JKCL-KABUM-02-KHA-046: Difference between revisions
No edit summary |
m (Text replacement - "Khyentse Metadata" to "Text") |
||
(One intermediate revision by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|citation=[['jam dbyangs mkhyen brtse chos kyi blo gros]]. ''''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 2: . Bir, H.P.: Khyentse Labrang, 2012. | |fulltitletib=དུས་གསུམ་ཀུན་མཁྱེན་པདྨཱ་ཀ་ར་ལ་བསྟོད་པ་མོས་གུས་ཀྱི་ཏམྦུ་ར། | ||
|fulltitle=dus gsum kun mkhyen pad+mA ka ra la bstod pa mos gus kyi tam+bu ra | |||
|citation=[['jam dbyangs mkhyen brtse chos kyi blo gros]]. ''dus gsum kun mkhyen pad+mA ka ra la bstod pa mos gus kyi tam+bu ra''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 2: 493-500. Bir, H.P.: Khyentse Labrang, 2012. | |||
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་ | |collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་ | ||
|collectiontitle=chos kyi blo gros bka' 'bum | |collectiontitle=chos kyi blo gros bka' 'bum | ||
Line 10: | Line 12: | ||
|terma=No | |terma=No | ||
|jkcloutline=Two | |jkcloutline=Two | ||
|deity=pad+ma 'byung gnas | |||
|language=Tibetan | |language=Tibetan | ||
|volumenumber=002 | |volumenumber=002 | ||
Line 16: | Line 19: | ||
|totalvolumes=12 | |totalvolumes=12 | ||
|textnuminvol=046 | |textnuminvol=046 | ||
|pagenumbers=493-500 | |||
|totalpages=8 | |||
|beginfolioline=1a1 | |||
|endfolioline=4b2 | |||
|totalfolios=4 | |||
|multivolumework=No | |||
|colophontib=།ཅེས་མཚོ་སྐྱེས་རྡོ་རྗེར་སྨོན་ཚིག་ཏུ་བྱས་པ་འདིའང་ཆོས་ཀྱི་བློ་གྲོས་པས་རིན་གཏེར་ཆེན་མོའི་སྨིན་གྲོལ་བར་ཆད་མེད་པ་ལེགས་པར་གྲུབ་པའི་རྗེས་ཐོག་ཏུ་དད་ཅིང་གུས་པས་གསོལ་བ་བཏབ་པ་བཞིན་ངེས་པར་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཤུ་བྷཾ་མ་སྟུ་སརྦ་ཛ་ག་ཏཾ། ། | |||
|colophonwylie=ces mtsho skyes rdo rjer smon tshig tu byas pa 'di'ang chos kyi blo gros pas rin gter chen mo'i smin grol bar chad med pa legs par grub pa'i rjes thog tu dad cing gus pas gsol ba btab pa bzhin nges par 'grub par byin gyis brlab tu gsol/____/shu b+haM ma stu sarba dza ga taM/ | |||
|pdflink=File:JKCL-KABUM-02-KHA-046.pdf | |pdflink=File:JKCL-KABUM-02-KHA-046.pdf | ||
}} | }} | ||
Line 21: | Line 32: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|དུས་གསུམ་ཀུན་མཁྱེན་པདྨཱ་ཀ་ར་ལ་བསྟོད་པ་མོས་གུས་ཀྱི་ཏམྦུ་ར་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི། པདྨའི་རྒྱལ་པོ་ལྷ་ཡི་ལྷར་གྱུར་འཇིག་རྟེན་གསུམ་གྱི་བླ་མ་ནི། །འགྲོ་བའི་ཁྱུ་མཆོག་ཐུབ་པའི་རྒྱལ་ཚབ་གསང་བའི་སྙིང་པོ་སྟོན་པ་པོ། །རྡོ་རྗེ་ཐེག་པའི་ཤིང་རྟ་ཆེན་པོ་རྡོ་རྗེའི་རིག་འཛིན་རྒྱ་མཚོའི་དབུས། །ཉིན་བྱེད་བརྒྱ་པས་གསེར་རིར་འཁྱུད་བཞིན་འཕགས་བོད་མཁས་གྲུབ་དབུས་ན་གསལ། །འདྲེན་པ་སྟོང་གི་ཐུགས་རྗེའི་ཕྱག་གིས་རེག་པར་མ་བཟོད་བྷོ་ཊའི་ལྗོངས། །འདོད་པའི་རླབས་དང་ཞེ་སྡང་བྲག་རི་ཤིན་ཏུ་རྒྱས་པའི་སྐྱེ་འགྲོ་རྣམས། །འབོད་སྒྲོགས་མིན་ཀྱང་དེ་ཡི་ཚུལ་ལ་ཅི་དགར་སྤྱོད་པའི་ཤ་ཟའི་རིགས། །ཐབས་ལ་མཁས་པའི་ཐུགས་བསྐྱེད་འོད་ཀྱི་དྲྭ་བས་བཅིངས་ནས་ཐར་གླིང་ཁྱེར། །དུས་གསུམ་རྒྱལ་བ་གཅིག་ཏུ་བཟླུམས་པའི་མཁྱེན་དང་ནུས་པ་བརྩེ་བའི་གཏེར། །ཕྱོགས་བཅུའི་ཞིང་གི་རྡུལ་གྱི་གྲངས་སྙེད་ཡོན་ཏན་བཀོད་པ་མཐའ་ཡས་པ། །གསང་གསུམ་རྡོ་རྗེའི་དཀྱིལ་འཁོར་ཐིག་ལེར་རབ་བཀྲ་ཡེ་ཤེས་རྒྱ་མཚོའི་གཟུགས། །མཚན་གྱི་མངོན་བརྗོད་རྫིང་རིང་ལམ་ཁྱབ་ཞིང་ཁམས་རྒྱ་མཚོར་དེ་སྙེད་སྣང་། །སྤྲོ་དང་བསྡུ་པའི་སྲིད་ཞིའི་བྱེད་པོ་འཁོར་འདས་ཀུན་ལ་ཁྱབ་གྱུར་ཀྱང་། །རགས་པའི་དངོས་འདས་ཕྲ་རབ་རྡུལ་བྲལ་ཤིན་ཏུ་རྣམ་དག་ནམ་མཁའི་ལུས། །གཅིག་དང་ཐ་དད་དུ་མ་ལས་འདས་བློ་ཡི་སྤྱོད་ཡུལ་དང་བྲལ་བ། །འདི་ཡི་རང་བཞིན་བཅོམ་ལྡན་ཁྱོད་ལས་གཞན་གྱིས་དཔག་པར་མ་གྱུར་ཏོ། །ཕྲིན་ལས་མཐའ་ཡས་ནོར་བུའི་དབྱིག་ལྡན་སྤྲིན་གྱི་བླ་བྲེ་བྲེས་པ་ལས། །ཕན་བདེའི་གྲུ་ཆར་ཀུན་ཏུ་དགའ་བྱེད་བསྟན་མའི་ཁྱོན་ཀུན་འབེབས་པ་ཡིས། །གནས་སྐབས་མཐར་ཐུག་བདེ་བའི་དངོས་བསྐྱེད་རྩི་སྨན་བཟང་པོས་ཁྱབ་ཅིང་དཀྲིག །བསྟན་དང་འགྲོ་བའི་ཉེར་འཚོའི་རྩ་ལག་ཡོངས་འདུའི་དབང་པོ་ཆེས་ཆེར་རྒྱས། །རྣམ་པར་སྣང་མཛད་ཟླ་བའི་ཞལ་དང་མི་བསྐྱོད་རྡོ་རྗེ་ཅན་གྱི་བདག །རིན་ཆེན་ཟླ་དང་པདྨའི་སྤྱན་འཆང་དོན་ཡོད་རྩལ་རྫོགས་ལ་སོགས་པ། །གངས་ཆེན་མཚོར་ཞིང་རྒྱལ་བ་ལོངས་སྤྱོད་རྫོགས་སྐུ་ཆེན་པོར་སྟོན། །རབ་འབྱམས་ཕྱོགས་བཅུའི་གདུལ་བྱ་འདུལ་བྱེད་མཐའ་དག་ཁྱབ་པའི་སྐུ་མངའ་བ། །བསམ་ཡས་སྒྱུ་འཕྲུལ་དྲ་བ་ཆེན་པོའི་དཀྱིལ་འཁོར་སྤྲོ་བསྡུའི་བྱེད་པོ་ནི། །དང་པོའི་སངས་རྒྱས་དཔལ་ལྡན་བདེ་བ་མཆོག་དང་ཁྱབ་བདག་གསང་བ་འདུས། །དགྱེས་མཛད་རྡོ་རྗེ་ལ་སོགས་དངོས་གཅིག་དུ་མའི་གར་གྱིས་སྒེགས་པ་ཡི། །བདེ་བ་ཆེན་པོ་པདྨ་བཛྲ་ཐབས་ཤེས་ཁ་སྦྱོར་རོལ་པའི་སྐུ། །སྙིང་རྗེ་ཆེན་པོའི་བདུད་རྩིས་མྱོས་པའི་སྤྱན་རྩ་རབ་དམར་རྣམ་པར་ཁྲོས། །མཆེ་བའི་མྱུ་གུ་རབ་གཙིགས་ཧ་ཧ་ཧཱུྃ་ཕཊ་འཇིགས་པའི་གད་མོ་སྒྲོགས། །གར་དགུས་རབ་བརྗིད་བདུད་ཀྱི་དགྲ་ཆེན་དཔའ་བོ་ཆེན་པོ་ཧེ་རུ་ཀ། པདྨ་དྲག་པོ་རབ་ཏུ་ཁྲོས་པ་འཇིགས་མཛད་རྟ་ཡི་རྒྱལ་པོར་སྟོན། །དཔག་མེད་མགོན་དང་འཆི་མེད་དབང་པོ་ཕྱག་ན་པད་དཀར་ལ་སོགས་པ། །ཞི་དང་ཁྲོ་གར་བྱེ་བ་ཕྲག་བརྒྱ་ཉི་ཟླ་རྒྱུ་སྐར་ལྟར་བཀྲ་ཞིང་། །མཚན་དང་སྐུ་ཡི་རྣམ་པའི་གྲངས་ནི་བསམ་འདས་བརྗོད་པ་དང་བྲལ་བའི། །གསུང་གི་རྡོ་རྗེ་པདྨའི་རིགས་གཙོ་པདྨ་འབྱུང་གནས་ཞེས་སུ་བསྒྲགས། །སྟོང་གསུམ་གླིང་བཞི་བྱེ་བ་ཕྲག་བརྒྱར་གསང་གསུམ་སྒྱུ་འཕྲུལ་རོལ་མོས་ཁྱབ། །འཛམ་བུ་པྲིཀྵ་གསེར་གྱི་གླིང་གི་མཆོག་འདིར་དྷ་ན་ཀོ་ཥའི་མཚོར། །དྲི་མེད་པདྨའི་སྡོང་པོའི་རྩེ་མོར་རང་བྱུང་མཚན་དཔེའི་གེ་སར་བཞད། །བྱང་ཆུབ་དབང་པོའི་སྲས་ཀྱི་སྐལ་བྱོན་ངོ་མཚར་ཟློས་གར་རྣམ་པ་བརྒྱད། །འཕགས་པའི་ཡུལ་དུ་སྟོན་པའི་བསྟན་ལ་ཐུབ་དབང་གཉིས་པའི་བྱ་བ་མཛད། །ཁྱད་པར་བསིལ་ལྡན་སྤོས་ཀྱི་རི་བོར་ཐུགས་བསྐྱེད་ས་བོན་མ་རྨད་པས། །བྱང་ཆུབ་སེམས་དཔའི་ལུང་གིས་དབུགས་དབྱུངས་ཚངས་པ་ལྷ་ཡི་ཤིང་རྟས་དྲངས། །མདོ་སྔགས་དམ་ཆོས་ཨུ་དུམ་ཝ་རའི་དགའ་ཚལ་དར་ལ་བབས་པར་གྱུར། །གཟུགས་ཅན་གཟུགས་མེད་དྲེགས་པའི་ཚོགས་ཀྱི་སྲོག་སྙིང་ལྕགས་ཀྱུས་དྲངས་པ་དང་། །བཀའ་རྟགས་རྡོ་རྗེ་རྩེ་མོ་བརྒྱ་བ་སྤྱི་བོའི་སྟེང་དུ་ལྷུང་བ་ལས། །ཆེས་ཆེར་སྙིགས་མའི་གཞན་དབང་སྟོབས་སུ་རྒྱས་པར་གྱུར་པའི་ཚེ་ན་ཡང་། །གང་གི་བཀའ་ལ་འགོང་བར་མི་ནུས་ཕྱག་རྒྱ་གཉེན་པོས་བཅིང་བཞིན་གནས། །བཤད་བཀའ་བཅུ་དང་སྒྲུབ་བརྒྱུད་བརྒྱད་ཀྱི་བསྟན་པའི་ཤིང་རྟ་ཅི་དགའ་བར། །དཀར་འཇམ་ཡངས་པའི་ཨ་མོ་ལི་ཀར་འདྲེན་པ་རང་རང་མཐུ་མ་ལགས། །རྒྱལ་བའི་དབང་པོ་ཁྱོད་ཀྱི་དྲིན་དུ་སེམས་ཤེས་རྣམས་ཀྱིས་ངེས་པར་རྟོགས། །བཀའ་དྲིན་མཉམ་མེད་ཨོ་རྒྱན་རྗེ་དེར་དད་པའི་ཕྱག་གིས་ཅིས་མི་འདུད། །མདའ་བསྣུན་བི་རཱུ་ཌོམྦྷི་ནག་པོ་རིགས་ལྡན་པདྨ་དཀར་པོ་སོགས། །འཕགས་པའི་ཡུལ་དང་ལྗོངས་འདིར་མཁས་དང་གྲུབ་པ་རྣམ་མང་ཚུལ་བསྟན་པས། །ཐུབ་དབང་བསྟན་པའི་ཉི་མ་བསྐལ་པའི་མཐར་ཡང་འགྲིབ་མེད་ཁྱོད་ཀྱི་མཐུ། །ངོ་མཚར་ཆེན་པོ་ཤིན་ཏུ་འབྱུང་དཀའ་གསང་སྔགས་ནང་གི་རྒྱུད་སྡེ་གསུམ། །རིན་ཆེན་རྒྱ་མཚོའི་དབྱིག་མཆོག་སྙིང་པོ་ཐུགས་སྲས་རྗེ་འབངས་རྣམས་ལ་གདམས། །གྲུབ་པའི་མཁའ་ལྡིང་མཐོན་པོར་གཤེགས་པའི་གཏམ་གྱི་སྦྱོར་བ་སྲིད་རྩེར་སྙན། །ཕྱི་མ་ཕྱི་མའི་འགྲོ་ལ་ཉེར་ཆགས་རྫུ་འཕྲུལ་རོལ་པ་བྱེ་བ་བརྒྱས། །ཆོས་ནོར་གཏེར་གྱིས་འཛིན་མའི་ཁྱོན་བཀང་སྨོན་ལམ་ལས་འཕྲོ་ལུང་དུ་བསྟན། །ཆོས་དང་ནོར་གྱི་ཕོངས་པ་མི་མངའ་མཆོག་དང་དམན་པ་ཐམས་ཅད་ཀྱིས། །རྩྭ་དང་ཤིང་དང་ཆུ་བོ་བཞིན་དུ་ནར་མར་སྤྱོད་པའི་བདེ་དགའ་འདི། །གང་གི་མཐུས་རྙེད་སྲང་དུ་བཅལ་ན་ས་དང་ལྷུན་པོས་འདེགས་མི་ནུས། །གཏི་མུག་ལིང་ཏོག་མུན་པས་སྒྲིབ་རྣམས་ཕ་མ་ལའང་འཁུ་བྱེད་ན། །ཁྱོད་ཞལ་གདུང་བས་སིམ་པ་མི་བསྐྱེད་སྐྱེ་ངན་དེ་རྣམས་སྨད་པའི་གནས། །ཀྱེ་མ་ཀྱི་ཧུད་འགྲོ་བ་གདུག་པ་དེ་རྣམས་ལྷག་པར་བརྩེ་བས་གཟིགས། །བྱམས་པའི་ཕྱག་རིང་པདྨ་ལྟ་བུས་སྤྱི་བོར་ཡང་ཡང་ཉུག་པ་དང་། །སྡུག་བསྔལ་ཆེ་ལྡན་སྲིད་མཚོར་ལྷུང་རྣམས་ཅོ་ཏོར་བཟུང་ནས་དྲང་བར་མཛོད། །སྐད་ཅིག་བསྐལ་བར་བསྒྱུར་པའི་ཏིང་ངེ་འཛིན་དང་རྫུ་འཕྲུལ་གོམ་གཅིག་དང་། །སྐྱིལ་ཀྲུང་གཅིག་གིས་སྲིད་དང་ཞི་བ་ཁེབས་པར་བྱེད་པའི་མིག་འཕྲུལ་ནི། །སྒྱུ་མ་ཆེན་པོའི་ཏིང་འཛིན་མངའ་བརྙེས་འཇམ་དཔལ་དཔའ་བོས་མི་བཟོད་ན། །གཞན་ལྟས་ཅི་ཞིག་བརྗོད་པའི་ངལ་བ་འདི་ཡང་དོན་མེད་སྟོང་པར་བསྙེགས། །འོན་ཀྱང་རྡོ་རྗེའི་བླ་མ་མ་ཧཱ་གུ་རུ་ཁྱོད་ཉིད་ཡིད་མཁར་རྟག་ཏུ་འཆར། །མོས་གུས་ཤུགས་ཀྱི་མཆི་མས་བརླན་དང་གདུང་བའི་ང་རོས་ཡང་ཡང་འབོད། །སོར་བཅུའི་པདྨོ་བརྒྱ་ཕྲག་བརྩེགས་པ་ཚངས་གནས་འཁོར་ལོར་བཀོད་པ་དང་། །དུས་གསུམ་བསགས་པའི་ཚོགས་གཉིས་རིན་ཆེན་ནོར་བུའི་སྤྲིན་གྱིས་མངོན་པར་མཆོད། །ཁྱད་པར་ཟབ་མོ་གཏེར་གྱི་མཛོད་ལྡན་སྨིན་གྲོལ་སྒོ་བརྒྱ་དབྱེ་བ་དང་། །ལེགས་པར་གསུངས་རྣམས་ཚུལ་དང་ལྡན་པས་འཆད་དང་ཉན་བརྩོན་མཆོད་ཆེན་འདིས། །གང་ཐུགས་དགྱེས་པའི་ཕུལ་དུ་གྱུར་ནས་གསང་གསུམ་བྱིན་རླབས་བདག་ལ་སྩོལ། །བདག་ལ་ཅུང་ཟད་འབྲེལ་པ་ཐོབ་དང་མིང་ཙམ་ཐོས་རྣམས་རྗེས་འཛིན་མཛོད། །རྔ་ཡབ་གླིང་གི་མཆེ་རྣོན་རབ་དམར་ཁྲག་རལ་གསིགས་ཤིང་སྡང་མིག་ཅན། །དེ་དག་ལ་ནི་ཆད་པ་དྲག་པོ་སྦྱིན་པར་སྨོན་ལམ་མཐུ་གྲུབ་པས། །དེ་དང་དེ་ཡི་གཟུགས་སུ་ཉེར་སྟོན་ཙིཏྟའི་ས་འཛིན་མཐོན་པོའི་སྤོར། །པདྨ་འོད་ཀྱི་སྐུ་གསུམ་ཞིང་ཁམས་དབང་འབྱོར་ལྷུན་གྲུབ་བཀོད་པ་བརྡལ། །རིག་འཛིན་དཔའ་བོ་ཌཱ་ཀིའི་འདུ་བ་མིག་འཕྲུལ་ལྟ་བུར་རྩེན་པ་དང་། །ཕུན་སུམ་ཚོགས་པའི་ཁྱད་པར་དུ་མས་ཡིད་འཕྲོག་སྒྱུ་མའི་སྣང་བ་ཡི། །མཁྱེན་བརྩེའི་གཟི་བྱིན་ཉི་མ་སྟོང་གི་གཟི་འོད་ལྷམ་མེར་བཞུགས་པ་དང་། །ཐུགས་རྗེའི་འཇུག་པས་བོད་ཡུལ་འགྲོ་ལ་ཉིན་མཚན་དུས་དྲུག་མི་གཡེལ་གཟིགས། །དུས་ཀྱི་རྒྱལ་པོ་དཀར་པོའི་ཕྱོགས་ཀྱི་ལྔ་ཕྲག་གཉིས་པའི་ཚིགས་པ་རུ། །ཤར་རིའི་ཕྲག་ནས་རྟ་བདུན་རྒྱལ་པོའི་ཟེར་ལ་ཆིབས་ནས་གླིང་འདིར་བཞུད། །གསང་བ་གསུམ་གྱི་དངོས་གྲུབ་སྦྱིན་ཅེས་བདེན་པའི་ཚིག་གིས་ཞལ་བཞེས་ལྟར། །རིགས་འདུས་སྟངས་དཔྱལ་མཁྱེན་པར་མཛོད་ཅིག་ཨོ་རྒྱན་མཚོ་འཁྲུངས་རྒྱལ་བ་རྗེ། །ཟབ་དོན་གསང་མཛོད་གཏེར་ལ་དབང་བསྒྱུར་འཆི་མེད་རྡོ་རྗེའི་རིག་པ་འཛིན། །ལུས་ཀྱི་ཟག་པ་དྭངས་མར་གནས་འགྱུར་འཁོར་བ་སྲིད་དུ་རྟག་གནས་ཤོག །བདག་གནས་སྲིད་པའི་ཡུན་ལ་དཱ་ནུའི་བུ་རྣམས་ལྡང་བར་མ་གྱུར་ཅིག །བསྟན་པ་རིན་ཆེན་མཆོག་ཏུ་འཕེལ་རྒྱས་བསྟན་འཛིན་སྐྱེས་རྣམས་ཞབས་པད་བརྟན། །བསྟན་པའི་སྦྱིན་བདག་དར་ཞིང་རྒྱས་ལ་ཆབ་སྲིད་དཔལ་འབྱོར་ཡུན་དུ་བརྟན། །འཇིག་རྟེན་ཡང་དག་ལྟ་ལ་རབ་གནས་རྫོགས་ལྡན་དཔལ་ཡོན་རྒྱས་གྱུར་ཅིག །རྩ་གསུམ་འདུས་ཞལ་རྡོ་རྗེའི་བླ་མ་པདྨ་འབྱུང་གནས་ཞབས་པད་མོར། །ཅུང་ཟད་བསྟོད་ཅིང་སྨོན་པའི་དགེ་འདི་བསྟན་པ་རྒྱས་པའི་རྒྱུར་བསྔོ་ན། །རྣམ་དག་བསམ་སྦྱོར་ཟླ་ཞུན་ལྟར་དཀར་བྱེ་བ་ཕྲག་བརྒྱ་འཕེལ་གྱུར་ཅིང་། །དེ་བཞིན་འགྲུབ་པའི་བདེན་ཚིག་མེ་ཏོག་དཔལ་རིའི་ཞིང་ནས་སྩོལ་ཅིག་ཀྱེ། །ཕྱོགས་རྣམས་ཀུན་ཏུ་བཀྲ་ཤིས་བདེ་དགའི་དཔལ་གྱི་མེ་ཏོག་ལྡིང་གུར་ནི། །མཁའ་དབྱིངས་ཀུན་ཏུ་ཁྱབ་པར་བྲེས་དང་ལྷ་དབང་ཀླུ་ཡི་འབྲུག་སྒྲ་སྒྲོགས། །བཀྲ་ཤིས་གྲུ་ཆར་ཟད་མེད་བསྙིལ་བས་ཡངས་པའི་ཁྱོན་ཀུན་བཀྲ་ཤིས་ཤིང་། །བཀྲ་ཤིས་བདེ་ལེགས་གཡུང་དྲུང་འཁྱིལ་པ་རྟག་བརྟན་ཡུན་དུ་འབར་གྱུར་ཅིག །ཅེས་མཚོ་སྐྱེས་རྡོ་རྗེར་སྨོན་ཚིག་ཏུ་བྱས་པ་འདིའང་ཆོས་ཀྱི་བློ་གྲོས་པས་རིན་གཏེར་ཆེན་མོའི་སྨིན་གྲོལ་བར་ཆད་མེད་པ་ལེགས་པར་གྲུབ་པའི་རྗེས་ཐོག་ཏུ་དད་ཅིང་གུས་པས་གསོལ་བ་བཏབ་པ་བཞིན་ངེས་པར་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཤུ་བྷཾ་མ་སྟུ་སརྦ་ཛ་ག་ཏཾ། ། །། }} | {{TibP|དུས་གསུམ་ཀུན་མཁྱེན་པདྨཱ་ཀ་ར་ལ་བསྟོད་པ་མོས་གུས་ཀྱི་ཏམྦུ་ར་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི། པདྨའི་རྒྱལ་པོ་ལྷ་ཡི་ལྷར་གྱུར་འཇིག་རྟེན་གསུམ་གྱི་བླ་མ་ནི། །འགྲོ་བའི་ཁྱུ་མཆོག་ཐུབ་པའི་རྒྱལ་ཚབ་གསང་བའི་སྙིང་པོ་སྟོན་པ་པོ། །རྡོ་རྗེ་ཐེག་པའི་ཤིང་རྟ་ཆེན་པོ་རྡོ་རྗེའི་རིག་འཛིན་རྒྱ་མཚོའི་དབུས། །ཉིན་བྱེད་བརྒྱ་པས་གསེར་རིར་འཁྱུད་བཞིན་འཕགས་བོད་མཁས་གྲུབ་དབུས་ན་གསལ། །འདྲེན་པ་སྟོང་གི་ཐུགས་རྗེའི་ཕྱག་གིས་རེག་པར་མ་བཟོད་བྷོ་ཊའི་ལྗོངས། །འདོད་པའི་རླབས་དང་ཞེ་སྡང་བྲག་རི་ཤིན་ཏུ་རྒྱས་པའི་སྐྱེ་འགྲོ་རྣམས། །འབོད་སྒྲོགས་མིན་ཀྱང་དེ་ཡི་ཚུལ་ལ་ཅི་དགར་སྤྱོད་པའི་ཤ་ཟའི་རིགས། །ཐབས་ལ་མཁས་པའི་ཐུགས་བསྐྱེད་འོད་ཀྱི་དྲྭ་བས་བཅིངས་ནས་ཐར་གླིང་ཁྱེར། །དུས་གསུམ་རྒྱལ་བ་གཅིག་ཏུ་བཟླུམས་པའི་མཁྱེན་དང་ནུས་པ་བརྩེ་བའི་གཏེར། །ཕྱོགས་བཅུའི་ཞིང་གི་རྡུལ་གྱི་གྲངས་སྙེད་ཡོན་ཏན་བཀོད་པ་མཐའ་ཡས་པ། །གསང་གསུམ་རྡོ་རྗེའི་དཀྱིལ་འཁོར་ཐིག་ལེར་རབ་བཀྲ་ཡེ་ཤེས་རྒྱ་མཚོའི་གཟུགས། །མཚན་གྱི་མངོན་བརྗོད་རྫིང་རིང་ལམ་ཁྱབ་ཞིང་ཁམས་རྒྱ་མཚོར་དེ་སྙེད་སྣང་། །སྤྲོ་དང་བསྡུ་པའི་སྲིད་ཞིའི་བྱེད་པོ་འཁོར་འདས་ཀུན་ལ་ཁྱབ་གྱུར་ཀྱང་། །རགས་པའི་དངོས་འདས་ཕྲ་རབ་རྡུལ་བྲལ་ཤིན་ཏུ་རྣམ་དག་ནམ་མཁའི་ལུས། །གཅིག་དང་ཐ་དད་དུ་མ་ལས་འདས་བློ་ཡི་སྤྱོད་ཡུལ་དང་བྲལ་བ། །འདི་ཡི་རང་བཞིན་བཅོམ་ལྡན་ཁྱོད་ལས་གཞན་གྱིས་དཔག་པར་མ་གྱུར་ཏོ། །ཕྲིན་ལས་མཐའ་ཡས་ནོར་བུའི་དབྱིག་ལྡན་སྤྲིན་གྱི་བླ་བྲེ་བྲེས་པ་ལས། །ཕན་བདེའི་གྲུ་ཆར་ཀུན་ཏུ་དགའ་བྱེད་བསྟན་མའི་ཁྱོན་ཀུན་འབེབས་པ་ཡིས། །གནས་སྐབས་མཐར་ཐུག་བདེ་བའི་དངོས་བསྐྱེད་རྩི་སྨན་བཟང་པོས་ཁྱབ་ཅིང་དཀྲིག །བསྟན་དང་འགྲོ་བའི་ཉེར་འཚོའི་རྩ་ལག་ཡོངས་འདུའི་དབང་པོ་ཆེས་ཆེར་རྒྱས། །རྣམ་པར་སྣང་མཛད་ཟླ་བའི་ཞལ་དང་མི་བསྐྱོད་རྡོ་རྗེ་ཅན་གྱི་བདག །རིན་ཆེན་ཟླ་དང་པདྨའི་སྤྱན་འཆང་དོན་ཡོད་རྩལ་རྫོགས་ལ་སོགས་པ། །གངས་ཆེན་མཚོར་ཞིང་རྒྱལ་བ་ལོངས་སྤྱོད་རྫོགས་སྐུ་ཆེན་པོར་སྟོན། །རབ་འབྱམས་ཕྱོགས་བཅུའི་གདུལ་བྱ་འདུལ་བྱེད་མཐའ་དག་ཁྱབ་པའི་སྐུ་མངའ་བ། །བསམ་ཡས་སྒྱུ་འཕྲུལ་དྲ་བ་ཆེན་པོའི་དཀྱིལ་འཁོར་སྤྲོ་བསྡུའི་བྱེད་པོ་ནི། །དང་པོའི་སངས་རྒྱས་དཔལ་ལྡན་བདེ་བ་མཆོག་དང་ཁྱབ་བདག་གསང་བ་འདུས། །དགྱེས་མཛད་རྡོ་རྗེ་ལ་སོགས་དངོས་གཅིག་དུ་མའི་གར་གྱིས་སྒེགས་པ་ཡི། །བདེ་བ་ཆེན་པོ་པདྨ་བཛྲ་ཐབས་ཤེས་ཁ་སྦྱོར་རོལ་པའི་སྐུ། །སྙིང་རྗེ་ཆེན་པོའི་བདུད་རྩིས་མྱོས་པའི་སྤྱན་རྩ་རབ་དམར་རྣམ་པར་ཁྲོས། །མཆེ་བའི་མྱུ་གུ་རབ་གཙིགས་ཧ་ཧ་ཧཱུྃ་ཕཊ་འཇིགས་པའི་གད་མོ་སྒྲོགས། །གར་དགུས་རབ་བརྗིད་བདུད་ཀྱི་དགྲ་ཆེན་དཔའ་བོ་ཆེན་པོ་ཧེ་རུ་ཀ། པདྨ་དྲག་པོ་རབ་ཏུ་ཁྲོས་པ་འཇིགས་མཛད་རྟ་ཡི་རྒྱལ་པོར་སྟོན། །དཔག་མེད་མགོན་དང་འཆི་མེད་དབང་པོ་ཕྱག་ན་པད་དཀར་ལ་སོགས་པ། །ཞི་དང་ཁྲོ་གར་བྱེ་བ་ཕྲག་བརྒྱ་ཉི་ཟླ་རྒྱུ་སྐར་ལྟར་བཀྲ་ཞིང་། །མཚན་དང་སྐུ་ཡི་རྣམ་པའི་གྲངས་ནི་བསམ་འདས་བརྗོད་པ་དང་བྲལ་བའི། །གསུང་གི་རྡོ་རྗེ་པདྨའི་རིགས་གཙོ་པདྨ་འབྱུང་གནས་ཞེས་སུ་བསྒྲགས། །སྟོང་གསུམ་གླིང་བཞི་བྱེ་བ་ཕྲག་བརྒྱར་གསང་གསུམ་སྒྱུ་འཕྲུལ་རོལ་མོས་ཁྱབ། །འཛམ་བུ་པྲིཀྵ་གསེར་གྱི་གླིང་གི་མཆོག་འདིར་དྷ་ན་ཀོ་ཥའི་མཚོར། །དྲི་མེད་པདྨའི་སྡོང་པོའི་རྩེ་མོར་རང་བྱུང་མཚན་དཔེའི་གེ་སར་བཞད། །བྱང་ཆུབ་དབང་པོའི་སྲས་ཀྱི་སྐལ་བྱོན་ངོ་མཚར་ཟློས་གར་རྣམ་པ་བརྒྱད། །འཕགས་པའི་ཡུལ་དུ་སྟོན་པའི་བསྟན་ལ་ཐུབ་དབང་གཉིས་པའི་བྱ་བ་མཛད། །ཁྱད་པར་བསིལ་ལྡན་སྤོས་ཀྱི་རི་བོར་ཐུགས་བསྐྱེད་ས་བོན་མ་རྨད་པས། །བྱང་ཆུབ་སེམས་དཔའི་ལུང་གིས་དབུགས་དབྱུངས་ཚངས་པ་ལྷ་ཡི་ཤིང་རྟས་དྲངས། །མདོ་སྔགས་དམ་ཆོས་ཨུ་དུམ་ཝ་རའི་དགའ་ཚལ་དར་ལ་བབས་པར་གྱུར། །གཟུགས་ཅན་གཟུགས་མེད་དྲེགས་པའི་ཚོགས་ཀྱི་སྲོག་སྙིང་ལྕགས་ཀྱུས་དྲངས་པ་དང་། །བཀའ་རྟགས་རྡོ་རྗེ་རྩེ་མོ་བརྒྱ་བ་སྤྱི་བོའི་སྟེང་དུ་ལྷུང་བ་ལས། །ཆེས་ཆེར་སྙིགས་མའི་གཞན་དབང་སྟོབས་སུ་རྒྱས་པར་གྱུར་པའི་ཚེ་ན་ཡང་། །གང་གི་བཀའ་ལ་འགོང་བར་མི་ནུས་ཕྱག་རྒྱ་གཉེན་པོས་བཅིང་བཞིན་གནས། །བཤད་བཀའ་བཅུ་དང་སྒྲུབ་བརྒྱུད་བརྒྱད་ཀྱི་བསྟན་པའི་ཤིང་རྟ་ཅི་དགའ་བར། །དཀར་འཇམ་ཡངས་པའི་ཨ་མོ་ལི་ཀར་འདྲེན་པ་རང་རང་མཐུ་མ་ལགས། །རྒྱལ་བའི་དབང་པོ་ཁྱོད་ཀྱི་དྲིན་དུ་སེམས་ཤེས་རྣམས་ཀྱིས་ངེས་པར་རྟོགས། །བཀའ་དྲིན་མཉམ་མེད་ཨོ་རྒྱན་རྗེ་དེར་དད་པའི་ཕྱག་གིས་ཅིས་མི་འདུད། །མདའ་བསྣུན་བི་རཱུ་ཌོམྦྷི་ནག་པོ་རིགས་ལྡན་པདྨ་དཀར་པོ་སོགས། །འཕགས་པའི་ཡུལ་དང་ལྗོངས་འདིར་མཁས་དང་གྲུབ་པ་རྣམ་མང་ཚུལ་བསྟན་པས། །ཐུབ་དབང་བསྟན་པའི་ཉི་མ་བསྐལ་པའི་མཐར་ཡང་འགྲིབ་མེད་ཁྱོད་ཀྱི་མཐུ། །ངོ་མཚར་ཆེན་པོ་ཤིན་ཏུ་འབྱུང་དཀའ་གསང་སྔགས་ནང་གི་རྒྱུད་སྡེ་གསུམ། །རིན་ཆེན་རྒྱ་མཚོའི་དབྱིག་མཆོག་སྙིང་པོ་ཐུགས་སྲས་རྗེ་འབངས་རྣམས་ལ་གདམས། །གྲུབ་པའི་མཁའ་ལྡིང་མཐོན་པོར་གཤེགས་པའི་གཏམ་གྱི་སྦྱོར་བ་སྲིད་རྩེར་སྙན། །ཕྱི་མ་ཕྱི་མའི་འགྲོ་ལ་ཉེར་ཆགས་རྫུ་འཕྲུལ་རོལ་པ་བྱེ་བ་བརྒྱས། །ཆོས་ནོར་གཏེར་གྱིས་འཛིན་མའི་ཁྱོན་བཀང་སྨོན་ལམ་ལས་འཕྲོ་ལུང་དུ་བསྟན། །ཆོས་དང་ནོར་གྱི་ཕོངས་པ་མི་མངའ་མཆོག་དང་དམན་པ་ཐམས་ཅད་ཀྱིས། །རྩྭ་དང་ཤིང་དང་ཆུ་བོ་བཞིན་དུ་ནར་མར་སྤྱོད་པའི་བདེ་དགའ་འདི། །གང་གི་མཐུས་རྙེད་སྲང་དུ་བཅལ་ན་ས་དང་ལྷུན་པོས་འདེགས་མི་ནུས། །གཏི་མུག་ལིང་ཏོག་མུན་པས་སྒྲིབ་རྣམས་ཕ་མ་ལའང་འཁུ་བྱེད་ན། །ཁྱོད་ཞལ་གདུང་བས་སིམ་པ་མི་བསྐྱེད་སྐྱེ་ངན་དེ་རྣམས་སྨད་པའི་གནས། །ཀྱེ་མ་ཀྱི་ཧུད་འགྲོ་བ་གདུག་པ་དེ་རྣམས་ལྷག་པར་བརྩེ་བས་གཟིགས། །བྱམས་པའི་ཕྱག་རིང་པདྨ་ལྟ་བུས་སྤྱི་བོར་ཡང་ཡང་ཉུག་པ་དང་། །སྡུག་བསྔལ་ཆེ་ལྡན་སྲིད་མཚོར་ལྷུང་རྣམས་ཅོ་ཏོར་བཟུང་ནས་དྲང་བར་མཛོད། །སྐད་ཅིག་བསྐལ་བར་བསྒྱུར་པའི་ཏིང་ངེ་འཛིན་དང་རྫུ་འཕྲུལ་གོམ་གཅིག་དང་། །སྐྱིལ་ཀྲུང་གཅིག་གིས་སྲིད་དང་ཞི་བ་ཁེབས་པར་བྱེད་པའི་མིག་འཕྲུལ་ནི། །སྒྱུ་མ་ཆེན་པོའི་ཏིང་འཛིན་མངའ་བརྙེས་འཇམ་དཔལ་དཔའ་བོས་མི་བཟོད་ན། །གཞན་ལྟས་ཅི་ཞིག་བརྗོད་པའི་ངལ་བ་འདི་ཡང་དོན་མེད་སྟོང་པར་བསྙེགས། །འོན་ཀྱང་རྡོ་རྗེའི་བླ་མ་མ་ཧཱ་གུ་རུ་ཁྱོད་ཉིད་ཡིད་མཁར་རྟག་ཏུ་འཆར། །མོས་གུས་ཤུགས་ཀྱི་མཆི་མས་བརླན་དང་གདུང་བའི་ང་རོས་ཡང་ཡང་འབོད། །སོར་བཅུའི་པདྨོ་བརྒྱ་ཕྲག་བརྩེགས་པ་ཚངས་གནས་འཁོར་ལོར་བཀོད་པ་དང་། །དུས་གསུམ་བསགས་པའི་ཚོགས་གཉིས་རིན་ཆེན་ནོར་བུའི་སྤྲིན་གྱིས་མངོན་པར་མཆོད། །ཁྱད་པར་ཟབ་མོ་གཏེར་གྱི་མཛོད་ལྡན་སྨིན་གྲོལ་སྒོ་བརྒྱ་དབྱེ་བ་དང་། །ལེགས་པར་གསུངས་རྣམས་ཚུལ་དང་ལྡན་པས་འཆད་དང་ཉན་བརྩོན་མཆོད་ཆེན་འདིས། །གང་ཐུགས་དགྱེས་པའི་ཕུལ་དུ་གྱུར་ནས་གསང་གསུམ་བྱིན་རླབས་བདག་ལ་སྩོལ། །བདག་ལ་ཅུང་ཟད་འབྲེལ་པ་ཐོབ་དང་མིང་ཙམ་ཐོས་རྣམས་རྗེས་འཛིན་མཛོད། །རྔ་ཡབ་གླིང་གི་མཆེ་རྣོན་རབ་དམར་ཁྲག་རལ་གསིགས་ཤིང་སྡང་མིག་ཅན། །དེ་དག་ལ་ནི་ཆད་པ་དྲག་པོ་སྦྱིན་པར་སྨོན་ལམ་མཐུ་གྲུབ་པས། །དེ་དང་དེ་ཡི་གཟུགས་སུ་ཉེར་སྟོན་ཙིཏྟའི་ས་འཛིན་མཐོན་པོའི་སྤོར། །པདྨ་འོད་ཀྱི་སྐུ་གསུམ་ཞིང་ཁམས་དབང་འབྱོར་ལྷུན་གྲུབ་བཀོད་པ་བརྡལ། །རིག་འཛིན་དཔའ་བོ་ཌཱ་ཀིའི་འདུ་བ་མིག་འཕྲུལ་ལྟ་བུར་རྩེན་པ་དང་། །ཕུན་སུམ་ཚོགས་པའི་ཁྱད་པར་དུ་མས་ཡིད་འཕྲོག་སྒྱུ་མའི་སྣང་བ་ཡི། །མཁྱེན་བརྩེའི་གཟི་བྱིན་ཉི་མ་སྟོང་གི་གཟི་འོད་ལྷམ་མེར་བཞུགས་པ་དང་། །ཐུགས་རྗེའི་འཇུག་པས་བོད་ཡུལ་འགྲོ་ལ་ཉིན་མཚན་དུས་དྲུག་མི་གཡེལ་གཟིགས། །དུས་ཀྱི་རྒྱལ་པོ་དཀར་པོའི་ཕྱོགས་ཀྱི་ལྔ་ཕྲག་གཉིས་པའི་ཚིགས་པ་རུ། །ཤར་རིའི་ཕྲག་ནས་རྟ་བདུན་རྒྱལ་པོའི་ཟེར་ལ་ཆིབས་ནས་གླིང་འདིར་བཞུད། །གསང་བ་གསུམ་གྱི་དངོས་གྲུབ་སྦྱིན་ཅེས་བདེན་པའི་ཚིག་གིས་ཞལ་བཞེས་ལྟར། །རིགས་འདུས་སྟངས་དཔྱལ་མཁྱེན་པར་མཛོད་ཅིག་ཨོ་རྒྱན་མཚོ་འཁྲུངས་རྒྱལ་བ་རྗེ། །ཟབ་དོན་གསང་མཛོད་གཏེར་ལ་དབང་བསྒྱུར་འཆི་མེད་རྡོ་རྗེའི་རིག་པ་འཛིན། །ལུས་ཀྱི་ཟག་པ་དྭངས་མར་གནས་འགྱུར་འཁོར་བ་སྲིད་དུ་རྟག་གནས་ཤོག །བདག་གནས་སྲིད་པའི་ཡུན་ལ་དཱ་ནུའི་བུ་རྣམས་ལྡང་བར་མ་གྱུར་ཅིག །བསྟན་པ་རིན་ཆེན་མཆོག་ཏུ་འཕེལ་རྒྱས་བསྟན་འཛིན་སྐྱེས་རྣམས་ཞབས་པད་བརྟན། །བསྟན་པའི་སྦྱིན་བདག་དར་ཞིང་རྒྱས་ལ་ཆབ་སྲིད་དཔལ་འབྱོར་ཡུན་དུ་བརྟན། །འཇིག་རྟེན་ཡང་དག་ལྟ་ལ་རབ་གནས་རྫོགས་ལྡན་དཔལ་ཡོན་རྒྱས་གྱུར་ཅིག །རྩ་གསུམ་འདུས་ཞལ་རྡོ་རྗེའི་བླ་མ་པདྨ་འབྱུང་གནས་ཞབས་པད་མོར། །ཅུང་ཟད་བསྟོད་ཅིང་སྨོན་པའི་དགེ་འདི་བསྟན་པ་རྒྱས་པའི་རྒྱུར་བསྔོ་ན། །རྣམ་དག་བསམ་སྦྱོར་ཟླ་ཞུན་ལྟར་དཀར་བྱེ་བ་ཕྲག་བརྒྱ་འཕེལ་གྱུར་ཅིང་། །དེ་བཞིན་འགྲུབ་པའི་བདེན་ཚིག་མེ་ཏོག་དཔལ་རིའི་ཞིང་ནས་སྩོལ་ཅིག་ཀྱེ། །ཕྱོགས་རྣམས་ཀུན་ཏུ་བཀྲ་ཤིས་བདེ་དགའི་དཔལ་གྱི་མེ་ཏོག་ལྡིང་གུར་ནི། །མཁའ་དབྱིངས་ཀུན་ཏུ་ཁྱབ་པར་བྲེས་དང་ལྷ་དབང་ཀླུ་ཡི་འབྲུག་སྒྲ་སྒྲོགས། །བཀྲ་ཤིས་གྲུ་ཆར་ཟད་མེད་བསྙིལ་བས་ཡངས་པའི་ཁྱོན་ཀུན་བཀྲ་ཤིས་ཤིང་། །བཀྲ་ཤིས་བདེ་ལེགས་གཡུང་དྲུང་འཁྱིལ་པ་རྟག་བརྟན་ཡུན་དུ་འབར་གྱུར་ཅིག {{TibChung|།ཅེས་མཚོ་སྐྱེས་རྡོ་རྗེར་སྨོན་ཚིག་ཏུ་བྱས་པ་འདིའང་ཆོས་ཀྱི་བློ་གྲོས་པས་རིན་གཏེར་ཆེན་མོའི་སྨིན་གྲོལ་བར་ཆད་མེད་པ་ལེགས་པར་གྲུབ་པའི་རྗེས་ཐོག་ཏུ་དད་ཅིང་གུས་པས་གསོལ་བ་བཏབ་པ་བཞིན་ངེས་པར་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཤུ་བྷཾ་མ་སྟུ་སརྦ་ཛ་ག་ཏཾ། ། །།}} }} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Latest revision as of 08:17, 1 June 2024
Wylie title | dus gsum kun mkhyen pad+mA ka ra la bstod pa mos gus kyi tam+bu ra | |
---|---|---|
Location | chos kyi blo gros bka' 'bum Volume 2, Text 46, Pages 493-500 (Folios 1a1 to 4b2) | |
Author | འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |
Less details More details | ||
Citation | 'jam dbyangs mkhyen brtse chos kyi blo gros. dus gsum kun mkhyen pad+mA ka ra la bstod pa mos gus kyi tam+bu ra. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: 493-500. Bir, H.P.: Khyentse Labrang, 2012. | |
Genre | Verses of Praise - bstod pa | |
Deity | pad+ma 'byung gnas | |
Colophon |
།ཅེས་མཚོ་སྐྱེས་རྡོ་རྗེར་སྨོན་ཚིག་ཏུ་བྱས་པ་འདིའང་ཆོས་ཀྱི་བློ་གྲོས་པས་རིན་གཏེར་ཆེན་མོའི་སྨིན་གྲོལ་བར་ཆད་མེད་པ་ལེགས་པར་གྲུབ་པའི་རྗེས་ཐོག་ཏུ་དད་ཅིང་གུས་པས་གསོལ་བ་བཏབ་པ་བཞིན་ངེས་པར་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཤུ་བྷཾ་མ་སྟུ་སརྦ་ཛ་ག་ཏཾ། ། | |
ces mtsho skyes rdo rjer smon tshig tu byas pa 'di'ang chos kyi blo gros pas rin gter chen mo'i smin grol bar chad med pa legs par grub pa'i rjes thog tu dad cing gus pas gsol ba btab pa bzhin nges par 'grub par byin gyis brlab tu gsol/____/shu b+haM ma stu sarba dza ga taM/ |
1 Texts in this Section (sde tshan or chos tshan)