JKCL-KABUM-10-THA-063: Difference between revisions
No edit summary |
m (Text replacement - "Khyentse Metadata" to "Text") |
||
(One intermediate revision by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|citation=[['jam dbyangs mkhyen brtse chos kyi blo gros]]. ''''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 10: . Bir, H.P.: Khyentse Labrang, 2012. | |fulltitletib=སྤོ་ལུ་དགོན་ཐུབ་བསྟན་བསམ་འགྲུབ་དར་རྒྱས་གླིང་གི་བཅའ་ཡིག། | ||
|fulltitle=spo lu dgon thub bstan bsam 'grub dar rgyas gling gi bca' yig | |||
|citation=[['jam dbyangs mkhyen brtse chos kyi blo gros]]. ''spo lu dgon thub bstan bsam 'grub dar rgyas gling gi bca' yig''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 10: 533-535. Bir, H.P.: Khyentse Labrang, 2012. | |||
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་ | |collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་ | ||
|collectiontitle=chos kyi blo gros bka' 'bum | |collectiontitle=chos kyi blo gros bka' 'bum | ||
|author='jam dbyangs mkhyen brtse chos kyi blo gros | |author='jam dbyangs mkhyen brtse chos kyi blo gros | ||
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | ||
|tibgenre= | |tibgenre=Monastics Regulations - bca' yig | ||
|terma=No | |terma=No | ||
|jkcloutline=Thirteen | |jkcloutline=Thirteen | ||
Line 15: | Line 17: | ||
|volyigtib=ཐ་ | |volyigtib=ཐ་ | ||
|totalvolumes=12 | |totalvolumes=12 | ||
|textnuminvol=063 | |textnuminvol=063 | ||
|pagenumbers=533-535 | |||
|totalpages=3 | |||
|beginfolioline=1a1 | |||
|endfolioline=2a6 | |||
|totalfolios=2 | |||
|multivolumework=No | |||
|colophontib=མེ་ཡོས་ཟླ་ཚེས་ལ་མཁན་པོ་བླ་ཆོས། དགོན་བདག་བཅས་ནས་གསུང་བསྐུལ་བཞིན་འཇམ་དབྱངས་མཁྱེན་བརྩེའི་སྤྲུལ་སྐུས་བྲིས་པ་དགེ་ལེགས་འཕེལ་རྒྱས་ཤོག། | |||
|colophonwylie=me yos zla tshes la mkhan po bla chos/__dgon bdag bcas nas gsung bskul bzhin 'jam dbyangs mkhyen brtse'i sprul skus bris pa dge legs 'phel rgyas shog/ | |||
|pdflink=File:JKCL-KABUM-10-THA-063.pdf | |pdflink=File:JKCL-KABUM-10-THA-063.pdf | ||
}} | }} | ||
Line 22: | Line 31: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|ཨོཾ་སྭསྟི། མཁའ་ཁྱབ་ཞིང་གི་འགྲོ་བ་མཐའ་དག་གི། སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་། །དེ་སྲས་འཇམ་དབྱངས་བྱམས་ཆེན་ལ་སོགས་པ། །འཕགས་ཚོགས་འདུས་པར་བཅས་པས་ཤིས་པ་སྩོལ། །དེ་ལ་དཔལ་ས་སྐྱ་པ་ཆེན་པོ་ཡབ་སྲས་བརྒྱུད་པར་བཅས་པའི་རིང་ལུགས་དྲི་མ་མེད་པ་འཛིན་པའི་སྤོ་ལུ་དགོན་ཐུབ་བསྟན་བསམ་འགྲུབ་དར་རྒྱས་གླིང་འདི། བླ་ཆེན་ཆོས་རྒྱལ་འཕགས་པའི་ཞལ་སློབ་རྒྱ་བྱོན་པཀྴིས་བཏབ་ཅིང་། རྒྱལ་བ་མུས་པ་ཆེན་པོ་སངས་རྒྱས་སེངྒེའི་ཐུགས་སྲས་ཤེས་རབ་རྒྱལ་མཚན་གྱིས་ཞབས་ཀྱིས་བཅགས། བླ་ཆེན་གཟི་སངས་རྒྱས་དཔལ་བཟང་སོགས་ཀྱི་གདན་ས། རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་ཆོས་ཀྱི་ཁྲི་ལ་བཞུགས་པའི་མཁན་ཆེན་དཔལ་ལྡན་ཆོས་སྐྱོངས་སོགས་ཀྱི་ཞབས་ཀྱིས་བཅག་པའི་ཆོས་སྡེ་འདིའི་དགེ་འདུན་པ་རྣམས་ལ་བསྒྲིགས་ཁྲིམས་དུ་བྱ་བ་མདོར་བསྡུས་པ་ནི། རང་གི་བཀའ་གཏན་འཛིན་ཁོང་གི་གྲྭ་རྩེད་ཆོས་གཞིས་མ་ཉམས་པ་དང་། གྲྭ་ཁྲལ་ཞིབ་སྡུད་དང་ཁང་པ་ཚགས་དོན་བསྐྱངས་གལ་དང་། སྨྱུང་གནས་དབང་དང་། །མཆམ་སོགས་དམིགས་གསལ་ཁ་ཤས་ལས་བུད་མེད་འགྲུལ་སྡོད་མི་ཆོག་པ་དང་། གྲྭ་སར་རྣམས་ལ་ཀློག་བསླབ་རྒྱུ་དང་། འདོན་བློ་སྦྱངས་སོགས་རྒྱུགས་ལེན་ཚགས་སུ་ཚུད་པ་བྱེད་དགོས། ལོ་ཉི་ཤུ་ཚུན་གྲྭ་སར་འགྲོ་ནས་མར་འཁོར་འཕྲལ། འབྱུང་འདུལ། ཀུན་རིག །ཀྱེ་རྡོར་རྣམས་ཀྱི་བསྙེན་པ་སྡོད་དགོས་ཤིང་། ཀུན་རིག་བསྙེན་པ་མ་ཐོན་ན་གཤིན་སྐོར་ཟ་མི་ཆོག་པ་དང་། རྩ་བཞི་ཆང་ལྔ་འདི་སྡོམ་པའི་རྩ་བ་ཡིན་པས་མིག་འབྲས་ལྟར་བསྲུངས་དགོས་པ་དང་། ཆང་བཙོ་བཏུང་གཏན་ནས་མི་ཆོག །དབྱར་གནས་གསོ་སྦྱོངས་བསྟན་པའི་གཞི་མ་ཆགས་ཉམས་བཏང་མི་ཆོག་ཅིང་ཇེ་རྒྱས་འབྱུང་དགོས་པ་དང་། དུས་མཆོད་གཞན་ཐམས་ཅད་ཀྱང་མ་ཉམས་པ་དང་། ཚོགས་བསྒྲིག་ལེགས་པ་དགོས་ཤིང་། འདོན་རྟ་དབྱངས། དཀྱིལ་འཁོར་བྲི་ཐིག །གཏོར་བཟོ་འབུད་ཀྲོལ་སོགས་ཕྱག་བཞེས་ཁུངས་ཐུབ་སྦྱངས་དགོས་པ་དང་། བློ་གྲོས་ཆེན་པོ་རྣམས་ཀྱིས་ཕྱི་ནང་རིག་གནས་སོགས་བསླབ་ཤེས་སྦྱངས་དགོས། ཤོ་བག་རྒྱབ་རྒྱུ། སོག་ཆས་སྤྲོད་པ། སྐྲ་རིང་པོར་འཇོག་པ། གྲི་རིང་འདོགས་པ། ཀོ་ལྷྭམ་སྦུབས་དུང་གྱོན་པ་སོགས་མི་ཆོག་ཅིང་དགེ་སློང་རྣམས་གླིང་བར་བྱོན་དུས་གཟན་ཤམ་འབྲལ་མེད་དགོས། ལྷ་ཁང་དང་། གླིང་བར་ཚུན་ཕྱག་བདར་གཙང་བ། ལྷ་ཁང་དུ་མཆོད་པ་ལེགས་པོ་གཙང་སྦྲ་ལྡན་པ། དབྱར་གནས་ལ་གདིང་ཆོས། སྣམ་སྦྱར། སྤྱི་བླུགས། ལྷུང་བཟེད། མཎྜལ་སོགས་འཛོམ་དགོས། སྒྲུབ་མཆོད་སོགས་བསྒྲིགས་ཆེན་རིགས་ལ་ཐེར་ཕྲུག་སྣམ་དམར་གང་རིགས་ལས། འབུ་རས་གཟན་དང་། ཨ་གཟན་སོགས་གྱོན་མི་ཆོག་ཅིང་། འདུ་ཁང་དུ་ངག་བཅད་དམ་པོ་དགོས། སྤྱི་གཉེར་རྣམས་ནས་རྟེན་ཐེབས་རྩ་བ་རྩིས་སྤྲོད་ཡིག་སྟོང་ཤོག་བརྒྱུད་དུ་མ་སོང་བ་དངོས་པོ་ངོ་མ་ཡོད་དགོས་རྒྱུ་དང་། སྐྱེད་ཀྱིས་གཏོང་སྒོ་མ་ཉམས་གོང་འཕེལ་འབྱུང་དགོས། དགོན་ནང་དུ་རྒྱབ་འདྲེ་འཁོན་རྩེད་མི་བྱ་བར་ཕན་ཚུན་ཐུགས་མཐུན་མི་བརྒྱ་སེམས་གཅིག་ཏུ་དྲིལ་ནས་བསྟན་པ་འཛིན་དགོས། དེ་ལྟར་གྱི་ཁྲིམས་འདི་རྣམས་དང་འགལ་ཚབ་ཆེ་ཆུང་དང་བསྟུན་པའི་ཆད་ལས་ཞི་དྲག་གང་དགོས་མཁན་པོ་བླ་ཆོས་དང་། དགོན་བདག་མདུན་འོག་མ་བཅས་ནས་མཛད་དགོས་ཤིང་། མདོར་ན་གོང་མ་རྣམས་ལ་བཀུར་བསྟི་དང་། དམན་པ་རྣམས་ལ་བརྩེ་བསྐྱང་གིས་རང་བསྟན་རང་བཅའ། རློན་པས་རང་ཤེས། སྐམ་པོ་རང་འབར་གྱིས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལུང་རྟོགས་བཤད་སྒྲུབ་ཀྱི་འཛིན་དགོས་པ་ལགས། མེ་ཡོས་ཟླ་ཚེས་ལ་མཁན་པོ་བླ་ཆོས། དགོན་བདག་བཅས་ནས་གསུང་བསྐུལ་བཞིན་འཇམ་དབྱངས་མཁྱེན་བརྩེའི་སྤྲུལ་སྐུས་བྲིས་པ་དགེ་ལེགས་འཕེལ་རྒྱས་ཤོག། །། }} | {{TibP|ཨོཾ་སྭསྟི། མཁའ་ཁྱབ་ཞིང་གི་འགྲོ་བ་མཐའ་དག་གི། སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་། །དེ་སྲས་འཇམ་དབྱངས་བྱམས་ཆེན་ལ་སོགས་པ། །འཕགས་ཚོགས་འདུས་པར་བཅས་པས་ཤིས་པ་སྩོལ། །དེ་ལ་དཔལ་ས་སྐྱ་པ་ཆེན་པོ་ཡབ་སྲས་བརྒྱུད་པར་བཅས་པའི་རིང་ལུགས་དྲི་མ་མེད་པ་འཛིན་པའི་སྤོ་ལུ་དགོན་ཐུབ་བསྟན་བསམ་འགྲུབ་དར་རྒྱས་གླིང་འདི། བླ་ཆེན་ཆོས་རྒྱལ་འཕགས་པའི་ཞལ་སློབ་རྒྱ་བྱོན་པཀྴིས་བཏབ་ཅིང་། རྒྱལ་བ་མུས་པ་ཆེན་པོ་སངས་རྒྱས་སེངྒེའི་ཐུགས་སྲས་ཤེས་རབ་རྒྱལ་མཚན་གྱིས་ཞབས་ཀྱིས་བཅགས། བླ་ཆེན་གཟི་སངས་རྒྱས་དཔལ་བཟང་སོགས་ཀྱི་གདན་ས། རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་ཆོས་ཀྱི་ཁྲི་ལ་བཞུགས་པའི་མཁན་ཆེན་དཔལ་ལྡན་ཆོས་སྐྱོངས་སོགས་ཀྱི་ཞབས་ཀྱིས་བཅག་པའི་ཆོས་སྡེ་འདིའི་དགེ་འདུན་པ་རྣམས་ལ་བསྒྲིགས་ཁྲིམས་དུ་བྱ་བ་མདོར་བསྡུས་པ་ནི། རང་གི་བཀའ་གཏན་འཛིན་ཁོང་གི་གྲྭ་རྩེད་ཆོས་གཞིས་མ་ཉམས་པ་དང་། གྲྭ་ཁྲལ་ཞིབ་སྡུད་དང་ཁང་པ་ཚགས་དོན་བསྐྱངས་གལ་དང་། སྨྱུང་གནས་དབང་དང་། །མཆམ་སོགས་དམིགས་གསལ་ཁ་ཤས་ལས་བུད་མེད་འགྲུལ་སྡོད་མི་ཆོག་པ་དང་། གྲྭ་སར་རྣམས་ལ་ཀློག་བསླབ་རྒྱུ་དང་། འདོན་བློ་སྦྱངས་སོགས་རྒྱུགས་ལེན་ཚགས་སུ་ཚུད་པ་བྱེད་དགོས། ལོ་ཉི་ཤུ་ཚུན་གྲྭ་སར་འགྲོ་ནས་མར་འཁོར་འཕྲལ། འབྱུང་འདུལ། ཀུན་རིག །ཀྱེ་རྡོར་རྣམས་ཀྱི་བསྙེན་པ་སྡོད་དགོས་ཤིང་། ཀུན་རིག་བསྙེན་པ་མ་ཐོན་ན་གཤིན་སྐོར་ཟ་མི་ཆོག་པ་དང་། རྩ་བཞི་ཆང་ལྔ་འདི་སྡོམ་པའི་རྩ་བ་ཡིན་པས་མིག་འབྲས་ལྟར་བསྲུངས་དགོས་པ་དང་། ཆང་བཙོ་བཏུང་གཏན་ནས་མི་ཆོག །དབྱར་གནས་གསོ་སྦྱོངས་བསྟན་པའི་གཞི་མ་ཆགས་ཉམས་བཏང་མི་ཆོག་ཅིང་ཇེ་རྒྱས་འབྱུང་དགོས་པ་དང་། དུས་མཆོད་གཞན་ཐམས་ཅད་ཀྱང་མ་ཉམས་པ་དང་། ཚོགས་བསྒྲིག་ལེགས་པ་དགོས་ཤིང་། འདོན་རྟ་དབྱངས། དཀྱིལ་འཁོར་བྲི་ཐིག །གཏོར་བཟོ་འབུད་ཀྲོལ་སོགས་ཕྱག་བཞེས་ཁུངས་ཐུབ་སྦྱངས་དགོས་པ་དང་། བློ་གྲོས་ཆེན་པོ་རྣམས་ཀྱིས་ཕྱི་ནང་རིག་གནས་སོགས་བསླབ་ཤེས་སྦྱངས་དགོས། ཤོ་བག་རྒྱབ་རྒྱུ། སོག་ཆས་སྤྲོད་པ། སྐྲ་རིང་པོར་འཇོག་པ། གྲི་རིང་འདོགས་པ། ཀོ་ལྷྭམ་སྦུབས་དུང་གྱོན་པ་སོགས་མི་ཆོག་ཅིང་དགེ་སློང་རྣམས་གླིང་བར་བྱོན་དུས་གཟན་ཤམ་འབྲལ་མེད་དགོས། ལྷ་ཁང་དང་། གླིང་བར་ཚུན་ཕྱག་བདར་གཙང་བ། ལྷ་ཁང་དུ་མཆོད་པ་ལེགས་པོ་གཙང་སྦྲ་ལྡན་པ། དབྱར་གནས་ལ་གདིང་ཆོས། སྣམ་སྦྱར། སྤྱི་བླུགས། ལྷུང་བཟེད། མཎྜལ་སོགས་འཛོམ་དགོས། སྒྲུབ་མཆོད་སོགས་བསྒྲིགས་ཆེན་རིགས་ལ་ཐེར་ཕྲུག་སྣམ་དམར་གང་རིགས་ལས། འབུ་རས་གཟན་དང་། ཨ་གཟན་སོགས་གྱོན་མི་ཆོག་ཅིང་། འདུ་ཁང་དུ་ངག་བཅད་དམ་པོ་དགོས། སྤྱི་གཉེར་རྣམས་ནས་རྟེན་ཐེབས་རྩ་བ་རྩིས་སྤྲོད་ཡིག་སྟོང་ཤོག་བརྒྱུད་དུ་མ་སོང་བ་དངོས་པོ་ངོ་མ་ཡོད་དགོས་རྒྱུ་དང་། སྐྱེད་ཀྱིས་གཏོང་སྒོ་མ་ཉམས་གོང་འཕེལ་འབྱུང་དགོས། དགོན་ནང་དུ་རྒྱབ་འདྲེ་འཁོན་རྩེད་མི་བྱ་བར་ཕན་ཚུན་ཐུགས་མཐུན་མི་བརྒྱ་སེམས་གཅིག་ཏུ་དྲིལ་ནས་བསྟན་པ་འཛིན་དགོས། དེ་ལྟར་གྱི་ཁྲིམས་འདི་རྣམས་དང་འགལ་ཚབ་ཆེ་ཆུང་དང་བསྟུན་པའི་ཆད་ལས་ཞི་དྲག་གང་དགོས་མཁན་པོ་བླ་ཆོས་དང་། དགོན་བདག་མདུན་འོག་མ་བཅས་ནས་མཛད་དགོས་ཤིང་། མདོར་ན་གོང་མ་རྣམས་ལ་བཀུར་བསྟི་དང་། དམན་པ་རྣམས་ལ་བརྩེ་བསྐྱང་གིས་རང་བསྟན་རང་བཅའ། རློན་པས་རང་ཤེས། སྐམ་པོ་རང་འབར་གྱིས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལུང་རྟོགས་བཤད་སྒྲུབ་ཀྱི་འཛིན་དགོས་པ་ལགས། {{TibChung|མེ་ཡོས་ཟླ་ཚེས་ལ་མཁན་པོ་བླ་ཆོས། དགོན་བདག་བཅས་ནས་གསུང་བསྐུལ་བཞིན་འཇམ་དབྱངས་མཁྱེན་བརྩེའི་སྤྲུལ་སྐུས་བྲིས་པ་དགེ་ལེགས་འཕེལ་རྒྱས་ཤོག། །།}} }} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Latest revision as of 09:39, 1 June 2024
Wylie title | spo lu dgon thub bstan bsam 'grub dar rgyas gling gi bca' yig | |
---|---|---|
Location | chos kyi blo gros bka' 'bum Volume 10, Text 63, Pages 533-535 (Folios 1a1 to 2a6) | |
Author | འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |
Less details More details | ||
Citation | 'jam dbyangs mkhyen brtse chos kyi blo gros. spo lu dgon thub bstan bsam 'grub dar rgyas gling gi bca' yig. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 10: 533-535. Bir, H.P.: Khyentse Labrang, 2012. | |
Genre | Monastics Regulations - bca' yig | |
Colophon |
མེ་ཡོས་ཟླ་ཚེས་ལ་མཁན་པོ་བླ་ཆོས། དགོན་བདག་བཅས་ནས་གསུང་བསྐུལ་བཞིན་འཇམ་དབྱངས་མཁྱེན་བརྩེའི་སྤྲུལ་སྐུས་བྲིས་པ་དགེ་ལེགས་འཕེལ་རྒྱས་ཤོག། | |
me yos zla tshes la mkhan po bla chos/__dgon bdag bcas nas gsung bskul bzhin 'jam dbyangs mkhyen brtse'i sprul skus bris pa dge legs 'phel rgyas shog/ |
1 Texts in this Section (sde tshan or chos tshan)