JKCL-KABUM-08-NYA-016: Difference between revisions
No edit summary |
m (Text replacement - "Khyentse Metadata" to "Text") |
||
(One intermediate revision by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
Line 32: | Line 32: | ||
<onlyinclude> | <onlyinclude> | ||
{{TibP|༄༅། །ཟུང་འཇུག་དབུ་མ་ཆེན་པོའི་དོན་བརྗོད་པ་ངེས་དོན་ལམ་འཇུག་ཅེས་བྱ་བ་བཞུགས་སོ། ། | {{TibP|༄༅། །ཟུང་འཇུག་དབུ་མ་ཆེན་པོའི་དོན་བརྗོད་པ་ངེས་དོན་ལམ་འཇུག་ཅེས་བྱ་བ་བཞུགས་སོ། ། | ||
ཟུང་འཇུག་གཉུག་མ་ཡོངས་གྲུབ་བདེ་གཤེགས་སྙིང་པོའི་གནས་ལུགས་མངོན་སུམ་གཟིགས་པའི་བླ་མ་དམ་པ་རྣམས་ལ་གུས་པས་ཕྱག་འཚལ་ལོ། །ཐོག་མ་ཐ་མ་མེད་པའི་དབྱིངས། །ཆོས་རྣམས་ཀུན་གྱི་འབྱུང་གནས་ཆེ། །གཙང་རྟག་བདེ་བའི་མཐར་སོན་པ། །དང་པོའི་སངས་རྒྱས་ཕྱག་བཙལ་ནས། །ཟུང་འཇུག་རབ་ཏུ་མི་གནས་པའི། །དབུ་མ་ཆེན་པོ་འདིར་བཤད་བྱ། །བརྟན་དང་གཡོ་བའི་ཆོས་རྣམས་ལ། །ཆོས་ཀྱི་དབྱིངས་ཀྱིས་ཀུན་ཏུ་ཁྱབ། །ཆོས་རྣམས་དེ་བཞིན་ཉིད་དབྱེར་མེད། །སེམས་ཅན་རྒྱུད་ལ་སངས་རྒྱས་ཀྱི། །རིགས་སམ་ཁམས་ཞེས་གྲགས་པ་ནི། །བདེ་གཤེགས་སྙིང་པོ་ཞེས་བྱ་སྟེ། །སེམས་ཀྱི་ཆོས་ཉིད་དེ་ཡིན་ཅིང་། །ཆོས་ཅན་སེམས་ནི་འཁོར་བ་སྟེ། །དེ་ཡི་ཆོས་ཉིད་དག་པ་ནི། །མྱང་འདས་བདེ་གཤེགས་ཆོས་ཀྱི་སྐུ། །མ་དག་འཁོར་བ་ལྟར་སྣང་ཞིང་། །དག་པས་ཕྱོགས་རེའི་ཆ་མཐོང་ལ། །ཤིན་ཏུ་དག་པས་དབྱེར་མེད་པ། །ཆོས་ཉིད་རོ་མཉམ་ཆེན་པོར་གཟིགས། །གློ་བུར་དྲི་མའི་སྦུབས་ཞུགས་ཕྱིར། །སྙིང་པོའི་སྒྲ་ནི་གསལ་བར་བསྟན། །རྒྱལ་ཚབ་ས་བཅུའི་དབང་ཕྱུག་གི །རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་པའི་རྒྱུ་མཚན་གསུམ་གྱིས་བསྟན། །ཆོས་ཀྱི་སྐུ་ནི་འཕྲོ་བའམ། །ཁྱབ་པའི་ཕྱིར་དང་སེམས་ཅན་ནས། །སངས་རྒྱས་བར་གྱི་དེ་བཞིན་ཉིད། །རོ་གཅིག་ཐ་དད་འགྱུར་བ་མེད། །སངས་རྒྱས་ཉིད་དུ་འགྱུར་བའི་རིགས། །སེམས་ཅན་ཀུན་ལ་ཡོད་པར་གསུངས། །རང་བཞིན་གནས་པའི་རིགས་དེ་ལ། །རྣམ་དབྱེར་བཅས་པའི་ཆོས་ཀུན་བཏགས། །གཞན་དབང་གཉིས་ཀྱིས་སྟོང་པ་དང་། །རྣམ་དབྱེར་མེད་པའི་དམ་པའི་དོན། །བརྫུན་པ་བསླུ་བ་ལས་འདས་ཤིང་། །བདེན་པར་རྟག་པ་ཆེན་པོར་གྲུབ། །བདེན་པར་གྲུབ་པས་ནོངས་ཟེར་ན། །བརྫུན་པ་བསླུ་བ་ཉིད་དུ་སྨོས། །དེ་འདྲའི་སྐུར་པ་བཏབ་གྱུར་ན། །སེམས་ཅན་དམྱལ་བ་ཆེན་པོར་ལྟུང་། །བདེན་པར་གྲུབ་ན་གཞི་གྲུབ་ཐལ། །དངོས་པོ་ཉིད་དུ་འགྱུར་བ་སོགས། །ལྟར་སྣང་སྐྱོན་མང་རྗོད་བྱེད་པ། །ངལ་བ་ཁོ་ན་ཙམ་དུ་ཟད། །ཅི་ཕྱིར་གཞི་དངོས་ཁས་མ་བླངས། །ཆོས་ཉིད་བསམ་མི་ཁྱབ་པ་ཡི། །སྤྲོས་པ་བྲལ་བའི་གནས་ལུགས་ལ། །དོན་དམ་བདེན་པ་ཞེས་བརྗོད་ཀྱི། །དེ་ཉིད་གང་ལ་གྲུབ་ཟེར་ན། །འཕགས་པའི་ཡེ་ཤེས་གཟིགས་ངོར་གྲུབ། །རྒྱས་འགྱུར་ཚོགས་གཉིས་བསགས་པ་ལས། །གོང་འཕེལ་བྱུང་བའང་གཤེགས་སྙིང་གི །ཁམས་ཀྱི་ཡོན་ཏན་གསལ་བ་ལ། །རྒྱས་འགྱུར་རིགས་ཞེས་འཇོག་པ་ལས། །ཡོན་ཏན་སྔར་མེད་གསར་བསྐྱེད་མིན། །གཟུགས་སྐུ་མཚན་དཔེའི་ཡོན་ཏན་རྣམས། །དབྱིངས་ཀྱི་ངོ་བོར་ལྡན་པས་ན། །རང་བཞིན་ལྷུན་གྱིས་གྲུབ་པའོ། །གཞི་དུས་ཆོས་གཟུགས་འདུ་འབྲལ་མེད། །ལམ་གྱི་དུས་ཀྱང་དེ་ལྟར་བསྒོམ། །འབྲས་དུས་དེ་གཉིས་དབྱེར་མི་ཕྱེད། །དེས་ན་ལྷུན་གྲུབ་ཡོན་ཏན་རྣམས། །མེད་ཅེས་ཆད་ལྟ་རིང་དུ་སྤངས། །གསང་སྔགས་བླ་མེད་ཐེག་པ་ལས། །ཐིག་ལེ་སོ་གཉིས་མཚན་བཟང་སོགས། །བསྟན་པ་དེ་ཉིད་སེམས་དཀྱིལ་ལ། །སྦྱར་ན་རིག་པའི་གཤིས་ལ་ཚང་། །དག་པ་དྭངས་པ་འོད་གསལ་བ། །མི་འཁྲུགས་འདུས་མ་བྱས་སུ་གསུངས། །འོད་གསལ་ཞེས་པ་རྣམ་ཤེས་ཀྱི། །གསལ་རིག་ཙམ་ལ་ངོས་བཟུང་ན། །དེ་ནི་རྒྱུ་རྐྱེན་ལ་ལྟོས་ཕྱིར། །འདུས་མ་བྱས་སུ་མི་རུང་ཞིང་། །ཆོས་དབྱིངས་གསལ་སྟོང་ཆེན་པོ་ནི། །འདུས་མ་བྱས་སུ་མཁས་པ་དང་། །གྲུབ་པ་ཀུན་གྱི་བཞེད་པ་ཡིན། །ཁ་ཅིག་ཀུན་གཞི་རྣམ་ཤེས་ཉིད། །གཤེགས་སྙིང་ཉིད་དུ་བཞེད་པ་ཡང་། །རིགས་ཤིང་འཐད་པ་མ་ཡིན་ཏེ། །དེ་ནི་སྐྱེ་འགགས་ཆོས་ཅན་གྱི། །ངོ་བོ་འདུས་བྱས་ཡིན་པའི་ཕྱིར། །བདེ་གཤེགས་སྙིང་པོར་མི་འཐད་དེ། །འདུས་མ་བྱས་སུ་གསུངས་ཕྱིར་རོ། །འགའ་ལས་ཟག་མེད་སེམས་རྒྱུད་ཅེས། །གསུངས་པ་ཀུན་གཞིའི་རྣམ་ཤེས་ཀྱི། །གསལ་ཆ་ཉིད་ལ་དགོངས་པ་ཡིན། །དེ་ནི་མ་སྒྲིབ་ལུང་མ་བསྟན། །ཡིན་ཕྱིར་དགེ་བའི་ཐ་སྙད་མེད། །འོན་ཏེ་ཟག་མེད་སེམས་རྒྱུད་ཅེས། །ཚོགས་བརྒྱད་ལས་གཞན་ཡོད་ན་ནི། །དེ་ཚེ་རྣམ་ཤེས་ཚོགས་དགུར་འགྱུར། །དེས་ན་ཚོགས་བརྒྱད་ལས་གཞན་པའི། །ཟག་མེད་སེམས་རྒྱུད་མི་འཐད་དོ། །ཞེས་གསུངས་དེ་ལ་ངེས་ཤེས་བསྐྱེད། །དེས་ན་ཇི་ལྟར་ཁས་བླངས་རྣམས། །སྐྱོན་ཅན་ཉིད་ལས་འགའ་ཡང་མེད། །སྐྱོན་མེད་གཉུག་མ་ཟུང་འཇུག་གི །ལྟ་བ་རྒྱུད་ལ་བསྐྱེད་པར་བྱ། །སྙིང་པོའི་དོན་ལ་བྱམས་པ་དང་། །ཀླུ་སྒྲུབ་ཡབ་སྲས་ཐོགས་མེད་སོགས། །ཐམས་ཅད་དགོངས་པ་གཅིག་ཏུ་མཐུན། །དེ་ཡང་ཐེག་ཆེན་རྒྱུད་བླ་མས། །འཁོར་ལོ་ཐ་མའི་སྙིང་པོའི་དོན། །ཇི་བཞིན་གསལ་བར་མཛད་པ་ཉིད། །ངེས་པའི་དོན་ལ་ཡང་དག་འཇུག། འཕགས་པ་ཀླུས་ཀྱང་འདི་ལྟ་སྟེ། །བྱང་ཆུབ་སེམས་འགྲེལ་ལས། བཅོམ་ལྡན་འདས་ཀྱིས། གསང་བའི་བདག་པོ་སེམས་དེ་ནི་ནང་ན་ཡང་མ་ཡིན། ཕྱི་རོལ་ན་ཡང་མ་ཡིན། གཉིས་ཀའི་བར་དུ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གསང་བའི་བདག་པོ་སེམས་དེ་ནི་རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་རོ། །ཞེས་དང་། བཅོམ་ལྡན་འདས་ཀྱི་བྱང་ཆུབ་གང་ཞེ་ན། གང་སེམས་ཀྱི་ཡང་དག་པར་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པ་སྟེ། དེ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཞེས་དང་། བྱང་ཆུབ་ནི་ནམ་མཁའི་མཚན་ཉིད་ཕྱིར། དེའི་ཕྱིར་གང་ཞིག་རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་རིག་པ་དེ་ལ་བརྩེ་བའི་ཐབས་ཀྱི། ཀྱེ་མ་ཀྱི་ཧུད་སེམས་ཅན་འདི་དག་ནི་སྡུག་བསྔལ། དེ་ལས་ཇི་ལྟར་ན་དེ་དག་རང་གི་སེམས་ཀྱི་ཆོས་ཉིད་ཀྱི་རང་བཞིན་རྟོགས་པར་འགྱུར་བ་དེ་བཞིན་དུ་བདག་གིས་འབད་པར་བྱའོ། །ཞེས་དབྱིངས་དང་ཡེ་ཤེས་དབྱེར་མེད་ཟུང་འཇུག་གི་གནས་ལུགས་དེ་ཉིད་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་རྟོགས་ནས་སེམས་ཅན་རྣམས་ཀྱང་དེ་ལ་དཀྲི་བའི་སླད་དུ་འབད་པར་བསྟན་པ་དང་། སྟོང་ཉིད་ཕྱད་ཆད་དང་གསལ་བ་རིས་ཆད་ནི་རང་བཞིན་ཡོངས་སུ་དག་གཞིར་མི་འཐད་དེ། དེ་ལ་དག་མ་དག་གཉིས་ཀ་མེད་པའི་ཕྱིར། དེས་ན་ཆོས་ཅན་སེམས་ཀྱི་གནས་ལུགས་ཟུང་འཇུག་འདི་ཡོངས་སུ་དག་པ་ལ་དག་པར་བལྟ་བར་བྱ་དགོས་ཤིང་། །རང་སེམས་གདོད་ནས་མ་སྐྱེས་པ། །ཆོས་བདག་མེད་པ་མཉམ་པ་ཉིད། །ཅེས་པའང་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་ཉིད་འོད་གསལ་འདི་ལ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་འཐད་ལ། །དེ་ལས་གཞན་དུ་མ་ཡིན་ནོ། །ཡང་ཀླུས་གསང་འདུས་རིམ་ལྔ་ལས། །ཡང་དག་མཐའ་ལས་ལངས་ནས་ནི། །གཉིས་མེད་ཡེ་ཤེས་ཐོབ་པར་འགྱུར། །ཟུང་འཇུག་ཏིང་འཛིན་ལ་གནས་ནས། །སླར་ཡང་གང་ལའང་མི་སློབ་བོ། །འདི་ནི་རྫོགས་པའི་རྣལ་འབྱོར་པ། །རྡོ་རྗེ་འཛིན་པ་ཆེན་པོའང་དེ། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཐམས་ཅད་མཁྱེན་པ་དེ་ནས་འགྱུར། །ཅེས་དང་། རླུང་གི་དེ་ཉིད་གསལ་བ་ནི། །ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། །རྣལ་འབྱོར་བྱིས་པའི་ཡུལ་མིན་ཞིང་། །རྟོག་གེ་པ་ཡིས་མི་ཤེས་སོ། །ཞེས་དང་། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞིན་དུ། །རང་གི་རང་གི་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཅེས་དང་། གསལ་བ་རུ་ནི་བཤད་བྱ་སྟེ། །སྟོང་པ་གསུམ་གྱི་རྣམ་དག་ན། །འོད་གསལ་བ་ནི་འདིར་བཤད་དེ། །ཐམས་ཅད་སྟོང་པར་དེ་བརྗོད་དེ། །ཡེ་ཤེས་གསུམ་ནི་རྣམ་དག་པ། །ཡེ་ཤེས་དག་ནས་དེ་ཉིད་སྟོང་། །ཐམས་ཅད་མཁྱེན་པ་བླ་ན་མེད། །འགྱུར་བ་མེད་ཅིང་སྣང་བ་མེད། །གཉིས་མེད་མཆོག་ཏུ་ཞི་བ་ཉིད། །ཅེས་དང་། ནམ་མཁའི་ངོས་ལྟར་མཆོག་གྱུར་པ། །འོད་གསལ་བ་ནི་དེ་དམིགས་ཤིང་། །འོད་གསལ་བ་ཡི་གནས་ཐོབ་ནས། །རབ་དགའི་གཟུགས་སུ་སྐྱེ་བར་འགྱུར། །ཅེས་རླུང་སེམས་མ་དག་པ་ཐམས་ཅད་ཀྱི་ཆོས་ཉིད་འོད་གསལ་ཟུང་འཇུག་གི་ཡེ་ཤེས་ཀྱི་ངོ་བོར་བསྟན་པ། སེམས་འཁྲུལ་བཅས་ཀྱི་གསལ་རིག་མ་འགགས་པ་ཙམ་ཆོས་དབྱིངས་འོད་གསལ་དུ་མི་འཐད་ཅིང་། རང་བཞིན་འོད་གསལ་དེ་ནི་སྟོང་གསུམ་གྱི་མཐའི་འོད་གསལ་ཉིད་དོན་གྱི་འོད་གསལ་དངོས་སུ་བཤད་པའོ། །ཡང་འཕགས་པ་ཀླུས། འཁོར་ལོ་ཐ་མའི་དགོངས་འགྲེལ་དུ་གྲགས་པ་ཆོས་དབྱིངས་བསྟོད་པ་ལས། གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱངས་པ་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཆོས་ཀྱི་སྐུ་ཡང་དེ་ཉིད་དོ། །ཇི་ལྟར་འོ་མ་དང་འདྲེས་པས། །མར་གྱི་སྙིང་པོ་མི་སྣང་བ། །དེ་བཞིན་ཉོན་མོངས་དང་འདྲེས་པ། །ཆོས་ཀྱི་དབྱིངས་ཀྱང་མི་མཐོང་ངོ་། །ཇི་ལྟར་འོ་མ་རྣམས་སྦྱངས་པས། །མར་གྱི་སྙིང་པོ་དྲི་མེད་འགྱུར། །དེ་བཞིན་ཉོན་མོངས་རྣམས་སྦྱངས་པས། །ཆོས་དབྱིངས་ཤིན་ཏུ་དྲི་མེད་འགྱུར། ཅེས་དང་། །ཇི་ལྟར་རིན་ཆེན་བཻཌཱུཪྻ། །དུས་རྣམས་ཀུན་ཏུ་འོད་གསལ་ཡང་། །རྡོ་ཡི་ནང་ན་གནས་གྱུར་ན། །དེ་ཡི་འོད་ནི་གསལ་མ་ཡིན། །དེ་བཞིན་ཉོན་མོངས་ཀྱིས་བསྒྲིབས་པའི། །ཆོས་དབྱིངས་ཤིན་ཏུ་དྲི་མེད་པའང་། །འཁོར་བར་འོད་ནི་གསལ་མ་ཡིན། །མྱ་ངན་འདས་ན་འོད་གསལ་འགྱུར། །དབྱིངས་ཡོད་ན་ནི་ལས་བྱས་པས། །ས་ལེ་སྦྲམ་དག་མཐོང་བར་འགྱུར། །ཁམས་མེད་ན་ནི་ལས་བྱས་ན། །ཉོན་མོངས་འབའ་ཞིག་སྐྱེད་པར་བྱེད། །ཅེས་དང་། དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་ཆགས་ལ་སོགས་དྲི་མ་ཅན། །ཡེ་ཤེས་ཨེ་ཡིས་ཉོན་མོངས་བསྲེགས། །དེ་ཉིད་འོད་གསལ་མ་ཡིན་ནོ། །སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བས་ཇི་སྙེད་གསུངས་པ་གང་། །དེ་དག་ཀུན་གྱི་ཉོན་མོངས་ལྡོག། ཁམས་དེ་ཉམས་པར་བྱེད་མ་ཡིན། །ཞེས་དང་། སོ་སོ་རང་རིག་སྦྱོར་ལྡན་ཉིད། །སངས་རྒྱས་རྟག྄༵་པའི་ཆོས་ཉིད་ཅན། །ཞེས་དང་། །ཐོག་མ་བར་དང་མཐར་དགེ་བ། །བསླུ་བ་མེད་ཅིང་བརྟན྄༵་པ་ཡི། །གང་ཞིག་དེ་ལྟར་བདག་མེད་པའང་། །ཇི་ལྟར་བདག་དང་བདག་གིས་བརྟགས། ཞེས་སོགས་རྒྱ་ཆེར་གསུངས་པ་རྣམས་འཁོར་ལོ་ཐ་མའི་མདོ་དང་། བསྟན་བཅོས་ནས་གསུངས་པ་བཞིན། རང་བཞིན་གྱི་འོད་གསལ་དེ་བཞིན་གཤེགས་པའི་སྙིང་པོ་སྒྲིབ་པའི་ཚོགས་ཀྱིས་བསྒྲིབས་ཚུལ་དང་། རང་གི་ངོ་བོ་འཕོ་འགྱུར་བྲལ་བ་རྟག་བརྟན་ཆེན་པོར་བཞུགས་ཚུལ་སོགས་གསུངས་ཤིང་། སློབ་དཔོན་ཟླ་གྲགས་ཀྱི་ཞལ་ནས་སྟོང་ཉིད་ཉི་ཤུ་བཤད་པའི་སྐབས། སངས་རྒྱས་རྣམས་ནི་འབྱུང་བའམ། །མ་བྱུང་ཡང་རུང་དངོས་སུ་དང་། །དངོས་པོ་ཀུན་གྱི་སྟོང་པ་ཉིད། །གཞན་གྱི་དངོས་པོ་རབ་ཏུ་བསྒྲགས། །ཡང་དག་མཐའ་དང་དེ་བཞིན་ཉིད། །ཅེས་པའི་འགྲེལ་པར་གཞན་གྱི་དངོས་པོ་ནི་མཆོག་ཏུ་བྱུང་བའི་དེ་ཁོ་ན་ཉིད་དོ། །དེའི་མཆོག་ཏུ་བྱུང་བ་ཉིད་ནི་རྟག་ཏུ་ཡོད་པ་ཉིད་དོ། །རྣམ་པ་གཅིག་ཏུ་ན་གཞན་གྱི་དངོས་པོ་ནི་ཡེ་ཤེས་ཕུལ་དུ་བྱུང་བས་རྟོགས་པར་བྱ་བའི་དངོས་པོ་སྟེ། དེ་ནི་དེ་ཉིད་ཀྱིས་སྟོང་པ་ཉིད་དོ། །ཡང་ན་ཕ་རོལ་ན་ཡོད་པ་ནི་གཞན་གྱི་དངོས་པོའོ། །འཁོར་བ་ལས་འདས་པའི་ཕྱིར་གཞན་གྱི་དངོས་པོ་ཞེས་བྱ་བ་ནི་ཡང་དག་པའི་མཐའ་སྟེ་རྣམ་པར་འགྱུར་བ་མེད་པའི་དོན་དེ་བཞིན་ཉིད་ཀྱི་སྟོང་པ་ཉིད་ཀྱི་མཚན་ཉིད་ཅན་དེ་ནི་གཞན་གྱི་དངོས་པོའི་སྟོང་པ་ཉིད་དོ། །ཞེས་ཆོས་དབྱིངས་འོད་གསལ་འགྱུར་མེད་རྟག་ཏུ་བཞུགས་པ་དང་། དབྱིངས་སྤྲོས་བྲལ་གྱི་ངོ་བོ་དང་མི་ཕྱེད་པ་དང་། འཁོར་བ་ཀུན་བརྟགས་དང་གཞན་དབང་ཡང་དག་པའི་མཐའ་ཆོས་དབྱིངས་དང་། ཡང་ན་ཕ་རོལ་ན་ཡོད་པ་འཁོར་བའི་ཆོས་ཀྱི་ཡང་དག་པའི་མཐའ་དེ་སྟོང་པར་བཤད་པ་སྟེ། མཁས་པ་ཆེན་པོའི་དགོངས་པ་ཆེས་ཟབ་པའོ། །ཇོ་བོ་རྗེས། དེ་ལྟར་རགས་པའི་རྣལ་འབྱོར་བསྟན་ནས་ད་ནི་ཕྲ་བའི་རྣལ་འབྱོར་བསྟན་པར་བྱ་སྟེ། འདི་ཕྲ་བ་ཡིན་ཏེ། འདི་ལྟར་ཆོས་ཐམས་ཅད་རང་གི་སེམས་ཉིད་སྒྱུ་མ་ཙམ་དུ་སྣང་བ་འབྱུང་སྟེ། འདི་ལས་སེམས་སྒྱུ་མ་ཙམ་ནི་དུས་གསུམ་ལས་འདས་པ། ཁ་དོག་དང་དབྱིབས་མེད་པར་རང་བཞིན་གྱི་འོད་གསལ་བ། སྣང་བ་མེད་པས་ཆོས་ཐམས་ཅད་ནི་སེམས་ཉིད་སྒྱུ་མ་ཙམ་ཡིན་པར་ཤེས་པར་བྱའོ། །ཞེས་དང་། ལང་གཤེགས་ཀྱིས། སེམས་ཙམ་ལ་ནི་བརྟེན་ནས་སུ། སོགས་ཀྱིས་གསུངས་པ་དང་། ཡང་ལང་དཀར་གཤེགས་པའི་ལུང་གི་མཁས་པ་ཆེན་པོ་རྣམས་ཀྱི་གཤེགས་སྙིང་འཁོར་ལོ་ཐ་མ་ནས་བཤད་པ་དྲང་དོན་དུ་བཀྲལ་བའང་བར་པ་གཙོར་འདོན་ལ་དགོངས་ནས་གསུངས་པ་ཡིན་གྱི་མཐའ་གཅིག་ཏུ་མ་ངེས་ཏེ། ལུང་དེའི་དོན། བྱིས་པ་རྣམས་བདག་མེད་པས་འཇིགས་པར་འགྱུར་བའི་གནས་རྣམས་སྤངས་བའི་ཕྱིར་དོན་དེ་དེ་བཞིན་གཤེགས་པའི་སྙིང་པོའི་སྒོ་ནས་བསྟན་པས་རྣམ་པར་མི་རྟོག་པའི་གནས་ཟླ་གྲགས་དང་ཆོས་རྗེ་འཇམ་པའི་དབྱངས་སོགས་ཀྱིས་ལུང་དྲང་དོན་དུ་བཀྲལ་བའང་གཤེགས་སྙིང་མཚན་མ་ཅན་དུ་བཟུང་ན་ལུང་འདིས་བསལ་བས་དེ་ལ་དགོངས་ཤིང་། རང་བཞིན་འོད་གསལ་སྤྲོས་བྲལ་མཚན་མ་མེད་པར་གོ་ན་ལུང་འདིའི་དོན་དང་འབྱོར་ཞིང་དགོངས་པ་གཅིག་ཏུ་མཐུན་ནོ། །མཆན། སྣང་བ་མེད་པའི་སྤྱོད་ཡུལ་སྟོན་ཏོ། །ཞེས་བྱིས་བློས་རྟོགས་པར་དཀའ་བར་བསྟན་པ་དང་། ད་ལྟ་དང་། མ་འོངས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་བདག་ལ་མངོན་ཞེན་མི་བྱ་ཞེས་པས་ཉན་རང་བྱང་འཕགས་རྣམས་ཀྱིས་ཟབ་མོའི་གནས་དེར་བདག་ཏུ་འཁྲུལ་ནས་རྟོགས་དཀའ་བ་དང་། བདག་ཏུ་སྨྲ་བ་དྲང་བའི་ཕྱིར། དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པས། དེ་བཞིན་གཤེགས་པའི་སྙིང་པོ་སྟོན་ཏེ། ཡང་དག་པའི་བདག་ཏུ་རྣམ་པར་རྟོག་པའི་ལྟ་བར་ལྷུང་བའི་བསམ་པ་ཅན་དག་རྣམ་པར་ཐར་པའི་སྒོ་གསུམ་གྱི་སྤྱོད་ཡུལ་ལ་གནས་པའི་བསམ་པ་དང་ལྡན་ཅིང་། མྱུར་དུ་བླ་ན་མེད་པའི་རྫོགས་པའི་བྱང་ཆུབ་ཏུ་ཇི་ལྟར་འཚང་རྒྱ་བར་འགྱུར། སོགས་ཀྱིས་ཡང་དག་པའི་བདག་ཅེས་བརྟགས་པའང་དབྱིངས་རྣམ་ཐར་གསུམ་སྒོ་གསུམ་གྱི་རང་བཞིན་དང་མི་ཕྱེད་པས་བྱང་ཆུབ་ཐོབ་པར་གསུངས་ཤིང་། ལེན་པའི་རྣམ་པར་ཤེས་པ་སོགས་ཀྱི་དོན་ཀུན་གཞིའི་མཛོད་ཁང་འདི་རྟོགས་པར་དཀའ་ཞིང་། ཟབ་ཅིང་ཕྲ་བས་བྱིས་པ་རྣམས་ལ་མ་བསྟན་ཅེས་པའི་ཤུགས་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་བསྟན་པའོ། །འཇམ་དཔལ་གྱི་ལྟ་འདོད་མདོར་བསྟན་ལས། །ཕུང་པོ་རྣམ་བཅད་སྟོང་པ་ཉིད། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །ཅེས་སོགས་དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་གནས་ལུགས་འདི་སྒོམ་པ་ཉམས་སུ་མྱང་བྱའི་ལྟ་བ་ནི་འདི་ཁོ་ན་ཡིན་ནོ། །དེ་ལྟར་ཡིད་ཆེས་ལུང་དག་ལ། །བློ་ལྡན་རྣམས་ཀྱིས་ངེས་ཤེས་དྲོངས། །རིག་པ་བཞི་ཡིས་ལེགས་པར་དཔྱོད། །འོད་གསལ་ཅེས་པ་དངོས་པོ་དང་། །མཚན་མ་ཅན་དུ་འཛིན་པ་སྤོངས། །གསལ་སྟོང་མི་མཐུན་འགལ་ཟླ་གཉིས། །ཟུང་འཇུག་སྒྲུབ་པའི་ངལ་བ་དོར། །གནས་སྣང་གཅིག་ཏུ་མི་བསྲེ་བར། །མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་པར་དག་པ་ཡི། །གནས་སྐབས་སོ་སོར་ཤན་འབྱེད་བྱ། །ཀུན་རྫོབ་རང་གི་ངོ་བོས་སྟོང་། །དོན་དམ་གཞན་གྱི་དངོས་པོས་སྟོང་། །འཁོར་འདས་ཆོས་རྣམས་སྟོང་རྟེན་འབྱུང་། །དབྱེར་མེད་དབུ་མའི་ལམ་དུ་གསུངས། །མྱ་ངན་འདས་པ་བདེན་གཅིག་པུ། །ཇི་བཞིན་གཟིགས་པ་སངས་འཕགས་ཀྱི། །ཡེ་ཤེས་གཟིགས་པ་མི་བསླུ་ཞིང་། །བདེ༵ན་པ་ཉིད་དུ་ཚད་མས་གྲུབ྄༵། །དེས་ན་དེ་ཉིད་དབང་བཙན་བྱ། །འདི་དོན་ས་བཅུའི་སེམས་དཔས་ཀྱང་། །ཇི་བཞིན་རྟོགས་པར་མ་གསུངས་ན། །སོ་སྐྱེས་རྟོགས་པ་ལྟ་ཅི་ཞིག། འདྲེན་པ་རྣམས་ཀྱི་ཆོས་ཀྱི་སྐུ། །སྒྲོ་སྐུར་རྟག་ཆད་ལས་གྲོལ་ཞིང་། །ཟབ་ཞི་སྤྲོས་བྲལ་འོད་གསལ་བ། །འདུས་མ་བྱས་པའི་དོན་རྟོགས་པའི། །ཐབས་ཆེན་ལ་ནི་འབད་པ་གཅེས། །ཀླུ་སྒྲུབ་ཐོགས་མེད་ངེས་པའི་དོན། །མཐར་ཐུག་དགོངས་པ་གཅིག་ཏུ་འབབས། །དེ་ཀུན་ཟུང་འཇུག་ཕྲ་བ་ཡི། །ནང་གི་དབུ་མར་བཤད་པ་དེ། །ཟབ་མོར་བསྟན་པའི་རྒྱུད་རྣམས་དང་། །སེམས་འགྲེལ་སོགས་སུ་གསལ་བར་བསྟན། །ལྷ་གཅིག་དཱི་པཾ་ཀཱ་ར་ཡི། །ཆོས་དབྱིངས་ལྟ་བའི་གླུ་དབྱངས་ལས། །ཚུལ་གཉིས་ཤིང་རྟ་ལ་ཞོན་ནས། །རིག་པའི་སྲབ་སྐྱོགས་འཇུ་བྱེད་པ། །དེ་དག་དེ་ཕྱིར་ཇི་བཞིན་ནོ། །ཐེག་པ་ཆེན་པོ་པ་ཉིད་ཐོབ། །ཅེས་དང་། ཕ་རོལ་རྒོལ་བ་བཟློག་པ་དང་། །བསྟན་བཅོས་ཆེན་པོའི་གཞུང་དང་ནི། །རྩོད་པ་ཆེན་པོ་བྱུང་དུས་སུ། །རགས་པའི་དབུ་མའི་གཞུང་སྨྲ་བྱ། །དེ་ཉིད་དོན་ལ་གཙོར་བྱེད་ཅིང་། །རྣལ་འབྱོར་ཉམས་སུ་ལེན་དུས་སུ། །ཕྲ་བའི་རྣལ་འབྱོར་བསྒོམ་པར་བྱ། །འདི་ནི་ཞལ་གྱི་གདམས་པ་ཡིན། །ཞེས་རྗེས་འཇུག་རྣམས་ལ་གདམས་པ་དང་། །མཆོག་གསང་འོད་གསལ་རྫོགས་པ་ཆེའི། །ཤིན་ཏུ་གསལ་རྒྱས་བསྟན་པ་དང་། །རྣལ་འབྱོར་དབང་ཕྱུག་བིཪྺ་པ། །ས་སྐྱའི་རྗེ་བཙུན་མཆོག་རྣམས་ཀྱང་། །ཟུང་འཇུག་དབུ་མ་གསལ་བར་བཤད། །མར་མི་དྭགས་སོགས་འདི་ཉིད་བཞེད། །མཁས་གྲུབ་རྣམས་ཀྱི་དགོངས་པའི་མཐིལ། །འདི་ནི་བཤད་པ་ཙམ་གྱིས་མིན། །ནང་གི་རྣལ་འབྱོར་བསྒོམ་པ་ལས། །དཀར་པོའི་ཚེས་ཟླ་འཕེལ་བ་བཞིན། །རིམ་གྱིས་ཆོས་སྐུའི་རྒྱལ་ས་ཐོབ། །རྣམ་གྲོལ་ཡོན་ཏན་རབ་བརྙེས་ནས། །འགྲོ་དོན་ཕྲིན་ལས་ལྷུན་གྲུབ་འབྱུང་། །ཐམས་ཅད་སྟོང་པ་འོད་གསལ་བ། །མཚན་མཚོན་བརྗོད་པ་ལས་འདས་པའི། །ཟུང་འཇུག་གཉུག་མའི་ཡེ་ཤེས་དེ། །འགྲོ་བ་ཀུན་གྱིས་རྟོགས་པར་ཤོག། འདི་སྦྱར་དགེ་བས་བདག་གཞན་རྣམས། །བདེ་གཤེགས་སྙིང་པོའི་ཁྱབ་མཐོང་ནས། །ལམ་ལ་འབད་པ་དོན་ཡོད་ཅིང་། །དག་པ་གཉིས་ལྡན་སྐུ་ཐོབ་ཤོག། | ཟུང་འཇུག་གཉུག་མ་ཡོངས་གྲུབ་བདེ་གཤེགས་སྙིང་པོའི་གནས་ལུགས་མངོན་སུམ་གཟིགས་པའི་བླ་མ་དམ་པ་རྣམས་ལ་གུས་པས་ཕྱག་འཚལ་ལོ། །ཐོག་མ་ཐ་མ་མེད་པའི་དབྱིངས། །ཆོས་རྣམས་ཀུན་གྱི་འབྱུང་གནས་ཆེ། །གཙང་རྟག་བདེ་བའི་མཐར་སོན་པ། །དང་པོའི་སངས་རྒྱས་ཕྱག་བཙལ་ནས། །ཟུང་འཇུག་རབ་ཏུ་མི་གནས་པའི། །དབུ་མ་ཆེན་པོ་འདིར་བཤད་བྱ། །བརྟན་དང་གཡོ་བའི་ཆོས་རྣམས་ལ། །ཆོས་ཀྱི་དབྱིངས་ཀྱིས་ཀུན་ཏུ་ཁྱབ། །ཆོས་རྣམས་དེ་བཞིན་ཉིད་དབྱེར་མེད། །སེམས་ཅན་རྒྱུད་ལ་སངས་རྒྱས་ཀྱི། །རིགས་སམ་ཁམས་ཞེས་གྲགས་པ་ནི། །བདེ་གཤེགས་སྙིང་པོ་ཞེས་བྱ་སྟེ། །སེམས་ཀྱི་ཆོས་ཉིད་དེ་ཡིན་ཅིང་། །ཆོས་ཅན་སེམས་ནི་འཁོར་བ་སྟེ། །དེ་ཡི་ཆོས་ཉིད་དག་པ་ནི། །མྱང་འདས་བདེ་གཤེགས་ཆོས་ཀྱི་སྐུ། །མ་དག་འཁོར་བ་ལྟར་སྣང་ཞིང་། །དག་པས་ཕྱོགས་རེའི་ཆ་མཐོང་ལ། །ཤིན་ཏུ་དག་པས་དབྱེར་མེད་པ། །ཆོས་ཉིད་རོ་མཉམ་ཆེན་པོར་གཟིགས། །གློ་བུར་དྲི་མའི་སྦུབས་ཞུགས་ཕྱིར། །སྙིང་པོའི་སྒྲ་ནི་གསལ་བར་བསྟན། །རྒྱལ་ཚབ་ས་བཅུའི་དབང་ཕྱུག་གི །རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་པའི་རྒྱུ་མཚན་གསུམ་གྱིས་བསྟན། །ཆོས་ཀྱི་སྐུ་ནི་འཕྲོ་བའམ། །ཁྱབ་པའི་ཕྱིར་དང་སེམས་ཅན་ནས། །སངས་རྒྱས་བར་གྱི་དེ་བཞིན་ཉིད། །རོ་གཅིག་ཐ་དད་འགྱུར་བ་མེད། །སངས་རྒྱས་ཉིད་དུ་འགྱུར་བའི་རིགས། །སེམས་ཅན་ཀུན་ལ་ཡོད་པར་གསུངས། །རང་བཞིན་གནས་པའི་རིགས་དེ་ལ། །རྣམ་དབྱེར་བཅས་པའི་ཆོས་ཀུན་བཏགས། །གཞན་དབང་གཉིས་ཀྱིས་སྟོང་པ་དང་། །རྣམ་དབྱེར་མེད་པའི་དམ་པའི་དོན། །བརྫུན་པ་བསླུ་བ་ལས་འདས་ཤིང་། །བདེན་པར་རྟག་པ་ཆེན་པོར་གྲུབ། །བདེན་པར་གྲུབ་པས་ནོངས་ཟེར་ན། །བརྫུན་པ་བསླུ་བ་ཉིད་དུ་སྨོས། །དེ་འདྲའི་སྐུར་པ་བཏབ་གྱུར་ན། །སེམས་ཅན་དམྱལ་བ་ཆེན་པོར་ལྟུང་། །བདེན་པར་གྲུབ་ན་གཞི་གྲུབ་ཐལ། །དངོས་པོ་ཉིད་དུ་འགྱུར་བ་སོགས། །ལྟར་སྣང་སྐྱོན་མང་རྗོད་བྱེད་པ། །ངལ་བ་ཁོ་ན་ཙམ་དུ་ཟད། །ཅི་ཕྱིར་གཞི་དངོས་ཁས་མ་བླངས། །ཆོས་ཉིད་བསམ་མི་ཁྱབ་པ་ཡི། །སྤྲོས་པ་བྲལ་བའི་གནས་ལུགས་ལ། །དོན་དམ་བདེན་པ་ཞེས་བརྗོད་ཀྱི། །དེ་ཉིད་གང་ལ་གྲུབ་ཟེར་ན། །འཕགས་པའི་ཡེ་ཤེས་གཟིགས་ངོར་གྲུབ། །རྒྱས་འགྱུར་ཚོགས་གཉིས་བསགས་པ་ལས། །གོང་འཕེལ་བྱུང་བའང་གཤེགས་སྙིང་གི །ཁམས་ཀྱི་ཡོན་ཏན་གསལ་བ་ལ། །རྒྱས་འགྱུར་རིགས་ཞེས་འཇོག་པ་ལས། །ཡོན་ཏན་སྔར་མེད་གསར་བསྐྱེད་མིན། །གཟུགས་སྐུ་མཚན་དཔེའི་ཡོན་ཏན་རྣམས། །དབྱིངས་ཀྱི་ངོ་བོར་ལྡན་པས་ན། །རང་བཞིན་ལྷུན་གྱིས་གྲུབ་པའོ། །གཞི་དུས་ཆོས་གཟུགས་འདུ་འབྲལ་མེད། །ལམ་གྱི་དུས་ཀྱང་དེ་ལྟར་བསྒོམ། །འབྲས་དུས་དེ་གཉིས་དབྱེར་མི་ཕྱེད། །དེས་ན་ལྷུན་གྲུབ་ཡོན་ཏན་རྣམས། །མེད་ཅེས་ཆད་ལྟ་རིང་དུ་སྤངས། །གསང་སྔགས་བླ་མེད་ཐེག་པ་ལས། །ཐིག་ལེ་སོ་གཉིས་མཚན་བཟང་སོགས། །བསྟན་པ་དེ་ཉིད་སེམས་དཀྱིལ་ལ། །སྦྱར་ན་རིག་པའི་གཤིས་ལ་ཚང་། །དག་པ་དྭངས་པ་འོད་གསལ་བ། །མི་འཁྲུགས་འདུས་མ་བྱས་སུ་གསུངས། །འོད་གསལ་ཞེས་པ་རྣམ་ཤེས་ཀྱི། །གསལ་རིག་ཙམ་ལ་ངོས་བཟུང་ན། །དེ་ནི་རྒྱུ་རྐྱེན་ལ་ལྟོས་ཕྱིར། །འདུས་མ་བྱས་སུ་མི་རུང་ཞིང་། །ཆོས་དབྱིངས་གསལ་སྟོང་ཆེན་པོ་ནི། །འདུས་མ་བྱས་སུ་མཁས་པ་དང་། །གྲུབ་པ་ཀུན་གྱི་བཞེད་པ་ཡིན། །ཁ་ཅིག་ཀུན་གཞི་རྣམ་ཤེས་ཉིད། །གཤེགས་སྙིང་ཉིད་དུ་བཞེད་པ་ཡང་། །རིགས་ཤིང་འཐད་པ་མ་ཡིན་ཏེ། །དེ་ནི་སྐྱེ་འགགས་ཆོས་ཅན་གྱི། །ངོ་བོ་འདུས་བྱས་ཡིན་པའི་ཕྱིར། །བདེ་གཤེགས་སྙིང་པོར་མི་འཐད་དེ། །འདུས་མ་བྱས་སུ་གསུངས་ཕྱིར་རོ། །འགའ་ལས་ཟག་མེད་སེམས་རྒྱུད་ཅེས། །གསུངས་པ་ཀུན་གཞིའི་རྣམ་ཤེས་ཀྱི། །གསལ་ཆ་ཉིད་ལ་དགོངས་པ་ཡིན། །དེ་ནི་མ་སྒྲིབ་ལུང་མ་བསྟན། །ཡིན་ཕྱིར་དགེ་བའི་ཐ་སྙད་མེད། །འོན་ཏེ་ཟག་མེད་སེམས་རྒྱུད་ཅེས། །ཚོགས་བརྒྱད་ལས་གཞན་ཡོད་ན་ནི། །དེ་ཚེ་རྣམ་ཤེས་ཚོགས་དགུར་འགྱུར། །དེས་ན་ཚོགས་བརྒྱད་ལས་གཞན་པའི། །ཟག་མེད་སེམས་རྒྱུད་མི་འཐད་དོ། །ཞེས་གསུངས་དེ་ལ་ངེས་ཤེས་བསྐྱེད། །དེས་ན་ཇི་ལྟར་ཁས་བླངས་རྣམས། །སྐྱོན་ཅན་ཉིད་ལས་འགའ་ཡང་མེད། །སྐྱོན་མེད་གཉུག་མ་ཟུང་འཇུག་གི །ལྟ་བ་རྒྱུད་ལ་བསྐྱེད་པར་བྱ། །སྙིང་པོའི་དོན་ལ་བྱམས་པ་དང་། །ཀླུ་སྒྲུབ་ཡབ་སྲས་ཐོགས་མེད་སོགས། །ཐམས་ཅད་དགོངས་པ་གཅིག་ཏུ་མཐུན། །དེ་ཡང་ཐེག་ཆེན་རྒྱུད་བླ་མས། །འཁོར་ལོ་ཐ་མའི་སྙིང་པོའི་དོན། །ཇི་བཞིན་གསལ་བར་མཛད་པ་ཉིད། །ངེས་པའི་དོན་ལ་ཡང་དག་འཇུག། འཕགས་པ་ཀླུས་ཀྱང་འདི་ལྟ་སྟེ། །བྱང་ཆུབ་སེམས་འགྲེལ་ལས། བཅོམ་ལྡན་འདས་ཀྱིས། གསང་བའི་བདག་པོ་སེམས་དེ་ནི་ནང་ན་ཡང་མ་ཡིན། ཕྱི་རོལ་ན་ཡང་མ་ཡིན། གཉིས་ཀའི་བར་དུ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གསང་བའི་བདག་པོ་སེམས་དེ་ནི་རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་རོ། །ཞེས་དང་། བཅོམ་ལྡན་འདས་ཀྱི་བྱང་ཆུབ་གང་ཞེ་ན། གང་སེམས་ཀྱི་ཡང་དག་པར་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པ་སྟེ། དེ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཞེས་དང་། བྱང་ཆུབ་ནི་ནམ་མཁའི་མཚན་ཉིད་ཕྱིར། དེའི་ཕྱིར་གང་ཞིག་རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་རིག་པ་དེ་ལ་བརྩེ་བའི་ཐབས་ཀྱི། ཀྱེ་མ་ཀྱི་ཧུད་སེམས་ཅན་འདི་དག་ནི་སྡུག་བསྔལ། དེ་ལས་ཇི་ལྟར་ན་དེ་དག་རང་གི་སེམས་ཀྱི་ཆོས་ཉིད་ཀྱི་རང་བཞིན་རྟོགས་པར་འགྱུར་བ་དེ་བཞིན་དུ་བདག་གིས་འབད་པར་བྱའོ། །ཞེས་དབྱིངས་དང་ཡེ་ཤེས་དབྱེར་མེད་ཟུང་འཇུག་གི་གནས་ལུགས་དེ་ཉིད་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་རྟོགས་ནས་སེམས་ཅན་རྣམས་ཀྱང་དེ་ལ་དཀྲི་བའི་སླད་དུ་འབད་པར་བསྟན་པ་དང་། སྟོང་ཉིད་ཕྱད་ཆད་དང་གསལ་བ་རིས་ཆད་ནི་རང་བཞིན་ཡོངས་སུ་དག་གཞིར་མི་འཐད་དེ། དེ་ལ་དག་མ་དག་གཉིས་ཀ་མེད་པའི་ཕྱིར། དེས་ན་ཆོས་ཅན་སེམས་ཀྱི་གནས་ལུགས་ཟུང་འཇུག་འདི་ཡོངས་སུ་དག་པ་ལ་དག་པར་བལྟ་བར་བྱ་དགོས་ཤིང་། །རང་སེམས་གདོད་ནས་མ་སྐྱེས་པ། །ཆོས་བདག་མེད་པ་མཉམ་པ་ཉིད། །ཅེས་པའང་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་ཉིད་འོད་གསལ་འདི་ལ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་འཐད་ལ། །དེ་ལས་གཞན་དུ་མ་ཡིན་ནོ། །ཡང་ཀླུས་གསང་འདུས་རིམ་ལྔ་ལས། །ཡང་དག་མཐའ་ལས་ལངས་ནས་ནི། །གཉིས་མེད་ཡེ་ཤེས་ཐོབ་པར་འགྱུར། །ཟུང་འཇུག་ཏིང་འཛིན་ལ་གནས་ནས། །སླར་ཡང་གང་ལའང་མི་སློབ་བོ། །འདི་ནི་རྫོགས་པའི་རྣལ་འབྱོར་པ། །རྡོ་རྗེ་འཛིན་པ་ཆེན་པོའང་དེ། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཐམས་ཅད་མཁྱེན་པ་དེ་ནས་འགྱུར། །ཅེས་དང་། རླུང་གི་དེ་ཉིད་གསལ་བ་ནི། །ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། །རྣལ་འབྱོར་བྱིས་པའི་ཡུལ་མིན་ཞིང་། །རྟོག་གེ་པ་ཡིས་མི་ཤེས་སོ། །ཞེས་དང་། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞིན་དུ། །རང་གི་རང་གི་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཅེས་དང་། གསལ་བ་རུ་ནི་བཤད་བྱ་སྟེ། །སྟོང་པ་གསུམ་གྱི་རྣམ་དག་ན། །འོད་གསལ་བ་ནི་འདིར་བཤད་དེ། །ཐམས་ཅད་སྟོང་པར་དེ་བརྗོད་དེ། །ཡེ་ཤེས་གསུམ་ནི་རྣམ་དག་པ། །ཡེ་ཤེས་དག་ནས་དེ་ཉིད་སྟོང་། །ཐམས་ཅད་མཁྱེན་པ་བླ་ན་མེད། །འགྱུར་བ་མེད་ཅིང་སྣང་བ་མེད། །གཉིས་མེད་མཆོག་ཏུ་ཞི་བ་ཉིད། །ཅེས་དང་། ནམ་མཁའི་ངོས་ལྟར་མཆོག་གྱུར་པ། །འོད་གསལ་བ་ནི་དེ་དམིགས་ཤིང་། །འོད་གསལ་བ་ཡི་གནས་ཐོབ་ནས། །རབ་དགའི་གཟུགས་སུ་སྐྱེ་བར་འགྱུར། །ཅེས་རླུང་སེམས་མ་དག་པ་ཐམས་ཅད་ཀྱི་ཆོས་ཉིད་འོད་གསལ་ཟུང་འཇུག་གི་ཡེ་ཤེས་ཀྱི་ངོ་བོར་བསྟན་པ། སེམས་འཁྲུལ་བཅས་ཀྱི་གསལ་རིག་མ་འགགས་པ་ཙམ་ཆོས་དབྱིངས་འོད་གསལ་དུ་མི་འཐད་ཅིང་། རང་བཞིན་འོད་གསལ་དེ་ནི་སྟོང་གསུམ་གྱི་མཐའི་འོད་གསལ་ཉིད་དོན་གྱི་འོད་གསལ་དངོས་སུ་བཤད་པའོ། །ཡང་འཕགས་པ་ཀླུས། འཁོར་ལོ་ཐ་མའི་དགོངས་འགྲེལ་དུ་གྲགས་པ་ཆོས་དབྱིངས་བསྟོད་པ་ལས། གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱངས་པ་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཆོས་ཀྱི་སྐུ་ཡང་དེ་ཉིད་དོ། །ཇི་ལྟར་འོ་མ་དང་འདྲེས་པས། །མར་གྱི་སྙིང་པོ་མི་སྣང་བ། །དེ་བཞིན་ཉོན་མོངས་དང་འདྲེས་པ། །ཆོས་ཀྱི་དབྱིངས་ཀྱང་མི་མཐོང་ངོ་། །ཇི་ལྟར་འོ་མ་རྣམས་སྦྱངས་པས། །མར་གྱི་སྙིང་པོ་དྲི་མེད་འགྱུར། །དེ་བཞིན་ཉོན་མོངས་རྣམས་སྦྱངས་པས། །ཆོས་དབྱིངས་ཤིན་ཏུ་དྲི་མེད་འགྱུར། ཅེས་དང་། །ཇི་ལྟར་རིན་ཆེན་བཻཌཱུཪྻ། །དུས་རྣམས་ཀུན་ཏུ་འོད་གསལ་ཡང་། །རྡོ་ཡི་ནང་ན་གནས་གྱུར་ན། །དེ་ཡི་འོད་ནི་གསལ་མ་ཡིན། །དེ་བཞིན་ཉོན་མོངས་ཀྱིས་བསྒྲིབས་པའི། །ཆོས་དབྱིངས་ཤིན་ཏུ་དྲི་མེད་པའང་། །འཁོར་བར་འོད་ནི་གསལ་མ་ཡིན། །མྱ་ངན་འདས་ན་འོད་གསལ་འགྱུར། །དབྱིངས་ཡོད་ན་ནི་ལས་བྱས་པས། །ས་ལེ་སྦྲམ་དག་མཐོང་བར་འགྱུར། །ཁམས་མེད་ན་ནི་ལས་བྱས་ན། །ཉོན་མོངས་འབའ་ཞིག་སྐྱེད་པར་བྱེད། །ཅེས་དང་། དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་ཆགས་ལ་སོགས་དྲི་མ་ཅན། །ཡེ་ཤེས་ཨེ་ཡིས་ཉོན་མོངས་བསྲེགས། །དེ་ཉིད་འོད་གསལ་མ་ཡིན་ནོ། །སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བས་ཇི་སྙེད་གསུངས་པ་གང་། །དེ་དག་ཀུན་གྱི་ཉོན་མོངས་ལྡོག། ཁམས་དེ་ཉམས་པར་བྱེད་མ་ཡིན། །ཞེས་དང་། སོ་སོ་རང་རིག་སྦྱོར་ལྡན་ཉིད། །སངས་རྒྱས་རྟག྄༵་པའི་ཆོས་ཉིད་ཅན། །ཞེས་དང་། །ཐོག་མ་བར་དང་མཐར་དགེ་བ། །བསླུ་བ་མེད་ཅིང་བརྟན྄༵་པ་ཡི། །གང་ཞིག་དེ་ལྟར་བདག་མེད་པའང་། །ཇི་ལྟར་བདག་དང་བདག་གིས་བརྟགས། ཞེས་སོགས་རྒྱ་ཆེར་གསུངས་པ་རྣམས་འཁོར་ལོ་ཐ་མའི་མདོ་དང་། བསྟན་བཅོས་ནས་གསུངས་པ་བཞིན། རང་བཞིན་གྱི་འོད་གསལ་དེ་བཞིན་གཤེགས་པའི་སྙིང་པོ་སྒྲིབ་པའི་ཚོགས་ཀྱིས་བསྒྲིབས་ཚུལ་དང་། རང་གི་ངོ་བོ་འཕོ་འགྱུར་བྲལ་བ་རྟག་བརྟན་ཆེན་པོར་བཞུགས་ཚུལ་སོགས་གསུངས་ཤིང་། སློབ་དཔོན་ཟླ་གྲགས་ཀྱི་ཞལ་ནས་སྟོང་ཉིད་ཉི་ཤུ་བཤད་པའི་སྐབས། སངས་རྒྱས་རྣམས་ནི་འབྱུང་བའམ། །མ་བྱུང་ཡང་རུང་དངོས་སུ་དང་། །དངོས་པོ་ཀུན་གྱི་སྟོང་པ་ཉིད། །གཞན་གྱི་དངོས་པོ་རབ་ཏུ་བསྒྲགས། །ཡང་དག་མཐའ་དང་དེ་བཞིན་ཉིད། །ཅེས་པའི་འགྲེལ་པར་གཞན་གྱི་དངོས་པོ་ནི་མཆོག་ཏུ་བྱུང་བའི་དེ་ཁོ་ན་ཉིད་དོ། །དེའི་མཆོག་ཏུ་བྱུང་བ་ཉིད་ནི་རྟག་ཏུ་ཡོད་པ་ཉིད་དོ། །རྣམ་པ་གཅིག་ཏུ་ན་གཞན་གྱི་དངོས་པོ་ནི་ཡེ་ཤེས་ཕུལ་དུ་བྱུང་བས་རྟོགས་པར་བྱ་བའི་དངོས་པོ་སྟེ། དེ་ནི་དེ་ཉིད་ཀྱིས་སྟོང་པ་ཉིད་དོ། །ཡང་ན་ཕ་རོལ་ན་ཡོད་པ་ནི་གཞན་གྱི་དངོས་པོའོ། །འཁོར་བ་ལས་འདས་པའི་ཕྱིར་གཞན་གྱི་དངོས་པོ་ཞེས་བྱ་བ་ནི་ཡང་དག་པའི་མཐའ་སྟེ་རྣམ་པར་འགྱུར་བ་མེད་པའི་དོན་དེ་བཞིན་ཉིད་ཀྱི་སྟོང་པ་ཉིད་ཀྱི་མཚན་ཉིད་ཅན་དེ་ནི་གཞན་གྱི་དངོས་པོའི་སྟོང་པ་ཉིད་དོ། །ཞེས་ཆོས་དབྱིངས་འོད་གསལ་འགྱུར་མེད་རྟག་ཏུ་བཞུགས་པ་དང་། དབྱིངས་སྤྲོས་བྲལ་གྱི་ངོ་བོ་དང་མི་ཕྱེད་པ་དང་། འཁོར་བ་ཀུན་བརྟགས་དང་གཞན་དབང་ཡང་དག་པའི་མཐའ་ཆོས་དབྱིངས་དང་། ཡང་ན་ཕ་རོལ་ན་ཡོད་པ་འཁོར་བའི་ཆོས་ཀྱི་ཡང་དག་པའི་མཐའ་དེ་སྟོང་པར་བཤད་པ་སྟེ། མཁས་པ་ཆེན་པོའི་དགོངས་པ་ཆེས་ཟབ་པའོ། །ཇོ་བོ་རྗེས། དེ་ལྟར་རགས་པའི་རྣལ་འབྱོར་བསྟན་ནས་ད་ནི་ཕྲ་བའི་རྣལ་འབྱོར་བསྟན་པར་བྱ་སྟེ། འདི་ཕྲ་བ་ཡིན་ཏེ། འདི་ལྟར་ཆོས་ཐམས་ཅད་རང་གི་སེམས་ཉིད་སྒྱུ་མ་ཙམ་དུ་སྣང་བ་འབྱུང་སྟེ། འདི་ལས་སེམས་སྒྱུ་མ་ཙམ་ནི་དུས་གསུམ་ལས་འདས་པ། ཁ་དོག་དང་དབྱིབས་མེད་པར་རང་བཞིན་གྱི་འོད་གསལ་བ། སྣང་བ་མེད་པས་ཆོས་ཐམས་ཅད་ནི་སེམས་ཉིད་སྒྱུ་མ་ཙམ་ཡིན་པར་ཤེས་པར་བྱའོ། །ཞེས་དང་། ལང་གཤེགས་ཀྱིས། སེམས་ཙམ་ལ་ནི་བརྟེན་ནས་སུ། སོགས་ཀྱིས་གསུངས་པ་དང་། ཡང་ལང་དཀར་གཤེགས་པའི་ལུང་གི་མཁས་པ་ཆེན་པོ་རྣམས་ཀྱི་གཤེགས་སྙིང་འཁོར་ལོ་ཐ་མ་ནས་བཤད་པ་དྲང་དོན་དུ་བཀྲལ་བའང་བར་པ་གཙོར་འདོན་ལ་དགོངས་ནས་གསུངས་པ་ཡིན་གྱི་མཐའ་གཅིག་ཏུ་མ་ངེས་ཏེ། ལུང་དེའི་དོན། བྱིས་པ་རྣམས་བདག་མེད་པས་འཇིགས་པར་འགྱུར་བའི་གནས་རྣམས་སྤངས་བའི་ཕྱིར་དོན་དེ་དེ་བཞིན་གཤེགས་པའི་སྙིང་པོའི་སྒོ་ནས་བསྟན་པས་རྣམ་པར་མི་རྟོག་པའི་གནས་ཟླ་གྲགས་དང་ཆོས་རྗེ་འཇམ་པའི་དབྱངས་སོགས་ཀྱིས་ལུང་དྲང་དོན་དུ་བཀྲལ་བའང་གཤེགས་སྙིང་མཚན་མ་ཅན་དུ་བཟུང་ན་ལུང་འདིས་བསལ་བས་དེ་ལ་དགོངས་ཤིང་། རང་བཞིན་འོད་གསལ་སྤྲོས་བྲལ་མཚན་མ་མེད་པར་གོ་ན་ལུང་འདིའི་དོན་དང་འབྱོར་ཞིང་དགོངས་པ་གཅིག་ཏུ་མཐུན་ནོ། །མཆན། སྣང་བ་མེད་པའི་སྤྱོད་ཡུལ་སྟོན་ཏོ། །ཞེས་བྱིས་བློས་རྟོགས་པར་དཀའ་བར་བསྟན་པ་དང་། ད་ལྟ་དང་། མ་འོངས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་བདག་ལ་མངོན་ཞེན་མི་བྱ་ཞེས་པས་ཉན་རང་བྱང་འཕགས་རྣམས་ཀྱིས་ཟབ་མོའི་གནས་དེར་བདག་ཏུ་འཁྲུལ་ནས་རྟོགས་དཀའ་བ་དང་། བདག་ཏུ་སྨྲ་བ་དྲང་བའི་ཕྱིར། དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པས། དེ་བཞིན་གཤེགས་པའི་སྙིང་པོ་སྟོན་ཏེ། ཡང་དག་པའི་བདག་ཏུ་རྣམ་པར་རྟོག་པའི་ལྟ་བར་ལྷུང་བའི་བསམ་པ་ཅན་དག་རྣམ་པར་ཐར་པའི་སྒོ་གསུམ་གྱི་སྤྱོད་ཡུལ་ལ་གནས་པའི་བསམ་པ་དང་ལྡན་ཅིང་། མྱུར་དུ་བླ་ན་མེད་པའི་རྫོགས་པའི་བྱང་ཆུབ་ཏུ་ཇི་ལྟར་འཚང་རྒྱ་བར་འགྱུར། སོགས་ཀྱིས་ཡང་དག་པའི་བདག་ཅེས་བརྟགས་པའང་དབྱིངས་རྣམ་ཐར་གསུམ་སྒོ་གསུམ་གྱི་རང་བཞིན་དང་མི་ཕྱེད་པས་བྱང་ཆུབ་ཐོབ་པར་གསུངས་ཤིང་། ལེན་པའི་རྣམ་པར་ཤེས་པ་སོགས་ཀྱི་དོན་ཀུན་གཞིའི་མཛོད་ཁང་འདི་རྟོགས་པར་དཀའ་ཞིང་། ཟབ་ཅིང་ཕྲ་བས་བྱིས་པ་རྣམས་ལ་མ་བསྟན་ཅེས་པའི་ཤུགས་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་བསྟན་པའོ། །འཇམ་དཔལ་གྱི་ལྟ་འདོད་མདོར་བསྟན་ལས། །ཕུང་པོ་རྣམ་བཅད་སྟོང་པ་ཉིད། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །ཅེས་སོགས་དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་གནས་ལུགས་འདི་སྒོམ་པ་ཉམས་སུ་མྱང་བྱའི་ལྟ་བ་ནི་འདི་ཁོ་ན་ཡིན་ནོ། །དེ་ལྟར་ཡིད་ཆེས་ལུང་དག་ལ། །བློ་ལྡན་རྣམས་ཀྱིས་ངེས་ཤེས་དྲོངས། །རིག་པ་བཞི་ཡིས་ལེགས་པར་དཔྱོད། །འོད་གསལ་ཅེས་པ་དངོས་པོ་དང་། །མཚན་མ་ཅན་དུ་འཛིན་པ་སྤོངས། །གསལ་སྟོང་མི་མཐུན་འགལ་ཟླ་གཉིས། །ཟུང་འཇུག་སྒྲུབ་པའི་ངལ་བ་དོར། །གནས་སྣང་གཅིག་ཏུ་མི་བསྲེ་བར། །མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་པར་དག་པ་ཡི། །གནས་སྐབས་སོ་སོར་ཤན་འབྱེད་བྱ། །ཀུན་རྫོབ་རང་གི་ངོ་བོས་སྟོང་། །དོན་དམ་གཞན་གྱི་དངོས་པོས་སྟོང་། །འཁོར་འདས་ཆོས་རྣམས་སྟོང་རྟེན་འབྱུང་། །དབྱེར་མེད་དབུ་མའི་ལམ་དུ་གསུངས། །མྱ་ངན་འདས་པ་བདེན་གཅིག་པུ། །ཇི་བཞིན་གཟིགས་པ་སངས་འཕགས་ཀྱི། །ཡེ་ཤེས་གཟིགས་པ་མི་བསླུ་ཞིང་། །བདེ༵ན་པ་ཉིད་དུ་ཚད་མས་གྲུབ྄༵། །དེས་ན་དེ་ཉིད་དབང་བཙན་བྱ། །འདི་དོན་ས་བཅུའི་སེམས་དཔས་ཀྱང་། །ཇི་བཞིན་རྟོགས་པར་མ་གསུངས་ན། །སོ་སྐྱེས་རྟོགས་པ་ལྟ་ཅི་ཞིག། འདྲེན་པ་རྣམས་ཀྱི་ཆོས་ཀྱི་སྐུ། །སྒྲོ་སྐུར་རྟག་ཆད་ལས་གྲོལ་ཞིང་། །ཟབ་ཞི་སྤྲོས་བྲལ་འོད་གསལ་བ། །འདུས་མ་བྱས་པའི་དོན་རྟོགས་པའི། །ཐབས་ཆེན་ལ་ནི་འབད་པ་གཅེས། །ཀླུ་སྒྲུབ་ཐོགས་མེད་ངེས་པའི་དོན། །མཐར་ཐུག་དགོངས་པ་གཅིག་ཏུ་འབབས། །དེ་ཀུན་ཟུང་འཇུག་ཕྲ་བ་ཡི། །ནང་གི་དབུ་མར་བཤད་པ་དེ། །ཟབ་མོར་བསྟན་པའི་རྒྱུད་རྣམས་དང་། །སེམས་འགྲེལ་སོགས་སུ་གསལ་བར་བསྟན། །ལྷ་གཅིག་དཱི་པཾ་ཀཱ་ར་ཡི། །ཆོས་དབྱིངས་ལྟ་བའི་གླུ་དབྱངས་ལས། །ཚུལ་གཉིས་ཤིང་རྟ་ལ་ཞོན་ནས། །རིག་པའི་སྲབ་སྐྱོགས་འཇུ་བྱེད་པ། །དེ་དག་དེ་ཕྱིར་ཇི་བཞིན་ནོ། །ཐེག་པ་ཆེན་པོ་པ་ཉིད་ཐོབ། །ཅེས་དང་། ཕ་རོལ་རྒོལ་བ་བཟློག་པ་དང་། །བསྟན་བཅོས་ཆེན་པོའི་གཞུང་དང་ནི། །རྩོད་པ་ཆེན་པོ་བྱུང་དུས་སུ། །རགས་པའི་དབུ་མའི་གཞུང་སྨྲ་བྱ། །དེ་ཉིད་དོན་ལ་གཙོར་བྱེད་ཅིང་། །རྣལ་འབྱོར་ཉམས་སུ་ལེན་དུས་སུ། །ཕྲ་བའི་རྣལ་འབྱོར་བསྒོམ་པར་བྱ། །འདི་ནི་ཞལ་གྱི་གདམས་པ་ཡིན། །ཞེས་རྗེས་འཇུག་རྣམས་ལ་གདམས་པ་དང་། །མཆོག་གསང་འོད་གསལ་རྫོགས་པ་ཆེའི། །ཤིན་ཏུ་གསལ་རྒྱས་བསྟན་པ་དང་། །རྣལ་འབྱོར་དབང་ཕྱུག་བིཪྺ་པ། །ས་སྐྱའི་རྗེ་བཙུན་མཆོག་རྣམས་ཀྱང་། །ཟུང་འཇུག་དབུ་མ་གསལ་བར་བཤད། །མར་མི་དྭགས་སོགས་འདི་ཉིད་བཞེད། །མཁས་གྲུབ་རྣམས་ཀྱི་དགོངས་པའི་མཐིལ། །འདི་ནི་བཤད་པ་ཙམ་གྱིས་མིན། །ནང་གི་རྣལ་འབྱོར་བསྒོམ་པ་ལས། །དཀར་པོའི་ཚེས་ཟླ་འཕེལ་བ་བཞིན། །རིམ་གྱིས་ཆོས་སྐུའི་རྒྱལ་ས་ཐོབ། །རྣམ་གྲོལ་ཡོན་ཏན་རབ་བརྙེས་ནས། །འགྲོ་དོན་ཕྲིན་ལས་ལྷུན་གྲུབ་འབྱུང་། །ཐམས་ཅད་སྟོང་པ་འོད་གསལ་བ། །མཚན་མཚོན་བརྗོད་པ་ལས་འདས་པའི། །ཟུང་འཇུག་གཉུག་མའི་ཡེ་ཤེས་དེ། །འགྲོ་བ་ཀུན་གྱིས་རྟོགས་པར་ཤོག། འདི་སྦྱར་དགེ་བས་བདག་གཞན་རྣམས། །བདེ་གཤེགས་སྙིང་པོའི་ཁྱབ་མཐོང་ནས། །ལམ་ལ་འབད་པ་དོན་ཡོད་ཅིང་། །དག་པ་གཉིས་ལྡན་སྐུ་ཐོབ་ཤོག། །{{TibChung|ཅེས་པའང་མ་སྦྱངས་མུ་ཅོར་སྨྲ་བ་ཆོས་དབྱིངས་བདེ་གཤེགས་སྙིང་པོ་ལ་མོས་པས་སྤྱོད་པ་བློ་གྲོས་རྒྱ་མཚོས་མྱུར་བར་བྲིས་པ་དགེ། །།}} }} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Latest revision as of 09:38, 1 June 2024
Wylie title | zung 'jug dbu ma chen po'i don brjod pa nges don lam 'jug | |
---|---|---|
Location | chos kyi blo gros bka' 'bum Volume 8, Text 16, Pages 577-592 (Folios 1a1 to 8b1) | |
Author | འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |
Less details More details | ||
Citation | 'jam dbyangs mkhyen brtse chos kyi blo gros. zung 'jug dbu ma chen po'i don brjod pa nges don lam 'jug. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 8: 577-592. Bir, H.P.: Khyentse Labrang, 2012. | |
Genre | Madhyamaka - dbu ma | |
Colophon |
།ཅེས་པའང་མ་སྦྱངས་མུ་ཅོར་སྨྲ་བ་ཆོས་དབྱིངས་བདེ་གཤེགས་སྙིང་པོ་ལ་མོས་པས་སྤྱོད་པ་བློ་གྲོས་རྒྱ་མཚོས་མྱུར་བར་བྲིས་པ་དགེ། | |
/ces pa'ang ma sbyangs mu cor smra ba chos dbyings bde gshegs snying po la mos pas spyod pa blo gros rgya mtshos myur bar bris pa dge/ |
1 Texts in this Section (sde tshan or chos tshan)