DKR-KABUM-11-DA-012: Difference between revisions
WikiBot2015 (talk | contribs) No edit summary |
m (Text replacement - "Khyentse Metadata" to "Text") |
||
(2 intermediate revisions by 2 users not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=སེང་ཆེན་དགྲ་ལྷའི་རྒྱལ་པོའི་གསོལ་མཆོད་འདོད་དགུའི་ཕྲིན་ལས་མཆོག་སྦྱིན། | |||
|fulltitle=seng chen dgra lha'i rgyal po'i gsol mchod 'dod dgu'i phrin las mchog sbyin | |||
|citation=[[Khyentse, Dilgo]]. ''Seng chen dgra lha'i rgyal po'i gsol mchod 'dod dgu'i phrin las mchog sbyin''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 11: 72-77. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|tibgenre=Protector Rituals - gsol mchod | |||
|terma=No | |||
|dkroutline=Three | |||
|deity=ge sar | |||
|language=Tibetan | |language=Tibetan | ||
| | |volumenumber=011 | ||
| | |volnumtib=༡༡ | ||
|volyigtib=ད་ | |||
|totalvolumes=25 | |||
|textnuminvol=012 | |textnuminvol=012 | ||
|pagenumbers=72-77 | |||
|totalpages=12 | |||
|beginfolioline=1a | |||
|endfolioline=6b2 | |||
|totalfolios=6 | |||
|multivolumework=No | |||
|rectonotes=gsol mchod | |||
|versonotes=ge sar skor | |||
|colophontib=།ཞེས་པའང་བརྟན་མཁས་ཡོན་ཏན་བདུད་རྩིའི་མཛོད་འཛིན་འཁྲུལ་ཞིག་མཆོག་སྤྲུལ་ངག་དབང་མདོ་སྔགས་བསྟན་འཛིན་དང༌། ཤར་ཁུམས་གངས་ཀྱི་རྭ་བའི་སྟེང་ཆེ་མཆོག་སྤྲུལ་དམ་པའི་ཡོན་ཏན་ནོར་བུའི་རྒྱན་ལྡན་ངག་དབང་བསྟན་འཛིན་དཔལ་བཟང་ནས་གསུང་བསྐུལ་བཞིན་ལྷ་སྲས་དགྲ་ལྷའི་སྐྱེ་བར་གྲགས་པའི་མདོ་ཁམས་བོད་ཆེན་པོར་སྐྱེས་པའི་རྣལ་འབྱོར་པ་མངྒ་ལ་ཤྲཱི་བྷཱུ་ཏིས་བྲིས་པ་བསྟན་དང་བསྟན་འཛིན་བྱེ་བའི་དབུ་རྨོག་བཙན་ཞིང་ཕྲིན་ལས་འཕེལ་རྒྱས་བརྟན་པའི་རྒྱུར་གྱུར་ཅིག །དགེའོ། །མངྒ་ལཾ།། | |||
|colophonwylie=/zhes pa'ang brtan mkhas yon tan bdud rtsi'i mdzod 'dzin 'khrul zhig mchog sprul ngag dbang mdo sngags bstan 'dzin dang*/_shar khums gangs kyi rwa ba'i steng che mchog sprul dam pa'i yon tan nor bu'i rgyan ldan ngag dbang bstan 'dzin dpal bzang nas gsung bskul bzhin lha sras dgra lha'i skye bar grags pa'i mdo khams bod chen por skyes pa'i rnal 'byor pa mang+ga la shrI b+hU tis bris pa bstan dang bstan 'dzin bye ba'i dbu rmog btsan zhing phrin las 'phel rgyas brtan pa'i rgyur gyur cig_/dge'o/__/mang+ga laM// | |||
|pdflink=File:DKR-KABUM-11-DA-012.pdf | |pdflink=File:DKR-KABUM-11-DA-012.pdf | ||
}} | }} | ||
Line 16: | Line 35: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། །སེང་ཆེན་དགྲ་ལྷའི་རྒྱལ་པོའི་གསོལ་མཆོད་འདོད་དགུའི་ཕྲིན་ལས་མཆོག་སྦྱིན་ཞེས་བྱ་བ་བཞུགས་སོ།། | {{TibP|༄༅། །སེང་ཆེན་དགྲ་ལྷའི་རྒྱལ་པོའི་གསོལ་མཆོད་འདོད་དགུའི་ཕྲིན་ལས་མཆོག་སྦྱིན་ཞེས་བྱ་བ་བཞུགས་སོ།།<br><br> | ||
༄༅། །ན་མོ་མ་ཧཱ་གུ་ར་ཝེ། སེང་ཆེན་དགྲ་ལྷའི་རྒྱལ་པོར་གསོལ་མཆོད་བྱ་བར་འདོད་པས་གཙང་མའི་གནས་སུ་ཡར་ངོའི་དུས་ཚེས་དགེ་བར་སྔ་དྲོའི་ཆར་སྟེགས་ལ་མཆོད་གཏོར། སྨན་རཀ །ཉེར་སྤྱོད། གསེར་སྐྱེམས། ཟས་སྣ། འབྲུ་སྨན། རིན་ཆེན་དར་ཟབ་སོགས་དང༌། དགོས་པ་དང་འབྲེལ་ན་ཤིང་རྩི་དྲི་ཞིམ་གྱི་བསང་བཅས་འདུ་བྱས་ལ། རང་ཉིད་ཡི་དམ་གྱི་ང་རྒྱལ་ལ་གནས་པས། རྃ་ཡྃ་ཁྃ། སྣོད་བཅུད་རྣམ་དག་ངོ་མཚར་ཞིང་གི་དབུས། །ཕྱི་ནང་གསང་བ་ཀུན་བཟང་མཆོད་པའི་སྤྲིན། །རྟེན་སྒྲུབ་བསྐང་བར་མཐུན་པའི་དམ་རྫས་སོགས། །མི་ཟད་ནམ་མཁའ་མཛོད་ཀྱི་འཁོར་ལོར་གྱུར། །ཨོཾ་ཨཱཿཧཱུྃ་དང༌། ནམ་མཁའ་མཛོད་སྔགས་ཕྱག་རྒྱས་བྱིན་གྱིས་བརླབས་ལ། ཧཱུྃ། གཟོད་ནས་རྣམ་གྲོལ་འོད་གསལ་གཉུག་མའི་ཞིང༌། །སྣོད་བཅུད་བདེ་ཆེན་མཁའ་སྤྱོད་དག་པའི་དཔལ། །མཐོང་བ་ཀུན་སྨོན་གྲུབ་པའི་ས་འཛིན་ལ། །རིན་ཆེན་གཞལ་མེད་རྒྱན་བཀོད་ཕུན་ཚོགས་དབུས། །འདབ་སྟོང་པདྨའི་གེ་སར་ཟླ་གདན་སྟེང༌། །རིགས་གསུམ་ཞི་ཁྲོའི་མཁྱེན་བརྩེ་ནུས་སྟོབས་དཔལ། །དགྲ་བླའི་སྐུར་བཞེངས་སྐྱེས་བུ་སེང་ཆེན་རྗེ། །མི་སྨུག་གཟི་བརྗིད་དཔལ་འབར་ཁྲོ་འཛུམ་བརྗིད། །དབུ་ལ་རྨོག་དཀར་རྒྱལ་མཚན་རུ་མཚོན་མཐོ། །ཕྱག་གཡས་རྦ་ལྕག་བསམ་པའི་དོན་གྲུབ་ལས། །ཐུན་མོང་མཆོག་གི་དངོས་གྲུབ་ཆར་དུ་འབེབས། །གཡོན་པས་མདུང་མོ་ཁམས་གསུམ་དགྲ་འདུལ་ལས། །སྣང་སྲིད་དགྲ་བླ་ཝེར་མའི་སྤྲིན་ཕུང་གཡོས། །སྐུ་ལ་དགྲ་ལྷའི་ཚེ་གོས་སྨུག་པོ་དང༌། །རྡོ་རྗེའི་གོ་ཁྲབ་སིལ་མ་ཐོག་རྡུགས་གསོལ། །སྐུ་ཆིངས་གྲུབ་པའི་རྒྱལ་མོའི་ཚེ་མདུད་དང༌། །མགུལ་གྭ་རིན་ཆེན་ནོར་བུ་འོད་འབར་སོགས། །འཇིགས་མེད་དགྲ་ལྷའི་ཆས་ཀུན་རང་བྱུང་རྫོགས། །འཇའ་རིས་སྭག་ལྷམ་སྡེ་བརྒྱད་ཟིལ་གནོན་བཅས། །མདོ་བ་རྐྱང་རྒོད་འཕེལ་པོའི་སྟེང་ན་འགྱིངས། །སྐུ་ལས་སྐྱེས་པའི་འཇའ་ཟེར་ཐིག་ལེ་དང༌། །བདུད་རྩིའི་སྤྲིན་ཀློང་རྩེ་གྲོགས་དགྲ་ལྷ་འཁྱུག །མདུན་གཡས་ཞི་མཛད་དགྲ་ལྷའི་རྒྱལ་པོ་ཡིས། །བཀྲ་ཤིས་རྟགས་ཀྱིས་མཚན་པའི་པདྨ་བསྣམས། །དར་དཀར་བེར་དང་ལ་ཐོད་ལྷ་ཡི་ཆས། །མེ་ཏོག་ཕྲེང་གསོལ་པད་དཀར་ཟླ་ཕྲེང་རེག །མདུན་གཡོན་སྣང་གསལ་པྲ་ཡི་མངའ་བདག་ཆེ། །ཨ་དཀར་འོད་ཀྱི་ཝེར་མ་ཁྱེའུའི་ཚུལ། །རིན་ཆེན་སྒྲོན་མེ་འཕྲུལ་གྱི་མེ་ལོང་བཅས། །དྲི་ཞིམ་སྤོས་སྤྲིན་འཇའ་ཟེར་ཀློང་ན་རོལ། །གཡས་སུ་འདོད་རྒུ་དབང་སྡུད་སེང་ཆེན་རྒྱལ། །འཁོར་ལོས་སྒྱུར་བའི་ཆས་མཛེས་ནོར་བུ་དང༌། །འདོད་འབྱུང་གཏེར་བུམ་བསྣམས་ནས་སྲིད་དང་ཞིའི། །དཔལ་འབྱོར་རྫོགས་པའི་དབུས་སུ་བརྗིད་པར་རོལ། །རྒྱབ་ཏུ་སྣང་སྲིད་དབང་བསྒྱུར་སྐྱེས་བུ་ཆེ། །ལང་ཚོ་རབ་རྒྱས་ཆགས་པའི་ཉམས་བརྒྱས་སྒེག །ཕྱག་གཡས་པདྨའི་ལྕགས་ཀྱུ་གཡོན་པ་ཡིས། །ཨུཏྤལ་ཕྲེང་འདྲེན་མེ་ཏོག་དོ་ཤལ་དང༌། །དར་དམར་བེར་གསོལ་སྐུ་ལས་འོད་དམར་འཁྲུགས། །གཡོན་དུ་མཐུ་རྩལ་རྨད་བྱུང་དམག་དཔོན་ཆེ། །སྐུ་མདོག་མཐིང་ནག་ལྕགས་ཁྲབ་བེར་ནག་གསོལ། །གཡས་གཡོན་རལ་གྲི་མདུང་དར་ཞགས་པ་བསྐྱིལ། །ཁྲོ་གཏུམ་གཟི་འབར་བསྐལ་མེའི་ཀློང་དུ་བཞུགས། །གཞན་ཡང་དཔའ་ཐུལ་དྭངས་སྨན་དགྲ་ལྷའི་ཚོགས། །བཀོད་པ་བསམ་ཡས་ཕྲིན་ལས་རྒྱ་མཚོའི་བདག །དྭངས་པའི་མཁའ་ལ་དབང་པོའི་གཞུ་བཞིན་དུ། །མ་འདྲེས་བཀོད་པ་ཅིར་ཡང་འཆར་བ་ཡི། །གཙོ་འཁོར་ཀུན་གྱི་གནས་གསུམ་ཨོཾ་ཨཱཿཧཱུྃ། །འོད་ཀྱི་ཕྲེང་བས་སྐུ་གསུམ་རྒྱལ་བའི་ཞིང༌། །ཀུན་ནས་རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་སྟོབས། །གང་འདུལ་སྒྱུ་འཕྲུལ་རོལ་པར་སྤྱན་དྲངས་གྱུར། །ཞེས་གདུང་ཤུགས་ཀྱི་དད་མོས་དང༌། རྔ་རོལ་སྙན་པའི་དབྱངས་དང་བཅས་ཏེ། ཀྱཻ། ཆོས་དབྱིངས་ཀུན་ཁྱབ་རང་བྱུང་ཐུགས་རྗེའི་རྩལ། །མཁའ་ཁྱབ་འགྲོ་ལ་ཕན་བདེའི་དཔལ་སྩོལ་མཛད། །རབ་འབྱམས་རྒྱལ་བའི་ཡེ་ཤེས་སྒྱུ་འཕྲུལ་གར། །འཇིགས་བྲལ་སྐྱེས་བུ་སེང་ཆེན་དགྲ་ལྷའི་རྒྱལ། །འདོད་དགུའི་ཕྲིན་ལས་གློག་ལྟར་མྱུར་པ་ཡི། །ཐུགས་བསྐྱེད་དམ་བཅའི་དབང་གིས་གཤེགས་སུ་གསོལ། །སྙན་འཇེབས་དབྱངས་དང་རོལ་མོས་ལེགས་བསྐུལ་ཞིང༌། །དྲི་བཟང་སྤོས་ཀྱི་དུད་སྤྲིན་མཁའ་དབྱིངས་ཁྱབ། །ཡིད་ཆེས་དད་མོས་དག་པས་བསྐུལ་བ་བཞིན། །སྒྱུ་འཕྲུལ་རོལ་མོ་ཅིར་ཡང་སྟོན་པས་སྤྱོན། །སྐལ་ངན་སྙིགས་མ་ནད་མུག་མཚོན་གྱིས་གཟིར། །ནག་ཕྱོགས་རྒྱ་འདྲེ་དམ་སྲི་ཤུགས་བདོ་ཚེ། །རིགས་གསུམ་རྒྱལ་བའི་ཡེ་ཤེས་དགྲ་ལྷའི་རྒྱལ། །ཐོགས་མེད་ནུས་སྟོབས་ཕྲིན་ལས་རྩལ་བསྐྱེད་ལ། །དཀར་ཕྱོགས་རྣམ་པར་རྒྱལ་བའི་རུ་མཚོན་བསྒྲེང༌། །ཕན་བདེའི་རྫོགས་ལྡན་ལྷ་ཡི་རྔ་གསང་གིས། །ངེས་གསང་བསྟན་དང་བསྟན་འཛིན་ལེགས་སྐྱོང་ཞིང༌། །བར་ཆད་གཡུལ་ལས་སྐྱོབ་ཕྱིར་གཤེགས་སུ་གསོལ། །ཨོཾ་མ་ཧཱ་སེང་ཧ་མ་ཎི་རཱ་ཛ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛཿ མཆོད་པའི་གནས་འདིར་དམ་ཡེ་གཉིས་མེད་བཞུགས། །རིག་འཛིན་བརྒྱུད་པའི་ཐ་ཚིག་མ་བསྙེལ་བར། །བསྟན་འགྲོའི་ཕན་བདེའི་དོན་ལ་རྗེས་སུ་དགོངས། །ཕྲིན་ལས་དངོས་གྲུབ་འདོད་རྒུར་སྩོལ་ལ་འདུད། །ས་མ་ཡ་ཏིཥྛ་ལྷན། ན་མོ་ན་མ་མི། ཧཱུྃ་ཧྲཱིཿ དྲི་མེད་ཉེར་སྤྱོད་འདོད་པའི་ཡོན་ཏན་ལྔ། །བདུད་རྩིའི་སྤྲིན་ལྡང་སིམ་བྱེད་སྨན་གྱི་ཆར། །གདུང་སེལ་ལྷ་ཡི་ཞལ་ཟས་གོས་ལ་སོགས། །བཀྲ་ཤིས་ཞི་བྱེད་དཔལ་གྱི་མཆོད་སྤྲིན་འབུལ། །ཨོཾ་བཛྲ་ཨརྒྷཾ་སོགས་ནས། ཤབྡ་པཉྩ་ཀཱ་མ་གུ་ཎ་པཱུ་ཛ་ཧོཿ ཧཱུྃ་ཧྲཱིཿ འཁོར་འདས་བརྟན་གཡོའི་ཕུན་ཚོགས་དཔལ་གྱི་དཔྱིད། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་བདུན། །དཔག་བསམ་ཤིང་ཚལ་འདོད་འབྱུང་གཏེར་གྱི་བུམ། །མ་རྨོས་ལོ་ཏོག་འདོད་དགུའི་གཏེར་བརྒྱས་མཆོད། །ཨོཾ་རཏྣ་མངྒ་ལཾ་དྲ་བྱཾ་པཱུ་ཛ་ཨཱཿཧཱུྃ། ཧཱུྃ་ཧྲཱིཿ ཡིད་འཕྲོག་ན་ཆུང་མྱོས་པའི་བྲོ་གར་གླུ། །སྨན་རཀ་གཏོར་མ་མངར་གསུམ་ཡིད་བསྒྱུར་ཆང༌། །མཐོང་ཐོས་དྲན་པས་སིམ་སྟེར་བཟའ་བཏུང་སོགས། །དགའ་བསྐྱེད་དབང་གི་རྫས་ཀྱིས་དགྱེས་པ་བསྐྱེད། །ཨོཾ་མ་ཧཱ་མུ་དྲ་ཀཱ་མ་དེ་ཝི་པཱུ་ཛ་ཧོཿ ཧཱུྃ་ཧྲཱིཿ ཁམས་གསུམ་ཐུགས་རྗེའི་ཤུགས་ཀྱིས་བསྒྲལ་བ་ལས། །དབང་ལྔའི་མེ་ཏོག་ཚིལ་གསུར་སྤོས་དང་མེ། །ཁྲག་འཛག་ལྤགས་གོས་མཁྲིས་ཆེན་བྱུག་པ་དང༌། །དུག་ཆུ་ཤ་ཁྲག་གྲམ་བུར་བརྡལ་ཏེ་བཞེས། །ཨོཾ་མ་ཧཱ་ཀྲོདྷ་སརྦ་ཤ་ཏྲཱུཾ་མཱ་ར་ཡ་པཱུ་ཛ་ཧོཿ ཧཱུྃ་ཧྲཱིཿ ངོ་བོ་ཆོས་དབྱིངས་ཀློང་ལས་མ་གཡོས་ཀྱང༌། །གདུལ་བྱའི་དོན་དུ་གང་འདུལ་གཟུགས་སྐུའི་སྤྲིན། །རབ་འབྱམས་ཕྲིན་ལས་རྣམ་བཞིའི་འཁོར་ལོས་སྒྱུར། །སེང་ཆེན་དགྲ་ལྷའི་རྒྱལ་པོ་མཆོག་ཁྱོད་བསྟོད། །ཞི་མཛད་ཕྲིན་ལས་ལེགས་བྲིས་བདུད་རྩིའི་ཆར། །འདོད་དགུའི་དཔལ་སྟེར་གཏེར་གྱི་བུམ་པ་བཟང༌། །སྣང་སྲིད་འཁོར་འདས་དབང་བསྒྱུར་དོན་ཡོད་ཞགས། །མི་བསྲུན་མཐར་མཛད་དྲག་པོའི་སྟོབས་མངའ་བསྟོད། །ཁྱོད་མཚན་དྲན་དང་ཡིད་ཀྱིས་གསོལ་བཏབ་པས། །འདོད་པའི་འབྲས་བུ་ཡུད་ཀྱིས་ལག་རྩེར་སྟེར། །ཐོགས་མེད་ཕྲིན་ལས་གློག་ལྟར་ཆེས་མྱུར་བའི། །དོན་གྲུབ་དགྲ་ལྷའི་རྒྱལ་པོ་འཁོར་བཅས་བསྟོད། ༈ མདུན་བསྐྱེད་ཐུགས་ཀར་དཀར་བསིལ་ཟླ་བའི་སྟེང༌། །ཨ་མཐར་སྲོག་གི་སྙིང་པོས་བསྐོར་བ་ལ། །བདག་ཐུགས་རེག་པས་ཐུགས་དམ་རྗེས་བསྐུལ་ཏེ། །ཅི་འདོད་ཕྲིན་ལས་རྩོལ་མེད་སྒྲུབ་པར་བསམ། ཨོཾ་མ་ཧཱ་སེང་ཧ་མ་ཎི་རཱ་ཛ་ཧཱུྃ། ཞེས་ཅི་ནུས་བཟླ། ཤཱནྟིཾ་པུཥྚིཾ་ཝཱ་ཤཾ་མཱ་ར་ཡ་ཕཊ྄། ཅེས་ཤམ་བུ་བཏགས་པའམ་ཅུང་ཟད་བཟླ། ཐུན་མཚམས་སུ་སྐོང་བ་སྦྱར་ན། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ། བཛྲ་སྥ་ར་ཎ་ཁཾ། ཧཱུྃ་ཧྲཱིཿ སྣོད་བཅུད་རྣམ་དག་བདེ་ཆེན་དག་པའི་ཞིང༌། །མཁའ་སྤྱོད་མཐོང་བ་ཀུན་སྨོན་ཕོ་བྲང་དབུས། །ཕྱི་མཆོད་ཉེར་སྤྱོད་འདོད་ཡོན་རྒྱ་མཚོའི་སྤྲིན། །སྨན་གཏོར་རཀྟའི་དམ་རྫས་དཔལ་དུ་འབར། །རྡོ་རྗེའི་རིག་མས་གླུ་གར་བདེ་སྟོང་སྦྱོར། །སྲིད་གསུམ་དབྱིངས་སྒྲོལ་ཕྲིན་ལས་ཐོག་ཆར་འབེབས། །དར་ཟབ་གསེར་དངུལ་ནོར་དབྱིག་གཏེར་གྱིས་གཏམས། །སྟག་གཟིག་གཅན་གཟན་ཆེ་རྒུའི་པགས་པ་བཀྲམ། །གོ་མཚོན་དབུ་རྨོག་རུ་མཚོན་རྔམས་པས་བརྗིད། །སྤྱན་གཟིགས་སྐར་ལྟར་བཀྲ་བས་ཐུགས་དམ་བསྐང༌། །དྲི་ཞིམ་བསང་སྤྲིན་འདོད་དགུའི་ཟེགས་མ་འཕྲོ། །ཁྲག་ཆང་མྱོས་བྱེད་ཕུད་རྒོད་མཚོ་ལྟར་བསྐྱིལ། །དཔའ་བོའི་དམག་དཔུང་བཞི་ངར་ཀི་བསྭོའི་སྒྲ། །རྒྱལ་རྔ་དུང་ཆེན་སྒྲོག་པས་ཐུགས་དམ་བསྐང༌། །དར་དཀར་ངོགས་སུ་སྲོག་གི་འཁོར་ལོ་བྲིས། །རང་བྱུང་ཤེལ་རྡོ་ཨ་ཡིས་མཚན་པ་སོགས། །དགྲ་ལྷའི་ཡིད་ཆགས་སྐུ་གསུང་ཐུགས་ཀྱི་རྟེན། །གཞུང་བཞིན་གཏའ་རུ་བཙུགས་པས་ཐུགས་དམ་བསྐང༌། །སྣོད་བཅུད་ཡོངས་རྫོགས་དགྲ་ལྷའི་རྟེན་མདོས་བཀོད། །སྲོག་ཆགས་ཡོད་དགུའི་མདངས་ཀྱིས་རྩེ་གར་བསྒྱུར། །མདའ་འཕང་ཤིང་རིས་རྒྱང་བུ་ཕོ་མོའི་གླུད། །ནམ་མཁའ་ཚོན་བརྒྱས་བཀྲ་བས་ཐུགས་དམ་བསྐང༌། །མདོར་ན་སྣང་སྲིད་དགྲ་ལྷ་ཝེར་མའི་ཚོགས། །དགྱེས་དགུ་སྐྱེད་པའི་མཆོད་རྫས་མ་ཚང་མེད། །རྟག་ཏུ་འཆར་བས་ཐུགས་དམ་དགྱེས་བསྐྱེད་ནས། །ཐོགས་མེད་ཕྲིན་ལས་འགྲུབ་པའི་སྡོང་གྲོགས་མཛོད། །མི་ཤེས་རྨོངས་པས་སྲུང་མའི་ཐུགས་འགལ་ལས། །དམེ་མནོལ་གྲིབ་ཕོབ་ལྟ་སྒོམ་ལོག་པར་སྤྱོད། །བསྙེན་སྒྲུབ་གཡེལ་སོགས་ནོངས་པ་ཅི་མཆིས་པ། །སྙིང་ནས་བཤགས་སོ་བྱང་ཞིང་དག་པར་མཛོད། །ཡིག་བརྒྱ་བཟླ། ཧཱུྃ། སངས་རྒྱས་ཀུན་གྱི་ཕྲིན་ལས་ཐུགས་རྗེའི་རྩལ། །བདུད་འདུལ་དགྲ་ལྷ་ཝེར་མའི་རྒྱལ་པོ་ཆེ། །སྐྱེས་བུ་སེང་ཆེན་འཕྲུལ་གྱི་རྒྱལ་པོ་ཆེ། །སྐལ་ངན་སྙིགས་འགྲོ་སྐྱོབ་པར་ཞལ་བཞེས་བཞིན། །བཞེད་དགུའི་མཆོད་སྤྲིན་བསྟབས་ཏེ་གསོལ་བའི་དོན། །རྒྱལ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་གྱི། །རིང་ལུགས་མདོ་སྔགས་བཤད་སྒྲུབ་དར་ཞིང་རྒྱས། །དེ་འཛིན་སྐྱེས་བུའི་སྐུ་ཚེ་མཛད་ཕྲིན་དང༌། །འགྲོ་ལ་ཕན་པའི་ཐུགས་བསྐྱེད་འབད་མེད་འགྲུབ། །མཁའ་མཉམ་འགྲོ་ཀུན་བདེ་སྐྱིད་དཔལ་གྱིས་འབྱོར། །སྐྱེ་དགུའི་ཡིད་ཀྱི་འཇུག་པ་ཆོས་ལ་ཕྱོགས། །དཀོན་མཆོག་དབུ་རྨོག་བཙན་ཞིང་དཀར་ཕྱོགས་དར། །མངོན་མཐོ་ངེས་ལེགས་ཡོན་ཏན་རྒྱས་པར་མཛོད། །ཁྱེད་མཆོད་བསྟེན་ཅིང་སྒྲུབ་པ་བདག་ཅག་ཀྱང༌། །མི་མཐུན་ཀུན་ཞི་ལེགས་ཚོགས་འཕེལ་རྒྱས་བརྟན། །ཕུན་ཚོགས་དབང་འདུས་དགྲ་བགེགས་བར་ཆད་སྒྲོལ། །བསམ་དོན་ཆོས་བཞིན་འགྲུབ་པའི་སྡོང་གྲོགས་མཛོད། །རྒྱལ་བསྟན་སྙིང་པོ་འཛིན་སྤེལ་སྐྱོང་བ་ཡི། །ལས་ཀུན་མྱུར་འགྲུབ་མཐུན་རྐྱེན་འབད་མེད་ཚོགས། །ཚེ་བསོད་རླུང་རྟའི་བ་དན་མཛེས་གཡོ་བའི། །དགེ་ལེགས་སྣང་བ་རྟག་ཁྱབ་ལྷུན་གྲུབ་མཛོད། །མདོར་ན་འདི་ནས་བྱང་ཆུབ་སྙིང་པོའི་བར། །མི་འབྲལ་དམ་ཚིག་གཅིག་འདྲེས་རྟག་བསྐོངས་ཏེ། །སེང་ཆེན་ཡིད་བཞིན་ནོར་བུའི་འདོད་དགུའི་དཔལ། །ལྷུན་གྲུབ་ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་སྩོལ། །ཞེས་མཆོད་གཏོར་སོགས་འབུལ། རྗེས་རིམ་སྤྱི་ལྟར་བྱའོ། །ཞེས་པའང་བརྟན་མཁས་ཡོན་ཏན་བདུད་རྩིའི་མཛོད་འཛིན་འཁྲུལ་ཞིག་མཆོག་སྤྲུལ་ངག་དབང་མདོ་སྔགས་བསྟན་འཛིན་དང༌། ཤར་ཁུམས་གངས་ཀྱི་རྭ་བའི་སྟེང་ཆེ་མཆོག་སྤྲུལ་དམ་པའི་ཡོན་ཏན་ནོར་བུའི་རྒྱན་ལྡན་ངག་དབང་བསྟན་འཛིན་དཔལ་བཟང་ནས་གསུང་བསྐུལ་བཞིན་ལྷ་སྲས་དགྲ་ལྷའི་སྐྱེ་བར་གྲགས་པའི་མདོ་ཁམས་བོད་ཆེན་པོར་སྐྱེས་པའི་རྣལ་འབྱོར་པ་མངྒ་ལ་ཤྲཱི་བྷཱུ་ཏིས་བྲིས་པ་བསྟན་དང་བསྟན་འཛིན་བྱེ་བའི་དབུ་རྨོག་བཙན་ཞིང་ཕྲིན་ལས་འཕེལ་རྒྱས་བརྟན་པའི་རྒྱུར་གྱུར་ཅིག །དགེའོ། །མངྒ་ལཾ།། །།}} | ༄༅། །ན་མོ་མ་ཧཱ་གུ་ར་ཝེ། སེང་ཆེན་དགྲ་ལྷའི་རྒྱལ་པོར་གསོལ་མཆོད་བྱ་བར་འདོད་པས་གཙང་མའི་གནས་སུ་ཡར་ངོའི་དུས་ཚེས་དགེ་བར་སྔ་དྲོའི་ཆར་སྟེགས་ལ་མཆོད་གཏོར། སྨན་རཀ །ཉེར་སྤྱོད། གསེར་སྐྱེམས། ཟས་སྣ། འབྲུ་སྨན། རིན་ཆེན་དར་ཟབ་སོགས་དང༌། དགོས་པ་དང་འབྲེལ་ན་ཤིང་རྩི་དྲི་ཞིམ་གྱི་བསང་བཅས་འདུ་བྱས་ལ། རང་ཉིད་ཡི་དམ་གྱི་ང་རྒྱལ་ལ་གནས་པས། རྃ་ཡྃ་ཁྃ། སྣོད་བཅུད་རྣམ་དག་ངོ་མཚར་ཞིང་གི་དབུས། །ཕྱི་ནང་གསང་བ་ཀུན་བཟང་མཆོད་པའི་སྤྲིན། །རྟེན་སྒྲུབ་བསྐང་བར་མཐུན་པའི་དམ་རྫས་སོགས། །མི་ཟད་ནམ་མཁའ་མཛོད་ཀྱི་འཁོར་ལོར་གྱུར། །ཨོཾ་ཨཱཿཧཱུྃ་དང༌། ནམ་མཁའ་མཛོད་སྔགས་ཕྱག་རྒྱས་བྱིན་གྱིས་བརླབས་ལ། ཧཱུྃ། གཟོད་ནས་རྣམ་གྲོལ་འོད་གསལ་གཉུག་མའི་ཞིང༌། །སྣོད་བཅུད་བདེ་ཆེན་མཁའ་སྤྱོད་དག་པའི་དཔལ། །མཐོང་བ་ཀུན་སྨོན་གྲུབ་པའི་ས་འཛིན་ལ། །རིན་ཆེན་གཞལ་མེད་རྒྱན་བཀོད་ཕུན་ཚོགས་དབུས། །འདབ་སྟོང་པདྨའི་གེ་སར་ཟླ་གདན་སྟེང༌། །རིགས་གསུམ་ཞི་ཁྲོའི་མཁྱེན་བརྩེ་ནུས་སྟོབས་དཔལ། །དགྲ་བླའི་སྐུར་བཞེངས་སྐྱེས་བུ་སེང་ཆེན་རྗེ། །མི་སྨུག་གཟི་བརྗིད་དཔལ་འབར་ཁྲོ་འཛུམ་བརྗིད། །དབུ་ལ་རྨོག་དཀར་རྒྱལ་མཚན་རུ་མཚོན་མཐོ། །ཕྱག་གཡས་རྦ་ལྕག་བསམ་པའི་དོན་གྲུབ་ལས། །ཐུན་མོང་མཆོག་གི་དངོས་གྲུབ་ཆར་དུ་འབེབས། །གཡོན་པས་མདུང་མོ་ཁམས་གསུམ་དགྲ་འདུལ་ལས། །སྣང་སྲིད་དགྲ་བླ་ཝེར་མའི་སྤྲིན་ཕུང་གཡོས། །སྐུ་ལ་དགྲ་ལྷའི་ཚེ་གོས་སྨུག་པོ་དང༌། །རྡོ་རྗེའི་གོ་ཁྲབ་སིལ་མ་ཐོག་རྡུགས་གསོལ། །སྐུ་ཆིངས་གྲུབ་པའི་རྒྱལ་མོའི་ཚེ་མདུད་དང༌། །མགུལ་གྭ་རིན་ཆེན་ནོར་བུ་འོད་འབར་སོགས། །འཇིགས་མེད་དགྲ་ལྷའི་ཆས་ཀུན་རང་བྱུང་རྫོགས། །འཇའ་རིས་སྭག་ལྷམ་སྡེ་བརྒྱད་ཟིལ་གནོན་བཅས། །མདོ་བ་རྐྱང་རྒོད་འཕེལ་པོའི་སྟེང་ན་འགྱིངས། །སྐུ་ལས་སྐྱེས་པའི་འཇའ་ཟེར་ཐིག་ལེ་དང༌། །བདུད་རྩིའི་སྤྲིན་ཀློང་རྩེ་གྲོགས་དགྲ་ལྷ་འཁྱུག །མདུན་གཡས་ཞི་མཛད་དགྲ་ལྷའི་རྒྱལ་པོ་ཡིས། །བཀྲ་ཤིས་རྟགས་ཀྱིས་མཚན་པའི་པདྨ་བསྣམས། །དར་དཀར་བེར་དང་ལ་ཐོད་ལྷ་ཡི་ཆས། །མེ་ཏོག་ཕྲེང་གསོལ་པད་དཀར་ཟླ་ཕྲེང་རེག །མདུན་གཡོན་སྣང་གསལ་པྲ་ཡི་མངའ་བདག་ཆེ། །ཨ་དཀར་འོད་ཀྱི་ཝེར་མ་ཁྱེའུའི་ཚུལ། །རིན་ཆེན་སྒྲོན་མེ་འཕྲུལ་གྱི་མེ་ལོང་བཅས། །དྲི་ཞིམ་སྤོས་སྤྲིན་འཇའ་ཟེར་ཀློང་ན་རོལ། །གཡས་སུ་འདོད་རྒུ་དབང་སྡུད་སེང་ཆེན་རྒྱལ། །འཁོར་ལོས་སྒྱུར་བའི་ཆས་མཛེས་ནོར་བུ་དང༌། །འདོད་འབྱུང་གཏེར་བུམ་བསྣམས་ནས་སྲིད་དང་ཞིའི། །དཔལ་འབྱོར་རྫོགས་པའི་དབུས་སུ་བརྗིད་པར་རོལ། །རྒྱབ་ཏུ་སྣང་སྲིད་དབང་བསྒྱུར་སྐྱེས་བུ་ཆེ། །ལང་ཚོ་རབ་རྒྱས་ཆགས་པའི་ཉམས་བརྒྱས་སྒེག །ཕྱག་གཡས་པདྨའི་ལྕགས་ཀྱུ་གཡོན་པ་ཡིས། །ཨུཏྤལ་ཕྲེང་འདྲེན་མེ་ཏོག་དོ་ཤལ་དང༌། །དར་དམར་བེར་གསོལ་སྐུ་ལས་འོད་དམར་འཁྲུགས། །གཡོན་དུ་མཐུ་རྩལ་རྨད་བྱུང་དམག་དཔོན་ཆེ། །སྐུ་མདོག་མཐིང་ནག་ལྕགས་ཁྲབ་བེར་ནག་གསོལ། །གཡས་གཡོན་རལ་གྲི་མདུང་དར་ཞགས་པ་བསྐྱིལ། །ཁྲོ་གཏུམ་གཟི་འབར་བསྐལ་མེའི་ཀློང་དུ་བཞུགས། །གཞན་ཡང་དཔའ་ཐུལ་དྭངས་སྨན་དགྲ་ལྷའི་ཚོགས། །བཀོད་པ་བསམ་ཡས་ཕྲིན་ལས་རྒྱ་མཚོའི་བདག །དྭངས་པའི་མཁའ་ལ་དབང་པོའི་གཞུ་བཞིན་དུ། །མ་འདྲེས་བཀོད་པ་ཅིར་ཡང་འཆར་བ་ཡི། །གཙོ་འཁོར་ཀུན་གྱི་གནས་གསུམ་ཨོཾ་ཨཱཿཧཱུྃ། །འོད་ཀྱི་ཕྲེང་བས་སྐུ་གསུམ་རྒྱལ་བའི་ཞིང༌། །ཀུན་ནས་རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་སྟོབས། །གང་འདུལ་སྒྱུ་འཕྲུལ་རོལ་པར་སྤྱན་དྲངས་གྱུར། །ཞེས་གདུང་ཤུགས་ཀྱི་དད་མོས་དང༌། རྔ་རོལ་སྙན་པའི་དབྱངས་དང་བཅས་ཏེ། ཀྱཻ། ཆོས་དབྱིངས་ཀུན་ཁྱབ་རང་བྱུང་ཐུགས་རྗེའི་རྩལ། །མཁའ་ཁྱབ་འགྲོ་ལ་ཕན་བདེའི་དཔལ་སྩོལ་མཛད། །རབ་འབྱམས་རྒྱལ་བའི་ཡེ་ཤེས་སྒྱུ་འཕྲུལ་གར། །འཇིགས་བྲལ་སྐྱེས་བུ་སེང་ཆེན་དགྲ་ལྷའི་རྒྱལ། །འདོད་དགུའི་ཕྲིན་ལས་གློག་ལྟར་མྱུར་པ་ཡི། །ཐུགས་བསྐྱེད་དམ་བཅའི་དབང་གིས་གཤེགས་སུ་གསོལ། །སྙན་འཇེབས་དབྱངས་དང་རོལ་མོས་ལེགས་བསྐུལ་ཞིང༌། །དྲི་བཟང་སྤོས་ཀྱི་དུད་སྤྲིན་མཁའ་དབྱིངས་ཁྱབ། །ཡིད་ཆེས་དད་མོས་དག་པས་བསྐུལ་བ་བཞིན། །སྒྱུ་འཕྲུལ་རོལ་མོ་ཅིར་ཡང་སྟོན་པས་སྤྱོན། །སྐལ་ངན་སྙིགས་མ་ནད་མུག་མཚོན་གྱིས་གཟིར། །ནག་ཕྱོགས་རྒྱ་འདྲེ་དམ་སྲི་ཤུགས་བདོ་ཚེ། །རིགས་གསུམ་རྒྱལ་བའི་ཡེ་ཤེས་དགྲ་ལྷའི་རྒྱལ། །ཐོགས་མེད་ནུས་སྟོབས་ཕྲིན་ལས་རྩལ་བསྐྱེད་ལ། །དཀར་ཕྱོགས་རྣམ་པར་རྒྱལ་བའི་རུ་མཚོན་བསྒྲེང༌། །ཕན་བདེའི་རྫོགས་ལྡན་ལྷ་ཡི་རྔ་གསང་གིས། །ངེས་གསང་བསྟན་དང་བསྟན་འཛིན་ལེགས་སྐྱོང་ཞིང༌། །བར་ཆད་གཡུལ་ལས་སྐྱོབ་ཕྱིར་གཤེགས་སུ་གསོལ། །ཨོཾ་མ་ཧཱ་སེང་ཧ་མ་ཎི་རཱ་ཛ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛཿ མཆོད་པའི་གནས་འདིར་དམ་ཡེ་གཉིས་མེད་བཞུགས། །རིག་འཛིན་བརྒྱུད་པའི་ཐ་ཚིག་མ་བསྙེལ་བར། །བསྟན་འགྲོའི་ཕན་བདེའི་དོན་ལ་རྗེས་སུ་དགོངས། །ཕྲིན་ལས་དངོས་གྲུབ་འདོད་རྒུར་སྩོལ་ལ་འདུད། །ས་མ་ཡ་ཏིཥྛ་ལྷན། ན་མོ་ན་མ་མི། ཧཱུྃ་ཧྲཱིཿ དྲི་མེད་ཉེར་སྤྱོད་འདོད་པའི་ཡོན་ཏན་ལྔ། །བདུད་རྩིའི་སྤྲིན་ལྡང་སིམ་བྱེད་སྨན་གྱི་ཆར། །གདུང་སེལ་ལྷ་ཡི་ཞལ་ཟས་གོས་ལ་སོགས། །བཀྲ་ཤིས་ཞི་བྱེད་དཔལ་གྱི་མཆོད་སྤྲིན་འབུལ། །ཨོཾ་བཛྲ་ཨརྒྷཾ་སོགས་ནས། ཤབྡ་པཉྩ་ཀཱ་མ་གུ་ཎ་པཱུ་ཛ་ཧོཿ ཧཱུྃ་ཧྲཱིཿ འཁོར་འདས་བརྟན་གཡོའི་ཕུན་ཚོགས་དཔལ་གྱི་དཔྱིད། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་བདུན། །དཔག་བསམ་ཤིང་ཚལ་འདོད་འབྱུང་གཏེར་གྱི་བུམ། །མ་རྨོས་ལོ་ཏོག་འདོད་དགུའི་གཏེར་བརྒྱས་མཆོད། །ཨོཾ་རཏྣ་མངྒ་ལཾ་དྲ་བྱཾ་པཱུ་ཛ་ཨཱཿཧཱུྃ། ཧཱུྃ་ཧྲཱིཿ ཡིད་འཕྲོག་ན་ཆུང་མྱོས་པའི་བྲོ་གར་གླུ། །སྨན་རཀ་གཏོར་མ་མངར་གསུམ་ཡིད་བསྒྱུར་ཆང༌། །མཐོང་ཐོས་དྲན་པས་སིམ་སྟེར་བཟའ་བཏུང་སོགས། །དགའ་བསྐྱེད་དབང་གི་རྫས་ཀྱིས་དགྱེས་པ་བསྐྱེད། །ཨོཾ་མ་ཧཱ་མུ་དྲ་ཀཱ་མ་དེ་ཝི་པཱུ་ཛ་ཧོཿ ཧཱུྃ་ཧྲཱིཿ ཁམས་གསུམ་ཐུགས་རྗེའི་ཤུགས་ཀྱིས་བསྒྲལ་བ་ལས། །དབང་ལྔའི་མེ་ཏོག་ཚིལ་གསུར་སྤོས་དང་མེ། །ཁྲག་འཛག་ལྤགས་གོས་མཁྲིས་ཆེན་བྱུག་པ་དང༌། །དུག་ཆུ་ཤ་ཁྲག་གྲམ་བུར་བརྡལ་ཏེ་བཞེས། །ཨོཾ་མ་ཧཱ་ཀྲོདྷ་སརྦ་ཤ་ཏྲཱུཾ་མཱ་ར་ཡ་པཱུ་ཛ་ཧོཿ ཧཱུྃ་ཧྲཱིཿ ངོ་བོ་ཆོས་དབྱིངས་ཀློང་ལས་མ་གཡོས་ཀྱང༌། །གདུལ་བྱའི་དོན་དུ་གང་འདུལ་གཟུགས་སྐུའི་སྤྲིན། །རབ་འབྱམས་ཕྲིན་ལས་རྣམ་བཞིའི་འཁོར་ལོས་སྒྱུར། །སེང་ཆེན་དགྲ་ལྷའི་རྒྱལ་པོ་མཆོག་ཁྱོད་བསྟོད། །ཞི་མཛད་ཕྲིན་ལས་ལེགས་བྲིས་བདུད་རྩིའི་ཆར། །འདོད་དགུའི་དཔལ་སྟེར་གཏེར་གྱི་བུམ་པ་བཟང༌། །སྣང་སྲིད་འཁོར་འདས་དབང་བསྒྱུར་དོན་ཡོད་ཞགས། །མི་བསྲུན་མཐར་མཛད་དྲག་པོའི་སྟོབས་མངའ་བསྟོད། །ཁྱོད་མཚན་དྲན་དང་ཡིད་ཀྱིས་གསོལ་བཏབ་པས། །འདོད་པའི་འབྲས་བུ་ཡུད་ཀྱིས་ལག་རྩེར་སྟེར། །ཐོགས་མེད་ཕྲིན་ལས་གློག་ལྟར་ཆེས་མྱུར་བའི། །དོན་གྲུབ་དགྲ་ལྷའི་རྒྱལ་པོ་འཁོར་བཅས་བསྟོད། ༈ མདུན་བསྐྱེད་ཐུགས་ཀར་དཀར་བསིལ་ཟླ་བའི་སྟེང༌། །ཨ་མཐར་སྲོག་གི་སྙིང་པོས་བསྐོར་བ་ལ། །བདག་ཐུགས་རེག་པས་ཐུགས་དམ་རྗེས་བསྐུལ་ཏེ། །ཅི་འདོད་ཕྲིན་ལས་རྩོལ་མེད་སྒྲུབ་པར་བསམ། ཨོཾ་མ་ཧཱ་སེང་ཧ་མ་ཎི་རཱ་ཛ་ཧཱུྃ། ཞེས་ཅི་ནུས་བཟླ། ཤཱནྟིཾ་པུཥྚིཾ་ཝཱ་ཤཾ་མཱ་ར་ཡ་ཕཊ྄། ཅེས་ཤམ་བུ་བཏགས་པའམ་ཅུང་ཟད་བཟླ། ཐུན་མཚམས་སུ་སྐོང་བ་སྦྱར་ན། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ། བཛྲ་སྥ་ར་ཎ་ཁཾ། ཧཱུྃ་ཧྲཱིཿ སྣོད་བཅུད་རྣམ་དག་བདེ་ཆེན་དག་པའི་ཞིང༌། །མཁའ་སྤྱོད་མཐོང་བ་ཀུན་སྨོན་ཕོ་བྲང་དབུས། །ཕྱི་མཆོད་ཉེར་སྤྱོད་འདོད་ཡོན་རྒྱ་མཚོའི་སྤྲིན། །སྨན་གཏོར་རཀྟའི་དམ་རྫས་དཔལ་དུ་འབར། །རྡོ་རྗེའི་རིག་མས་གླུ་གར་བདེ་སྟོང་སྦྱོར། །སྲིད་གསུམ་དབྱིངས་སྒྲོལ་ཕྲིན་ལས་ཐོག་ཆར་འབེབས། །དར་ཟབ་གསེར་དངུལ་ནོར་དབྱིག་གཏེར་གྱིས་གཏམས། །སྟག་གཟིག་གཅན་གཟན་ཆེ་རྒུའི་པགས་པ་བཀྲམ། །གོ་མཚོན་དབུ་རྨོག་རུ་མཚོན་རྔམས་པས་བརྗིད། །སྤྱན་གཟིགས་སྐར་ལྟར་བཀྲ་བས་ཐུགས་དམ་བསྐང༌། །དྲི་ཞིམ་བསང་སྤྲིན་འདོད་དགུའི་ཟེགས་མ་འཕྲོ། །ཁྲག་ཆང་མྱོས་བྱེད་ཕུད་རྒོད་མཚོ་ལྟར་བསྐྱིལ། །དཔའ་བོའི་དམག་དཔུང་བཞི་ངར་ཀི་བསྭོའི་སྒྲ། །རྒྱལ་རྔ་དུང་ཆེན་སྒྲོག་པས་ཐུགས་དམ་བསྐང༌། །དར་དཀར་ངོགས་སུ་སྲོག་གི་འཁོར་ལོ་བྲིས། །རང་བྱུང་ཤེལ་རྡོ་ཨ་ཡིས་མཚན་པ་སོགས། །དགྲ་ལྷའི་ཡིད་ཆགས་སྐུ་གསུང་ཐུགས་ཀྱི་རྟེན། །གཞུང་བཞིན་གཏའ་རུ་བཙུགས་པས་ཐུགས་དམ་བསྐང༌། །སྣོད་བཅུད་ཡོངས་རྫོགས་དགྲ་ལྷའི་རྟེན་མདོས་བཀོད། །སྲོག་ཆགས་ཡོད་དགུའི་མདངས་ཀྱིས་རྩེ་གར་བསྒྱུར། །མདའ་འཕང་ཤིང་རིས་རྒྱང་བུ་ཕོ་མོའི་གླུད། །ནམ་མཁའ་ཚོན་བརྒྱས་བཀྲ་བས་ཐུགས་དམ་བསྐང༌། །མདོར་ན་སྣང་སྲིད་དགྲ་ལྷ་ཝེར་མའི་ཚོགས། །དགྱེས་དགུ་སྐྱེད་པའི་མཆོད་རྫས་མ་ཚང་མེད། །རྟག་ཏུ་འཆར་བས་ཐུགས་དམ་དགྱེས་བསྐྱེད་ནས། །ཐོགས་མེད་ཕྲིན་ལས་འགྲུབ་པའི་སྡོང་གྲོགས་མཛོད། །མི་ཤེས་རྨོངས་པས་སྲུང་མའི་ཐུགས་འགལ་ལས། །དམེ་མནོལ་གྲིབ་ཕོབ་ལྟ་སྒོམ་ལོག་པར་སྤྱོད། །བསྙེན་སྒྲུབ་གཡེལ་སོགས་ནོངས་པ་ཅི་མཆིས་པ། །སྙིང་ནས་བཤགས་སོ་བྱང་ཞིང་དག་པར་མཛོད། །ཡིག་བརྒྱ་བཟླ། ཧཱུྃ། སངས་རྒྱས་ཀུན་གྱི་ཕྲིན་ལས་ཐུགས་རྗེའི་རྩལ། །བདུད་འདུལ་དགྲ་ལྷ་ཝེར་མའི་རྒྱལ་པོ་ཆེ། །སྐྱེས་བུ་སེང་ཆེན་འཕྲུལ་གྱི་རྒྱལ་པོ་ཆེ། །སྐལ་ངན་སྙིགས་འགྲོ་སྐྱོབ་པར་ཞལ་བཞེས་བཞིན། །བཞེད་དགུའི་མཆོད་སྤྲིན་བསྟབས་ཏེ་གསོལ་བའི་དོན། །རྒྱལ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་གྱི། །རིང་ལུགས་མདོ་སྔགས་བཤད་སྒྲུབ་དར་ཞིང་རྒྱས། །དེ་འཛིན་སྐྱེས་བུའི་སྐུ་ཚེ་མཛད་ཕྲིན་དང༌། །འགྲོ་ལ་ཕན་པའི་ཐུགས་བསྐྱེད་འབད་མེད་འགྲུབ། །མཁའ་མཉམ་འགྲོ་ཀུན་བདེ་སྐྱིད་དཔལ་གྱིས་འབྱོར། །སྐྱེ་དགུའི་ཡིད་ཀྱི་འཇུག་པ་ཆོས་ལ་ཕྱོགས། །དཀོན་མཆོག་དབུ་རྨོག་བཙན་ཞིང་དཀར་ཕྱོགས་དར། །མངོན་མཐོ་ངེས་ལེགས་ཡོན་ཏན་རྒྱས་པར་མཛོད། །ཁྱེད་མཆོད་བསྟེན་ཅིང་སྒྲུབ་པ་བདག་ཅག་ཀྱང༌། །མི་མཐུན་ཀུན་ཞི་ལེགས་ཚོགས་འཕེལ་རྒྱས་བརྟན། །ཕུན་ཚོགས་དབང་འདུས་དགྲ་བགེགས་བར་ཆད་སྒྲོལ། །བསམ་དོན་ཆོས་བཞིན་འགྲུབ་པའི་སྡོང་གྲོགས་མཛོད། །རྒྱལ་བསྟན་སྙིང་པོ་འཛིན་སྤེལ་སྐྱོང་བ་ཡི། །ལས་ཀུན་མྱུར་འགྲུབ་མཐུན་རྐྱེན་འབད་མེད་ཚོགས། །ཚེ་བསོད་རླུང་རྟའི་བ་དན་མཛེས་གཡོ་བའི། །དགེ་ལེགས་སྣང་བ་རྟག་ཁྱབ་ལྷུན་གྲུབ་མཛོད། །མདོར་ན་འདི་ནས་བྱང་ཆུབ་སྙིང་པོའི་བར། །མི་འབྲལ་དམ་ཚིག་གཅིག་འདྲེས་རྟག་བསྐོངས་ཏེ། །སེང་ཆེན་ཡིད་བཞིན་ནོར་བུའི་འདོད་དགུའི་དཔལ། །ལྷུན་གྲུབ་ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་སྩོལ། །ཞེས་མཆོད་གཏོར་སོགས་འབུལ། རྗེས་རིམ་སྤྱི་ལྟར་བྱའོ། །ཞེས་པའང་བརྟན་མཁས་ཡོན་ཏན་བདུད་རྩིའི་མཛོད་འཛིན་འཁྲུལ་ཞིག་མཆོག་སྤྲུལ་ངག་དབང་མདོ་སྔགས་བསྟན་འཛིན་དང༌། ཤར་ཁུམས་གངས་ཀྱི་རྭ་བའི་སྟེང་ཆེ་མཆོག་སྤྲུལ་དམ་པའི་ཡོན་ཏན་ནོར་བུའི་རྒྱན་ལྡན་ངག་དབང་བསྟན་འཛིན་དཔལ་བཟང་ནས་གསུང་བསྐུལ་བཞིན་ལྷ་སྲས་དགྲ་ལྷའི་སྐྱེ་བར་གྲགས་པའི་མདོ་ཁམས་བོད་ཆེན་པོར་སྐྱེས་པའི་རྣལ་འབྱོར་པ་མངྒ་ལ་ཤྲཱི་བྷཱུ་ཏིས་བྲིས་པ་བསྟན་དང་བསྟན་འཛིན་བྱེ་བའི་དབུ་རྨོག་བཙན་ཞིང་ཕྲིན་ལས་འཕེལ་རྒྱས་བརྟན་པའི་རྒྱུར་གྱུར་ཅིག །དགེའོ། །མངྒ་ལཾ།། །།}} | ||
</onlyinclude> | </onlyinclude> |
Latest revision as of 08:09, 1 June 2024
Wylie title | seng chen dgra lha'i rgyal po'i gsol mchod 'dod dgu'i phrin las mchog sbyin | |
---|---|---|
Location | dil mgo mkhyen brtse bka' 'bum Volume 11, Text 12, Pages 72-77 (Folios 1a to 6b2) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | Khyentse, Dilgo. Seng chen dgra lha'i rgyal po'i gsol mchod 'dod dgu'i phrin las mchog sbyin. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 11: 72-77. Delhi: Shechen Publications, 1994. | |
Genre | Protector Rituals - gsol mchod | |
Deity | ge sar | |
Colophon |
།ཞེས་པའང་བརྟན་མཁས་ཡོན་ཏན་བདུད་རྩིའི་མཛོད་འཛིན་འཁྲུལ་ཞིག་མཆོག་སྤྲུལ་ངག་དབང་མདོ་སྔགས་བསྟན་འཛིན་དང༌། ཤར་ཁུམས་གངས་ཀྱི་རྭ་བའི་སྟེང་ཆེ་མཆོག་སྤྲུལ་དམ་པའི་ཡོན་ཏན་ནོར་བུའི་རྒྱན་ལྡན་ངག་དབང་བསྟན་འཛིན་དཔལ་བཟང་ནས་གསུང་བསྐུལ་བཞིན་ལྷ་སྲས་དགྲ་ལྷའི་སྐྱེ་བར་གྲགས་པའི་མདོ་ཁམས་བོད་ཆེན་པོར་སྐྱེས་པའི་རྣལ་འབྱོར་པ་མངྒ་ལ་ཤྲཱི་བྷཱུ་ཏིས་བྲིས་པ་བསྟན་དང་བསྟན་འཛིན་བྱེ་བའི་དབུ་རྨོག་བཙན་ཞིང་ཕྲིན་ལས་འཕེལ་རྒྱས་བརྟན་པའི་རྒྱུར་གྱུར་ཅིག །དགེའོ། །མངྒ་ལཾ།། | |
/zhes pa'ang brtan mkhas yon tan bdud rtsi'i mdzod 'dzin 'khrul zhig mchog sprul ngag dbang mdo sngags bstan 'dzin dang*/_shar khums gangs kyi rwa ba'i steng che mchog sprul dam pa'i yon tan nor bu'i rgyan ldan ngag dbang bstan 'dzin dpal bzang nas gsung bskul bzhin lha sras dgra lha'i skye bar grags pa'i mdo khams bod chen por skyes pa'i rnal 'byor pa mang+ga la shrI b+hU tis bris pa bstan dang bstan 'dzin bye ba'i dbu rmog btsan zhing phrin las 'phel rgyas brtan pa'i rgyur gyur cig_/dge'o/__/mang+ga laM// |