JKCL-KABUM-01-KA-002: Difference between revisions
From Khyentse Lineage - A Tsadra Foundation Project
JKCL-KABUM-01-KA-002
No edit summary |
m (Text replacement - "Khyentse Metadata" to "Text") |
||
(One intermediate revision by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
Line 30: | Line 30: | ||
<onlyinclude> | <onlyinclude> | ||
{{TibP|༄༅། །ཏྲིཤྲདྡྷཱཔུཎྜརཱིཀཧཱསསྱདིབཀཱརནཱམབིབྷུགུརུཙཀྲསྱནཱ། པདྨཛྙཱནབཛྲསྱགུཧྱབིམོཀྵསྱཀལཱབིཧརསྟིསྨ།། །། | {{TibP|༄༅། །ཏྲིཤྲདྡྷཱཔུཎྜརཱིཀཧཱསསྱདིབཀཱརནཱམབིབྷུགུརུཙཀྲསྱནཱ། པདྨཛྙཱནབཛྲསྱགུཧྱབིམོཀྵསྱཀལཱབིཧརསྟིསྨ།། །། | ||
༄༅། །ཁྱབ་བདག་བླ་མ་འཁོར་ལོའི་མགོན་པོ་པདྨ་ཡེ་ཤེས་རྡོ་རྗེའི་གསང་བའི་རྣམ་ཐར་གྱི་ཆ་ཤས་དད་གསུམ་པད་དཀར་བཞད་པའི་ཉིན་བྱེད་ཅེས་བྱ་བ་བཞུགས་སོ། | ༄༅། །ཁྱབ་བདག་བླ་མ་འཁོར་ལོའི་མགོན་པོ་པདྨ་ཡེ་ཤེས་རྡོ་རྗེའི་གསང་བའི་རྣམ་ཐར་གྱི་ཆ་ཤས་དད་གསུམ་པད་དཀར་བཞད་པའི་ཉིན་བྱེད་ཅེས་བྱ་བ་བཞུགས་སོ། ། | ||
ཨོཾ་སྭ་སྟི། རྡོ་རྗེ་འཆང་ཉིད་རྡོར་འཛིན་མཆོག་གི་སྒྱུ་འཕྲུལ་རོལ་རྩེད་ཀྱིས། །བདག་དང་བདག་འདྲའི་སྐལ་དམན་ཚོགས་ལ་ལྷག་པར་རྗེས་བརྩེ་བས། །རྡོ་རྗེ་ཐེག་པའི་ཉེ་ལམ་ཟབ་མོས་ལན་བརྒྱར་སྨིན་མཛད་པའི། །དཔལ་ལྡན་བླ་མའི་བཀའ་དྲིན་བསམ་བཞིན་གསོལ་བ་རྒྱུན་དུ་འདེབས། །ཕྱོགས་དུས་རྒྱལ་བ་སྲས་དང་བཅས་པའི་ཡེ་ཤེས་སྐུ་ཅན་འཇ༵མ་པའི་དབྱང༵ས། །ཕྱོགས་དུས་ཀུན་ཁྱབ་བརྒྱད་ཁྲི་བཞི་སྟོང་ཆོ༵ས་ཀྱི༵་འོད་ཟེར་རྟག་ཏུ་འཕྲོ། །ཕྱོགས་དུས་ཀུན་བྲལ་རིགས་ཅན་གསུམ་གྱི་བློ༵་གྲོས༵་པདྨོ་རྒྱས་པའི་གཉེན། །ཕྱོགས་དུས་རྒྱལ་བའི་ཕྲིན་ལས་བྱེད་པོ་ལྷ་ཡི་བླ་མ་གཙུག་ན་མཆོད། །འཇ༵མ་དཔལ་དབྱང༵ས་དང་གཉིས་སུ་མེད་ཅིང་འཇམ་དབྱངས་མཁྱེན་བརྩེའི་ཕྲིན་ལས་རྣམ་རོལ་སྐུ། །མདོ་རྒྱུད་ཀུན་གྱི་གླེགས་བམ་གཅིག་གྱུར་ཤིང་རྟ་བརྒྱད་ཀྱི་ཟབ་གདམས་ཀུན་འདུས་མཚོ། །ཡོངས་རྫོགས་བསྟན་པའི་ཁུར་ཆེན་བསྣམས་ནས་བཤད་སྒྲུབ་ཆོ༵ས་ཀྱི༵་རྒྱལ་མཚན་སྲིད་རྩེར་བསྒྲེངས། །བློ༵་གྲོས༵་སྤོབས་པའི་གཏེར་བརྒྱད་གྲོལ་ཞིང་རྒྱལ་བ་རྒྱ་མཚོའི་རྣམ་ཐར་བསྐྱངས་ལ་འདུད། །རང་སྣང་འོད་གསལ་ཆོས་སྐུའི་ཀློང་དུ་གདོད་ནས་མཉམ་ཉིད་རྟོགས་གྱུར་ཀྱང་། །གཅིག་ཏུ་དགེ་བའི་སྔོན་སྨོན་ཐུགས་དམ་ཟབ་མོའི་དཔུང་ཤུགས་བཙན་པོ་ཡིས། །གཞན་སྣང་གདུལ་བྱའི་སྐལ་བ་དང་འཚམས་སྤྲུལ་པའི་ཟློས་གར་སྣ་ཚོགས་ཀྱིས། །སྲིད་མཐའི་བར་དུ་འགྲོ་ཀུན་སྐྱོབས་མཛད་ཁྱེད་ཀྱི་བཀའ་དྲིན་ཡང་ཡང་དྲན། །གང་འདུལ་སྣ་ཚོགས་སྤྲུལ་པའི་སྐུ་ནི་ཞིང་ཁམས་རྒྱ་མཚོའི་རྡུལ་གྱི་རྗེས་སུ་བསྙེགས། །གྲགས་སྟོང་སྐྱེ་མེད་རྡོ་རྗེའི་གསུང་ནི་སྲིད་གསུམ་སྒྲ་དབྱངས་བརྗོད་པ་ཀུན་གྱི་ངོ་བོར་གྱུར། །རིག་སྟོང་དབྱེར་མེད་རྡོ་རྗེའི་ཐུགས་ནི་རྒྱལ་བ་ཀུན་གྱི་དགོངས་པའི་ཀློང་དུ་རྣམ་དབྱེར་མེད། །ནམ་ཡང་འགགས་མེད་ཕྲིན་ལས་ཀྱིས་ནི་དུས་གསུམ་དུས་མེད་ཤེས་བྱ་ཀུན་ཁྱབ་ཁོ་བོས་ངེས། །དེ་ཕྱིར་ཁྱེད་ཀྱི་གསང་རྣམ་ནམ་མཁའི་ཕ་མཐར་བརྒལ། །ཕྱོགས་བཞིའི་རྒྱ་མཚོ་ཡིས་ཀྱང་ཟབ་པའི་དཔེར་མི་བཟོད། །ཉིན་བྱེད་བྱེ་བས་ཀྱང་ནི་མཚོན་པར་མི་ནུས་ན། །མེ་ཁྱེར་བྱིས་བློས་དཔག་པ་ཤིན་ཏུ་ངལ་བའི་རྒྱུ། །འོན་ཀྱང་ཟབ་གསང་རིན་བྲལ་དབྱིག་གི་སིལ་མ་འདི། །རང་འདོད་རྨོངས་ཚིག་ཕལ་གྱི་དྲི་མས་མ་སྦག་པར། །གཅིག་ཏུ་གུས་པའི་སོར་རྩེས་དད་པའི་མགུལ་རྒྱན་དུ། །དཀྱུས་སུ་ལེགས་པར་བསྟར་ལ་ནོངས་པ་མེད་སྙམ་རློམས། །དེ་ཡང་འགྲོ་བ་ལྷ་དང་བཅས་པའི་སྐྱབས་གཅིག །རྒྱལ་བསྟན་ཡོངས་རྫོགས་ཀྱི་བདག་པོ། བཀའ་གཏེར་གསར་རྙིང་གི་གདམས་པའི་གླེགས་བམ་གཅིག་གྱུར། སྙིགས་དུས་ཀྱི་རྒུད་མུན་སེལ་བའི་ཉིན་བྱེད། ཤིན་ཏུ་སྐལ་དམན་གྱི་འགྲོ་བ་རྣམས་འཁོར་བའི་མཚོ་ལས་བསྒྲལ་བའི་དེད་དཔོན། གངས་ལྗོངས་རྡོ་རྗེ་འཛིན་པ་ཡོངས་ཀྱི་རྒྱལ་པོ་མཆོག །བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་མཚན་བརྗོད་པར་དཀའ་བ། དོན་གྱི་སླད་དུ་མཚན་ནས་སྨོས་ན༧འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིས་མེད་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་མཚན་སྙན་གྱི་གྲགས་དཀར་ས་གསུམ་དུ་ཁྱབ་པ་འདི་ཉིད་ནི། ཚུར་སྣང་གདུལ་བྱའི་ངོར། ༧འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའམ། མཚན་གཞན་པདྨ་འོད་གསལ་མདོ་སྔགས་གླིང་པ་དེ་ཉིད་ཀྱི་ཕྲིན་ལས་མཆོག་གི་ཟློས་གར་ཡིན་པ་ལ། དེ་ཉིད་ནི་འཇམ་པའི་དབྱངས་ཆོས་རྒྱལ་ཁྲི་སྲོང་གི་སྐུ་དང་། གུ་རུ་པདྨའི་གསུང་། ནམ་མཁའི་སྙིང་པོའི་ཐུགས། བི་མ་ལའི་ཡོན་ཏན། ལང་གྲོ་ལོ་ཙཱ་བའི་ཕྲིན་ལས་བཅས་གཅིག་བསྡུས་ཀྱི་སྤྲུལ་པའི་སྐུ་ཡིན་པར་གསུངས་ཤིང་། རྗེ་བླ་མ་འདི་ཉིད་རང་གི་སྐྱེ་ཕྲེང་གསོལ་འདེབས་ཞལ་གསུངས་མའི་མགོར་ཡང་། རྒྱལ་བ་སྲས་དང་བཅས་པའི་ཡེ་ཤེས་སྐུ། །ཕྱོགས་དུས་མུ་མཐའ་མེད་པར་ཁྱབ་པའི་བདག །རང་བྱུང་དང་པོའི་སངས་རྒྱས་བཅོམ་ལྡན་འདས། །མགོན་པོ་འཇམ་དཔལ་དབྱངས་ལ་གསོལ་བ་འདེབས། །ཞེས་སྤྲུལ་གཞི་རྗེ་བཙུན་འཇམ་པའི་དབྱངས་ཡིན་པ་ཞལ་གྱིས་བཞེས་པ་དང་། དེ་ཉིད་ཀྱི་སྤྲུལ་པ་ཡང་སྤྲུལ་ནི་འདས་མ་འོངས་ད་ལྟའི་དུས་གསུམ། ཕྱོགས་བཅུའི་ཞིང་ཁམས་ཀུན་ཏུ་ཁྱབ་ཅིང་། དེའང་མཆོག་གི་སྤྲུལ་སྐུ་ནས་དམྱལ་བ་པའི་སེམས་ཅན་ནམ། འབུ་སྲིན་ཡན་གྱི་སྐྱེ་བའི་ཚུལ་དང་། རི་གླིང་རྒྱ་མཚོ་ནས་རྩི་ཤིང་སྨན་བཅུད། ཆུ་ཡི་ཟིལ་པ་ཡན་གྱི་རྣམ་པར་བསྟན་པ་སོགས་བསམ་གྱིས་མི་ཁྱབ་ཅིང་། བྱེ་བྲག་ཏུ་ཞིང་ཁམས་འདིའི་བྱེ་བྲག་གི་ཆར། འཕགས་བོད་གཉིས་སུ་ཚུར་མཐོང་གདུལ་འོས་ཀྱི་ངོར། རྗེ་བླ་མའི་སྐུ་སྔོན་མའི་སྐྱེ་ཕྲེང་ཆ་ཤས་འགའ་རེ་ཙམ་ངོས་ཟིན་པ། ཡེ་ཤེས་ཀྱི་གཟིགས་པར་སྒྲིབ་ཐོགས་ཀུན་བྲལ་གྱི་དམ་པ་མཆོག་གིས་རྣམ་ཐར་ཆེན་མོའི་ནང་དུ། རྗེ་གོང་མའི་རྣམ་ཐར་ཆེན་མོ་འཇམ་མགོན་ཀོང་སྤྲུལ་གྱིས་མཛད་པའི་ནང་གི་སྐུ་སྐྱེ་ཕྲེང་ཡོངས་རྫོགས་ཁར། དེའི་ནང་མ་གསལ་བ་རྗེ་བླ་མ་རང་གི་ཞལ་གསུང་གསོལ་འདེབས་དང་། རྟོགས་བརྗོད་ཉུང་གསལ་བཅས་ཀྱི་ནང་གསལ་བ་དེ་རིགས་རྒྱུ་མཚན་དང་བཅས་བཀོད་མཛད་འདུག་པ་དང་། ད་དུང་དེ་གཉིས་སུ་མ་གསལ་བའི་གསང་རྣམ་འགའ་རེའི་ནང་ཟུར་ཙམ་གསལ་རིགས་ཀྱང་དཔེར་ན། གྲུབ་ཆེན་ཀུ་ཀུ་རི་པ་དང་། །རིགས་ལྡན་འཇམ་དབྱངས་གྲགས་པ། ལྷ་སྲས་མུ་ཏིག་བཙད་པོ། །རྗེ་ཕག་མོ་གྲུབ་པ། བླ་ཆེན་འབྲོག་མི་ཤཱཀྱ་ཡེ་ཤེས། །རྗེ་རིན་པོ་ཆེ་བློ་བཟང་གྲགས་པ། སྨིན་གླིང་གཏེར་སྲས་པདྨ་འགྱུར་མེད། ནང་ཆེན་བདེ་བའི་རྡོ་རྗེ། ཀུན་མཁྱེན་བསོད་ནམས་སེངྒེ། ས་སྐྱའི་གོང་མ་ཕྱོགས་ཀྱི་གླང་པོ། ས་སྐྱ་ཀུན་རིན་སྲས་བཛྲ་རཏྣ། ཀོང་གཏེར་རིག་འཛིན་འཇའ་ཚོན་སྙིང་པོ། ངོར་མཁན་ཆེན་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན། རོང་སྟོན་བདེ་གླིང་སོགས་མང་པོ་ཞིག་ཡོད་པར་ངེས་ཀྱང་སོ་སྐྱེ་རྨོངས་བརྟུལ་གྱིས་མཐའ་མི་ཆོད་པར་མ་ཟད། དེ་ལྟ་བུའི་བླ་མ་འཇམ་པའི་རྡོ་རྗེ་དེའི་རྣམ་པར་ཐར་པའི་མཐའ་ངོ་མ་ནི་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱིས་ཀྱང་ག་ལ་ཆོད། འོན་ཀྱང་དད་པའི་མིག་དང་ལྡན་ཞིང་། བློ་གྲོས་ཀྱི་པདྨོ་ཡངས་པ་རྣམས་ཀྱི་ངོར་རྗེ་བླ་མ་རང་གི་ཕྱག་བྲིས་ངོ་མའི་གསང་རྣམ་སྐོར་གྱི་ཤོག་དྲིལ་ཁ་ཤས་ཤིག་དུས་དབང་གིས་རེ་ཞིག་མི་མངོན་པར་གྱུར་ཀྱང་། རྗེས་སོར་ཐུགས་སྲས་ཀྱི་གཙོ་བོའི་ཕྱག་སོན་བྱུང་འདུག་པ་དེ་རྣམས་འདིར་བཅོས་བསླད་མེད་པར་འབྲི་བར་བྱའོ། ། ༈ | |||
འཇམ་དབྱངས་བློ་གྲོས་རྒྱ་མཚོས་རྐྱག་བརྫུན་ཉིང་འཁྲུལ་གྱི་གཏམ་ངེས་ལ་མ་ངེས་ཙམ་བྲི་ན། རབ་བྱུང་བཅུ་དྲུག་པའི་མེ་ཡོས་ཟླ་བ་གཉིས་པའི་ཚེས་བཅུ་ནས་ཐུགས་སྒྲུབ་བྱེ་བ་ཕྲག་བརྒྱའི་ཡང་སྙིང་བར་ཆད་ཀུན་སེལ་བསྙེན་སྒྲུབ་སྐབས་སྔ་ཕྱིར་ཚེ་དཔག་མེད་ཀྱི་འཇིམ་སྐུ་སྤར་བཏབ་པ་བླ་མ་གོང་མའི་གདུང་ཚྭ་ཡིན་རྒྱུའི་གྲས་ནང་གསེར་བཏབ་པ་ཆེ་ཙམ་གཅིག་དང་། གཞན་ཡང་། བར་ཆད་ཀྱི་ལྟས་ཀྱང་རྗེ་བླ་མའི་གཟིམ་མལ་འདྲ་ཞལ་ལན་གཉིས་འཇིག་འདུག་པ་ལས་ཕྲན་ནས་ཞིག་གསོས་བྱེད་གྲབ་ཀྱི་ཞིག་ཡག་མ་ཤོར་བས་ལྷ་འདིས་བར་ཆད་སེལ་ལམ་སྙམ། ཡང་ནུབ་གཅིག་གཟིམ་མལ་འདྲ་ཞལ་གཟི་བྱིན་རྒྱས་པའི་མདུན་མཆོད་མེ་མང་པོ་ཁ་ཅུང་ཟད་ཟད་པ་འོད་གསལ་བ་བལྟམས། དབང་ཁང་ཡང་དེ་བཞིན་འདུག །ཡང་རྒྱལ་པོ་ཐང་ཐེབ་ཏོག་སྒྲོ་མང་ཡོད་པ་གཟིམས་སྐྱིལ་ལྟག་མའི་ཚོམ་དེར་འདུག་པ་དང་། ངོས་དང་གྲི་འཐབ་བྱས་པས་ཁོའི་མགོ་ལ་རྨ་མང་དུ་བྱས་ཀྱང་ཁྲག་འོང་རྒྱུ་མི་འདུག་མཐར་མགུལ་པ་བཅད་དེ་ནས་སྙིང་རྗེ་ཞིག་སྐྱེས་པས་རྐེ་དང་མ་འབྲེལ་བར་མགོ་བར་སྣང་དུ་མཐོ་གང་ཙམ་དཔག་པ་ཞིག་བྱས་ནས་འཇོག་པ་རྨིས་པས་སྙིང་རྗེ་དེས་ཅུང་ནོངས་སམ་སྙམ། ཡང་དུང་དཀར་མང་པོ་དང་། དེའི་ནང་ནས་གསེར་ལྗང་བརྡུང་གཤོག་ཅན་ཆེ་ཆ་གཅིག་སོགས་དང་། སྐྲ་བཀྲུ་བ་རྨིས། ཡང་ཕ་ཝང་ཆེ་ཙམ་ལ་གུ་རུ་རིན་པོ་ཆེའི་སྐུ་རང་བྱོན་ཤིན་ཏུ་ཆེ་བ་གྲང་གསེར་བྱུགས་ཡོད་པ་ཞིག་དང་། ཡང་རྒྱལ་བའི་བཀའ་བསྟན་འགྱུར་གསེར་བྲིས་བྲི་ཤོམ་བྱས་མཐར་བསྟན་འགྱུར་མ་བཞེངས་བཀའ་འགྱུར་བྲི་ཆགས། མཐར་བཀའ་འགྱུར་ངེས་དོན་པོད་དྲུག་བྲིས་པས་འཐུས་རྒྱུ་བྱས། སྐྱབས་རྗེ་སི་ཏུ་རིན་པོ་ཆེ་ནུབ་ཕལ་ཆེ་བ་རྨིས་འདི་ནུབ་ཤིན་ཏུ་གཟི་བརྗིད་ཅན་གསུང་གླེང་མང་པོ་གནང་ཡང་གཅིག་ཀྱང་མ་དྲན། ༈ | |||
ཡང་ནག་ཟླའི་ཚེས་ཉེར་དྲུག་ནུབ། རྨི་ལམ་སྐྱབས་རྗེ་སི་ཏུ་རིན་པོ་ཆེ་དང་མཇལ་ཞལ་འཕྲོས་མང་པོ་དང་ལུང་པ་ཉ་ལྷུང་ལྟ་བུ་ཞིག་ཏུ་ཕྲན་དང་གྲོགས་ཁ་ཤས་ཀྱིས་ཡེ་བཟང་མ་འཆི་བའི་བསྔོ་རྟེན་དཀར་ཡོལ་བཀྲ་ཤིས་རྟགས་བརྒྱད་དེ་ཆུ་ཁར་ཁུར་ནས་ཆུ་ནང་བཅུག་ན་སྟེང་དུ་འཕར་ཡོང་བྱས་དཀར་ཡོལ་ཆུར་བཅུག་པས་སྟེང་དུ་ལན་མང་འཕར་ནས་མཐར་དཀར་ཡོལ་ཆུས་གང་བ་བྱེ་སླེབས་འཕུར་བ་ལྟར་ས་ཕུག་གར་ཡིན་བབ་ནགས་རི་ཞིག་གི་རྩེར་ཡང་བབ། དེ་བཙལ་བར་སོང་ནགས་དེའི་རྩེར་ནེ་ཙོ་ཞིག་གིས་བྲག་ཆུང་ངུ་ཞིག་གི་གསེབ་ཏུ་ཚོང་བཅའ་ཤོམ་གྱི་ཐང་བལ་སོགས་བསྡུ་ནས་འགྲོ་འདུག །བྲག་ནགས་འདྲེས་པའི་དིལ་འབུར་ཆེ་བ་གནས་ཡིན་རྒྱུ་ཞིག་གི་ཕུག་པ་ནང་ནས་ཡར་སྐས་རིང་པོ་འཛེགས་ཏེ་ཕྱིན་པས་བྲག་སྐེད་ཕུག་པ་དེར་རྒྱལ་བ་རིགས་ལྔའི་མཆོད་རྟེན་ཡིན་ཟེར་རྩིག་འབུམ་དཀར་སྨུག་ཆེ་བ་ཁ་ཤས་འདུག་པ་དེ་ལ་བསྐོར་དེ་སྟེང་བྲག་ཕུག་ཞིག་ཏུ་དྲེགས་ཅན་ཞིག་འདུག་དེར་སོང་མིན་བརྗེད། སླར་མར་བབས། ཡང་དཀར་ཡོལ་བཙལ། སླར་སྔར་གྱི་ཕུག་པ་ནང་བཙལ་བས་གྲོགས་ཁ་ཤས་སྐས་ལ་འཛེགས་ཏེ་སྟེང་དུ་ཕྱིན། ངོས་རང་འགྲོ་སྙམ་གྱིས་སྐས་ཕྱེད་ཙམ་ལ་སོང་ཀྱང་སྐས་དེ་རིང་བ་དང་། ཅུང་ཡོ་འཛུག་བྱས། གོས་སྨད་ཤམ་རིང་བ་སོགས་ཀྱིས་ད་ལྟ་ཕྱིན་ཟིན་པས་ད་མི་འགྲོ་སྙམ་ཕྱིར་བབས་དཀར་ཡོལ་ནི་མ་རྙེད་པ་དེ་འདྲ་ཞིག་རྨིས་མཐར་སད། འདི་ཉིན་ཡི་གེར་བཀོད། ༈ | |||
ཚེས་༢༧ལ་འཁྲུལ་རྨིས། ཀཿཐོག་རྒྱུད་སྡེ་ལྷ་ཁང་གི་གཙུག་ལག་ཁང་གི་ནང་དུ་རབ་གསལ་གྱང་དེམ་སྟེང་སྐྱབས་རྗེ་རིན་པོ་ཆེའི་བཞུགས་སྒྲོམ་ནང་བཞུགས་གདན་འདིངས་ཡོད་པའི་ནང་ང་རང་སྡོད་གྲབ་བྱས་ཨ་རབ་ལྟ་བུ་དེ་གཉིས་གང་ཡིན་མ་འབྱེད་པ་དེར་ཁྲིད་བྱུང་བས་ངོས་ནས་གདན་ནང་གི་སྟ་མགོ་དེར་ཡང་སྐྱབས་རྗེའི་བཞུགས་གདན་གཟིམ་མལ་ཞིག་འདུག་པའི་སྟེང་ཁོས་རྐང་པས་བརྫིས་པར་ངེད་ཁྲོས་ནས་ཁྱོད་ཀྱི་དེར་བརྫི་ཆོག་དོན་མེད་ཁྱེད་ངེད་གཉིས་མི་འདྲ་ང་ལ་སྐྱབས་རྗེ་ཉིད་ཀྱི་སྔར་ནས་དོན་གྱི་བསྟན་པ་གཏད་པ་ཡིན་ཕ་ཤུལ་བུས་འཛིན་དགོས་ཞེས་གསུངས་བྱས་ནས་ཚིག་གིས་སྤྱོས་མཐར་བརྡུང་བིད་སོགས་ཅི་ཐུབ་བྱས། དེ་ནས་སྔར་གྱི་ནད་པ་ཡང་འབྱོར་ནས་སྡོད། ངེད་རང་སྐྱབས་རྗེའི་བཞུགས་མལ་འཁྲིས་དེར་གདན་བཏིང་བ་ལ་སྡོད་ནས་རྟ་མགྲིན་གནམ་ལྕགས་མེ་འཁོར་གྱི་དབང་བསྐུར་གྲབ་བྱས་ཡེ་བཟང་ཀྱང་འདུག་པ་མེ་དབང་དཔལ་འབར་བཟོས་བྱས་བུམ་པ་སོགས་བཤམས་ཡི་གེ་སྤར་མ་ཞིག་སྟེང་དབང་བསྒྲུབ་རྒྱུ་མ་བྱུང་བསྐུར་གྲབ་བྱས་ཀྱང་ཡི་གེ་མ་འགྲིགས་པ་ཨང་གྲངས་༡༤ཡང་༡༤ཞེས་ཉིས་ལྡེབ་ཤ་སྟག་འདུག་པས་བསྐུར་དཀའ་མོ་བྱུང་བ་དབང་ཞུས་གྲྭ་པ་མང་པོ་འཚུབ་བྱུང་བས་མང་པོ་ལ་མི་བསྐུར་སྙམ་ནས་མང་པོ་དེ་རྣམས་གཡོ་ཟོལ་གྱིས་ལས་བུམ་ཐོགས་ཏེ་དབང་རྫས་ཞིག་སྦྱིན་ནས་གཞན་རྣམས་གྱེས་འགྲོ་ཐབས་བྱ་བསམ་ངང་ཐམས་ཅད་ཕྱིར་དེད་ནས་བསྐུར་གྲབ་བྱས་པས་ཁྲོམ་ཁྲི་འདུག །ཀཿཐོག་འདུ་ཁང་འཁོར་དིས་འབུར་ཡན་ཆོད་གང་འདུག་ཟེར་གྲྭ་པ་དབང་རྫས་ཐོགས་པ་མང་པོ་འདུག་སྒྲུབ་ཆེན་སྐབས་ལྟ་བུ་དང་པོ་དེ་རྣམས་ལ་དབང་རྫས་བྱིན། དེ་ནས་སེར་སྦྲེང་ལྟ་བུས་རྒྱུད་སྡེ་ཆོས་ར་འབྱོར་ཙམ་ལ་གཉིད་སད་པས་ཐམས་ཅད་མི་འདུག་ཨི་ཀོཚེས་༢༩ལ་ཐོག་གཉིས་པ་ཞིག་གི་འོག་ཁང་ནས་རྡོ་སྐས་འདུག་པར་འཛེགས་ཏེ་ཕྱིན་པས་ཁ་དེ་ནས་མི་སྐྱ་ཁ་ཤས་ཀྱི་རོ་ཞིག་གྱམ་འོང་བ་མ་འོང་མ་འོང་ང་ཡོད་བྱས་ཀྱང་མ་ཉན། ཁ་ནས་མགོ་མཇུག་བསྒྱུར་བསྐྱུར་བྱུང་བ་འོག་དེར་འཕངས་ཇི་ཞིག་ན་འཆི་མེད་པ་ལྟ་བུའི་ཨ་ཨོད་མང་པོ་ཟེར་མགོ་རིས་སྐྲ་སེ་ཆོབ་བེ་བ་ཞིག་འདུག །ངེད་རང་སྟེང་ཁང་ཕྱིན་པས་མེ་རྫ་ཆང་བུམ་ལྟ་བུ་ཞིག་གི་ནང་རོ་དམར་སྒུར་བ་པུས་བྲང་བསྣོལ་ནས་མེ་དམར་ཧུ་རེ་བའི་ནང་འདུག་ཚིག་དྲི་དུ་དྲི་ནི་མི་འདུག །འོག་གི་རོ་དེ་ཡང་སོས། འདི་ཡང་སོས་ཨི་འོང་ཟེར་ངེད་ནས་སྔགས་མཆིལ་དང་ཕུ་བརྒྱབ་ཀྱང་སོས་མ་བྱུང་བ་ཞིག་རྨིས། །ཨེ་མ་ཧོ། རང་རིག་ཐབས་ཤེས་རྒྱལ་པོ་ལ། །རང་གྲོལ་སྐྱེ་མེད་འཁོར་གྱིས་བསྐོར། །རང་རིག་སྐུ་གསུམ་ལྷ་ཚོགས་རྣམས། །རང་སྣང་དབྱིངས་ཀྱི་ཚོམ་བུར་བརྡལ། །ཨ་ཧོ། སྒྲ་ཚིག་བརྗོད་པ་ཀུན་ལས་འདས། །ཀུན་བཟང་གཞོན་ནུ་བུམ་སྐུ་ཡི། །ཕྱི་རྒྱ་རལ་ལས་མངོན་དུ་གྱུར། །གོང་དུ་འཕེལ་བ་གཞན་མེད་དོ། །ཆོས་ཅན་རྟོག་པའི་འཕྲོ་འདུ་ཀུན། །ཆོས་དབྱིངས་འོད་གསལ་མཁའ་ལ་དེངས། །གང་སྣང་སྤྲོས་པའི་གཟེབས་ལས་གྲོལ། །བརྡལ་ཁྱབ་བདེ་ཆེན་ཐང་ལ་རྒྱུ། །ཨེ་མ་ཧོ། ཨ་ལ་ལ་ཧོ། ཧཱུྃ་ཧཱུྃ་ཧཱུྃ། | |||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Latest revision as of 08:13, 1 June 2024
🚧 This website is under continued development. We appreciate your patience!
Wylie title | khyab bdag bla ma 'khor lo'i mgon po pad+ma ye shes rdo rje'i gsang ba'i rnam thar gyi cha shas dad gsum pad dkar bzhad pa'i nyin byed | |
---|---|---|
Location | chos kyi blo gros bka' 'bum Volume 1, Text 2, Pages 35-340 (Folios 1a to 153b1) | |
Author | འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |
Less details More details | ||
Citation | 'jam dbyangs mkhyen brtse chos kyi blo gros. khyab bdag bla ma 'khor lo'i mgon po pad+ma ye shes rdo rje'i gsang ba'i rnam thar gyi cha shas dad gsum pad dkar bzhad pa'i nyin byed. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol 1: 35-340. Bir, H.P.: Khyentse Labrang, 2012. | |
Genre | Biographies - Hagiography - rnam thar |
1 Texts in this Section (sde tshan or chos tshan)