༦ ཁ༽ པ་ལ་ལས་སྟོད་ལས་བྱང་ཆུབ་བསྒྲུབ་པའི་སྤྱི་ཆིངས་དྲྭ་བ་སྡོམ་པ། ༥ ག༽ པ་ལ་དབང་ཆོག་དངོས་གྲུབ་རྒྱ་མཚོ། ༧༢ ང༽ པ་ལ་བདག་འཇུག་བྱིན་རླབས་རོལ་མཚོ། ༡༢ ཅ༽ པ་ལ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཤིང་རྟ ༢། ཆ༽ པ་ལ་བཀའ་མའི་ཡན་ལག་བརྒྱད་འགྲེལ་རྒྱུད་དོན་གསལ་བ། ༤ ཇ༽ པ་ལ་སྒྲུབ་ཐབས་རྡོ་རྗེ་ཁྲོས་པའི་བཅུད་དུམ་དཔག་བསམ་ལྗོན་པ། ༤༡ ཉ༽ པ་ལ་བདུད་རྩི་གསང་ནན་གྱི་འགྲེལ་བ། ༣ ཏ༽ པ་ལ་བསྙེན་པའི་ལས་བྱང་བཀོལ་བའི་དུམ་བུ། ༢༢ ཐ༽ པ་ལ་ཛཔ་བསྐུལ། ༣ ད༽ པ་ལ་ཉུལ་ལེ་བསྐྲད་པའི་ཕོ་ཉའི་དགོས་བསྐུལ། ༤ ན༽ པ་ལ་མངོན་རྟོགས་བསྡུས་པ་རྡོ་རྗེ་བཀོད་པའི་རྒྱན། ༡༠ པ༽ པ་ལ་བསྐྱེད་རིམ་གྱི་དོགས་སེལ་དཀའ་གནད་མདུད་འགྲོལ། ༤ ཕ༽ པ་ལ་བསྙེན་སྒྲུབ་ཐམས་ཅད་ཀྱི་མཛོད་ཁང་རིག་འཛིན་གཞུང་ལམ། ༡༩ བ༽ པ་ལ་ཚེ་སྒྲུབ་ཉི་ཟླའི་ཟ་མ་ཏོག ༦། མ༽ པ་ལ་སྤྲོས་མེད་རྒྱུན་གྱི་རྣལ་འབྱོར། ༢ ཙ༽ པ་ལ་བྱུག་བདུག་བྲབ་གསུམ་གྱི་སྒྲུབ་ཚུལ། ༦ ཚ༽ པ་ལ་སྨད་ལས་སྤུ་གྲི་རླུང་འཁོར་ཞེས་བྱ་བ་ངན་སྔགས་ཉེ་བར་བསྙེན་པ་མན་ངག་ལྟར་བཀྲ་བ་ཆིག་བརྒྱུད་ས། ༣༤ ཛ༽ པ་ལ་ཕུར་སྲུང་ལྕམ་དྲལ་གྱི་གནད་ཡིག་དམ་ཅན་བླ་ཆགས། ༡༠ ཝ༽ པ་ལ་དམ་ཅན་ཉེ་བར་བསྙེན་པའི་ཕྲིན་ལས་སྨད་ལས་སྲོག་ཤིང༌། ༨ ཞ༽ པ་ལ་དེའི་ལེ་ལག་ལྷ་དབྱེའི་བསྐུལ། ༡༤ ཟ༽ པ་ལ་སྨད་ལས་དམ་ཅན་ཉེ་བར་བསྙེན་པའི་མན་ངག་མ་མོ་མཁའ་འགྲོའི་ཞལ་ལུང་ཞེས་བྱ་བ་གསང་བའི་རྒྱ་ཅན། ༦ འ༽ པ་ལ་དམ་ཅན་ལྕམ་དྲལ་གྱི་མཆོད་བསྐུལ། ༣ ཡ༽ པ་ལ་ཞི་བའི་སྦྱིན་སྲེག་བདུད་རྩིའི་ཐིགས་པ། ༧ ར༽ པ་ལ་དྲག་པོའི་སྦྱིན་སྲེག་རྟ་གདོང་རྔམས་ཞུགས། ༡༤ ལ༽ པ་ལ་ཟོར་ལས་གནམ་ལྕགས་འབར་བ། ༤༧ ཤ༽ པ་ལ་སྲི་གནོན་རྒྱ་གྲམ་ནག་པོ། ༦ ས༽ པ་ལ་ཕན་གནོད་ལས་ཚོགས་རྡོ་རྗེ་ཕ་ལམ་བཅས་བཞུགས། ༥ ༈ ཇ༽ ཉ༽ པ་ལ། དགོངས་གཏེར་ཀློང་ཆེན་སྙིང་ཐིག་གི་ཆོས་སྐོར་པོད་གཉིས་དང༌། ཏ༽ པ་ལ། ཡུལ་ལྷོ་བརྒྱུད་དུ་བྱུང་བའི་རྫོགས་ཆེན་པ་རང་བྱུང་རྡོ་རྗེའི་མཁྱེན་བརྩེའི་འོད་ཟེར་གྱི་རྣམ་ཐར་པ་ལེགས་བྱས་ཡོངས་འདུའི་སྙེ་མ། སྒྲུབ་པ་ནན་ཏན་དང་འབྲེལ་བའི་སྐབས་གཉིས་པ། བྱ་བ་ལས་ཀྱི་འཁོར་ལོ་དང་འབྲེལ་བའི་སྐབས་གསུམ་པ་འཕྲོས་དབོན་པོ་འོད་ཟེར་ཕྲིན་ལས་ནས་མཛད་པ། དོན་གྱི་རྣམ་ཐར་དོ་ཧའི་རྒྱན་ཅེས་མདོར་ན་བཀའ་འབུམ་སྤར་འཁོད་ཡོངས་རྫོགས་ཀུན་མཁྱེན་བླ་མ་རིག་འཛིན་འཇིགས་མེད་གླིང་པ་པདྨ་དབང་ཆེན་ཡེ་ཤེས་རོལ་པའི་རྡོ་རྗེ། རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར། འཇིགས་མེད་ཆོས་གྲགས། རྒྱལ་སྲས་གཞན་ཕན་མཐའ་ཡས། མཁན་ཆེན་པདྨ་དམ་ཆོས་འོད་ཟེར་རམ་པདྨ་བཛྲ། ཀུན་མཁྱེན་མཆོག་གི་སྤྲུལ་པའི་སྐུ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། མཁས་གྲུབ་ཀྱི་དབང་ཕྱུག་རྒྱལ་ཚབ་རིན་པོ་ཆེ་འགྱུར་མེད་པདྨ་རྣམ་རྒྱལ། འཇམ་མགོན་མཆོག་སྤྲུལ་རིན་པོ་ཆེ་པདྨ་དྲི་མེད་བློ་གྲོས། མཁན་ཆེན་བློ་གྲོས་རབ་གསལ། མཁན་པོ་བསྟན་འཛིན་ཆོས་འཕེལ་ལས་བཀའ་དྲིན་དུ་ཐོབ་པའོ། །ཤིན་ཏུ་ཞི་བའི་ནགས་ཀྱི་སྨན་ལྗོངས་སུ། །ནང་གི་ཡེ་ཤེས་གཟིགས་པའི་ཏིང་འཛིན་གྱིས། །ཆོས་རབ་རྣམ་འབྱེད་གཟུངས་དང་སྤོབས་པའི་སྒོའི། །ངོ་མཚར་གསང་མཛོད་ཅི་དགར་དགྱེས་འདི་རྨད། །ཚེ་རབས་ཀུན་ཏུ་བློ་གྲོས་འཇུག་པའི་སྒོ། །ཐོས་བསམ་སྒོམ་པས་སྙིང་པོ་བླང་བ་ཡིས། །ཚེ་འདིའི་འདུན་མ་ཅི་དགའ་བོར་ནུས་པས། །བསྟན་པའི་སྙིང་པོ་བཤད་སྒྲུབ་འཛིན་གྱུར་ཅིག། །། ༈ ཀུན་མཁྱེན་འཇིགས་མེད་གླིང་པའི་དགོངས་གཏེར་རྩ་པོད་ཨ་འཛོམ་འབྲུག་སྒར་གྱི་སྤར་མ་ལྟར་དང༌། ཁ་སྐོང་བཅས་པའི་ཐོབ་ཡིག་རིན་ཆེན་ཤེལ་གྱི་མེ་ལོང་བཞུགས། ཨོཾ་སྭ་སྟི། ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེ་ཆོས་ཚན་འདིའི་འགྲིགས་རིམ་སྡེ་དགེ་དགོན་ཆེན་སྤར་ལྟར་ཡིན་པ་ཀུན་མཁྱེན་འཇིགས་གླིང་ཞལ་བཞུགས་དུས་སྤར་འཁོད་ཡིན་པས་ལེགས་ཆེ་སྙམ་དཔེ་བཤུས་བྱས་པའོ། །སྔ་འགྱུར་དབང་ཆུ་བཞི་ལྡན་གྱི་རྒྱུད་སྡེ་རྒྱ་མཚོའི་མན་ངག་གཅིག་ཏུ་དྲིལ་པའི་བཀའ་གཏེར་ཟུང་འཇུག་གི་གདམས་པ། ཟབ་ཆོས་ཁྱད་འཕགས་འཇིག་རྟེན་ན་འབྱུང་བར་དཀའ་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའི་ཆོས་ཀྱི་རྣམ་གྲངས་དང་སྐུ་གསུམ་མཚོན་བྱེད་པུསྟི་ཀ་གསུམ་གྱི་དང་པོ། ཨོཾ་ཅན་གྱི་ཚན་ལ། ཀ༽ པ། ཌཱཀྐིའི་གསང་གཏམ་ཆེན་མོ། ༧ ཁ༽ པ། གསང་བ་ཉམས་སྣང་གི་རྟོགས་བརྗོད་ཆུ་ཟླའི་གར་མཁན། ༢༦ ག༽ པ། གནད་བྲང་ཐུགས་ཀྱི་སྒྲོམ་བུ། ༥ ང༽ པ། རིག་འཛིན་རྩ་རྒྱུད་ཐོད་པའི་དུམ་བུ། ༤ ཅ༽ པ། རྩ་དབང་རྒྱལ་ཐབས་སྤྱི་བླུགས། ༣ ཆ༽ པ། དབང་གི་སྤྱི་དོན་སྙིང་པོ། ༡༩ ཇ༽ པ། ཕྱི་སྒྲུབ་བླ་མའི་རྣལ་འབྱོར། ༥ ཉ༽ པ། བླ་མ་མཆོད་ཆོག་དངོས་གྲུབ་རྒྱ་མཚོ། ༣༥ ཏ༽ པ། དཔལ་རིའི་སྨོན་ལམ། ༤ ཐ༽ པ། བརྒྱུད་འདེབས། ༢ ད༽ པ། ནང་སྒྲུབ་རིག་འཛིན་འདུས་པ། ༩ ན༽ པ། གབ་བྱང་གནད་ཀྱི་མིག་ཚག ༣ པ༽ པ། བསྙེན་ཡིག ༦ ཕ༽ པ། ཚེ་སྒྲུབ་བདུད་རྩིའི་བུམ་བཅུད། ༥ བ༽ པ། དེའི་དམིགས་གནད་གལ་མདོ། ༢ མ༽ པ། ཚེ་སྒྲུབ་དབང་བཤད་ལྷན་ཐབས། ༦ ཙ༽ པ། ཡུམ་ཀའི་ལོ་རྒྱུས། ༡ ཚ༽ པ། ཡུམ་ཀའི་དབང་ཆོག ༢ ཛ༽ པ། རྩ་སྒྲུབ་བདེ་ཆེན་དཔལ་ཕྲེང༌། ༡༠ ཝ༽ པ། དེའི་རྩ་བའི་བསྙེན་ཡིག ༤ ཞ༽ པ། དེའི་དོགས་སེལ་ལུས་དཀྱིལ། ༦ ཟ༽ པ། ཡུམ་ཀའི་བདག་འཇུག་དབང་དོན་རབ་གསལ། ༤ འ༽ པ། མེ་མཆོད་ལས་བཞིའི་བང་མཛོད། ༥ ཡ༽ པ། སྐུ་གསུམ་བདུད་རྩིའི་བཅུད་ལེན། ༢ ར༽ པ། ནང་སྒྲུབ་བདེ་ཆེན་གཏེར་བུམ། ༡༣ ལ༽ པ། སྒྲོལ་མ་མཎྜལ་བཞི་ཆོག་ཀླུ་དབང་དགོངས་རྒྱན། ༡༧ ཤ༽ པ། མཁའ་འགྲོའི་བསུན་བཟློག་ངོ་མཚར་སྣང་བ། ༡༠ ས༽ པ། དེའི་གྲངས་གསོག་ཉེར་བསྡུ་དང༌། ༡ སྐོང་བཤགས་ཀྱི་འཛུད། ༡ ཧ༽ པ། དཔའ་བོ་དཔའ་མོའི་བསུན་བཟློག ༢ ཨ༽ པ། ཚེ་དབང་གི་མཚམས་སྦྱོར། ༨ ཀི༽ པ། གཡང་ཆོག་གཏེར་བུམ་སྒྲུབ་པའི་ལྷན་ཐབས་དང༌། བསེ་རགས་རྫོང་ཐབས། ༨ ཀུ༽ པ། རིགས་བདག་གི་སྒྲུབ་ཐབས་བདེ་བ་ཅན་གྱི་ཆོ་ག་གཞན་ཕན་གྱི་ཕྲིན་ལས་དང་བཅས་པ། ༡༧ ཀེ༽ པ། བདེ་བ་ཅན་གྱི་བཀོད་སྨོན། ༣ ཀོ༽ པ། སྒྲིབ་སྦྱོང་གནས་ལུང་གི་ཆོ་ག་དག་བྱེད་གཏེར་བུམ། ༧ ཁི༽ པ། དུག་དབྱུང་བྱབས་བཀྲུས་ལྷན་ཐབས། ༢ ཁུ༽ པ། བླ་བསླུ་སྲོག་འཚོའི་ལྗོན་པ། ༩ ཁེ༽ པ། སེང་གདོང་དབང་ཆོག་བྱིན་རླབས་ཆུན་པོ། ༢ ཁོ༽ པ། གསོལ་འདེབས་བྱིན་རླབས་ཆར་འབེབས། ༡ གི༽ པ། གསང་སྒྲུབ་སེང་གདོང་མའི་སྒྲུབ་ཐབས་ལས་བྱང༌། ༨ གུ༽ པ། དེའི་བསྙེན་ཡིག ༤ གེ༽ པ། སྲུང་བཟློག་བྱད་མ་སྟོབས་འཇོམས། ༢ གོ༽ པ། བྱད་འགྲོལ་གནམ་ལྕགས་འཁོར་ལོ། ༦ ངི༽ པ། གཏོར་བཟློག་བྱད་གདོན་གཡུལ་འཇོམས། ༡༢ དུ༽ པ། བཅའ་གཞི་གནད་ཀྱི་ཡིག་ཆུང༌། ༢ ངེ༽ པ། ཕྲིན་ལས་གཞན་ཕན་འཁོར་ལོ། ༡ ངོ༽ པ། སྤྱི་ཆིངས་དཔལ་ཆེན་ཞལ་ལུང༌། ༦ ཅི༽ པ། དཔལ་ཆེན་བརྒྱུད་པའི་གསོལ་འདེབས། ༡ ཅུ༽ པ། ཐུགས་སྒྲུབ་དྲག་པོ་དཔལ་ཆེན་འདུས་པ། ༡༨ ཅེ༽ པ། དེའི་བསྙེན་ཡིག ༦ ཅོ༽ པ། གཤིན་རྗེ་འཆི་བདག་ཟིལ་གནོན། ༦ ཆི༽ པ། རྟ་མགྲིན་ཁམས་གསུམ་རོལ་པ། ༤ ཆུ༽ པ། ཡང་དག་སངས་རྒྱས་མཉམ་སྦྱོར། ༥ ཆེ༽ པ། ཕུར་པ་བདུད་དཔུང་ཟིལ་གནོན། ༩ ཆོ༽ པ། དཔལ་ཆེན་ཕྱག་རྒྱ་རྒྱས་པ་ ༥ བཅས་ཆོས་སྡེ་ལྔ་བཅུ་ང་བཞི་ལ་འབོར་ལྡེབས་གྲངས་ ༣༩༡ བཅས་བཞུགས་པ་དགེ་ལེགས་འཕེལ། ༈ ཨོཾ་སྭ་སྟི། པུསྟི་གཉིས་པ། ཨཱཿཅན་གྱི་ཚན་གྲངས། ཇི་པ། ཁྲག་འཐུང་རིགས་བཞིའི་སྒོས་དབང༌། ༥ ཇུ༽ པ། སྒྲུབ་ཁོག་རིན་ཆེན་ཟ་མ་ཏོག ༡༣ ཇེ༽ པ། རིགས་བཞིའི་བསྙེན་བྱང༌། ༣ ཇོ༽ པ། བདག་འཇུག་དབང་དོན་རྒྱ་མཚོ། ༡༡ ཉི༽ པ། རོལ་པ་ཆེན་པོའི་གཏོར་བཟློག ༤༤ ཉུ༽ པ། གཟེར་ཁ་ཟབ་མོ་གུད་དུ་སྦས་པ། ༩ ཉེ༽ པ། སྲུང་བཟློག་འཁོར་ལོའི་ཞལ་ཤེས། ༤ ཉོ༽ པ། ཆེ་མཆོག་བདུད་འཁྱིལ་འདུས་འཁོར། ༡༢ ཏི༽ པ། སྨན་སྒྲུབ་ལག་ལེན་ཟིན་ཐོ། ༤ ཏུ༽ པ། བསྐྱེད་རིམ་འོག་མིན་བགྲོད་པའི་ཐེམ་སྐས། ༢༦ ཏེ༽ པ། ཞི་དྲག་སྦྱིན་སྲེག ༧ ཏོ༽ པ། ལས་བཞི་མཆོག་ལྔའི་སྦྱིན་སྲེག ༢༩ ཏམ༽ པ། སྐོང་བཤགས་རྡོ་རྗེའི་ཐོལ་གླུ། ༨ ཐི༽ པ། གསང་སྒྲུབ་སྡུག་བསྔལ་རང་གྲོལ། ༥ ཐུ༽ པ། དེའི་དཀའ་འགྲེལ་དབྱར་རྔ། ༩ ཐེ༽ པ། བདག་འཇུག་དབང་དོན་གསལ་བ། ༣ ཐོ༽ པ། པྲ་ཁྲིད་དམར་བྱང༌། ༩ དི༽ པ། གསོལ་འདེབས་ཞལ་མཐོང་མ། ༣ དུ༽ པ། དེ་ཉིད་ཁྲོ་སྒྲུབ་རྟ་མགྲིན་འདུས་པ། ༢ དེ༽ པ། ཡང་གསང་བླ་སྒྲུབ་ཐོག་མཐའ་ཆོག་བསྒྲིགས་ཅན། ༡༠ དོ༽ པ། བླ་མ་དྲག་པོ་རྟ་ཁྱུང་འབར་བ། ༣ ནི༽ པ། དེའི་དབང་དང་བསྙེན་པའི་གནད་ཡིག ༢ ནུ༽ པ། ཀླུའི་གདོན་འགྲོལ། ༨ ནེ༽ པ། གཞི་འབྲས་སྨོན་ལམ། ༢ ནོ༽ པ། སྐུ་གསུམ་ཞིང་སྦྱོང་སྨོན་ལམ། ༣ པི༽ པ། བར་དོའི་སྨོན་ལམ། ༦ པུ༽ པ། བདེན་ཚིག་གྲུབ་པའི་པྲ་ཎི་དྷ་ན། ༢ པེ༽ པ། སྲོག་འཁོར་དཔལ་གྱི་གདུ་བུ། ༦ པོ༽ པ། ཞི་ཁྲོ་ཆོག་བསྒྲིགས་ཁྲོམ་དཀྲུགས་གསལ་རྒྱན། ༣༢ ཕི༽ པ། དེའི་ཞི་དཔྱོད་ལྷན་ཐབས། ༣ ཕུ༽ པ། ཡང་ཡིག་དཀའ་གནད་རྒྱ་འགྲོལ། ༤ ཕེ༽ པ། ལྷ་དབང་གི་བཀོད་བྱང་དང༌། ཉམས་ཆགས་སྐོང་བའི་མན་ངག ༢ ཕོ༽ པ། མཆོད་ཕྲེང་དྲི་ཟའི་རྒྱུད་མང༌། ༤ བི༽ པ། ཚེ་འདས་ཕན་གདགས་ཆོ་ག་གཞན་ཕན་ཐུགས་དྲྭ། ༩ བུ༽ པ། བསྲེག་སྦྱོང་གི་སྒྲིབ་གཉིས་རྣམ་གྲོལ། ༩ བེ༽ པ། བཀའ་སྲུང་མགོན་པོ་ལྕམ་དྲལ། ༡༣ བོ༽ པ། ལྕམ་དྲལ་གསུམ་གྱི་སྲོག་གཏད། ༣ མི༽ པ། ལྕམ་དྲལ་སྒྲུབ་པའི་གནད་ཡིག ༣ མུ༽ པ། མདོས་སྐོང་སྲིད་པ་གཞིར་བཞེངས། ༢ མེ༽ པ། མཁའ་འགྲོའི་འཁྲུགས་སྐོང༌། ༤ མོ༽ པ། གཡུལ་མདོས་བདུད་དཔུང་ཟིལ་གནོན། ༢༥ ཙི༽ པ། དེའི་སོགས་ཀྱི་ཡིག་ཆུང༌། ༤ ཙུ༽ པ། གཟའ་རྒོད་སྲོག་གི་སྤུ་གྲི་དང༌། བསྐུལ་བྱང་དུག་རླངས་འཚུབ་མ༌། ༢ ཙེ༽ པ། ཚེ་རིང་མའི་སྲོག་གཏད། ༦ ཙོ༽ པ། མཆོད་ཕྲིན་དཔག་བསམ་ཡོངས་འདུ། ༤ ཚི༽ པ། གབ་ཡིག་དོན་ཡོད་ཞགས་པ། ༥ ཚུ༽ པ། དེའི་ཡང་ཡིག་ཆིག་བརྒྱུད་མ། ༡ ཚེ༽ པ། གཡང་འགུགས། ༡ ཚོ༽ པ། གཏལ་དཀར་མའི་ཕྱུགས་གཏའ། ༢ ཛི༽ པ། རྒྱུད་མགོན་ལེགས་ལྡན་ཚོགས་བདག་སྐོང་བ། ༩ ཛུ༽ པ། མགོན་པོ་ལེགས་ལྡན་གྱི་སྐོང་བ་རྒྱུན་ཁྱེར། ༢ བཅས་ཆོས་སྡེ་ལྔ་བཅུ་བཞུགས་པ་འབོར་ལྡེབ་གྲངས་ ༣༩༧ ཡོད་པ་དགེ་ལེགས་འཕེལ། ༈ ཨོཾ་སྭ་སྟི། པུསྟི་ཀ་གསུམ་པ། ཧཱུྃ་ཅན་གྱི་ཚན་གྲངས། གསང་དབང་གི་ལམ་ཁྱེར་སྐོར། ཛེ༽ པ། འཕོ་བ་མ་བསྒོམས་སངས་རྒྱས། ༢ ཛོ༽ པ། འཕོ་བའི་ངོ་སྤྲོད་ཉུང་ངུ༌། ༣ ཝི༽ པ། བདེ་སྟོང་རླུང་གི་རྫོགས་རིམ་དང༌། དེའི་ཞལ་ཤེས། ༥ ཝུ༽ པ། གཏུམ་མོའི་འབར་འཛག་ཡིག་ཆུང༌། ༢ ཝེ༽ པ། ཐབས་ལམ་མ་བསྒོམས་སངས་རྒྱས་འཁྲུལ་འཁོར། ༦ ཝོ༽ པ། འཁྲུལ་འཁོར་ལག་ཁྲིད། ༨ ཞི༽ པ། གཏུམ་མོའི་གསོལ་འདེབས་རྡོ་རྗེའི་ཚིག་རྐང༌། ༡ ཞུ༽ པ། གཅོད་ཡུལ་མཁའ་འགྲོའི་གད་རྒྱང༌། ༨ ཞེ༽ པ། དེའི་ཡིག་ཆུང་ཕྱིན་དྲུག་ལང་ཚོ། ༣ ཞོ༽ པ། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་རྒྱུད་ལེའུ་ལྔ་པ། ༡༢ ཟི༽ པ། དེའི་མན་ངག་གི་རྒྱུད་ཕྱི་མ། ༥ ཟུ༽ པ། ལུང་ཀུན་ཏུ་བཟང་པོའི་དགོངས་ཉམས། ༥ ཟེ༽ པ། མན་ངག་གི་ཡེ་ཤེས་གནད་གསུམ་ཤན་འབྱེད། ༣ ཟོ༽ པ། བློ་སྦྱོང་གི་ཁྲིད་ཡིག་ཐར་པའི་ཐེམ་སྐས། ༥༥ འི༽ པ། ཐུན་མོང་སྔོན་ཁྲིད་ལག་ལེན་འདེབས་ལུགས། ༡༧ འུ༽ པ། ཐུན་མིན་ཁྲིད་ཡིག་དྲན་པ་ཉེར་བཞག ༡༧ འེ༽ པ། ཁྱད་པར་ཁྲིད་ཡིག་ཡེ་ཤེས་བླ་མ། ༨༣ འོ༽ པ། རྒྱབ་ཆོས་སྐོར་ལ་དབང་གི་ངེས་འབྱེད་དང་རྣལ་འབྱོར་གྱི་རིམ་པ་སྟོན་པ་པདྨ་དཀར་པོ། ༢༧ ཡི༽ པ། རྩ་བ་རྡོ་རྗེའི་ཚིག་རྐང༌། ༢ ཡུ༽ པ། དེའི་དོན་འགྲེལ་ཀུན་མཁྱེན་ཞལ་ལུང༌། ༡༤ ཡེ༽ པ། གོལ་ཤོར་ཚར་གཅོད་སེང་གེའི་ང་རོ། ༡༠ ཡོ༽ པ། རྫོགས་ཆེན་གནས་ལུགས་གཅེར་མཐོང༌། ༤ རི༽ པ། རི་ཆོས་ཞལ་གདམས་ངོ་མཚར་རྒྱ་མཚོ། ༨ རུ༽ པ། གཏོར་མའི་ཟིན་བྲིས་ ༣ བཅས་རྩ་བའི་ཆོས་སྐོར་དང༌། དེའི་རྗེས་འབྲངས་ཉེར་མཁོ་ཐོར་བུའི་སྐོར་ལ། རེ༽ པ། ཐང་སྟོང་རྒྱལ་པོའི་ཞལ་གདམས་ཀོ་གྲུའི་འཇིགས་སྐྱོབ། ༣ རོ༽ པ། མདོ་སྔགས་ཟུང་འཇུག་སྤྱོད་ཡུལ་ལམ་ཁྱེར། ༨ ལི༽ པ། བདག་ཉིད་ཆེན་པོ་བཻ་རོའི་སྒྲུབ་ཐབས། ༥ རིག་འཛིན་འཇིགས་མེད་གླིང་པ་ལ་བརྟེན་པའི་བླ་མའི་རྣལ་འབྱོར། རྒྱལ་གདོན་ཞི་བའི་བསྒོམ་བཟླས། བསྙེན་གནས་ཀྱི་ཆོ་ག་བྱ་རྒྱུད་བདེ་ལམ་རྣམས་ཏེ་ལེ་ཚན་བཞི། ལུ༽ པ། ཚེས་བཅུའི་གསོལ་འདེབས། གུ་རུའི་གསོལ་འདེབས། ༤ ལེ༽ པ། ཐུན་མོང་དང་ཐུན་མིན་ངག་འདོན་སྐོར། ཀུན་མཁྱེན་ལུགས་ཀྱི་ཆུ་གཏོར་བརྒྱ་རྩའི་ལྷན་ཐབས་དང་འབྲེལ་བའི་སྤུངས་གཏོར་ཁྱེར་བདེ། དཀར་གསུར། དམར་གསུར། གསོན་གཤིན་བསྔོ་བ། དུས་མཐར་གདབ་པའི་སྨོན་ལམ་བཅས་ ༡༨ ལེ་ཚན་བརྒྱད། ལོ༽ པ། མཆོད་ཕྲེང་ཀུན་རྒྱུ་དང་ཨརྒ་སྤོ་ཆོག ༢ ཨོ༽ པ། རབ་གནས་ཀྱི་ཆོ་ག་བཀྲ་ཤིས་འདོད་འཇོ། ༢༥ བཅས་སྤྱིར་ཆོས་ཚན་བརྒྱ་དང་སོ་དྲུག་ལ་ནང་གསེས་སུ་བརྒྱ་དང་ལྔ་བཅུ་ང་བདུན་བཞུགས་ལ་པུསྟི་ཕྱི་མའི་ཆོས་སྡེའི་རྣམ་གྲངས་སོ་གཅིག་ལ་ལྡེབ་གྲངས་ ༣༦༧ ཡོད་ཅིང་སྤྱི་འབོར་ཆིག་སྟོང་གཅིག་བརྒྱ་སུམ་ཅུ་སོ་ལྔ་བཞུགས། ཀློང་ཆེན་སྙིང་ཐིག་ཁ་སྐོང་རྡོར་སེམས་མངོན་དགའི་རྩ་དབང༌། ཚེ་དབང༌། སྨན་སྒྲུབ་ཀྱི་དབང་དང༌། ལུང་ཡོངས་རྫོགས། ཇོ་ལུགས་སྒྲོལ་དཀར་གྱི་དབང་ལུང༌། གཉིས་ཀ་འཇམ་དབྱངས་མཁྱེན་བརྩེའི་མདུན་ནས་ཨ་འཛོམ་འབྲུག་པ་དང༌། ཉག་བླ་ཨ་སྟོབས་ཐུབ་བསྟན་རྒྱལ་མཚན་འོད་ཟེར་གཉིས་ཀྱིས་གསན། དེ་གཉིས་ཀ་ལས་འཇམ་དབྱངས་བླ་མ་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་གསན་ཏེ་བདག་ལ་བཀའ་དྲིན་ཐོབ་པའོ། ༈ རྩ་པོད་ཡོངས་རྫོགས་ཀྱི་དབང་ཁྲིད་ལུང་བཅས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ཨ་འཛོམ་འབྲུག་པ་འོད་གསལ་སྣ་ཚོགས་རང་གྲོལ། ཀུན་གཟིགས་འཇམ་དབྱངས་བླ་མ་ཆོས་ཀྱི་བློ་གྲོས་མཆོག་གིས་དགྱེས་བཞིན་བསྩལ་བའོ། །ཡང་ན་རྫོགས་ཆེན་མཁན་རིན་པོ་ཆེ་པདྨ་དམ་ཆོས་འོད་ཟེར་རམ་པདྨ་རྡོ་རྗེ། མཁན་ཆེན་དཀོན་མཆོག་གྲགས་པའམ་འཇིགས་མེད་པདྨ་བློ་གསལ་ལས་བཀའ་དྲིན་ཐོབ་པའོ། །མཁན་ཆེན་པདྨ་བློ་གསལ་གྱིས་མཁྱེན་བརྩེའི་དབང་པོ་ལས་ཀྱང་གསན་སྙམ་ཡོད། ཡང་རིག་འཛིན་འདུས་པ། ཕུར་པ་བདུད་དཔུང་ཟིལ་གནོན་ཡུམ་ཀ་བཅས་རྩ་བ་གསུམ་གྱི་དབང༌། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། འཇམ་མགོན་བློ་གྲོས་མཐའ་ཡས། གཉིས་ཀ་ལས་ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ་འགྱུར་མེད་པདྨ་རྣམ་རྒྱལ་ལས་བཀའ་དྲིན་དུ་ཐོབ་པའོ།། །། ༈ ན་མོ་གུ་རུ་ཨ་བྷཱ་ཡ་དྭཱི་པ་ཡེ། ཀུན་མཁྱེན་གྲུབ་པའི་དབང་ཕྱུག་རང་བྱུང་རྡོ་རྗེ་འཇིགས་མེད་གླིང་པའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ཆེན་པོའི་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་རྩ་བ་རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་མངོན་དགའི་ཞིང་སྦྱོང་ཀུན་མཁྱེན་འཇིགས་མེད་གླིང་པའི་དགོངས་གཏེར་ལ་དབང་དང་སྒྲུབ་ཐབས་ལས་ཚོགས་བཅས་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་པོ་ལ་སླར་ཡང་དག་སྣང་ཉེ་བརྒྱུད་དུ་བཀའ་བབ་བརྙེས་པའི་རྩ་བའི་སྨིན་བྱེད་རིགས་ཀུན་གྱི་ཁྱབ་བདག་ཚུལ་དུ་དབང་གི་སྒོ་ཕྱེས་ནས། ཡན་ལག་རིལ་བུའི་དབང༌། བདུད་རྩི་སྨན་དབང༌། ཚེ་ཡི་དབང་བཅས་རྒྱས་པར་དང་ལུང་བཅས་ཐོབ་པ་དེའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རིགས་ལྔ། རྡོར་སེམས། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སེང་ཧ། ཛྙཱ་ན་སཱུ་ཏྲ། བི་མ་མི་ཏྲ། ཨོ་རྒྱན་ཐོད་ཕྲེང༌། མངའ་བདག་ཁྲི་སྲོང༌། བཻ་རོ་ཙ་ན། ཡེ་ཤེས་མཚོ་རྒྱལ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས། རིག་འཛིན་འཇིགས་མེད་གླིང་པའི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་སྟེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་དག་སྣང་གི་ཆོས་སྡེ། ཨ་འཛོམ་འབྲུག་པ་སྣ་ཚོགས་རང་གྲོལ། དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་ལས་བཀའ་དྲིན་དུ་ཐོབ་པའོ། །ཡང་ན་ཀུན་གཟིགས་མཁྱེན་བརྩེའི་དབང་པོ། ཉག་བླ་ཨ་སྟོབས་སམ་མཁན་ཆེན་ཐུབ་བསྟན་རྒྱལ་མཚན་འོད་ཟེར་ལས་འཇམ་མགོན་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་གསན་གསུངས། ཡང་ན་རྗེ་མཁྱེན་བརྩེའི་དབང་པོ། དགེ་མང་དབོན་པོ་ཨོ་རྒྱན་བསྟན་འཛིན་ནོར་བུ། མཁན་པོ་ཐེག་མཆོག་གམ་འཇམ་དབྱངས་བསྟན་འཛིན་ལས་དབང་ཐམས་ཅད་དང་ལུང་བཅས་བཀའ་དྲིན་དུ་ཐོབ་པའོ། ༈ །རྒྱུད་སྡེ་ན་རཀ་དོང་སྤྲུགས་ཀྱི་དགོངས་པ་དང་འབྲེལ་ཆེ་བས་བཀའ་གཏེར་ཟུང་འཇུག་ཞི་ཁྲོ་ཁྲོམ་དཀྲུགས་ངན་སོང་སྦྱོང་བ་དབང་གི་སྤྱི་དོན་སྙིང་པོ་དོན་གསལ་ལྟར་སྟ་གོན་སྔོན་དུ་འགྲོ་བས། དངོས་གཞི་ཕྱི་ཕན་པ་ཐུན་མོང་རིག་པའི་དབང་ལྔ། དམ་ཚིག་གསུམ་སྦྱིན་པ་དང༌། ནང་སྐུ་གསུང་ཐུགས་ནུས་པ་འཇུག་པའི་བྱིན་རླབས། གསང་བ་ཟབ་མོའི་དབང་གསུམ། མཐའ་རྟེན་གཏད་རྒྱ་དང་བཅས་པ་ནི་ཀུན་མཁྱེན་འཇིགས་གླིང༌། འཇིགས་མེད་རྒྱལ་བའི་མྱུ་གུ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཞེས་འདྲེན་ཀྱང་རུང་བ་དང༌། ནང་སྒྲུབ་བླ་མ་རིག་འཛིན་འདུས་པའི་རྩ་དབང་རྒྱལ་ཐབས་སྤྱི་བླུགས་ལ། ཕྱི་ནང་གི་འཇུག་པ། སྡོམ་བཟུང་གཉིས། རྡོ་རྗེ་སློབ་མའི་དབང་ལྔ་སོགས་མན་ངག་གིས་ཁ་སྐོང་ནི། ནང་ནུས་པ་འཇུག་པ་ལ་ལྷ་དབང་པདྨ་རཱ་གའི་ཕྲེང་བ་དང༌། མཐའ་རྟེན་གཏོར་དབང་བཅས་རྩ་བའི་ཆོས་བདག་རྡོ་གྲུབ་རིན་པོ་ཆེ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱི་གསུང་ལྟར་དང༌། རྫོགས་ཆེན་མཁན་རིན་པོ་པདྨ་བློ་གསལ་དང༌། ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེ་པདྨ་ཡེ་ཤེས་རྡོ་རྗེ་བཅས་ལས་བཀའ་དྲིན་དུ་ཐོབ་པའོ། །རྩ་དབང་རྒྱལ་ཐབས་སྤྱི་བླུགས་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་མཚམས་སྦྱོར་ལྟར་ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ་དང༌། འཇམ་མགོན་བླ་མ་པདྨ་ཡེ་ཤེས་རྡོ་རྗེའམ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་ལས་ལན་གཉིས་བཀའ་དྲིན་དུ་ཐོབ་པ་དང༌། ཡང་ན་མཁན་པདྨ་རྡོ་རྗེ། རྫོགས་ཆེན་མཁན་རིན་པོ་ཆེ་བསོད་ནམས་ཆོས་འཕེལ་ལས་བཀའ་དྲིན་ཐོབ་པའོ། །སྤྱིར་ཀུན་མཁྱེན་འཇིགས་མེད་གླིང་པས་རྒྱུད་དོན་གཟིགས་པའི་ཕྱག་བཞེས་ལྟར་ཐོག་མའི་ཆོས་ཀྱི་སྒོ་འབྱེད་ལ་ཞི་ཁྲོ་དང་དཔལ་ཆེན་གང་རུང་གི་དབང་ཆེན་གྱིས་ཆོས་ཀྱི་སྒོ་འབྱེད་ནས། རིག་འདུས་སོགས་ནུས་དབང་གཙོ་བོར་བཏོན་པ་རིམ་གྱིས་བསྒྱུར་དགོས་པ་དབང་གི་སྤྱི་དོན་སྙིང་པོ་དོན་གསལ་དུ་གསུངས་པ་བཞིན་ཆོས་འདིའི་རྩ་བ་བླ་མའི་ཐུགས་སྒྲུབ་ཡིན་པས། རིག་འདུས་ལས་ནང་དབང་སོགས་མན་ངག་གིས་ཁ་བསྐང་བ་གྲུབ་ཆེན་རིན་པོ་ཆེའི་ཡིག་ཆའི་ལུགས་ལྟར་སྦྱར་ན་ཐོག་མའི་སྨིན་བྱེད་ཀྱི་སྒོ་འབྱེད་རུང་བའི་གནད་ཀྱང་གཅིག་པར་དགོངས་ནས་ཕྱིས་ཀྱི་བརྒྱུད་པ་ཕལ་མོ་ཆེའི་རིག་འཛིན་འདུས་པའི་དབང་རྒྱས་པས་ཆོས་སྒོ་ཕྱེ་མཛད་པའང་ཞར་ལ་འཕྲོས་པའོ། །རིག་འཛིན་འདུས་པའི་ཚེ་སྒྲུབ་བདུད་རྩིའི*བུམ་བཅུད་ལ་གྲུབ་ཆེན་རིན་པོ་ཆེའི་མཚམས་སྦྱོར་དོན་གཉིས་ལྷུན་གྲུབ་ཡིད་བཞིན་དབང་གི་རྒྱལ་པོ་དང༌། ཀུན་མཁྱེན་འཇིགས་གླིང་གི་གསུང་གཉིས་ཀའི་སྟེང་ནས་མཁྱེན་བརྩེ་རིན་པོ་ཆེ་དྷརྨ་མ་ཏི་དང༌། མཁན་ཆེན་འཇིགས་མེད་པདྨ་བློ་གསལ་ལས་བཀའ་དྲིན་དུ་ཐོབ། བླ་མ་དྲག་པོ་རྟ་ཁྱུང་འབར་བའི་དབང་རྡོ་གྲུབ་རིན་པོ་ཆེ་འཇིགས་མེད་ཕྲིན་ལས་འོད་ཟེར་གསུང་ལྟར་མཁན་རིན་པོ་ཆེ་འཇིགས་མེད་པདྨ་བློ་གསལ་དང༌། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་གསུང་རྡོ་རྗེའི་དོ་ཤལ་དང༌། མཁྱེན་བརྩེ་རིན་པོ་ཆེའི་གསུང་གཏོར་དབང་བཅས་འཇམ་དབྱངས་བླ་མ་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་ལས་ཐོབ། ཡི་དམ་བླ་མ་དྲག་མཐིང་བཀའ་བརྒྱད་དབྱེར་མེད་ཆིག་སྒྲུབ་དཔལ་ཆེན་འདུས་པའི་བདག་འཇུག་དབང་དོན་རྒྱ་མཚོ་དང་དབང་གི་སྤྱི་དོན་སྙིང་པོ་དོན་གསལ་དགོངས་པ་གུང་བསྡེབས་ཀྱི་སྟ་གོན་སྔོན་འགྲོ་དང་དབང་དངོས་སྔོན་འགྲོ་ཕྱི་ནང་གི་འཇུག་པ། ཐུན་མོང་རིགས་པའི་དབང་ལྔ། ནུས་འཇུག །ཟབ་དབང་གསུམ་བཅས་དབང་བཞི་ཡོངས་རྫོགས་ཞིབ་རྒྱས་དང༌། སྒོས་བཀའ་གཤིན་རྗེ་འཆི་བདག་ཟིལ་གནོན། རྟ་མགྲིན་ཁམས་གསུམ་རོལ་པ། ཡང་དག་སངས་རྒྱས་མཉམ་སྦྱོར། ཕུར་པ་བདུད་དཔུང་ཟིལ་གནོན། ཕུར་པ་བདུད་དཔུང་ཟིལ་གནོན་འདི་ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེ་ཆོས་ཀྱི་བློ་གྲོས་ལས་དབང་གི་ཐོག་མ་ཞེ་ཆེན་རི་ཁྲོད་ནས་ལན་གཅིག་ཐོབ་པའོ། །རྣམས་རང་རང་གི་སྒོས་དབང་ཀྱི་ཁྱད་ཆོས་དམིགས་གསལ་སྦྱར་ཞིང་དཔལ་ཆེན་འདུས་པའི་བདག་འཇུག་དབང་དོན་རྒྱ་མཚོའི་གཞུང་བསྲང་གིས་རྒྱས་པ་སོ་སོར་ཐོབ། གསང་སྒྲུབ་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་དབང་ཆེན་རྡོ་གྲུབ་རིན་པོ་ཆེའི་གསུང་འོད་དཀར་མཐའ་ཡས་ལ། བསྐལ་བཟང་སངས་རྒྱས་སྟོང་དབང་ཉི་གྲགས་ཐུགས་རྗེ་ཆེན་པོ་སངས་རྒྱས་སྟོང་དབང་དུ་སྦྱར་བ་རྫོགས་ཆེན་མཁན་རིན་པོ་ཆེ་འཇིགས་མེད་པདྨ་བློ་གསལ་ལས་ནོས། རཏ་གླིང་ཐུགས་རྗེ་གསང་འདུས་ལྟར་སྦྱར་བ་ཀུན་མཁྱེན་བླ་མ་དྷརྨ་མ་ཏི་ལས་བཀའ་དྲིན་ཐོབ་པ་ནི་འཕགས་མཆོག་སེམས་ཉིད་ངལ་གསོ་དངོས་བྱོན་ཀུན་མཁྱེན་འཇིགས་མེད་གླིང་པ་ལས། འབྲེལ་ཚད་དོན་ལྡན་གྱི་སེམས་དཔའ་འཇིགས་མེད་རྒྱལ་བའི་མྱུ་གུ། བྱང་ཆུབ་སེམས་ཀྱི་མངའ་བདག་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཞེས་འདྲེན་ཀྱང་རུང་གསུངས། ཡང་གསང་བླ་སྒྲུབ་ཐིག་ལེའི་རྒྱ་ཅན་གྱི་རྩ་བའི་དབང་བཞི་བཀའ་གཏད་བཅས་དང༌། མྱོང་གྲོལ་རིལ་དབང་མཁན་རིན་པོ་ཆེ་པདྨ་བློ་གསལ་ལས་ནོས། རྡོར་སེམས་མངོན་དགའི་ཞིང་སྦྱོང་ལྟར་དང༌། བཏགས་གྲོལ་རིག་འཛིན་སྲོག་འཁོར་དཔལ་གྱི་གདུ་བུའི་དབང་བཅས་ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེ་དག་སྣང་ལྟར་མཁན་ཆེན་འཇིགས་མེད་པདྨ་བློ་གསལ་ལས་བཀའ་དྲིན་ཐོབ་པ་ནི་ཀུན་མཁྱེན་འཇིགས་བྲལ་གླིང་པ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། མཁན་རིན་པོ་ཆེ་པདྨ་བློ་གསལ་ལའོ། །ཡང་ན་འཇམ་མགོན་མཁྱེན་བརྩེ་རིན་པོ་ལས། འབྲུག་པ་རིན་པོ་ཆེ་སྣ་ཚོགས་རང་གྲོལ་དང་རྡོ་གྲུབ་མཆོག་སྤྲུལ་འཇིགས་མེད་བསྟན་པའི་ཉི་མ་རྣམ་པ་གཉིས་ཀས་གསན། དེ་གཉིས་ཀ་ལས་འཇམ་པའི་རྡོ་རྗེ་ཆོས་ཀྱི་བློ་གྲོས་མཆོག་གི་གསན་པ་ལས་ལན་གཉིས་བཀའ་དྲིན་གྱི་དཔྱིད་དཔལ་དུ་སྨིན་པའོ། །ཡུམ་བཀའ་བདེ་ཆེན་རྒྱལ་མོའི་ཡེ་ཤེས་སེམས་དཔའ་རྣལ་འབྱོར་མའི་བྱིན་རླབས། ནང་སྒྲུབ་རྗེ་བཙུན་སྒྲོལ་མའི་རྗེས་གནང༌། རྡོ་རྗེ་ཕག་མོའི་དབང་བཞི་བཅས་དབང་ཆོག་གཅིག་གིས་རྫོགས་པའི་མཚམས་སྦྱོར་བདེ་ཆེན་བཅུད་འབེབས་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་གསུང་ལྟར་ཐོབ་པའང་རྗེ་མཁྱེན་བརྩེའི་དབང་པོ་ལས། འབྲུག་པ་སྣ་ཚོགས་རང་གྲོལ། འཇམ་མགོན་བླ་མ་པདྨ་ཡེ་ཤེས་རྡོ་རྗེ་ལས་ལན་གཉིས་བཀའ་དྲིན་ཐོབ། ཡང་ན་མཁྱེན་བརྩེ་རིན་པོ་ཆེ། འཇུ་དབོན་འཇིགས་མེད་རྡོ་རྗེ། ཞེ་ཆེན་རྒྱལ་ཚབ་རྡོ་རྗེ་འཆང་པདྨ་བི་ཛ་འམ་པདྨ་དགྱེས་པ་ལས་བཀའ་དྲིན་ཐོབ། ཀུན་གཟིགས་མཁྱེན་བརྩེའི་དབང་པོ་ལས་རྒྱལ་ཚབ་རིན་པོ་ཆེའི་རིག་འཛིན་འདུས་པའི་དབང་རྒྱས་པ་གསན་ནས། སྙིང་ཐིག་གི་དབང་ལུང་ཡོངས་རྫོགས་ངོས་ནས་འཇུ་དབོན་འཇིགས་མེད་རྡོ་རྗེ་ལ་བསྐུར་ཡོད་པ་དེ་ལས་ཞུས། བརྒྱུད་པ་ཁོ་བོ་ལ་བགྲང་བས་ཆོག་གསུང༌། ཡང་ན་མཁན་ཆེན་འཇིགས་མེད་པདྨ་བློ་གསལ་ལས་བཀའ་དྲིན་དུ་ཐོབ་པའོ། །ཡུམ་བཀའི་གསང་སྒྲུབ་སེང་གདོང་མའི་དབང༌། ཡུམ་བཀའི་རིགས་བདག་བདེ་ཆེན་ཞིང་སྦྱོང་ཆོ་ག་དཔག་མེད་མྱུར་ལམ་གྱི་དབང་རྡོ་གྲུབ་གསུང་དང༌། མཁྱེན་བརྩེ་རིན་པོ་ཆེའི་གསུང་ཚེ་དབང་ཁོལ་ཕྱུང་བཅས་མཁན་ཆེན་པདྨ་བློ་གསལ་ཞབས་དང༌། མཁྱེན་བརྩེ་རྡོ་རྗེ་འཆང་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་གཉིས་ཀ་ལས་བཀའ་དྲིན་ཐོབ། ཇོ་ལུགས་སྒྲོལ་དཀར་སྙིང་ཐིག་ཁ་སྐོང་དུ་གྲགས་པའི་དབང་ནི་རྗེ་བཙུན་སྒྲོལ་མས་ཀུན་མཁྱེན་ཆེན་པོ་འཇིགས་མེད་གླིང་པར་ཉེ་བརྒྱུད་དུ་བྱོན་པ་བཀའ་གཏེར་དག་སྣང་སུམ་འདྲེས་ནི། རྗེ་བཙུན་སྒྲོལ་མ་ཡིད་བཞིན་འཁོར་ལོ། ཀུན་མཁྱེན་འཇིགས་མེད་གླིང་པ། རྗེ་བཙུན་ཛྙཱ་ན་ཏཱ་ར་དཱི་པཾ་སྟེ་ཡེ་ཤེས་ཆོས་སྒྲོན། ཞབས་དྲུང་བསྟན་འཛིན་རྡོ་རྗེ། ལྕགས་ཟམ་སྤྲུལ་པའི་སྐུ་བསྟན་འཛིན་མཁྱེན་རབ་མཐུ་སྟོབས། འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོ། ཨ་འཛོམ་འབྲུག་པ་སྣ་ཚོགས་རང་གྲོལ། མཁྱེན་བརྩེའི་མངའ་བདག་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་ལས་བཀའ་དྲིན་ཐོབ། ཡང་ན་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས། དབོན་ཨོ་རྒྱན་བསྟན་འཛིན་ནོར་བུ། དགེ་མང་མཁན་རིན་པོ་ཆེ་འཇམ་དབྱངས་བསྟན་འཛིན་ལས་བཀའ་དྲིན་ཐོབ་པའོ། །རྡོ་གྲུབ་རིན་པོ་ཆེ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱི་གསུང་བྱང་ཆུབ་སེམས་སྡོམ་དང༌། ཡོན་ཏན་མཛོད་ལ་བརྟེན་པའི་སེམས་སྡོམ་བཅས་ཐོབ་པའང་ཀུན་མཁྱེན་རྒྱལ་བའི་མྱུ་གུ་མཁྱེན་བརྩེའི་ལྷ་འམ་འཇིགས་མེད་གླིང་པ། འཇིགས་མེད་ཕྲིན་ལས་འོད་ཟེར། རྒྱལ་སྲས་གཞན་ཕན་མཐའ་ཡས། མཁན་ཆེན་པདྨ་བཛྲ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ཀཿཐོག་སི་ཏུ་ཨོ་རྒྱན་ཆོས་ཀྱི་རྒྱ་མཚོ། འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་ལས་བཀའ་དྲིན་དུ་ཐོབ་པའོ། །དེ་དག་གིས་ཡུམ་བཀའི་ནང་སྒྲུབ་བདེ་ཆེན་གཏེར་བུམ་ལ་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་མཁྱེན་བརྩེ་རིན་པོ་ཆེའི་དགོངས་གཏེར་ཞིག་ཡོད་པ་དེའི་དཔེ་མ་འབྱོར་པ་ལས་གཞན་རྩ་བ་ཡན་ལག་གི་ཆོས་བཀའ་ཚང་བ་གྲུབ་པའི་བརྒྱུད་རིམ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། རིག་འཛིན་ཤྲཱི་སེང་ཧ། སློབ་དཔོན་འཇམ་དཔལ་བཤེས་གཉེན། མཁས་པ་ཛྙཱ་ན་སཱུ་ཏྲ། པཎ་ཆེན་བི་མ་མི་ཏྲ། ཨོ་རྒྱན་པདྨ་འབྱུང་གནས། རྗེ་རྒྱལ་ཁྲི་སྲོང་ལྡེའུ་བཙན། འབངས་བཻ་རོ་ཙ་ན། གྲོགས་ཡེ་ཤེས་མཚོ་རྒྱལ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས། རིག་འཛིན་འཇིགས་མེད་གླིང་པ་དང༌། ཐུགས་སྲས་རྡོ་གྲུབ་སྐུ་ཕྲེང་དང་པོ་འཇིགས་མེད་ཕྲིན་ལས་འོད་ཟེར་གཉིས་ཀ་ལས། སེམས་དཔའ་ཆེན་པོ་འཇིགས་མེད་རྒྱལ་བའི་མྱུ་གུ། དེ་ལས་རྫོགས་ཆེན་མཁན་རིན་པོ་ཆེ་པདྨ་དམ་ཆོས་འོད་ཟེར་རམ་པདྨ་ཡེ་ཤེས་རྡོ་རྗེ། ཡང་ན་རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར་ལས། རྫོགས་ཆེན་བཞི་བ་མི་འགྱུར་ནམ་མཁའི་རྡོ་རྗེ་དང༌། མདོ་མཁྱེན་བརྩེ་འཇིགས་མེད་ཡེ་ཤེས་རྡོ་རྗེ། རྒྱལ་སྲས་གཞན་ཕན་མཐའ་ཡས་གསུམ་ཀས་གསན། དེ་གསུམ་ཀ་ལས་མཁན་ཆེན་པདྨ་བཛྲས་གསན། དེ་ལས་ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་གསན་པའམ། ཡང་ན་རིགས་འདུས་དབང་རྒྱས་པ་རྡོ་གྲུབ་གསུང༌། སྡུག་བསྔལ་རང་གྲོལ་དབང་རྒྱས་པ། རིགས་བདག་འོད་དཔག་མེད་མཁའ་འགྲོ་བདེ་རྒྱལ། སྔོན་འགྲོ་དངོས་གཞིའི་ཁྲིད་ཡོངས་རྫོགས་འཇིགས་མེད་རྒྱལ་བའི་མྱུ་གུ་དངོས་ལས་ཀུན་གཟིགས་མཉྫུ་གྷོ་ཥས་དགུང་གྲངས་བཅུ་དགུར་ཕེབས་སྐབས་གསན་པ་དང༌། ཡང་ན་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ། དེའི་སྐུ་གསུང་ཐུགས་ཀྱི་སྲས་རྡོ་གྲུབ་དྲི་མེད་གྲགས་པ། ཏྲེ་ཧོར་འབའ་ཕུག་སྤྲུལ་སྐུ་ཐུབ་བསྟན་ཆོས་དཔལ་རྒྱ་མཚོའམ་བློ་གྲོས་དྲི་མེད། ཨ་འཛོམ་འབྲུག་པ་སྣ་ཚོགས་རང་གྲོལ་གྱིས་གསན། ཨ་འཛོམ་འབྲུག་པ་རིན་པོ་ཆེ་ལས་རྗེ་བླ་མ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིས་མེད་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཀློང་ཆེན་སྙིང་ཐིག་གི་དབང་ཁྲིད་ལུང་བཅས་ཡོངས་རྫོགས་གསན། ཡང་རིག་འཛིན་འདུས་པའི་རྩ་དབང་རྒྱས་པ། ཡང་གསང་བླ་སྒྲུབ་ཐིག་ལེའི་རྒྱ་ཅན་ཡེ་ཤེས་རིག་པའི་རྩལ་དབང་བཅས་སྦྱར་བ་དང༌། སྔོན་འགྲོ། དངོས་གཞི་ཡེ་ཤེས་བླ་མའི་སྨིན་ཁྲིད། ཚེ་རིང་མའི་སྲོག་གཏད་བཅས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། རྡོ་གྲུབ་ཆེན་འཇིགས་མེད་བསྟན་པའི་ཉི་མ་ལས། ཀུན་གཟིགས་འཇམ་མགོན་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་གསན་པའོ། །ཡང་རྩ་གསུམ་ཡོངས་རྫོགས་ཀྱི་དབང་ཀུན་གཟིགས་མཁྱེན་བརྩེའི་དབང་པོ་ལས། མཁན་ཆེན་ཐུབ་བསྟན་རྒྱལ་མཚན་འོད་ཟེར་དེ་ལས། རྗེ་བླ་མ་རིན་པོ་ཆེ་ཆོས་ཀྱི་བློ་གྲོས་ཀྱིས་གསན་གསུངས། རིག་འཛིན་འདུས་པ་ཡབ་བཀའ་དང༌། ཡུམ་བཀའ་གཉིས་མཁྱེན་ཀོང་གཉིས་ཀ་ལས་མཁན་ཆེན་ཐུབ་བསྟན་རྒྱལ་མཚན་གྱིས་གསན། ཡང་ན་རིག་འཛིན་འདུས་པའི་དབང་ཆེན་རྡོ་གྲུབ་རིན་པོ་ཆེ་ཕྲིན་ལས་འོད་ཟེར་གྱི་གསུང་བཞིན་ཀུན་གཟིགས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་ཐུན་མོང་མ་ཡིན་པའི་དགོངས་གཏད་དང་བཅས་སྟེ་ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོས་གསན། དེ་ལས་རྗེ་བླ་མ་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་གསན་པར་གསུངས་སོ།། །།}} | ||
</onlyinclude> | </onlyinclude> |
Latest revision as of 08:13, 1 June 2024
🚧 This website is under continued development. We appreciate your patience!
Wylie title | kun mkhyen bla ma 'jigs med gling pa'i bka' 'bum gyi thob yig rin chen snye ma | |
---|---|---|
Location | dil mgo mkhyen brtse bka' 'bum Volume 25, Text 11, Pages 142-161 (Folios 1a to 20b4) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | Khyentse, Dilgo. Kun mkhyen bla ma 'jigs med gling pa'i bka' 'bum gyi thob yig rin chen snye ma. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 25: 142-161. Delhi: Shechen Publications, 1994. | |
Genre | Records of Teachings Received - thob yig - gsan yig |