JKCL-KABUM-02-KHA-032: Difference between revisions
No edit summary |
m (Text replacement - "Khyentse Metadata" to "Text") |
||
(One intermediate revision by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|citation=[['jam dbyangs mkhyen brtse chos kyi blo gros]]. ''''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 2: . Bir, H.P.: Khyentse Labrang, 2012. | |fulltitletib=རྗེ་བཙུན་ཡིད་བཞིན་འཁོར་ལོ་ལ་བསྟོད་པ་བསམ་འགྲུབ་ལྷ་ཡི་ལྗོན་ཤིང་། | ||
|fulltitle=rje btsun yid bzhin 'khor lo la bstod pa bsam 'grub lha yi ljon shing | |||
|citation=[['jam dbyangs mkhyen brtse chos kyi blo gros]]. ''rje btsun yid bzhin 'khor lo la bstod pa bsam 'grub lha yi ljon shing''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 2: 439-441. Bir, H.P.: Khyentse Labrang, 2012. | |||
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་ | |collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་ | ||
|collectiontitle=chos kyi blo gros bka' 'bum | |collectiontitle=chos kyi blo gros bka' 'bum | ||
Line 10: | Line 12: | ||
|terma=No | |terma=No | ||
|jkcloutline=Two | |jkcloutline=Two | ||
|deity=sgrol ma yid bzhin 'khor lo | |||
|language=Tibetan | |language=Tibetan | ||
|volumenumber=002 | |volumenumber=002 | ||
Line 16: | Line 19: | ||
|totalvolumes=12 | |totalvolumes=12 | ||
|textnuminvol=032 | |textnuminvol=032 | ||
|pagenumbers=439-441 | |||
|totalpages=3 | |||
|beginfolioline=1a1 | |||
|endfolioline=2a6 | |||
|totalfolios=2 | |||
|multivolumework=No | |||
|colophontib=།ཅེས་པའང་ས་ཕག་གནམ་ལོ་གསར་འཆར་གྱི་དགའ་བ་དང་པོར་རྗེ་བཙུན་འཕགས་མའི་འབངས་ཀྱི་ཐ་ཆུང་ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་པ་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾ། ། | |||
|colophonwylie=ces pa'ang sa phag gnam lo gsar 'char gyi dga' ba dang por rje btsun 'phags ma'i 'bangs kyi tha chung chos kyi blo gros pas gsol ba btab pa dge legs su gyur cig__/mang+ga laM/ | |||
|pdflink=File:JKCL-KABUM-02-KHA-032.pdf | |pdflink=File:JKCL-KABUM-02-KHA-032.pdf | ||
}} | }} | ||
Line 21: | Line 32: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|རྗེ་བཙུན་ཡིད་བཞིན་འཁོར་ལོ་ལ་བསྟོད་པ་བསམ་འགྲུབ་ལྷ་ཡི་ལྗོན་ཤིང་ཞེས་བྱ་བ་བཞུགས་སོ། །ན་མོཿགུ་རུ་ཙིནྟ་ཙཀྲ་ཡ། དུས་གསུམ་རྒྱལ་བ་སྲས་དང་བཅས་པ་ཡི། །ཐུགས་རྗེའི་ཕྲིན་ལས་གཅིག་ཏུ་བསྡུས་པ་ལས། །ཡོངས་ཤར་རྗེ་བཙུན་བཅོམ་ལྡན་འདས་མ་ནི། །ཡིད་བཞིན་འཁོར་ལོས་དེ་རིང་བདག་སྐྱོངས་ཤིག །ཐུགས་རྗེའི་དབང་ཕྱུག་འགྲོ་ལ་བརྩེ་བ་ཡི། །ཆུ་རྒྱུན་ཆལ་ཆལ་གཡོ་བ་ལས་འཁྲུངས་པའི། །སྒྲོལ་མ་ཞེས་གྲགས་རྒྱལ་བས་བསྔགས་པ་ཡི། །ཨུཏྤལ་དཀར་པོ་ཐོད་དུ་བཅིངས་ལ་འདུད། །འཆི་མེད་བདུད་རྩིས་བཅུད་ཀྱིས་མྱོས་པ་ཡི། །ཟླ་བའི་ལང་ཚོ་རབ་ཏུ་རྒྱས་པ་དང་། །ཡེ་ཤེས་སྤྱན་བདུན་རྣམ་པར་བཀྲ་བ་ཡི། །ཡིད་བཞིན་འཁོར་ལོ་ཕྱོགས་བཅུའི་ཞིང་ན་སྙན། །ངེས་པའི་དོན་དུ་སྤྲོས་པ་ལས་འདས་ཀྱང་། །རྣམ་པ་ཤེས་རབ་གཟུགས་ཀྱི་སྐུ་བཞེངས་པ། །ལྷ་མོ་ཁྱོད་ནི་སྲས་བཅས་རྒྱལ་བའི་ཡུམ། །རྒྱལ་བ་སྲས་བཅས་ཁྱོད་ལ་དགྱེས་པར་རོལ། །ལོངས་སྤྱོད་ཡོངས་རྫོགས་བདེ་ཆེན་ཁ་སྦྱོར་སྐུ། །རང་བཞིན་མེད་ཀྱང་སྙིང་རྗེ་རྒྱུན་མི་ཆད། །སྤྲུལ་པའི་རྣམ་རོལ་འགག་མེད་ཆུ་ཟླའི་གར། །གངྒཱའི་རྡུལ་དང་མཉམ་པ་སྟོན་མཛད་གང་། །དྲི་མེད་སྐུ་ནི་རི་བོང་ཐེར་འབུམ་བརྩེགས། །གངས་རིའི་དཔལ་དང་རྒྱུ་སྐར་བྱེ་བ་བརྒྱ། །པད་དཀར་འབུམ་ཕྲག་རྒྱས་པའི་འོད་ཟེར་རྣམས། །ཕྱོགས་ཅིག་སྤུངས་པའི་མཚན་དཔེ་འོད་སྟོང་འཕྲོ། །ལྷ་རྫས་ན་བཟའ་རེག་ལ་མ་འབྱར་ཤིང་། །རིན་ཆེན་སིལ་ཁྲོལ་དུ་མའི་རྒྱན་ཆ་ཅན། །མཐའ་ཡས་ཞིང་དུ་རྣམ་པར་རྒྱུ་བ་མོ། །ཀུན་ལ་དབང་བསྒྱུར་རྗེ་བཙུན་ཐུགས་རྗེ་ཅན། །གློག་དང་འདྲ་བའི་སྤྱན་གྱིས་འགྲོ་ལ་བརྩེ། །ཚེ་དང་ཡེ་ཤེས་མཆོག་ཀུན་སྦྱིན་མ་དང་། །འཇིགས་དང་སྡུག་བསྔལ་ཀུན་ལས་སྐྱོབས་མཛད་ཅིང་། །འདོད་པའི་དོན་ཀུན་སྩོལ་བའི་རྗེ་བཙུན་མ། །གང་གསུང་བདུད་རྩིའི་ཐིག་པའི་ཆ་ཤས་ཀྱིས། །འཆི་བདག་བདུད་ཀྱི་ཚད་རིམས་སེལ་བ་ལ། །ཀུ་སྤུ་ར་ཡི་ནུས་པས་མཚོན་མིན་པའི། །གདུང་སེལ་འཆི་མེད་གྲུབ་པའི་རིང་འཚོ་སྟེར། །སྐུ་ཡི་བ་སྤུ་ཕྲ་མོའི་རྩེ་མོར་ཡང་། །ཞིང་ཁམས་རྒྱ་མཚོ་སྤྲོ་དང་སྡུད་མཛད་ཅིང་། །གཅིག་པུ་ཉིད་ཀྱང་དུ་མའི་གར་གྱིས་རོལ། །ལྷན་སྐྱེས་བདེ་ཆེན་ཡེ་ཤེས་སྦྱིན་མཛད་ལ། །སྐད་ཅིག་རེར་ཡང་སེམས་ཅན་བྱེ་བ་ཕྲག །གྲངས་མེད་སྒྲོལ་བའི་མྱུར་མ་དཔའ་མོ་ནི། །ཕྲིན་ལས་རང་གཟུགས་དོན་གྲུབ་ཌཱ་ཀི་མ། །དབྱིངས་ཕྱུག་ཡུམ་ཆེན་ལྔ་རུའང་རྣམ་པར་སྣང་། །དཀྱིལ་འཁོར་གཙོ་དང་འཁོར་གྱི་རྣམ་པ་རུ། །ཇི་ལྟ་ཇི་སྙེད་འཕྲུལ་པའི་སྒྱུ་མ་ཆེས། །དེ་བཞིན་གཤེགས་པ་སྲས་བཅས་བསླུ་བར་བྱེད། །རྡོ་རྗེ་སྒེག་མོའི་སྙེམས་པ་རབ་འཆང་མ། །རྣལ་འབྱོར་མ་དང་ཕག་མོ་བདག་མེད་མ། །སེང་ཧ་མུ་ཁ་ལ་སོགས་མཚན་དང་ནི། །སྐུ་ཡི་རྣམ་འགྱུར་ཇི་སྙེད་མཆིས་སོ་ཅོག །ཁྱོད་ལས་གཞན་དུ་མ་དམིགས་ངེས་པས་འདུད། །མདོར་ན་དེང་ནས་བྱང་ཆུབ་སྙིང་པོའི་བར། །སྐྱབས་ཀྱི་མཆོག་ཏུ་ངེས་པ་བརྟན་པོ་ཡི། །བླ་མ་ཡིད་བཞིན་འཁོར་ལོའི་ཞབས་པདྨོ། །མི་འབྲལ་ཚངས་གནས་རྒྱན་དུ་བསྟེན་པ་ལས། །ཕྱི་ནང་གསང་བའི་བདུད་དགྲའི་བར་ཆད་ཚོགས། །རྨིངས་མེད་ཞི་ཤིང་ཆོས་མཐུན་བསམ་སྦྱོར་འགྲུབ། །རིང་འཚོའི་ལྗོན་བཟང་འགྲིབ་མེད་ཡུན་དུ་བརྟན། །རྡོ་རྗེའི་ལང་ཚོ་རབ་རྒྱས་དངོས་གྲུབ་སྩོལ། །རང་བཞིན་ལྷན་སྐྱེས་ཡེ་ཤེས་ཉི་མ་ཤར། །བདེ་ཆེན་རྟག་པ་དམ་པའི་དཔལ་ཡོན་རྒྱས། །དོན་གཉིས་འབད་མེད་ལྷུན་གྱིས་གྲུབ་པ་ལ། །འཕགས་མ་ཁྱེད་དང་རྣམ་དབྱེར་མེད་པར་ཤོག །བསྟན་པའི་རྒྱལ་མཚན་སྲིད་རྩེར་སྒྲེངས་པ་དང་། །འདུས་པའི་སྡེ་ཚོགས་ཐུགས་མཐུན་ཁྲིམས་གཙང་རྒྱས། །ཆོས་ལྡན་སྦྱིན་བདག་དཔལ་འབྱོར་རྒྱས་པ་དང་། །འཇིག་རྟེན་དུས་ཀྱི་རྒུད་པ་ཞི་གྱུར་ཅིག །ཅེས་པའང་ས་ཕག་གནམ་ལོ་གསར་འཆར་གྱི་དགའ་བ་དང་པོར་རྗེ་བཙུན་འཕགས་མའི་འབངས་ཀྱི་ཐ་ཆུང་ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་པ་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾ། ། །། }} | {{TibP|{{TibChung|རྗེ་བཙུན་ཡིད་བཞིན་འཁོར་ལོ་ལ་བསྟོད་པ་བསམ་འགྲུབ་ལྷ་ཡི་ལྗོན་ཤིང་ཞེས་བྱ་བ་བཞུགས་སོ།}} །ན་མོཿགུ་རུ་ཙིནྟ་ཙཀྲ་ཡ། དུས་གསུམ་རྒྱལ་བ་སྲས་དང་བཅས་པ་ཡི། །ཐུགས་རྗེའི་ཕྲིན་ལས་གཅིག་ཏུ་བསྡུས་པ་ལས། །ཡོངས་ཤར་རྗེ་བཙུན་བཅོམ་ལྡན་འདས་མ་ནི། །ཡིད་བཞིན་འཁོར་ལོས་དེ་རིང་བདག་སྐྱོངས་ཤིག །ཐུགས་རྗེའི་དབང་ཕྱུག་འགྲོ་ལ་བརྩེ་བ་ཡི། །ཆུ་རྒྱུན་ཆལ་ཆལ་གཡོ་བ་ལས་འཁྲུངས་པའི། །སྒྲོལ་མ་ཞེས་གྲགས་རྒྱལ་བས་བསྔགས་པ་ཡི། །ཨུཏྤལ་དཀར་པོ་ཐོད་དུ་བཅིངས་ལ་འདུད། །འཆི་མེད་བདུད་རྩིས་བཅུད་ཀྱིས་མྱོས་པ་ཡི། །ཟླ་བའི་ལང་ཚོ་རབ་ཏུ་རྒྱས་པ་དང་། །ཡེ་ཤེས་སྤྱན་བདུན་རྣམ་པར་བཀྲ་བ་ཡི། །ཡིད་བཞིན་འཁོར་ལོ་ཕྱོགས་བཅུའི་ཞིང་ན་སྙན། །ངེས་པའི་དོན་དུ་སྤྲོས་པ་ལས་འདས་ཀྱང་། །རྣམ་པ་ཤེས་རབ་གཟུགས་ཀྱི་སྐུ་བཞེངས་པ། །ལྷ་མོ་ཁྱོད་ནི་སྲས་བཅས་རྒྱལ་བའི་ཡུམ། །རྒྱལ་བ་སྲས་བཅས་ཁྱོད་ལ་དགྱེས་པར་རོལ། །ལོངས་སྤྱོད་ཡོངས་རྫོགས་བདེ་ཆེན་ཁ་སྦྱོར་སྐུ། །རང་བཞིན་མེད་ཀྱང་སྙིང་རྗེ་རྒྱུན་མི་ཆད། །སྤྲུལ་པའི་རྣམ་རོལ་འགག་མེད་ཆུ་ཟླའི་གར། །གངྒཱའི་རྡུལ་དང་མཉམ་པ་སྟོན་མཛད་གང་། །དྲི་མེད་སྐུ་ནི་རི་བོང་ཐེར་འབུམ་བརྩེགས། །གངས་རིའི་དཔལ་དང་རྒྱུ་སྐར་བྱེ་བ་བརྒྱ། །པད་དཀར་འབུམ་ཕྲག་རྒྱས་པའི་འོད་ཟེར་རྣམས། །ཕྱོགས་ཅིག་སྤུངས་པའི་མཚན་དཔེ་འོད་སྟོང་འཕྲོ། །ལྷ་རྫས་ན་བཟའ་རེག་ལ་མ་འབྱར་ཤིང་། །རིན་ཆེན་སིལ་ཁྲོལ་དུ་མའི་རྒྱན་ཆ་ཅན། །མཐའ་ཡས་ཞིང་དུ་རྣམ་པར་རྒྱུ་བ་མོ། །ཀུན་ལ་དབང་བསྒྱུར་རྗེ་བཙུན་ཐུགས་རྗེ་ཅན། །གློག་དང་འདྲ་བའི་སྤྱན་གྱིས་འགྲོ་ལ་བརྩེ། །ཚེ་དང་ཡེ་ཤེས་མཆོག་ཀུན་སྦྱིན་མ་དང་། །འཇིགས་དང་སྡུག་བསྔལ་ཀུན་ལས་སྐྱོབས་མཛད་ཅིང་། །འདོད་པའི་དོན་ཀུན་སྩོལ་བའི་རྗེ་བཙུན་མ། །གང་གསུང་བདུད་རྩིའི་ཐིག་པའི་ཆ་ཤས་ཀྱིས། །འཆི་བདག་བདུད་ཀྱི་ཚད་རིམས་སེལ་བ་ལ། །ཀུ་སྤུ་ར་ཡི་ནུས་པས་མཚོན་མིན་པའི། །གདུང་སེལ་འཆི་མེད་གྲུབ་པའི་རིང་འཚོ་སྟེར། །སྐུ་ཡི་བ་སྤུ་ཕྲ་མོའི་རྩེ་མོར་ཡང་། །ཞིང་ཁམས་རྒྱ་མཚོ་སྤྲོ་དང་སྡུད་མཛད་ཅིང་། །གཅིག་པུ་ཉིད་ཀྱང་དུ་མའི་གར་གྱིས་རོལ། །ལྷན་སྐྱེས་བདེ་ཆེན་ཡེ་ཤེས་སྦྱིན་མཛད་ལ། །སྐད་ཅིག་རེར་ཡང་སེམས་ཅན་བྱེ་བ་ཕྲག །གྲངས་མེད་སྒྲོལ་བའི་མྱུར་མ་དཔའ་མོ་ནི། །ཕྲིན་ལས་རང་གཟུགས་དོན་གྲུབ་ཌཱ་ཀི་མ། །དབྱིངས་ཕྱུག་ཡུམ་ཆེན་ལྔ་རུའང་རྣམ་པར་སྣང་། །དཀྱིལ་འཁོར་གཙོ་དང་འཁོར་གྱི་རྣམ་པ་རུ། །ཇི་ལྟ་ཇི་སྙེད་འཕྲུལ་པའི་སྒྱུ་མ་ཆེས། །དེ་བཞིན་གཤེགས་པ་སྲས་བཅས་བསླུ་བར་བྱེད། །རྡོ་རྗེ་སྒེག་མོའི་སྙེམས་པ་རབ་འཆང་མ། །རྣལ་འབྱོར་མ་དང་ཕག་མོ་བདག་མེད་མ། །སེང་ཧ་མུ་ཁ་ལ་སོགས་མཚན་དང་ནི། །སྐུ་ཡི་རྣམ་འགྱུར་ཇི་སྙེད་མཆིས་སོ་ཅོག །ཁྱོད་ལས་གཞན་དུ་མ་དམིགས་ངེས་པས་འདུད། །མདོར་ན་དེང་ནས་བྱང་ཆུབ་སྙིང་པོའི་བར། །སྐྱབས་ཀྱི་མཆོག་ཏུ་ངེས་པ་བརྟན་པོ་ཡི། །བླ་མ་ཡིད་བཞིན་འཁོར་ལོའི་ཞབས་པདྨོ། །མི་འབྲལ་ཚངས་གནས་རྒྱན་དུ་བསྟེན་པ་ལས། །ཕྱི་ནང་གསང་བའི་བདུད་དགྲའི་བར་ཆད་ཚོགས། །རྨིངས་མེད་ཞི་ཤིང་ཆོས་མཐུན་བསམ་སྦྱོར་འགྲུབ། །རིང་འཚོའི་ལྗོན་བཟང་འགྲིབ་མེད་ཡུན་དུ་བརྟན། །རྡོ་རྗེའི་ལང་ཚོ་རབ་རྒྱས་དངོས་གྲུབ་སྩོལ། །རང་བཞིན་ལྷན་སྐྱེས་ཡེ་ཤེས་ཉི་མ་ཤར། །བདེ་ཆེན་རྟག་པ་དམ་པའི་དཔལ་ཡོན་རྒྱས། །དོན་གཉིས་འབད་མེད་ལྷུན་གྱིས་གྲུབ་པ་ལ། །འཕགས་མ་ཁྱེད་དང་རྣམ་དབྱེར་མེད་པར་ཤོག །བསྟན་པའི་རྒྱལ་མཚན་སྲིད་རྩེར་སྒྲེངས་པ་དང་། །འདུས་པའི་སྡེ་ཚོགས་ཐུགས་མཐུན་ཁྲིམས་གཙང་རྒྱས། །ཆོས་ལྡན་སྦྱིན་བདག་དཔལ་འབྱོར་རྒྱས་པ་དང་། །འཇིག་རྟེན་དུས་ཀྱི་རྒུད་པ་ཞི་གྱུར་ཅིག {{TibChung|།ཅེས་པའང་ས་ཕག་གནམ་ལོ་གསར་འཆར་གྱི་དགའ་བ་དང་པོར་རྗེ་བཙུན་འཕགས་མའི་འབངས་ཀྱི་ཐ་ཆུང་ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་པ་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾ། ། །།}} }} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Latest revision as of 08:15, 1 June 2024
Wylie title | rje btsun yid bzhin 'khor lo la bstod pa bsam 'grub lha yi ljon shing | |
---|---|---|
Location | chos kyi blo gros bka' 'bum Volume 2, Text 32, Pages 439-441 (Folios 1a1 to 2a6) | |
Author | འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |
Less details More details | ||
Citation | 'jam dbyangs mkhyen brtse chos kyi blo gros. rje btsun yid bzhin 'khor lo la bstod pa bsam 'grub lha yi ljon shing. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: 439-441. Bir, H.P.: Khyentse Labrang, 2012. | |
Genre | Verses of Praise - bstod pa | |
Deity | sgrol ma yid bzhin 'khor lo | |
Colophon |
།ཅེས་པའང་ས་ཕག་གནམ་ལོ་གསར་འཆར་གྱི་དགའ་བ་དང་པོར་རྗེ་བཙུན་འཕགས་མའི་འབངས་ཀྱི་ཐ་ཆུང་ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་པ་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾ། ། | |
ces pa'ang sa phag gnam lo gsar 'char gyi dga' ba dang por rje btsun 'phags ma'i 'bangs kyi tha chung chos kyi blo gros pas gsol ba btab pa dge legs su gyur cig__/mang+ga laM/ |
1 Texts in this Section (sde tshan or chos tshan)