JKCL-KABUM-05-CA-004: Difference between revisions
WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...") |
No edit summary |
||
(2 intermediate revisions by the same user not shown) | |||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib=ཆོ་འཕྲུལ་ཟླ་བའི་སྒྲུབ་མཆོད་ལ་མཁོ་བའི་མར་མེའི་སྨོན་ལམ་གྱི་སྟོང་ཐུན་སྐལ་བཟང་རྣ་བའི་དགའ་སྟོན། | |||
|fulltitle=cho 'phrul zla ba'i sgrub mchod la mkho ba'i mar me'i smon lam gyi stong thun skal bzang rna ba'i dga' ston | |||
|citation=[['jam dbyangs mkhyen brtse chos kyi blo gros]]. ''cho 'phrul zla ba'i sgrub mchod la mkho ba'i mar me'i smon lam gyi stong thun skal bzang rna ba'i dga' ston''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 5: 119-140. Bir, H.P.: Khyentse Labrang, 2012. | |||
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་ | |||
|collectiontitle=chos kyi blo gros bka' 'bum | |collectiontitle=chos kyi blo gros bka' 'bum | ||
|author='jam dbyangs mkhyen brtse chos kyi blo gros | |author='jam dbyangs mkhyen brtse chos kyi blo gros | ||
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | ||
|tibgenre=Prayers - smon lam | |||
|terma=No | |||
|jkcloutline=Six | |||
|language=Tibetan | |language=Tibetan | ||
| | |volumenumber=005 | ||
| | |volnumtib=༥ | ||
|volyigtib=ཅ་ | |||
|totalvolumes=12 | |||
|textnuminvol=004 | |textnuminvol=004 | ||
|pagenumbers=119-140 | |||
|totalpages=22 | |||
|beginfolioline=1a | |||
|endfolioline=11b1 | |||
|totalfolios=11 | |||
|multivolumework=No | |||
|colophontib=འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཆུ་འབྲུག་གནམ་ལོ་གསར་ཚེས་ཀྱི་དཀར་ཕྱོགས་རྒྱལ་བ་དང་པོའི་ཚེས་ལ་ཐུབ་གསུང་བློ་གྲོས་མི་ཟད་པའི་མོད་རྣ་བའི་བདུད་རྩིར་སིམ་བཞིན་སོར་རྩེའི་ཟློས་གར་དུ་བསྒྱུར་བ་འདིས་ཀྱང་དོན་གཉིས་ཕུན་སུམ་ཚོགས་པའི་དཔལ་ལ་སྤྱོད་པའི་རྒྱུར་བྱིན་གྱིས་བརླབས་ཏུ་གསོལ། །སརྦ་དཱ་མངྒ་ལཾ། །། | |||
|colophonwylie='jam dbyangs chos kyi blo gros pas chu 'brug gnam lo gsar tshes kyi dkar phyogs rgyal ba dang po'i tshes la thub gsung blo gros mi zad pa'i mod rna ba'i bdud rtsir sim bzhin sor rtse'i zlos gar du bsgyur ba 'dis kyang don gnyis phun sum tshogs pa'i dpal la spyod pa'i rgyur byin gyis brlabs tu gsol/__/sarba dA mang+ga laM/ | |||
|pdflink=File:JKCL-KABUM-05-CA-004.pdf | |pdflink=File:JKCL-KABUM-05-CA-004.pdf | ||
}} | }} | ||
Line 17: | Line 32: | ||
<onlyinclude> | <onlyinclude> | ||
{{TibP|༄༅། །ཆོ་འཕྲུལ་ཟླ་བའི་སྒྲུབ་མཆོད་ལ་མཁོ་བའི་མར་མེའི་སྨོན་ལམ་གྱི་སྟོང་ཐུན་སྐལ་བཟང་རྣ་བའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ། ། | {{TibP|༄༅། །ཆོ་འཕྲུལ་ཟླ་བའི་སྒྲུབ་མཆོད་ལ་མཁོ་བའི་མར་མེའི་སྨོན་ལམ་གྱི་སྟོང་ཐུན་སྐལ་བཟང་རྣ་བའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ། ། | ||
དེ་ཡང་འོ་སྐོལ་གྱི་སྟོན་པ་ཐུབ་པའི་དབང་པོ་དེ་ཉིད་མངོན་པར་རྫོགས་པར་སངས་རྒྱས་ནས་གདུལ་བྱ་སོ་སོའི་བློ་དང་འཚམས་པར་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་བསྟན་པ་དེ་ཐམས་ཅད་ཀྱང་བསྡུ་ན་ཐེག་པ་ཆེ་ཆུང་གཉིས་སུ་འདུ་སྟེ། །ཀུན་བྱེད་རྒྱལ་པོའི་རྒྱུད་ལས། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེའི་ཐེག་པའོ། །ཞེས་གསུང་པ་ལྟར་རྒྱུ་མཚན་ཉིད་ཀྱི་ཐེག་པ་ནི་ཝཱ་རཱ་ཎ་སཱི་དང་། བྱ་རྒོད་ཕུང་པོའི་རི་དང་ཡངས་པ་ཅན་ལ་སོགས་པའི་གནས་རྣམས་སུ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་ནས་མཐར་ཡངས་པ་ཅན་གྱི་གྲོང་ཁྱེར་དུ་མྱ་ངན་ལས་འདའ་བར་དགོངས་ཏེ། འཁོར་གྱི་ནང་ནས་རྫུ་འཕྲུལ་ཆེར་སྤྱོད་ལ། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། ང་ཡི་སློབ་མ་གང་དག་འཁོད་པ་ཇི་སྙེད་ཡོད་པ་རྣམས་བསྡུས་ཤིག །ངེས་པར་བཞག་པར་བྱ་བ་དག་ཡོད་དོ། །ཞེས་གསུངས་པས་རྫུ་འཕྲུལ་ཅན་དེས། རྒྱལ་བའི་ཞིང་གྱུར་རིགས་དྲུག་གང་སུ་དག །འདའ་བར་ངེས་ཤིང་ཚོགས་པ་ཀུན་ཉོན་ཅིག །དེང་འདིར་རྒྱལ་བས་བདུད་རྩི་གསུམ་འཇོག་གིས། དུག་གསུམ་འཇོམ་པར་འདོད་པ་ཀུན་འདུས་ཤིག །ཞེས་བསྒྲགས་པས། དམ་པའི་རིགས་ཅན་དྲྭ་མ་ལྔ་ནང་དུ་ཡང་དག་འཇོག་པ་ལ་གནས་པས་མ་འདུས། དེ་ལས་གཞན་པའི་འཁོར་ཐམས་ཅད་སྟོན་པའི་སྤྱན་སྔར་ལྷག་པ་ལ། སྟོན་པ་ཉིད་ཀྱི་བཀའ་སྩལ་པ། ཀྱེ། གྲོགས་པོ་དག་ཤེས་པར་གྱིས་ཤིག །འདུས་བྱས་ཐམས་ཅད་ནི་མི་རྟག་པའོ། །ཆོས་ཐམས་ཅད་ནི་སྟོང་ཞིང་བདག་མེད་པའོ། །ཞེས་སོགས་ནས། ང་ཡོངས་སུ་མྱ་ངན་ལས་འདའ་བས་སུ་དག་ཐེ་ཚོམ་མ་ཆོད་པ་རྣམས་དྲི་བ་གྱིས་ཤིག །ཅེས་བཀའ་སྩལ་པ་དང་། འཁོར་གྱི་ནང་ནས་རིག་འཛིན་གྱི་རྒྱལ་པོ་ཀུཉྫ་ར་ཞེས་བྱ་བ་སྟན་ལས་ལངས་ཏེ། །ཁྱོད་ནི་ནམ་མཁའི་རང་བཞིན་ཏེ། །འདའ་དང་མི་འདའ་ཡོངས་མི་མངའ། །འཇིག་རྟེན་པ་དང་མཐུན་འཇུག་རུ། །འདའ་བས་ཡོངས་སུ་འདུལ་བར་དགོངས། །ཞེས་པ་ལ་སོགས་པ་སྔོན་དུ་འགྲོ་བས། འདྲེན་པའི་ཐེག་པ་གསུམ་པོ་དག །བཅོམ་ལྡན་ངེས་པར་གསུང་ལགས་ན། །རྒྱུ་འབྲས་གཞན་ནས་མ་འཚོལ་བའི། །འབྲས་བུའི་ཐེག་པ་ཅིས་མི་གསུང་ཞེས་པའི་ལན་དུ། རྒྱུ་ལ་མོས་པ་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོང་དུས་ན་འབྱུང་བར་འགྱུར། ཞེས་ལུང་བསྟན་པ་དང་། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱ་དང་བཅུ་གཉིས་ན། །ལྷ་གནས་གསུམ་དུ་གྲགས་པ་ཡིས། །བསྟན་པའི་སྙིང་པོ་དམ་པ་ཞིག །འཛམ་གླིང་ཤར་གྱི་ཕྱོགས་མཚམས་སུ། །མི་ལས་སྐལ་ལྡན་རིགས་ཅན་རེ། །རྒྱལ་པོ་ཛཿཞེས་བྱ་བ་ལ། ལག་ན་རྡོ་རྗེས་སྣང་བར་འགྱུར། །ཞེས་གསུང་པ་དང་མཐུན་པར། སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་འདས་པ་ན། དམ་པའི་རིགས་ཅན་དྲྭ་མ་ལྔ་ནང་དུ་ཡང་དག་འཇོག་པ་ལས་ལངས་ནས་རང་རང་གི་མངོན་པར་ཤེས་པས་རི་མ་ལ་ཡར་གནམ་ལྕགས་ཡོད་པའི་རྩེར་སྒྱུ་འཕྲུལ་གྱི་བྱ་བས་འདུས་ནས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཡིད་ལ་བྱས་ཏེ་གདུང་ཚིག་ཉི་ཤུ་རྩ་བརྒྱད་བཏོན་པས། སྟོན་པ་ཉིད་ཀྱིས་གསང་སྔགས་རྡོ་རྗེའི་ཐེག་པ་རྒྱུ་ཡི་ཐེག་པའི་སྐབས་སུ་ཡང་སྐལ་ལྡན་གྱི་གདུལ་བྱ་ལྷ་ཀླུ་མིའི་རིག་འཛིན་སོགས་ལ་དངོས་སུ་གསུངས་པ་ཡིན་ཀྱང་། འཇིག་རྟེན་ཡོངས་གྲགས་ལ་རྒྱུའི་ཐེག་པས་རྒྱུད་སྦྱང་ནས། གསང་སྔགས་ཟབ་མོའི་སྣོད་དུ་གྱུར་པའི་དུས་ལ་བབས་པ་ན་སྔར་འོག་མིན་དུ་གསུང་པ་ཉིད་སླར་ཡང་འདིར་བཟླས་ཏེ་གསུང་པར་དགོངས་ཏེ། ཇི་སྐད་དུ། སེམས་ཀྱི་དཀྱིལ་འཁོར་མེ་ལོང་བཞིན། །བསྟན་པ་དེ་དག་བདག་གིས་ཀྱང་། །ཐོག་མ་ཐ་མ་མེད་པ་རུ། །བདག་གི་དམ་བཅའ་མི་འདོར་བས། །བསྐུལ་བའི་དུས་ནི་གང་བྱུང་བ། །བདག་ཀྱང་དེ་བཞིན་ཆོ་འཕྲུལ་སྣང་། །ཞེས་རྨད་དུ་བྱུང་བའི་ཆོ་འཕྲུལ་གྱིས་རི་བོ་མ་ལ་ཡའི་རྩེར་གཤེགས་ཏེ། རིགས་ཅན་དྲྭ་མ་ལྔ་དང་རིག་འཛིན་འདུས་པ་ཕལ་མོ་ཆེའི་འཁོར་གྱི་དབུས་སུ་གསང་བདག་ལག་ན་རྡོ་རྗེའི་སྐུ་ཡི་རྣམ་པར་བསྟན་ནས། སྔོན་འོག་མིན་དང་། དགའ་ལྡན་དང་སུམ་ཅུ་རྩ་གསུམ་གྱི་གནས་རྣམས་སུ་གྲགས་པའི་གསང་བའི་ཐེག་པ་ཉིད་སྟོན་པར་མཛད་ཅིང་། དེ་རྣམས་སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་གསེར་གྱི་གླེགས་བམ་ལ་བཻཌཱུརྱ་ཞུན་མས་བྲིས་ཏེ་དགོངས་པའི་རྩལ་བདུན་གྱིས་ནམ་མཁའ་ལ་སྦས་སོ། །དེའི་ཚེ་དེའི་བྱིན་རླབས་ཀྱིས་ས་ཧོ་རའི་རྒྱལ་པོ་ཛཿལ་རྨི་ལྟས་ངོ་མཚར་བ་བདུན་རྨིས་ཏེ། ཇི་སྐད་དུ་སྐུ་གསུང་ཐུགས་རྟེན་ཐིམ་པ་དང་། རིན་ཆེན་གླེགས་བམ་བབས་པ་དང་། ཆོས་ཀྱི་བགྲོ་བ་བྱས་པ་དང་། ཀུན་ཀྱི་དམ་པར་བསྒྲགས་པ་དང་། མཆོད་པ་ཆེན་པོ་བྱས་པ་དང་། རིན་ཆེན་ཆར་རྒྱུན་བབས་པ་དང་། སངས་རྒྱས་ས་ལ་ལུང་བསྟན་པའོ། །ཞེས་པའི་རྨིས་ལྟས་དང་མཐུན་པར་རྒྱུད་སྡེའི་གླེགས་བམ་རྣམས་མི་ཡུལ་དུ་དངོས་སུ་བབས་ཏེ། ཀྲིའི་རྒྱུད་རྣམས་ཝཱ་ར་ཎ་སིར་བབས། ཨུ་པ་ཡའི་རྒྱུད་རྣམས་རི་བོ་བྱ་རྐང་ཅན་དང་། སིལ་བའི་ཚལ་ལ་སོགས་པར་བབས། ཡོ་གའི་རྒྱུད་རྣམས་དུར་ཁྲོད་མེ་རི་འབར་བའི་རྩེ་མོར་བབས། མ་ཧཱ་ཡོ་གའི་རྒྱུད་རྣམས་ས་ཧོ་རའི་ཡུལ་ཏུ་རྒྱལ་པོ་ཛཿཡི་ཁང་སྟེང་དུ་བབས། ཨ་ནུ་ཡོ་གའི་རྒྱུད་རྣམས་སིང་ག་ལའི་གླིང་གི་ནགས་ཚལ་དུ་གླེགས་བམ་དང་བཅས་ཏེ་བབས། ཨ་ཏི་ཡོ་གའི་རྒྱུད་རྣམས་ནི་ནུབ་ཕྱོགས་ཨོ་ཊི་ཡ་ནའི་ཡུལ་དུ་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེས་དཔལ་རྡོ་རྗེ་སེམས་དཔའ་ལ་དངོས་སུ་གསན་ནས་གླེགས་བམ་ལ་བཀོད་པར་མཛད་དོ། །སྒྲུབ་སྡེ་ནི། སྔོན་འོག་མིན་གསང་བ་མཆོག་གི་གནས་སུ། སྟོན་པ་ཀུན་བཟང་ཆེ་མཆོག་ཧེ་རུ་ཀས། ཆོས་ཉིད་ཀྱི་རང་སྒྲས་གསུང་པའི་རྒྱུད་རྣམས་གསང་བདག་རྡོ་རྗེ་ཆོས་ཀྱི་རང་ཉིད་ཚོམ་བུ་དགུའི་དཀྱིལ་འཁོར་དུ་སྣང་བར་མཛད་ནས་ཐོག་མར་ངག་ཏུ་བསྡུས། དེ་ནས་གླེགས་བམ་ལ་བཀོད་དེ་དགོངས་འབྲེལ་དུ་ལུང་ལྔ་ཡང་མཛད་ནས་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་ལ་གཏད། དེས་སྤྱི་དང་བྱེ་བྲག་གི་རྒྱུད་རྣམས་སོ་སོར་ཕྱེས་ནས་རིན་པོ་ཆེའི་སྒྲོམ་བུ་སོ་སོར་བཅུག་སྟེ་མཆོད་རྟེན་བདེ་བྱེད་བརྩེགས་པར་གཏེར་དུ་སྦས་པ་ནམ་ཞིག་གི་ཚེ་གྲུབ་པ་བརྙེས་པའི་སློབ་དཔོན་བརྒྱད་ཀྱིས་གཏེར་སྲུང་རྣམས་ལ་བཀའ་བསྒོས་པས། བཀའ་བྱེ་བྲག་གི་སྒྲོམ་བུ་བརྒྱད་པོ་བཀའ་བབས་ཀྱི་སློབ་དཔོན་བརྒྱད་ལ་གཏད། སྤྱི་རྒྱུད་ཀྱི་སྒྲོམ་བུ་རིན་པོ་ཆེ་སྣ་བརྒྱད་ལས་བྱས་པ་རྒྱ་མ་ཁྲོལ་བར་སླར་དེ་ཉིད་དུ་གཏེར་དུ་སྦས་ནས་ཕྱིས་ཀུན་འདུས་རིག་འཛིན་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝས་སྤྱན་དྲངས་ཏེ། རྗེ་འབངས་སྙིང་གི་བུ་དགུའམ་ཉི་ཤུ་རྩ་ལྔ་ལ་ལེགས་པར་གདམས་ཤིང་གཏད་པའོ། །དེ་ལ་རྒྱུད་མ་ཧཱ་ཡོ་ག །ལུང་ཨ་ནུ་ཡོ་ག །མན་ངག་ཨ་ཏི་ཡོ་ག་གསུམ་གྱི་ནང་ནས་ལྟ་བ་གནས་ལུགས་ཀྱི་དོན་གཙོ་བོར་སྟོན་པར་བྱེད་པ་ལུང་ཨ་ནུ་ཡོ་གའི་ཐེག་པ་ནི། ལུང་གི་མ་ཧཱའི་རྒྱུད་ཡེ་ཤེས་རྔམས་གློག་གི་འཁོར་བའི་རྒྱུད། ལུང་གི་ལུང་རྩ་བའི་རྒྱུད། ཀུན་འདུས་རིག་པའི་རྒྱུད། ལུང་གི་ཨ་ཏི་སེམས་ལུང་ཆེན་མོའི་མདོ་ལྟ་བུ་སྟེ། ཨ་ནུའི་ནང་གསེས་ཀྱི་བསྐྱེད་རྫོགས་གསུམ་དང་། དེ་ཐམས་ཅད་ཀྱི་སྤྱི་དོན་དགོངས་པ་འདུས་པའི་མདོ། ཆ་མཐུན་གྱི་རྒྱུད་རྣམ་པར་སྣང་མཛད་ཐིག་ལེ་དབང་གི་ཏནྟྲ་དང་། དབང་བསྐུར་རྒྱལ་པོའི་རྒྱུད་སོགས་ཀྱི་དགོངས་དོན་མ་ལུས་པ་གཅིག་ཏུ་དྲིལ་བ། སྟེང་ཁང་ཞི་བའི་དཀྱིལ་འཁོར་དང་། འོག་ཁང་ཁྲོ་བོའི་དཀྱིལ་འཁོར་ཏེ། འདུས་པ་མདོ་ཡི་དཀྱིལ་འཁོར་ཞལ་ཕྱེས་ནས་སྒྲུབ་པའི་ཚུལ་ནི། ཆོས་ཐམས་ཅད་དཀྱིལ་འཁོར་རྣམ་པ་གསུམ་དུ་དབྱེར་མེད་རང་བཞིན་མ་འདྲེས་ཡོངས་རྫོགས་སུ་རྟོགས་པའི་ལྟ་བས་ཁོག་དབུབ། རྟོགས་དོན་ལྟ་བའི་རྗེས་སུ་འཇུག་པའི་མཚན་མེད་ཀྱི་ཏིང་ངེ་འཛིན་གྱིས་ཉམས་སུ་བླངས་པས་ཐུན་མོང་གི་དངོས་གྲུབ། དབང་པོ་དྲུག་གི་མངོན་ཤེས་དང་། སྒྱུ་མ་རྡོ་རྗེ་ལ་སོགས་པའི་ལས་འགྲུབ་ཅིང་མཆོག་གི་དངོས་གྲུབ། མཐོང་ལམ་དབུགས་ཆེན་འབྱིན་པའི་རྣལ་འབྱོར། སྒོམ་ལམ་ལུང་ཆེན་ཐོབ་པའི་རྣལ་འབྱོར། མཐར་ལམ་རྩལ་ཆེན་རྫོགས་པའི་རྣལ་འབྱོར། མཐར་ཐུག་འབྲས་བུ་སྐུ་བཞིའི་བདག་ཉིད་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་ཐོབ་པར་བྱེད་པ་སྟེ། དེ་ལྟར་ཡང་། ཨ་ནུའི་ཡོ་གའི་ཐེག་པ་ནི། བར་མ་ཆོད་པའི་རྩེ་གཅིག་གིས། །སངས་རྒྱས་ས་ལ་ངེས་པར་འགྲོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ནས་དཔལ་ན་རག་དོང་སྤྲུག་མཚམས་མེད་ལྔ་སྦྱོང་གི་དཀྱིལ་འཁོར་ནི། གླང་པོ་ཆེ་རབ་འབོག་གི་རྒྱུད་ལས་བཀོལ་བའི་ཀལྤ་དུམ་བུའི་རྒྱུད། དྲི་མེད་བཤགས་རྒྱུད་ལ་བརྟེན་པ་རིགས་སོ་སོར་ཕྱེ་བའི་དཀྱིལ་འཁོར་ཞི་ཁྲོ་ཁྲོམ་དཀྲུགས་སུ་གྲགས་པའི་དཀྱིལ་འཁོར་ཆེན་པོ་ཞལ་ཕྱེ་ནས། རྣལ་འབྱོར་པ་རྣམས་ཀྱི་ཉམས་ཆགས་དང་རྟོགས་སྒྲིབ་ཐམས་ཅད་སྦྱོངས་བར་བྱེད་པའི་ཐབས། ཕྱི་ཡོ་བྱད་ཚོགས་ཀྱི་བཤགས་པ། ནང་ཕུང་པོ་རྟེན་གྱི་བཤགས་པ། གསང་བ་བྱང་ཆུབ་སེམས་ཀྱི་བཤགས་པ། སྨྲེ་བཤགས་འགྱོད་ཚིག་གི་བཤགས་པ་སྟེ། དེ་ལྟར་བཤགས་པའི་ཐབས་རྨད་དུ་བྱུང་བའི་དཀྱིལ་འཁོར་ཆེན་པོ་འདི་ཉིད་སྒྲུབ་ཅིང་མཆོད་པའི་ཕན་ཡོན་ནི། ཀལྤ་དུམ་བུའི་རྒྱུད་ལས། གང་གི་སྒྱུ་འཕྲུལ་ཞི་ཁྲོ་ཡི། །དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ན། །ཉམས་ཆགས་ཀུན་ཀྱང་བྱང་གྱུར་ཏེ། །མཚམས་མེད་ལྔ་ཡི་སྡིག་ཀྱང་བྱང་། །ན་རག་གནས་ཀྱང་དོང་སྤྲུགས་ཏེ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་གསུངས་པའི་ཕྱིར་དང་། དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པ་མ་བསྒྱུར་རྣལ་མ་ཞི་བའི་དཀྱིལ་འཁོར་ཏེ། སྒྱུ་འཕྲུལ་དྲ་བ་གསང་བ་སྙིང་པོའི་ཕྱག་རྒྱ་གཅིག་པའི་སྒྲུབ་ཐབས་ལ། གངས་ཅན་གྱི་ལྗོངས་འདིར་གཏེར་སྟོན་ཐམས་ཅད་ལས་བཀའ་གཏེར་བསྟན་པའི་མེ་རོ་གཞིར་བཞེངས་སུ་སློང་བའི་ཐུགས་བསྐྱེད་ཁྱད་པར་དུ་འཕགས་པ། ཨོ་རྒྱན་གཏེར་བདག་གླིང་པའི་ཟབ་གཏེར་ཐམས་ཅད་ཀྱི་རྩ་བ་དཔལ་རྡོ་རྗེ་སེམས་དཔའ་རིགས་ཐམས་ཅད་ཀྱི་ཁྱབ་བདག །དཀྱིལ་འཁོར་ཐམས་ཅད་ཀྱི་འཕྲོ་གཞི། དངོས་གྲུབ་ཐམས་ཅད་ཀྱི་རྩ་བ། ཕྲིན་ལས་ཐམས་ཅད་ཀྱི་འབྱུང་ཁུང་ཆེན་པོ་ཡིན་པས་འབྲེལ་ཚད་དོན་དང་ལྡན་ཅིང་ཁྱད་པར་དུ་འཕགས་པ་དང་། དེ་ནས་སྒྱུ་འཕྲུལ་ཞི་ཁྲོའི་དཀྱིལ་འཁོར་ནི། རྒྱུད་མ་ཧཱ་ཡོ་གའི་ཐེག་པ་ཉིད་རྒྱལ་པོ་ཛཿའི་ཁང་སྟེང་དུ་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ཀྱི་གླེགས་བམ་ཆར་དུ་བབས་ཤིང་། དེ་ཡང་། ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ནི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་གཞི་དང་རྩ་བར་གྱུར་པའི་རྒྱུད་སྡེ་ཆེན་པོ་ལྔ། སྒྲུབ་པ་ལག་ལེན་དུ་འགྲོ་བའི་བསྟན་ཕ་རོལ་པའི་རྒྱུད་སྡེ་ལྔ། སྤྱོད་པ་ལག་ལེན་དུ་འགྲོ་བའི་རྒྱུད་སྡེ་ལ། མ་ཚང་བ་ཁ་སྐོང་བར་བྱེད་པའི་རྒྱུད་ཕྱི་མ་གཉིས། དེ་ཐམས་ཅད་ཀྱི་བསྡུས་དོན་ལྟ་བུའི་རྒྱུད་སྡེ་ཆེན་པོ་གཅིག་དང་བཅོ་བརྒྱད་དོ། །དེ་དག་གི་ཕྱི་མོ་ཐམས་ཅད་ཀྱི་བསྡུས་དོན་ལྟ་བུའི་རྒྱུད་ནི་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ཉིད་ཡིན་ལ། འདི་ལྟར་ཞི་ཁྲོ་སོ་སོར་སྒྲུབ་པའི་ཐབས་ཚུལ་མང་དུ་ཡོད་ཀྱང་། ཞི་བ་འབྲིང་པོ་བཞི་བཅུ་རྩ་གཉིས་དང་ཁྲོ་བོ་བསྡུས་པ་ལྔ་བཅུ་རྩ་བརྒྱད་ཀྱི་དཀྱིལ་འཁོར་གཉིས་ལས། ཞི་བ་ནི་གཞི་རྒྱུད་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་མངོན་པར་བྱང་ཆུབ་པ་ལྔའི་སྒོ་ནས་གསལ་བཏབ་སྟེ་སྒྲུབ་པས་ཐུན་མོངས་གི་དངོས་གྲུབ། ཡོན་ཏན་འབྱུང་བའི་དངོས་གྲུབ་དྲུག་དང་། འབྱུང་བའི་དངོས་གྲུབ་ལྔ། ལས་ཕྲན་ཚེགས་ཀྱི་དངོས་གྲུབ་བརྒྱད་ལ་སོགས་པ་འགྲུབ་ཅིང་། མཆོག་གི་དངོས་གྲུབ་ནི། རྒྱལ་བ་བཞི་བཅུ་རྩ་གཉིས་ཀྱི་གོ་འཕང་ཚེ་གཅིག་གིས་འགྲུབ་པ་སྟེ། སྒྱུ་འཕྲུལ་རྩ་རྒྱུད་ལས། སྒྱུ་འཕྲུལ་དཀྱིལ་འཁོར་བཞི་བཅུ་གཉིས། །དྲ་བའི་དཀྱིལ་འཁོར་མངོན་རྫོགས་པ། །ཕྱོགས་བཅུ་དུས་བཞི་རྫོགས་པ་ཡིས། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །ཁྲོ་བོའི་དཀྱིལ་འཁོར་བསྡུས་པ་ནི། ཡོ་ག་གསུམ་གྱི་སྒོ་ནས་བདག་ཉིད་རྒྱུའི་ཧེ་རུ་ཀར་བསྐྱེད། དེའི་ཐུགས་ཀ་ནས་ས་བོན་སྤྲོས་ཏེ་གཞི་དབང་ཆེན་གྱི་དཀྱིལ་འཁོར་ནས་གཞལ་ཡས་ཁང་གདན་དང་བཅས་པ་གསལ་བཏབ་ནས། བདག་ཉིད་ཡེ་ནས་སངས་རྒྱས་པ་ཡིན་པའི་ཕྱིར། བདག་གི་སྲས་སུ་དེ་བཞིན་གཤེགས་པ་བྱ་བ་བདག་སྲས་ཀྱི་ཆོ་ག་དང་། རིགས་མི་ནུབ་ཅིང་ལྷུན་གྱིས་གྲུབ་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པའི་སྲས་སུ་བདག་བྱ་བ་གཞན་སྲས་ཀྱི་ཆོ་ག་གཉིས་ཀྱི་སྒོ་ནས་བདག་དོན་ཆོས་སྐུའི་ཏིང་ངེ་འཛིན་གྱི་སྣང་འཛིན་གྱི་ཞེན་པ་སྦྱོང་བ་དང་། གཞན་དོན་གཟུགས་སྐུའི་ཏིང་ངེ་འཛིན་ཀྱི་སྟོང་འཛིན་གྱི་ཞེན་པ་སྦྱོང་བ་ལ་སོགས་ཏེ་སེམས་ཉིད་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོའི་ངང་དུ་མཉམ་པར་བཞག་ནས་ལྷ་སྔགས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ལས་མི་འདའ་བར་བྱས་པས་ཕྱག་ཆེན་དང་ལྷུན་གྲུབ་རིག་འཛིན་གྱི་སར་བསྒྲོད་ནས་དཔལ་ཧེ་རུ་ཀའི་གོ་འཕང་ཐོབ་པར་བྱེད་པ་སྟེ། རྩ་རྒྱུད་ལས། གང་གི་གླང་ཆེན་མྱོས་པའི་སེམས། མཉམ་པར་བཞག་པས་བརྟུལ་ནས་སུ། །སྔགས་དང་ཕྱག་རྒྱ་རབ་བརྟན་ནས། །དངོས་གྲུབ་ཡ་མཚན་ཆེན་པོ་འགྱུར། །ཞེས་གསུང་པའི་ཕྱིར་རོ། །དེ་ནས་སྒྲུབ་སྡེའི་ནང་ཚན་དུ་གཏོགས་ཐུགས་རིགས་པ་རང་བྱུང་གི་ཡེ་ཤེས། ཡང་དག་ཟླ་གམ་དགུ་པ་མར་མེའི་དཀྱིལ་འཁོར་ལ་བརྟེན་ནས་ཐུགས་རྡོ་རྗེའི་སྒྲུབ་པ་ནི། ཇི་སྐད་དུ། ཡང་དག་སྒྲུབ་པ་གཅིག་པུ་ཉིད། །སངས་རྒྱས་བདེ་གཤེགས་ཀུན་འདུས་པ། །རྣལ་འབྱོར་ཟབ་མོ་སྐུ་གསུང་ཐུགས། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །ཅེས་གསུང་པ་ལྟར་ཆོས་ཐམས་ཅད་རང་བཞིན་ཡེ་ནས་དག་པའི་དབྱིངས་ཉིད་གློ་བུར་དྲི་མའི་སྦུབས་ལས་གྲོལ་བས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ཟུང་འཇུག་སངས་རྒྱས་ཐམས་ཅད་ཀྱི་ཉམས་སུ་མྱོང་བྱའི་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བ་སྐུ་གསུམ་གྱི་ངོ་བོར་རྫོགས་པ་དེ་ལས་དམིགས་པ་མེད་པའི་རྩལ་སྣང་ཡེ་ཤེས་སྒྱུ་མའི་རྣམ་པར་ཐམས་ཅད་པར་འཆར་བའི་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བསྒྲུབ་པའི་ཚུལ། རྒྱུ་ཡི་ཏིང་ངེ་འཛིན་ཧཱུྃ་ཡིག་འོད་དུ་ཞུ་བ་ལས་རྡོ་རྗེ་སེམས་དཔའ་གྱུར། དེ་ལས་བྷྲཱུྃ་ཆད་པ་གཞི་དབང་ཆེན་གྱི་གཞལ་ཡས་ཁང་གདན་དང་བཅས་པར་གྱུར། སླར་ཡང་ཧཱུྃ་ཡིག་གླུར་བླངས་པས་རྡོར་སེམས་འོད་དུ་ཞུ་ཧཱུྃ་ཡིག་ཏུ་གྱུར་པ་དེ་ལས་ཧཱུྃ་གི་སྒྲ་གདངས་མཁའ་ཁྱབ་ཏུ་སྤྲོ་བསྡུའི་སྦྱོར་བས་བཛྲ་ཧེ་རུ་ཀ་སྨུག་ནག་ཚོན་གང་བར་གྱུར་ཏེ། དབུས་ཀྱི་གདན་སྟེང་དུ་བཞུགས་པ་ལ་ནམ་མཁའ་གང་བའི་དེ་བཞིན་གཤེགས་པ་རྣམས་ཀྱིས་སེམས་ཅན་གྱི་དོན་ལ་བསྐུར་བས་ཕྲིན་ལས་ཕྱག་རྒྱའི་དཀྱིལ་འཁོར་གྱི་རྣམ་པར་བཞེངས་པ་ལ་ལྷ་སྔགས་ཏིང་ངེ་འཛིན་གྱི་བསྙེན་ཅིང་སྒྲུབ་པས་ཐུན་མོངས་གི་དངོས་གྲུབ་ཞི་རྒྱས་ལ་སོགས་པ་བཞི་དང་། རལ་གྲི་དང་གྲུབ་པ་བརྒྱད་ལ་སོགས་པ་འགྲུབ་ཅིང་མཆོག་གི་དངོས་གྲུབ་ཕུང་ལྔ་རིགས་ལྔའི་ངོ་བོ་གྱུར་ཏེ། འཆི་མེད་རྡོ་རྗེའི་སྐུ་འགྲུབ་ནས་དཔལ་ཆེན་ཧེ་རུ་ཀའི་གོ་འཕང་ཐོབ་པ་སྟེ། དེ་ལྟར་ཡང་། ཡང་དག་གསང་བའི་ཐུགས་མཆོག་ལ། །སྒྲུབ་པའི་རྣལ་འབྱོར་དབང་ཕྱུག་རྣམས། །མི་ཚེ་གཅིག་ལ་མངོན་སངས་རྒྱས། །ལུས་མ་བོར་བར་ལྷ་སྐུར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །སྒྲུབ་ཆེན་བཀའ་བརྒྱད་དཔལ་ཆེན་འདུས་པའི་དཀྱིལ་འཁོར་ནི། སྔོན་བྱུང་འོག་མིན་དུ་གསུང་པ་དཔལ་རྡོ་རྗེ་ཆོས་ཀྱིས་བསྡུས་ནས་བསྟན་པ་འདི་ལ་མཆོག་གི་དངོས་གྲུབ་བརྙེས་པའི་གྲུབ་པ་བརྒྱད་ཀྱིས་མཆོད་རྟེན་བདེ་བྱེད་བརྩེགས་པ་ནས་གཏེར་དུ་དྲངས་ཤིང་། སླར་ཀུན་འདུས་རིན་པོ་ཆེ་སྣ་ལྔའི་སྒྲོམ་བུ་སློབ་དཔོན་པདྨ་སཾ་བྷ་ཝ་ལ་བསྟན་པ་བཞིན་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་འདི་ཉིད་སྒྲུབ་པ་བརྒྱད་ཀྱི་བསྟན་པའི་བདག་པོར་བཞུགས་པས། གངས་ཅན་གྱི་ལྗོངས་འདིར། བླ་མ་བརྒྱད། ཡི་དམ་བརྒྱད། མཁའ་འགྲོ་བརྒྱད་ཀྱི་སྐོར་མཐའ་ཡས་པ་ཞིག་གཏེར་དུ་སྦས་པ་ལས། འདིར་མཆོག་གྲུབ་པའི་གྲུབ་ཐོབ་རྩོད་པ་དང་བྲལ་བ་གྲུབ་རྟགས་ཕྱག་རྒྱས་ཚད་མས་གྲུབ་པ་རྫོགས་པ་ཆེན་པོའི་བསྟན་པའི་མངའ་བདག་ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་བྱུང་བ་བླ་མ་བཀའ་བརྒྱད་དྲག་པོ་དཔལ་ཆེན་འདུས་པའི་དཀྱིལ་འཁོར་དུ། འཇམ་དཔལ་སྐུ་འཁོར་ལོ་བཞི་ལ་བརྟེན་ཏེ་སྒྲུབ་པ། པདྨ་གསུང་རྟ་སྐད་ཐང་གསུམ། ཡང་དག་ཐུགས་རུ་ལུ་འབྲུ་བརྒྱད། བདུད་རྩི་ཡོན་ཏན་སྣང་སྲིད་བདུད་རྩི། ཕུར་པ་ཕྲིན་ལས་ཐལ་འབྱིན་བཞི་སྟེ། འཇིག་རྟེན་ལས་འདས་པའི་སྒྲུབ་སྡེ་ལྔ། མ་མོ་རྦོད་གཏོང་རྩ་རླུང་ཐིག་ལེ། བླ་མ་རིག་འཛིན་བསྙེན་སྒྲུབ་རྣམ་བཞི། དམོད་པ་དྲག་སྔགས་སྲོག་གི་གཟེར་བཞི། འཇིག་རྟེན་མཆོད་བསྟོད་རྫོང་འཁྲང་སྲོག་གསུམ་རྣམས་ཀྱི་དགོངས་པ་སྟེ། དེ་ལྟ་བུའི་བྱིན་རླབས་ཁྱད་པར་ཅན་དང་ལྡན་པས་འཇིག་རྟེན་གྱི་ལས་ཐམས་ཅད་འགྲུབ། འཇིག་རྟེན་ལས་འདས་པའི་འབྲས་བུ་མི་གནས་པའི་ཡེ་ཤེས་ཁྱབ་བདག་ཧེ་རུ་ཀའི་གོ་འཕང་ལ་འགོད་པའི་སྒྲུབ་སྡེའི་སྒྲུབ་མཆོད་བོད་ཡུལ་འདིར་བྱོན་པའི་ལྷ་སྔགས་ལ་ངོ་མཚར་བ་བསྒྲུབ་པ་བརྒྱད་ཀྱི་སྙིང་པོ་འདུས་པ་བྱིན་རླབས་ཀྱི་ཚན་ཁ་རྨད་དུ་བྱུང་བའོ། །དེ་ནས་མ་ཧཱ་ཡོ་གའི་ཐེག་པ་ལས་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ཀྱི་ནང་ཚན་རྣལ་འབྱོར་མ་རྒྱུད་ཐམས་ཅད་ཀྱི་རྩ་བ་དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་དཀྱིལ་འཁོར་ཆེན་པོ་སྒྲུབ་པའི་ཚུལ་ནི། ཇི་སྐད་དུ། སྦྱོར་བ་བཞི་ཡི་རིམ་པ་ཡིས། །དེ་ཡི་ལམ་ལ་རབ་ཏུ་སྦྱོར། །ཞེས་པས། བསྐྱེད་རིམ་སྦྱོར་བ་བཞི་ལྡན་གྱི་རྣལ་འབྱོར་དང་། རྫོགས་རིམ་རྩ་རླུང་ཐིག་ལེའི་རྣལ་འབྱོར་ཉམས་སུ་བླངས་པས་སློབ་པའི་རིག་འཛིན་རྣམ་པ་བདུན་གྱི་གོ་འཕང་ཐོབ་ནས་སྔགས་ཀྱི་སྤྱོད་པ་སྤྱད་པས་མི་སློབ་པའི་ས་ཀུནྟུ་འོད་དང་པདྨ་ཅན་དང་། འཁོར་ལོ་ཚོགས་ཆེན་གྱི་ས་དང་། རྡོ་རྗེ་འཆང་དང་། ཡེ་ཤེས་བླ་མའི་ས་དང་། བདེ་བ་ཆེན་པོའི་ས་རྣམས་ཐོབ་པར་འགྱུར་ཏེ། དེ་ལྟར་ཡང་། རིག་འཛིན་རྣམ་པ་བདུན་གྱི་ནི། །རང་གི་ཡེ་ཤེས་གནས་སྦྱོང་ཞིང་། །གསང་སྔགས་མཐུན་པའི་ཁྱད་པར་གྱིས། །མོས་པའི་བློ་དང་དོན་མཐུན་སྟོན། །རྣམ་གྲོལ་ཟག་མེད་སངས་རྒྱས་ལ། །མཐར་ཕྱིན་འདི་ཡིས་རྟོགས་པར་བྱེད། །ཀུནྟུ་འོད་དང་པདྨ་ཅན། །ཡི་གེ་འཁོར་ལོ་རྡོ་རྗེ་འཆང་། །ཡེ་ཤེས་བླ་མའི་ས་གནོན་ནས། །ཟག་མེད་རྟག་ཏུ་བདེ་བར་བཞུགས། །ཞེས་གསུངས་སོ། །སྒྲུབ་སྡེའི་ནང་ཚན་དུ་གཏོགས་པ་དཔལ་ཆེན་རྡོ་རྗེ་ཕུར་པ་ནི། སྟོན་པ་ཕུན་སུམ་ཚོགས་པ་དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོ། དུས་ཕུན་སུམ་ཚོགས་པ་དུས་བཞི་མཉམ་པ་ཉིད་ཀྱི་དུས། གནས་ཕུན་སུམ་ཚོགས་པ་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་སུ། སྐྱེ་མེད་མཐའ་བྲལ་ཆེན་པོའི་དགོངས་པ་ལས་མ་གཡོས་བཞིན་དུ་འགགས་མེད་ཀྱི་ཆོ་འཕྲུལ་བདག་ཉིད་རྩ་བའི་དཀྱིལ་འཁོར་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི་སྐུར་བཞེངས་ཏེ་ཐབས་ཤེས་གཉིས་སུ་མེད་པར་སྦྱོར་བ་ལས། འཁོར་ཕུན་སུམ་ཚོགས་པ་ཕྱོགས་བཅུའི་ཁྲོ་བོ་ཁྲ་ཐབས་དང་ཕུར་པ་སྲས་ཀྱི་དཀྱིལ་འཁོར་མངོན་པར་སྤྲུལ་ནས། ཆོས་ཕུན་སུམ་ཚོགས་པ་བི་ཏོ་ཏ་མལ་འབུམ་སྡེ་ལ་སོགས་པ་ཕྲིན་ལས་ཕུར་པའི་རྒྱུད་མཐའ་དག་གསུང་པ་རྣམས། སྟོན་པ་ཉིད་དང་། རྡོ་རྗེ་སེམས་དཔའ་དང་། ཕྱག་ན་རྡོ་རྗེ་དང་། མཁའ་འགྲོ་མ་དང་། བྲམ་ཟེ་མིའི་ཐོད་པ་ཅན་ལ་སོགས་པས་ཡང་དག་པར་བསྡུས་ནས་རིམ་པར་བརྒྱུད་པའི་ཁྱད་པར་དུ་མའི་བཀའ། སློབ་དཔོན་ཆེན་པོས་བོད་གངས་ཅན་ལྗོང་འདིར་རྗེ་འབངས་རྣམས་ལ་གནང་བ་ལས། རྒྱལ་པོ་ལུགས་སུ་གྲགས་པ། སྣ་ནམ། ཤུད་བུ། འཆི་མ་ལུགས། ཇོ་མོ་ལུགས། མཁོན་དང་། རོང་ཟོམ་ལུགས་སོགས་དུ་མ་འཕེལ་བའི་ཕྱིར། དེས་ན། མཁོན། གནུབ། རོག །རོང་། སོ། ཟུར། འོ་བྲན་ལ་སོགས་པའི་རུས་ཆེན་རྣམས་ཀྱི་གདུང་རིགས་༡ལས་རྡོ་རྗེ་ཕུར་པའི་གྲུབ་པ་ཐོབ་པ་ནི་བོད་ཡུལ་འདིར་ཤིན་ཏུ་མང་ཞིང་། ཁྱད་པར་དུ་རོང་ཕུར་ནི་སྣ་ནམ་ལས་རིང་བརྒྱུད་དང་། རོང་བན་ཡོན་ཏན་རིན་ཆེན་གྱིས་སློབ་དཔོན་པདྨ་དངོས་ལ་གཏུག་ནས་གསན་ཏེ་མི་ཡུལ་དུ་ལོ་སུམ་བརྒྱ་བཞུགས་ནས་མཐར་སྐུ་ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས། དེའི་སྲས་རོང་བན་རིན་ཆེན་ཚུལ་ཁྲིམས་ཀྱང་ལོ་ཕྱེད་གཉིས་བརྒྱ་བཞུགས། དེའི་སྲས་རོང་ཟོམ་ལོ་བརྒྱ་དང་བཅུ་དགུ་བཞུགས་ནས་སྐུ་བགྲེས་རྒུད་མི་མངའ་བས། དེ་དག་ལ་སྲས་བརྒྱུད་ཕུར་པའི་གྲུབ་ཐོབ་ཟམ་མ་ཆད་པར་རིམ་པར་བརྒྱུད་པའི་བཀའ་སྲོལ་དེ་ཉིད་ཀྱི་དཀྱིལ་འཁོར་ཆེན་པོ་ཞལ་ཕྱེ་ནས་སྒྲུབ་པའི་ཚུལ་ནི། སྙན་རྒྱུད་མན་ངག་ལས། རྣལ་འབྱོར་མན་ངག་གདེང་ལྡན་པས། །བསྙེན་པས་ཉེ་བར་གྱུར་པ་དང་། །བསྒྲུབས་ནས་ལས་ལ་སྦྱར་བ་ཡིས། །འགྲུབ་གྱུར་འདི་ལ་ཐེ་ཚོམ་མེད། །ཞེས་དང་། སེམས་ཉིད་རྡོ་རྗེ་ཀཱི་ལ་ཡ། །ཡེ་ཤེས་རྩེ་མོས་ཐམས་ཅད་འདེབས། །དེ་ཡི་སྣོད་བཅུད་རྣམ་པར་དག །བྱེད་སྤྱོད་ཐམས་ཅད་ཚོགས་གཉིས་འགྱུར། །ཞེས་སོ། །བཀའ་མའི་གུ་དྲག་འོ་བྲན་བྲག་དམར་ཞེས་གྲགས་པ་ནི། གདུལ་བྱ་ཞི་བས་མི་ཐུལ་བ་རྣམས་འདུལ་བའི་ཕྱིར། བླ་མ་དྲག་པོའི་སྒྲུབ་ཐབས་ཨོ་རྒྱན་ཆེན་པོས། འོ་བྲན་དཔལ་གྱི་དབང་ཕྱུག་ལ་གནང་། དེས་སྲས་དཔལ་གྱི་དབང་ཕྱུག་སོགས་གདུང་བརྒྱུད་ཟམ་མ་ཆོད་པར་བརྒྱུད་པའི་འོ་བྲན་དྲག་པོའི་དཀྱིལ་འཁོར་གྱི་ལས་རིམ་དང་རྗེས་སུ་འབྲེལ་བར་ཨ་ནུ་ཡོ་གའི་སྤྱི་མདོ་དགོངས་འདུས་དང་། སྒྱུ་འཕྲུལ་དྲ་བ་བཤད་པའི་རྒྱུད་ཐལ་བ་དང་། བྱེ་བྲག་གི་དགོས་བརྒྱུད་མཚོན་ཆ་མངོན་པར་རོལ་པའི་རྒྱུད་རྣམས་ཀྱི་བསྟན་དོན། དཔལ་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་ཚོགས་ཀྱི་བདག་པོའི་སྒྲུབ་པའི་ཕྲིན་ལས་ཀྱི་རིམ་པ་དང་། དྲག་སྔགས་ཀྱི་བདག་པོ་གནུབ་ཆེན་ཡབ་སྲས་ཀྱི་ཐུགས་དམ་གཤིན་རྗེ་གཤེད་དམར་ནག་གཉིས་སུ་གྲགས་པའི་འཇམ་དཔལ་མེ་རུ་རྩེ་དམར་པོ་དང་། ཁ་ཐུན་ནག་པོ་གཉིས་ཀྱི་སྒྲུབ་པའི་དཀྱིལ་འཁོར་དང་། གཞན་ཡང་སློབ་དཔོན་སངས་རྒྱས་གསང་བའི་ལུགས་བདུད་རྩི་འཁྱིལ་པ་འཆི་མེད་ཚེ་ཡི་རྒྱུད་ལ་བརྟེན་པའི་ཚེ་སྒྲུབ་ལུང་ལུགས་སུ་གྲགས་པའི་དཀྱིལ་འཁོར་དང་། འདུས་པ་མདོ་ཡི་ཡན་ལག་གི་ཆོ་ག །གནས་བརྟན་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་དམ་པའི་ཆོས་སྐྱོང་ཞིང་། སྟོན་པ་ཐུགས་རྗེ་ཅན་ཉིད་ཀྱི་བཀའ་སྡོད་བཞི་བཞི་ཞེས་པ། འཕགས་པའི་གནས་བརྟན་བཅུ་དྲུག་པོ་འདི་ཉིད་རྣམ་པ་ཉན་ཐོས་ཀྱི་ཚུལ་བཟུང་ཡང་། ངོ་བོ་ས་ཐོབ་པའི་འཕགས་ཆེན་བྱང་ཆུབ་སེམས་དཔའ་གཞན་དོན་དུ་འཕགས་པ་དགྲ་བཅོམ་པའི་གཟུགས་ཀྱིས་རང་དོན་དུ་རྣམས་པར་ཐར་པ་བརྒྱད་ལ་མངའ་བརྙེས་ཀྱང་སྐུ་མྱ་ངན་ལས་མི་འདའ་བར་འཛམ་བུའི་གླིང་དང་། ལྷའི་གནས་ལ་སོགས་པར་སྐྱེས་བུ་རྣམས་ཀྱི་ཚེ་ལོ་ཡར་འཕེལ་བདུན་བརྒྱའི་དུས་བར་དུ་བཞུགས་ནས་གནས་སོ་སོར་སངས་རྒྱས་ཀྱི་བསྟན་པ་དར་ཞིང་འཁོར་རྣམ་བཞི་རྒྱས་པར་བྱིན་གྱིས་བརླབས་པ་དང་། དགེ་འདུན་རྣམས་ཀྱི་ཚུལ་ཁྲིམས་རྣམ་པར་དག་པ་དང་། འགྲོ་བ་ཐམས་ཅད་བསོད་ནམས་སྤེལ་བ་དང་། ཡོངས་སུ་སྦྱོང་བར་མཛད་པའི་ཕྱིར་འཁོར་དགྲ་བཅོམ་པ་རྣམས་དང་ཐབས་གཅིག་ཏུ་བཞུགས་ཤིང་། འཕགས་པའི་གནས་བརྟན་དེ་དག་ལ་གསོལ་བ་བཏབ་ན་བསྟན་པ་དར་བ་གསུངས་པས། དེ་མཆོད་པའི་ཆོ་ག་ལ་མདོ་ལུགས་བསྟན་པ་སྔ་དར་དང་ཕྱི་དར་གྱི་ལུགས་ཐ་དད་པ་ཇོ་བོ་རྗེ་ནས་སྣར་ཐང་བའི་ལུགས་སོགས་མང་དུ་བཞུགས་པ་ལས། འདི་ནི་སྔ་འགྱུར་བཀའ་མའི་འདུས་པ་ཆེན་པོ་མདོ་ཡི་ཡན་ལག་ཐེག་པ་དགུའི་དཀྱིལ་འཁོར་དང་རྗེས་སུ་འབྲེལ་བ་ཉན་ཐོས་ཀྱི་ཐེག་པའི་ཡན་ལག་འཕགས་པའི་གནས་བརྟན་མཆོད་པ་སྟེ་འཇིག་རྟེན་གྱི་ཁམས་སུ་ཕན་བདེ་སྤེལ་བའི་ཐབས་རྨད་དུ་བྱུང་བ་ཡིན་ནོ། །དེ་དང་རྗེས་སུ་འབྲེལ་བ་མདོའི་ཡན་ལག་གི་ཆོ་ག་མགྲོན་རྣམ་པ་བཞི་ལ་མཆོད་སྦྱིན་བྱ་བ་ཆ་གསུམ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་རིམ་པ་སྟེ། དེ་ལྟར་སྔ་འགྱུར་བསྟན་པ་རྒྱ་མཚོའི་རྒྱུད་ལུང་མན་ངག་གསུམ་གྱི་དགོངས་དོན། མན་ངག་ཟབ་དགུའི་སྙིང་པོ། མཆོག་ཐུན་གྱི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་བྱེད་པའི་མྱུར་ལམ་དཀྱིལ་འཁོར་ཆེན་པོ་རྣམས་ཞལ་ཕྱེས་ནས་བསྙེན་སྒྲུབ་ཡན་ལག་བཞིའི་སྒོ་ནས་སྒྲུབ་པའི་དགེ་རྩ་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་བསྔོ་ཞིང་མར་མེའི་སྨོན་ལམ་ཀྱི་རྒྱས་འདེབས་པ་ནི། ཡང་དག་གི་རྒྱུད་ལས། འབྲས་བུ་རང་བྱུང་ཡེ་ཤེས་མེ་ཤར་བས། །མཐའ་དབུས་མེད་པར་གསལ་བའི་འོད་འབར་འདི། །འཁོར་བའི་མུན་པ་གཞོམ་ཕྱིར་བཞེས་སུ་གསོལ། །ཞེས་གསུངས་པ་ལྟར་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཟག་མེད་རང་བྱུང་གི་ཡེ་ཤེས་ཀྱི་སྣང་བ་རང་ཆས་སུ་བཞུགས་པ་ཉིད། མར་མེའི་སྣང་བ་འདི་ལྟ་བུས་མཚོན། རྟེན་ཅིང་འབྲེལ་འབྱུང་གི་མཐུ་ལ་བརྟེན་ནས། ཡང་དག་པའི་སྣང་བ་འབྲས་བུ་རང་བྱུང་གི་ཡེ་ཤེས་ཀྱི་མེ་ཆེན་རབ་ཏུ་སྦར་བས་མ་རིག་འཁོར་བའི་མུན་ཁང་མཐའ་དག་ཅིག་ཆར་དུ་བཅོམ་ནས་ཕན་བདེའི་ཡེ་ཤེས་ཀྱི་སྣང་བ་མཐའ་དབུས་མེད་པར་ཁྱབ་པའི་ཐུགས་རྗེས་ལུས་ཅན་མཐའ་དག་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་ད་ལྟ་ཉིད་དུ་ཐོབ་པའི་རེ་སྨོན་ཐུགས་ལ་ཞུགས་པའི་རྗེས་ཟློས་གནང་བ་ཞུ། ཞེས་བྱས་ལ་མཆེད་ལྕམ་ཐམས་ཅད་ལག་གཉིས་བསྣོལ་ལ་གཡོན་མར་མེའི་རྐང་བུ་བཟུང་སྲིན་མཛུབ་ལུ་གུ་རྒྱུད་ལ་སྦྲེལ་ནས། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་སོགས། སྙན་པའི་དབྱངས་དང་བཅས་རྗེས་ཟློས་བྱེད་དུ་གཞུགསྨིན་གླིང་མཁན་རིན་པོ་ཆེ་ཨོ་རྒྱན་ཆོས་གྲགས་ཀྱི་མཛད་པ་གཞིར་བྱས། རྗེ་བླ་མ་སི་ཏུ་ཆོས་ཀྱི་རྒྱ་མཚོའི་གསུང་འཐོར་བུ་རྣམས་ཕྱོགས་གཅིག་དུ་བསྡུས་ཏེ་བཀོད་པའོ། །ཞུགས་ནས་འདུས་པ་ཡོངས་ཀྱི་མགོན་དུ་བཞུགས་པ་རྡོ་རྗེ་སློབ་དཔོན་གྱི་ཞལ་ནས་གསུང་པ་ལ་ཀུན་གྱི་རྗེས་ཟློས་གནང་བ་ཞུ། འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཆུ་འབྲུག་གནམ་ལོ་གསར་ཚེས་ཀྱི་དཀར་ཕྱོགས་རྒྱལ་བ་དང་པོའི་ཚེས་ལ་ཐུབ་གསུང་བློ་གྲོས་མི་ཟད་པའི་མོད་རྣ་བའི་བདུད་རྩིར་སིམ་བཞིན་སོར་རྩེའི་ཟློས་གར་དུ་བསྒྱུར་བ་འདིས་ཀྱང་དོན་གཉིས་ཕུན་སུམ་ཚོགས་པའི་དཔལ་ལ་སྤྱོད་པའི་རྒྱུར་བྱིན་གྱིས་བརླབས་ཏུ་གསོལ། །སརྦ་དཱ་མངྒ་ལཾ། །། །}} | དེ་ཡང་འོ་སྐོལ་གྱི་སྟོན་པ་ཐུབ་པའི་དབང་པོ་དེ་ཉིད་མངོན་པར་རྫོགས་པར་སངས་རྒྱས་ནས་གདུལ་བྱ་སོ་སོའི་བློ་དང་འཚམས་པར་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་བསྟན་པ་དེ་ཐམས་ཅད་ཀྱང་བསྡུ་ན་ཐེག་པ་ཆེ་ཆུང་གཉིས་སུ་འདུ་སྟེ། །ཀུན་བྱེད་རྒྱལ་པོའི་རྒྱུད་ལས། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེའི་ཐེག་པའོ། །ཞེས་གསུང་པ་ལྟར་རྒྱུ་མཚན་ཉིད་ཀྱི་ཐེག་པ་ནི་ཝཱ་རཱ་ཎ་སཱི་དང་། བྱ་རྒོད་ཕུང་པོའི་རི་དང་ཡངས་པ་ཅན་ལ་སོགས་པའི་གནས་རྣམས་སུ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་ནས་མཐར་ཡངས་པ་ཅན་གྱི་གྲོང་ཁྱེར་དུ་མྱ་ངན་ལས་འདའ་བར་དགོངས་ཏེ། འཁོར་གྱི་ནང་ནས་རྫུ་འཕྲུལ་ཆེར་སྤྱོད་ལ། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། ང་ཡི་སློབ་མ་གང་དག་འཁོད་པ་ཇི་སྙེད་ཡོད་པ་རྣམས་བསྡུས་ཤིག །ངེས་པར་བཞག་པར་བྱ་བ་དག་ཡོད་དོ། །ཞེས་གསུངས་པས་རྫུ་འཕྲུལ་ཅན་དེས། རྒྱལ་བའི་ཞིང་གྱུར་རིགས་དྲུག་གང་སུ་དག །འདའ་བར་ངེས་ཤིང་ཚོགས་པ་ཀུན་ཉོན་ཅིག །དེང་འདིར་རྒྱལ་བས་བདུད་རྩི་གསུམ་འཇོག་གིས། དུག་གསུམ་འཇོམ་པར་འདོད་པ་ཀུན་འདུས་ཤིག །ཞེས་བསྒྲགས་པས། དམ་པའི་རིགས་ཅན་དྲྭ་མ་ལྔ་ནང་དུ་ཡང་དག་འཇོག་པ་ལ་གནས་པས་མ་འདུས། དེ་ལས་གཞན་པའི་འཁོར་ཐམས་ཅད་སྟོན་པའི་སྤྱན་སྔར་ལྷག་པ་ལ། སྟོན་པ་ཉིད་ཀྱི་བཀའ་སྩལ་པ། ཀྱེ། གྲོགས་པོ་དག་ཤེས་པར་གྱིས་ཤིག །འདུས་བྱས་ཐམས་ཅད་ནི་མི་རྟག་པའོ། །ཆོས་ཐམས་ཅད་ནི་སྟོང་ཞིང་བདག་མེད་པའོ། །ཞེས་སོགས་ནས། ང་ཡོངས་སུ་མྱ་ངན་ལས་འདའ་བས་སུ་དག་ཐེ་ཚོམ་མ་ཆོད་པ་རྣམས་དྲི་བ་གྱིས་ཤིག །ཅེས་བཀའ་སྩལ་པ་དང་། འཁོར་གྱི་ནང་ནས་རིག་འཛིན་གྱི་རྒྱལ་པོ་ཀུཉྫ་ར་ཞེས་བྱ་བ་སྟན་ལས་ལངས་ཏེ། །ཁྱོད་ནི་ནམ་མཁའི་རང་བཞིན་ཏེ། །འདའ་དང་མི་འདའ་ཡོངས་མི་མངའ། །འཇིག་རྟེན་པ་དང་མཐུན་འཇུག་རུ། །འདའ་བས་ཡོངས་སུ་འདུལ་བར་དགོངས། །ཞེས་པ་ལ་སོགས་པ་སྔོན་དུ་འགྲོ་བས། འདྲེན་པའི་ཐེག་པ་གསུམ་པོ་དག །བཅོམ་ལྡན་ངེས་པར་གསུང་ལགས་ན། །རྒྱུ་འབྲས་གཞན་ནས་མ་འཚོལ་བའི། །འབྲས་བུའི་ཐེག་པ་ཅིས་མི་གསུང་ཞེས་པའི་ལན་དུ། རྒྱུ་ལ་མོས་པ་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོང་དུས་ན་འབྱུང་བར་འགྱུར། ཞེས་ལུང་བསྟན་པ་དང་། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱ་དང་བཅུ་གཉིས་ན། །ལྷ་གནས་གསུམ་དུ་གྲགས་པ་ཡིས། །བསྟན་པའི་སྙིང་པོ་དམ་པ་ཞིག །འཛམ་གླིང་ཤར་གྱི་ཕྱོགས་མཚམས་སུ། །མི་ལས་སྐལ་ལྡན་རིགས་ཅན་རེ། །རྒྱལ་པོ་ཛཿཞེས་བྱ་བ་ལ། ལག་ན་རྡོ་རྗེས་སྣང་བར་འགྱུར། །ཞེས་གསུང་པ་དང་མཐུན་པར། སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་འདས་པ་ན། དམ་པའི་རིགས་ཅན་དྲྭ་མ་ལྔ་ནང་དུ་ཡང་དག་འཇོག་པ་ལས་ལངས་ནས་རང་རང་གི་མངོན་པར་ཤེས་པས་རི་མ་ལ་ཡར་གནམ་ལྕགས་ཡོད་པའི་རྩེར་སྒྱུ་འཕྲུལ་གྱི་བྱ་བས་འདུས་ནས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཡིད་ལ་བྱས་ཏེ་གདུང་ཚིག་ཉི་ཤུ་རྩ་བརྒྱད་བཏོན་པས། སྟོན་པ་ཉིད་ཀྱིས་གསང་སྔགས་རྡོ་རྗེའི་ཐེག་པ་རྒྱུ་ཡི་ཐེག་པའི་སྐབས་སུ་ཡང་སྐལ་ལྡན་གྱི་གདུལ་བྱ་ལྷ་ཀླུ་མིའི་རིག་འཛིན་སོགས་ལ་དངོས་སུ་གསུངས་པ་ཡིན་ཀྱང་། འཇིག་རྟེན་ཡོངས་གྲགས་ལ་རྒྱུའི་ཐེག་པས་རྒྱུད་སྦྱང་ནས། གསང་སྔགས་ཟབ་མོའི་སྣོད་དུ་གྱུར་པའི་དུས་ལ་བབས་པ་ན་སྔར་འོག་མིན་དུ་གསུང་པ་ཉིད་སླར་ཡང་འདིར་བཟླས་ཏེ་གསུང་པར་དགོངས་ཏེ། ཇི་སྐད་དུ། སེམས་ཀྱི་དཀྱིལ་འཁོར་མེ་ལོང་བཞིན། །བསྟན་པ་དེ་དག་བདག་གིས་ཀྱང་། །ཐོག་མ་ཐ་མ་མེད་པ་རུ། །བདག་གི་དམ་བཅའ་མི་འདོར་བས། །བསྐུལ་བའི་དུས་ནི་གང་བྱུང་བ། །བདག་ཀྱང་དེ་བཞིན་ཆོ་འཕྲུལ་སྣང་། །ཞེས་རྨད་དུ་བྱུང་བའི་ཆོ་འཕྲུལ་གྱིས་རི་བོ་མ་ལ་ཡའི་རྩེར་གཤེགས་ཏེ། རིགས་ཅན་དྲྭ་མ་ལྔ་དང་རིག་འཛིན་འདུས་པ་ཕལ་མོ་ཆེའི་འཁོར་གྱི་དབུས་སུ་གསང་བདག་ལག་ན་རྡོ་རྗེའི་སྐུ་ཡི་རྣམ་པར་བསྟན་ནས། སྔོན་འོག་མིན་དང་། དགའ་ལྡན་དང་སུམ་ཅུ་རྩ་གསུམ་གྱི་གནས་རྣམས་སུ་གྲགས་པའི་གསང་བའི་ཐེག་པ་ཉིད་སྟོན་པར་མཛད་ཅིང་། དེ་རྣམས་སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་གསེར་གྱི་གླེགས་བམ་ལ་བཻཌཱུརྱ་ཞུན་མས་བྲིས་ཏེ་དགོངས་པའི་རྩལ་བདུན་གྱིས་ནམ་མཁའ་ལ་སྦས་སོ། །དེའི་ཚེ་དེའི་བྱིན་རླབས་ཀྱིས་ས་ཧོ་རའི་རྒྱལ་པོ་ཛཿལ་རྨི་ལྟས་ངོ་མཚར་བ་བདུན་རྨིས་ཏེ། ཇི་སྐད་དུ་སྐུ་གསུང་ཐུགས་རྟེན་ཐིམ་པ་དང་། རིན་ཆེན་གླེགས་བམ་བབས་པ་དང་། ཆོས་ཀྱི་བགྲོ་བ་བྱས་པ་དང་། ཀུན་ཀྱི་དམ་པར་བསྒྲགས་པ་དང་། མཆོད་པ་ཆེན་པོ་བྱས་པ་དང་། རིན་ཆེན་ཆར་རྒྱུན་བབས་པ་དང་། སངས་རྒྱས་ས་ལ་ལུང་བསྟན་པའོ། །ཞེས་པའི་རྨིས་ལྟས་དང་མཐུན་པར་རྒྱུད་སྡེའི་གླེགས་བམ་རྣམས་མི་ཡུལ་དུ་དངོས་སུ་བབས་ཏེ། ཀྲིའི་རྒྱུད་རྣམས་ཝཱ་ར་ཎ་སིར་བབས། ཨུ་པ་ཡའི་རྒྱུད་རྣམས་རི་བོ་བྱ་རྐང་ཅན་དང་། སིལ་བའི་ཚལ་ལ་སོགས་པར་བབས། ཡོ་གའི་རྒྱུད་རྣམས་དུར་ཁྲོད་མེ་རི་འབར་བའི་རྩེ་མོར་བབས། མ་ཧཱ་ཡོ་གའི་རྒྱུད་རྣམས་ས་ཧོ་རའི་ཡུལ་ཏུ་རྒྱལ་པོ་ཛཿཡི་ཁང་སྟེང་དུ་བབས། ཨ་ནུ་ཡོ་གའི་རྒྱུད་རྣམས་སིང་ག་ལའི་གླིང་གི་ནགས་ཚལ་དུ་གླེགས་བམ་དང་བཅས་ཏེ་བབས། ཨ་ཏི་ཡོ་གའི་རྒྱུད་རྣམས་ནི་ནུབ་ཕྱོགས་ཨོ་ཊི་ཡ་ནའི་ཡུལ་དུ་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེས་དཔལ་རྡོ་རྗེ་སེམས་དཔའ་ལ་དངོས་སུ་གསན་ནས་གླེགས་བམ་ལ་བཀོད་པར་མཛད་དོ། །སྒྲུབ་སྡེ་ནི། སྔོན་འོག་མིན་གསང་བ་མཆོག་གི་གནས་སུ། སྟོན་པ་ཀུན་བཟང་ཆེ་མཆོག་ཧེ་རུ་ཀས། ཆོས་ཉིད་ཀྱི་རང་སྒྲས་གསུང་པའི་རྒྱུད་རྣམས་གསང་བདག་རྡོ་རྗེ་ཆོས་ཀྱི་རང་ཉིད་ཚོམ་བུ་དགུའི་དཀྱིལ་འཁོར་དུ་སྣང་བར་མཛད་ནས་ཐོག་མར་ངག་ཏུ་བསྡུས། དེ་ནས་གླེགས་བམ་ལ་བཀོད་དེ་དགོངས་འབྲེལ་དུ་ལུང་ལྔ་ཡང་མཛད་ནས་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་ལ་གཏད། དེས་སྤྱི་དང་བྱེ་བྲག་གི་རྒྱུད་རྣམས་སོ་སོར་ཕྱེས་ནས་རིན་པོ་ཆེའི་སྒྲོམ་བུ་སོ་སོར་བཅུག་སྟེ་མཆོད་རྟེན་བདེ་བྱེད་བརྩེགས་པར་གཏེར་དུ་སྦས་པ་ནམ་ཞིག་གི་ཚེ་གྲུབ་པ་བརྙེས་པའི་སློབ་དཔོན་བརྒྱད་ཀྱིས་གཏེར་སྲུང་རྣམས་ལ་བཀའ་བསྒོས་པས། བཀའ་བྱེ་བྲག་གི་སྒྲོམ་བུ་བརྒྱད་པོ་བཀའ་བབས་ཀྱི་སློབ་དཔོན་བརྒྱད་ལ་གཏད། སྤྱི་རྒྱུད་ཀྱི་སྒྲོམ་བུ་རིན་པོ་ཆེ་སྣ་བརྒྱད་ལས་བྱས་པ་རྒྱ་མ་ཁྲོལ་བར་སླར་དེ་ཉིད་དུ་གཏེར་དུ་སྦས་ནས་ཕྱིས་ཀུན་འདུས་རིག་འཛིན་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝས་སྤྱན་དྲངས་ཏེ། རྗེ་འབངས་སྙིང་གི་བུ་དགུའམ་ཉི་ཤུ་རྩ་ལྔ་ལ་ལེགས་པར་གདམས་ཤིང་གཏད་པའོ། །དེ་ལ་རྒྱུད་མ་ཧཱ་ཡོ་ག །ལུང་ཨ་ནུ་ཡོ་ག །མན་ངག་ཨ་ཏི་ཡོ་ག་གསུམ་གྱི་ནང་ནས་ལྟ་བ་གནས་ལུགས་ཀྱི་དོན་གཙོ་བོར་སྟོན་པར་བྱེད་པ་ལུང་ཨ་ནུ་ཡོ་གའི་ཐེག་པ་ནི། ལུང་གི་མ་ཧཱའི་རྒྱུད་ཡེ་ཤེས་རྔམས་གློག་གི་འཁོར་བའི་རྒྱུད། ལུང་གི་ལུང་རྩ་བའི་རྒྱུད། ཀུན་འདུས་རིག་པའི་རྒྱུད། ལུང་གི་ཨ་ཏི་སེམས་ལུང་ཆེན་མོའི་མདོ་ལྟ་བུ་སྟེ། ཨ་ནུའི་ནང་གསེས་ཀྱི་བསྐྱེད་རྫོགས་གསུམ་དང་། དེ་ཐམས་ཅད་ཀྱི་སྤྱི་དོན་དགོངས་པ་འདུས་པའི་མདོ། ཆ་མཐུན་གྱི་རྒྱུད་རྣམ་པར་སྣང་མཛད་ཐིག་ལེ་དབང་གི་ཏནྟྲ་དང་། དབང་བསྐུར་རྒྱལ་པོའི་རྒྱུད་སོགས་ཀྱི་དགོངས་དོན་མ་ལུས་པ་གཅིག་ཏུ་དྲིལ་བ། སྟེང་ཁང་ཞི་བའི་དཀྱིལ་འཁོར་དང་། འོག་ཁང་ཁྲོ་བོའི་དཀྱིལ་འཁོར་ཏེ། འདུས་པ་མདོ་ཡི་དཀྱིལ་འཁོར་ཞལ་ཕྱེས་ནས་སྒྲུབ་པའི་ཚུལ་ནི། ཆོས་ཐམས་ཅད་དཀྱིལ་འཁོར་རྣམ་པ་གསུམ་དུ་དབྱེར་མེད་རང་བཞིན་མ་འདྲེས་ཡོངས་རྫོགས་སུ་རྟོགས་པའི་ལྟ་བས་ཁོག་དབུབ། རྟོགས་དོན་ལྟ་བའི་རྗེས་སུ་འཇུག་པའི་མཚན་མེད་ཀྱི་ཏིང་ངེ་འཛིན་གྱིས་ཉམས་སུ་བླངས་པས་ཐུན་མོང་གི་དངོས་གྲུབ། དབང་པོ་དྲུག་གི་མངོན་ཤེས་དང་། སྒྱུ་མ་རྡོ་རྗེ་ལ་སོགས་པའི་ལས་འགྲུབ་ཅིང་མཆོག་གི་དངོས་གྲུབ། མཐོང་ལམ་དབུགས་ཆེན་འབྱིན་པའི་རྣལ་འབྱོར། སྒོམ་ལམ་ལུང་ཆེན་ཐོབ་པའི་རྣལ་འབྱོར། མཐར་ལམ་རྩལ་ཆེན་རྫོགས་པའི་རྣལ་འབྱོར། མཐར་ཐུག་འབྲས་བུ་སྐུ་བཞིའི་བདག་ཉིད་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་ཐོབ་པར་བྱེད་པ་སྟེ། དེ་ལྟར་ཡང་། ཨ་ནུའི་ཡོ་གའི་ཐེག་པ་ནི། བར་མ་ཆོད་པའི་རྩེ་གཅིག་གིས། །སངས་རྒྱས་ས་ལ་ངེས་པར་འགྲོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ནས་དཔལ་ན་རག་དོང་སྤྲུག་མཚམས་མེད་ལྔ་སྦྱོང་གི་དཀྱིལ་འཁོར་ནི། གླང་པོ་ཆེ་རབ་འབོག་གི་རྒྱུད་ལས་བཀོལ་བའི་ཀལྤ་དུམ་བུའི་རྒྱུད། དྲི་མེད་བཤགས་རྒྱུད་ལ་བརྟེན་པ་རིགས་སོ་སོར་ཕྱེ་བའི་དཀྱིལ་འཁོར་ཞི་ཁྲོ་ཁྲོམ་དཀྲུགས་སུ་གྲགས་པའི་དཀྱིལ་འཁོར་ཆེན་པོ་ཞལ་ཕྱེ་ནས། རྣལ་འབྱོར་པ་རྣམས་ཀྱི་ཉམས་ཆགས་དང་རྟོགས་སྒྲིབ་ཐམས་ཅད་སྦྱོངས་བར་བྱེད་པའི་ཐབས། ཕྱི་ཡོ་བྱད་ཚོགས་ཀྱི་བཤགས་པ། ནང་ཕུང་པོ་རྟེན་གྱི་བཤགས་པ། གསང་བ་བྱང་ཆུབ་སེམས་ཀྱི་བཤགས་པ། སྨྲེ་བཤགས་འགྱོད་ཚིག་གི་བཤགས་པ་སྟེ། དེ་ལྟར་བཤགས་པའི་ཐབས་རྨད་དུ་བྱུང་བའི་དཀྱིལ་འཁོར་ཆེན་པོ་འདི་ཉིད་སྒྲུབ་ཅིང་མཆོད་པའི་ཕན་ཡོན་ནི། ཀལྤ་དུམ་བུའི་རྒྱུད་ལས། གང་གི་སྒྱུ་འཕྲུལ་ཞི་ཁྲོ་ཡི། །དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ན། །ཉམས་ཆགས་ཀུན་ཀྱང་བྱང་གྱུར་ཏེ། །མཚམས་མེད་ལྔ་ཡི་སྡིག་ཀྱང་བྱང་། །ན་རག་གནས་ཀྱང་དོང་སྤྲུགས་ཏེ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་གསུངས་པའི་ཕྱིར་དང་། དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པ་མ་བསྒྱུར་རྣལ་མ་ཞི་བའི་དཀྱིལ་འཁོར་ཏེ། སྒྱུ་འཕྲུལ་དྲ་བ་གསང་བ་སྙིང་པོའི་ཕྱག་རྒྱ་གཅིག་པའི་སྒྲུབ་ཐབས་ལ། གངས་ཅན་གྱི་ལྗོངས་འདིར་གཏེར་སྟོན་ཐམས་ཅད་ལས་བཀའ་གཏེར་བསྟན་པའི་མེ་རོ་གཞིར་བཞེངས་སུ་སློང་བའི་ཐུགས་བསྐྱེད་ཁྱད་པར་དུ་འཕགས་པ། ཨོ་རྒྱན་གཏེར་བདག་གླིང་པའི་ཟབ་གཏེར་ཐམས་ཅད་ཀྱི་རྩ་བ་དཔལ་རྡོ་རྗེ་སེམས་དཔའ་རིགས་ཐམས་ཅད་ཀྱི་ཁྱབ་བདག །དཀྱིལ་འཁོར་ཐམས་ཅད་ཀྱི་འཕྲོ་གཞི། དངོས་གྲུབ་ཐམས་ཅད་ཀྱི་རྩ་བ། ཕྲིན་ལས་ཐམས་ཅད་ཀྱི་འབྱུང་ཁུང་ཆེན་པོ་ཡིན་པས་འབྲེལ་ཚད་དོན་དང་ལྡན་ཅིང་ཁྱད་པར་དུ་འཕགས་པ་དང་། དེ་ནས་སྒྱུ་འཕྲུལ་ཞི་ཁྲོའི་དཀྱིལ་འཁོར་ནི། རྒྱུད་མ་ཧཱ་ཡོ་གའི་ཐེག་པ་ཉིད་རྒྱལ་པོ་ཛཿའི་ཁང་སྟེང་དུ་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ཀྱི་གླེགས་བམ་ཆར་དུ་བབས་ཤིང་། དེ་ཡང་། ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ནི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་གཞི་དང་རྩ་བར་གྱུར་པའི་རྒྱུད་སྡེ་ཆེན་པོ་ལྔ། སྒྲུབ་པ་ལག་ལེན་དུ་འགྲོ་བའི་བསྟན་ཕ་རོལ་པའི་རྒྱུད་སྡེ་ལྔ། སྤྱོད་པ་ལག་ལེན་དུ་འགྲོ་བའི་རྒྱུད་སྡེ་ལ། མ་ཚང་བ་ཁ་སྐོང་བར་བྱེད་པའི་རྒྱུད་ཕྱི་མ་གཉིས། དེ་ཐམས་ཅད་ཀྱི་བསྡུས་དོན་ལྟ་བུའི་རྒྱུད་སྡེ་ཆེན་པོ་གཅིག་དང་བཅོ་བརྒྱད་དོ། །དེ་དག་གི་ཕྱི་མོ་ཐམས་ཅད་ཀྱི་བསྡུས་དོན་ལྟ་བུའི་རྒྱུད་ནི་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ཉིད་ཡིན་ལ། འདི་ལྟར་ཞི་ཁྲོ་སོ་སོར་སྒྲུབ་པའི་ཐབས་ཚུལ་མང་དུ་ཡོད་ཀྱང་། ཞི་བ་འབྲིང་པོ་བཞི་བཅུ་རྩ་གཉིས་དང་ཁྲོ་བོ་བསྡུས་པ་ལྔ་བཅུ་རྩ་བརྒྱད་ཀྱི་དཀྱིལ་འཁོར་གཉིས་ལས། ཞི་བ་ནི་གཞི་རྒྱུད་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་མངོན་པར་བྱང་ཆུབ་པ་ལྔའི་སྒོ་ནས་གསལ་བཏབ་སྟེ་སྒྲུབ་པས་ཐུན་མོངས་གི་དངོས་གྲུབ། ཡོན་ཏན་འབྱུང་བའི་དངོས་གྲུབ་དྲུག་དང་། འབྱུང་བའི་དངོས་གྲུབ་ལྔ། ལས་ཕྲན་ཚེགས་ཀྱི་དངོས་གྲུབ་བརྒྱད་ལ་སོགས་པ་འགྲུབ་ཅིང་། མཆོག་གི་དངོས་གྲུབ་ནི། རྒྱལ་བ་བཞི་བཅུ་རྩ་གཉིས་ཀྱི་གོ་འཕང་ཚེ་གཅིག་གིས་འགྲུབ་པ་སྟེ། སྒྱུ་འཕྲུལ་རྩ་རྒྱུད་ལས། སྒྱུ་འཕྲུལ་དཀྱིལ་འཁོར་བཞི་བཅུ་གཉིས། །དྲ་བའི་དཀྱིལ་འཁོར་མངོན་རྫོགས་པ། །ཕྱོགས་བཅུ་དུས་བཞི་རྫོགས་པ་ཡིས། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །ཁྲོ་བོའི་དཀྱིལ་འཁོར་བསྡུས་པ་ནི། ཡོ་ག་གསུམ་གྱི་སྒོ་ནས་བདག་ཉིད་རྒྱུའི་ཧེ་རུ་ཀར་བསྐྱེད། དེའི་ཐུགས་ཀ་ནས་ས་བོན་སྤྲོས་ཏེ་གཞི་དབང་ཆེན་གྱི་དཀྱིལ་འཁོར་ནས་གཞལ་ཡས་ཁང་གདན་དང་བཅས་པ་གསལ་བཏབ་ནས། བདག་ཉིད་ཡེ་ནས་སངས་རྒྱས་པ་ཡིན་པའི་ཕྱིར། བདག་གི་སྲས་སུ་དེ་བཞིན་གཤེགས་པ་བྱ་བ་བདག་སྲས་ཀྱི་ཆོ་ག་དང་། རིགས་མི་ནུབ་ཅིང་ལྷུན་གྱིས་གྲུབ་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པའི་སྲས་སུ་བདག་བྱ་བ་གཞན་སྲས་ཀྱི་ཆོ་ག་གཉིས་ཀྱི་སྒོ་ནས་བདག་དོན་ཆོས་སྐུའི་ཏིང་ངེ་འཛིན་གྱི་སྣང་འཛིན་གྱི་ཞེན་པ་སྦྱོང་བ་དང་། གཞན་དོན་གཟུགས་སྐུའི་ཏིང་ངེ་འཛིན་ཀྱི་སྟོང་འཛིན་གྱི་ཞེན་པ་སྦྱོང་བ་ལ་སོགས་ཏེ་སེམས་ཉིད་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོའི་ངང་དུ་མཉམ་པར་བཞག་ནས་ལྷ་སྔགས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ལས་མི་འདའ་བར་བྱས་པས་ཕྱག་ཆེན་དང་ལྷུན་གྲུབ་རིག་འཛིན་གྱི་སར་བསྒྲོད་ནས་དཔལ་ཧེ་རུ་ཀའི་གོ་འཕང་ཐོབ་པར་བྱེད་པ་སྟེ། རྩ་རྒྱུད་ལས། གང་གི་གླང་ཆེན་མྱོས་པའི་སེམས། མཉམ་པར་བཞག་པས་བརྟུལ་ནས་སུ། །སྔགས་དང་ཕྱག་རྒྱ་རབ་བརྟན་ནས། །དངོས་གྲུབ་ཡ་མཚན་ཆེན་པོ་འགྱུར། །ཞེས་གསུང་པའི་ཕྱིར་རོ། །དེ་ནས་སྒྲུབ་སྡེའི་ནང་ཚན་དུ་གཏོགས་ཐུགས་རིགས་པ་རང་བྱུང་གི་ཡེ་ཤེས། ཡང་དག་ཟླ་གམ་དགུ་པ་མར་མེའི་དཀྱིལ་འཁོར་ལ་བརྟེན་ནས་ཐུགས་རྡོ་རྗེའི་སྒྲུབ་པ་ནི། ཇི་སྐད་དུ། ཡང་དག་སྒྲུབ་པ་གཅིག་པུ་ཉིད། །སངས་རྒྱས་བདེ་གཤེགས་ཀུན་འདུས་པ། །རྣལ་འབྱོར་ཟབ་མོ་སྐུ་གསུང་ཐུགས། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །ཅེས་གསུང་པ་ལྟར་ཆོས་ཐམས་ཅད་རང་བཞིན་ཡེ་ནས་དག་པའི་དབྱིངས་ཉིད་གློ་བུར་དྲི་མའི་སྦུབས་ལས་གྲོལ་བས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ཟུང་འཇུག་སངས་རྒྱས་ཐམས་ཅད་ཀྱི་ཉམས་སུ་མྱོང་བྱའི་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བ་སྐུ་གསུམ་གྱི་ངོ་བོར་རྫོགས་པ་དེ་ལས་དམིགས་པ་མེད་པའི་རྩལ་སྣང་ཡེ་ཤེས་སྒྱུ་མའི་རྣམ་པར་ཐམས་ཅད་པར་འཆར་བའི་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བསྒྲུབ་པའི་ཚུལ། རྒྱུ་ཡི་ཏིང་ངེ་འཛིན་ཧཱུྃ་ཡིག་འོད་དུ་ཞུ་བ་ལས་རྡོ་རྗེ་སེམས་དཔའ་གྱུར། དེ་ལས་བྷྲཱུྃ་ཆད་པ་གཞི་དབང་ཆེན་གྱི་གཞལ་ཡས་ཁང་གདན་དང་བཅས་པར་གྱུར། སླར་ཡང་ཧཱུྃ་ཡིག་གླུར་བླངས་པས་རྡོར་སེམས་འོད་དུ་ཞུ་ཧཱུྃ་ཡིག་ཏུ་གྱུར་པ་དེ་ལས་ཧཱུྃ་གི་སྒྲ་གདངས་མཁའ་ཁྱབ་ཏུ་སྤྲོ་བསྡུའི་སྦྱོར་བས་བཛྲ་ཧེ་རུ་ཀ་སྨུག་ནག་ཚོན་གང་བར་གྱུར་ཏེ། དབུས་ཀྱི་གདན་སྟེང་དུ་བཞུགས་པ་ལ་ནམ་མཁའ་གང་བའི་དེ་བཞིན་གཤེགས་པ་རྣམས་ཀྱིས་སེམས་ཅན་གྱི་དོན་ལ་བསྐུར་བས་ཕྲིན་ལས་ཕྱག་རྒྱའི་དཀྱིལ་འཁོར་གྱི་རྣམ་པར་བཞེངས་པ་ལ་ལྷ་སྔགས་ཏིང་ངེ་འཛིན་གྱི་བསྙེན་ཅིང་སྒྲུབ་པས་ཐུན་མོངས་གི་དངོས་གྲུབ་ཞི་རྒྱས་ལ་སོགས་པ་བཞི་དང་། རལ་གྲི་དང་གྲུབ་པ་བརྒྱད་ལ་སོགས་པ་འགྲུབ་ཅིང་མཆོག་གི་དངོས་གྲུབ་ཕུང་ལྔ་རིགས་ལྔའི་ངོ་བོ་གྱུར་ཏེ། འཆི་མེད་རྡོ་རྗེའི་སྐུ་འགྲུབ་ནས་དཔལ་ཆེན་ཧེ་རུ་ཀའི་གོ་འཕང་ཐོབ་པ་སྟེ། དེ་ལྟར་ཡང་། ཡང་དག་གསང་བའི་ཐུགས་མཆོག་ལ། །སྒྲུབ་པའི་རྣལ་འབྱོར་དབང་ཕྱུག་རྣམས། །མི་ཚེ་གཅིག་ལ་མངོན་སངས་རྒྱས། །ལུས་མ་བོར་བར་ལྷ་སྐུར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །སྒྲུབ་ཆེན་བཀའ་བརྒྱད་དཔལ་ཆེན་འདུས་པའི་དཀྱིལ་འཁོར་ནི། སྔོན་བྱུང་འོག་མིན་དུ་གསུང་པ་དཔལ་རྡོ་རྗེ་ཆོས་ཀྱིས་བསྡུས་ནས་བསྟན་པ་འདི་ལ་མཆོག་གི་དངོས་གྲུབ་བརྙེས་པའི་གྲུབ་པ་བརྒྱད་ཀྱིས་མཆོད་རྟེན་བདེ་བྱེད་བརྩེགས་པ་ནས་གཏེར་དུ་དྲངས་ཤིང་། སླར་ཀུན་འདུས་རིན་པོ་ཆེ་སྣ་ལྔའི་སྒྲོམ་བུ་སློབ་དཔོན་པདྨ་སཾ་བྷ་ཝ་ལ་བསྟན་པ་བཞིན་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་འདི་ཉིད་སྒྲུབ་པ་བརྒྱད་ཀྱི་བསྟན་པའི་བདག་པོར་བཞུགས་པས། གངས་ཅན་གྱི་ལྗོངས་འདིར། བླ་མ་བརྒྱད། ཡི་དམ་བརྒྱད། མཁའ་འགྲོ་བརྒྱད་ཀྱི་སྐོར་མཐའ་ཡས་པ་ཞིག་གཏེར་དུ་སྦས་པ་ལས། འདིར་མཆོག་གྲུབ་པའི་གྲུབ་ཐོབ་རྩོད་པ་དང་བྲལ་བ་གྲུབ་རྟགས་ཕྱག་རྒྱས་ཚད་མས་གྲུབ་པ་རྫོགས་པ་ཆེན་པོའི་བསྟན་པའི་མངའ་བདག་ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་བྱུང་བ་བླ་མ་བཀའ་བརྒྱད་དྲག་པོ་དཔལ་ཆེན་འདུས་པའི་དཀྱིལ་འཁོར་དུ། འཇམ་དཔལ་སྐུ་འཁོར་ལོ་བཞི་ལ་བརྟེན་ཏེ་སྒྲུབ་པ། པདྨ་གསུང་རྟ་སྐད་ཐང་གསུམ། ཡང་དག་ཐུགས་རུ་ལུ་འབྲུ་བརྒྱད། བདུད་རྩི་ཡོན་ཏན་སྣང་སྲིད་བདུད་རྩི། ཕུར་པ་ཕྲིན་ལས་ཐལ་འབྱིན་བཞི་སྟེ། འཇིག་རྟེན་ལས་འདས་པའི་སྒྲུབ་སྡེ་ལྔ། མ་མོ་རྦོད་གཏོང་རྩ་རླུང་ཐིག་ལེ། བླ་མ་རིག་འཛིན་བསྙེན་སྒྲུབ་རྣམ་བཞི། དམོད་པ་དྲག་སྔགས་སྲོག་གི་གཟེར་བཞི། འཇིག་རྟེན་མཆོད་བསྟོད་རྫོང་འཁྲང་སྲོག་གསུམ་རྣམས་ཀྱི་དགོངས་པ་སྟེ། དེ་ལྟ་བུའི་བྱིན་རླབས་ཁྱད་པར་ཅན་དང་ལྡན་པས་འཇིག་རྟེན་གྱི་ལས་ཐམས་ཅད་འགྲུབ། འཇིག་རྟེན་ལས་འདས་པའི་འབྲས་བུ་མི་གནས་པའི་ཡེ་ཤེས་ཁྱབ་བདག་ཧེ་རུ་ཀའི་གོ་འཕང་ལ་འགོད་པའི་སྒྲུབ་སྡེའི་སྒྲུབ་མཆོད་བོད་ཡུལ་འདིར་བྱོན་པའི་ལྷ་སྔགས་ལ་ངོ་མཚར་བ་བསྒྲུབ་པ་བརྒྱད་ཀྱི་སྙིང་པོ་འདུས་པ་བྱིན་རླབས་ཀྱི་ཚན་ཁ་རྨད་དུ་བྱུང་བའོ། །དེ་ནས་མ་ཧཱ་ཡོ་གའི་ཐེག་པ་ལས་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ཀྱི་ནང་ཚན་རྣལ་འབྱོར་མ་རྒྱུད་ཐམས་ཅད་ཀྱི་རྩ་བ་དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་དཀྱིལ་འཁོར་ཆེན་པོ་སྒྲུབ་པའི་ཚུལ་ནི། ཇི་སྐད་དུ། སྦྱོར་བ་བཞི་ཡི་རིམ་པ་ཡིས། །དེ་ཡི་ལམ་ལ་རབ་ཏུ་སྦྱོར། །ཞེས་པས། བསྐྱེད་རིམ་སྦྱོར་བ་བཞི་ལྡན་གྱི་རྣལ་འབྱོར་དང་། རྫོགས་རིམ་རྩ་རླུང་ཐིག་ལེའི་རྣལ་འབྱོར་ཉམས་སུ་བླངས་པས་སློབ་པའི་རིག་འཛིན་རྣམ་པ་བདུན་གྱི་གོ་འཕང་ཐོབ་ནས་སྔགས་ཀྱི་སྤྱོད་པ་སྤྱད་པས་མི་སློབ་པའི་ས་ཀུནྟུ་འོད་དང་པདྨ་ཅན་དང་། འཁོར་ལོ་ཚོགས་ཆེན་གྱི་ས་དང་། རྡོ་རྗེ་འཆང་དང་། ཡེ་ཤེས་བླ་མའི་ས་དང་། བདེ་བ་ཆེན་པོའི་ས་རྣམས་ཐོབ་པར་འགྱུར་ཏེ། དེ་ལྟར་ཡང་། རིག་འཛིན་རྣམ་པ་བདུན་གྱི་ནི། །རང་གི་ཡེ་ཤེས་གནས་སྦྱོང་ཞིང་། །གསང་སྔགས་མཐུན་པའི་ཁྱད་པར་གྱིས། །མོས་པའི་བློ་དང་དོན་མཐུན་སྟོན། །རྣམ་གྲོལ་ཟག་མེད་སངས་རྒྱས་ལ། །མཐར་ཕྱིན་འདི་ཡིས་རྟོགས་པར་བྱེད། །ཀུནྟུ་འོད་དང་པདྨ་ཅན། །ཡི་གེ་འཁོར་ལོ་རྡོ་རྗེ་འཆང་། །ཡེ་ཤེས་བླ་མའི་ས་གནོན་ནས། །ཟག་མེད་རྟག་ཏུ་བདེ་བར་བཞུགས། །ཞེས་གསུངས་སོ། །སྒྲུབ་སྡེའི་ནང་ཚན་དུ་གཏོགས་པ་དཔལ་ཆེན་རྡོ་རྗེ་ཕུར་པ་ནི། སྟོན་པ་ཕུན་སུམ་ཚོགས་པ་དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོ། དུས་ཕུན་སུམ་ཚོགས་པ་དུས་བཞི་མཉམ་པ་ཉིད་ཀྱི་དུས། གནས་ཕུན་སུམ་ཚོགས་པ་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་སུ། སྐྱེ་མེད་མཐའ་བྲལ་ཆེན་པོའི་དགོངས་པ་ལས་མ་གཡོས་བཞིན་དུ་འགགས་མེད་ཀྱི་ཆོ་འཕྲུལ་བདག་ཉིད་རྩ་བའི་དཀྱིལ་འཁོར་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི་སྐུར་བཞེངས་ཏེ་ཐབས་ཤེས་གཉིས་སུ་མེད་པར་སྦྱོར་བ་ལས། འཁོར་ཕུན་སུམ་ཚོགས་པ་ཕྱོགས་བཅུའི་ཁྲོ་བོ་ཁྲ་ཐབས་དང་ཕུར་པ་སྲས་ཀྱི་དཀྱིལ་འཁོར་མངོན་པར་སྤྲུལ་ནས། ཆོས་ཕུན་སུམ་ཚོགས་པ་བི་ཏོ་ཏ་མལ་འབུམ་སྡེ་ལ་སོགས་པ་ཕྲིན་ལས་ཕུར་པའི་རྒྱུད་མཐའ་དག་གསུང་པ་རྣམས། སྟོན་པ་ཉིད་དང་། རྡོ་རྗེ་སེམས་དཔའ་དང་། ཕྱག་ན་རྡོ་རྗེ་དང་། མཁའ་འགྲོ་མ་དང་། བྲམ་ཟེ་མིའི་ཐོད་པ་ཅན་ལ་སོགས་པས་ཡང་དག་པར་བསྡུས་ནས་རིམ་པར་བརྒྱུད་པའི་ཁྱད་པར་དུ་མའི་བཀའ། སློབ་དཔོན་ཆེན་པོས་བོད་གངས་ཅན་ལྗོང་འདིར་རྗེ་འབངས་རྣམས་ལ་གནང་བ་ལས། རྒྱལ་པོ་ལུགས་སུ་གྲགས་པ། སྣ་ནམ། ཤུད་བུ། འཆི་མ་ལུགས། ཇོ་མོ་ལུགས། མཁོན་དང་། རོང་ཟོམ་ལུགས་སོགས་དུ་མ་འཕེལ་བའི་ཕྱིར། དེས་ན། མཁོན། གནུབ། རོག །རོང་། སོ། ཟུར། འོ་བྲན་ལ་སོགས་པའི་རུས་ཆེན་རྣམས་ཀྱི་གདུང་རིགས་༡ལས་རྡོ་རྗེ་ཕུར་པའི་གྲུབ་པ་ཐོབ་པ་ནི་བོད་ཡུལ་འདིར་ཤིན་ཏུ་མང་ཞིང་། ཁྱད་པར་དུ་རོང་ཕུར་ནི་སྣ་ནམ་ལས་རིང་བརྒྱུད་དང་། རོང་བན་ཡོན་ཏན་རིན་ཆེན་གྱིས་སློབ་དཔོན་པདྨ་དངོས་ལ་གཏུག་ནས་གསན་ཏེ་མི་ཡུལ་དུ་ལོ་སུམ་བརྒྱ་བཞུགས་ནས་མཐར་སྐུ་ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས། དེའི་སྲས་རོང་བན་རིན་ཆེན་ཚུལ་ཁྲིམས་ཀྱང་ལོ་ཕྱེད་གཉིས་བརྒྱ་བཞུགས། དེའི་སྲས་རོང་ཟོམ་ལོ་བརྒྱ་དང་བཅུ་དགུ་བཞུགས་ནས་སྐུ་བགྲེས་རྒུད་མི་མངའ་བས། དེ་དག་ལ་སྲས་བརྒྱུད་ཕུར་པའི་གྲུབ་ཐོབ་ཟམ་མ་ཆད་པར་རིམ་པར་བརྒྱུད་པའི་བཀའ་སྲོལ་དེ་ཉིད་ཀྱི་དཀྱིལ་འཁོར་ཆེན་པོ་ཞལ་ཕྱེ་ནས་སྒྲུབ་པའི་ཚུལ་ནི། སྙན་རྒྱུད་མན་ངག་ལས། རྣལ་འབྱོར་མན་ངག་གདེང་ལྡན་པས། །བསྙེན་པས་ཉེ་བར་གྱུར་པ་དང་། །བསྒྲུབས་ནས་ལས་ལ་སྦྱར་བ་ཡིས། །འགྲུབ་གྱུར་འདི་ལ་ཐེ་ཚོམ་མེད། །ཞེས་དང་། སེམས་ཉིད་རྡོ་རྗེ་ཀཱི་ལ་ཡ། །ཡེ་ཤེས་རྩེ་མོས་ཐམས་ཅད་འདེབས། །དེ་ཡི་སྣོད་བཅུད་རྣམ་པར་དག །བྱེད་སྤྱོད་ཐམས་ཅད་ཚོགས་གཉིས་འགྱུར། །ཞེས་སོ། །བཀའ་མའི་གུ་དྲག་འོ་བྲན་བྲག་དམར་ཞེས་གྲགས་པ་ནི། གདུལ་བྱ་ཞི་བས་མི་ཐུལ་བ་རྣམས་འདུལ་བའི་ཕྱིར། བླ་མ་དྲག་པོའི་སྒྲུབ་ཐབས་ཨོ་རྒྱན་ཆེན་པོས། འོ་བྲན་དཔལ་གྱི་དབང་ཕྱུག་ལ་གནང་། དེས་སྲས་དཔལ་གྱི་དབང་ཕྱུག་སོགས་གདུང་བརྒྱུད་ཟམ་མ་ཆོད་པར་བརྒྱུད་པའི་འོ་བྲན་དྲག་པོའི་དཀྱིལ་འཁོར་གྱི་ལས་རིམ་དང་རྗེས་སུ་འབྲེལ་བར་ཨ་ནུ་ཡོ་གའི་སྤྱི་མདོ་དགོངས་འདུས་དང་། སྒྱུ་འཕྲུལ་དྲ་བ་བཤད་པའི་རྒྱུད་ཐལ་བ་དང་། བྱེ་བྲག་གི་དགོས་བརྒྱུད་མཚོན་ཆ་མངོན་པར་རོལ་པའི་རྒྱུད་རྣམས་ཀྱི་བསྟན་དོན། དཔལ་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་ཚོགས་ཀྱི་བདག་པོའི་སྒྲུབ་པའི་ཕྲིན་ལས་ཀྱི་རིམ་པ་དང་། དྲག་སྔགས་ཀྱི་བདག་པོ་གནུབ་ཆེན་ཡབ་སྲས་ཀྱི་ཐུགས་དམ་གཤིན་རྗེ་གཤེད་དམར་ནག་གཉིས་སུ་གྲགས་པའི་འཇམ་དཔལ་མེ་རུ་རྩེ་དམར་པོ་དང་། ཁ་ཐུན་ནག་པོ་གཉིས་ཀྱི་སྒྲུབ་པའི་དཀྱིལ་འཁོར་དང་། གཞན་ཡང་སློབ་དཔོན་སངས་རྒྱས་གསང་བའི་ལུགས་བདུད་རྩི་འཁྱིལ་པ་འཆི་མེད་ཚེ་ཡི་རྒྱུད་ལ་བརྟེན་པའི་ཚེ་སྒྲུབ་ལུང་ལུགས་སུ་གྲགས་པའི་དཀྱིལ་འཁོར་དང་། འདུས་པ་མདོ་ཡི་ཡན་ལག་གི་ཆོ་ག །གནས་བརྟན་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་དམ་པའི་ཆོས་སྐྱོང་ཞིང་། སྟོན་པ་ཐུགས་རྗེ་ཅན་ཉིད་ཀྱི་བཀའ་སྡོད་བཞི་བཞི་ཞེས་པ། འཕགས་པའི་གནས་བརྟན་བཅུ་དྲུག་པོ་འདི་ཉིད་རྣམ་པ་ཉན་ཐོས་ཀྱི་ཚུལ་བཟུང་ཡང་། ངོ་བོ་ས་ཐོབ་པའི་འཕགས་ཆེན་བྱང་ཆུབ་སེམས་དཔའ་གཞན་དོན་དུ་འཕགས་པ་དགྲ་བཅོམ་པའི་གཟུགས་ཀྱིས་རང་དོན་དུ་རྣམས་པར་ཐར་པ་བརྒྱད་ལ་མངའ་བརྙེས་ཀྱང་སྐུ་མྱ་ངན་ལས་མི་འདའ་བར་འཛམ་བུའི་གླིང་དང་། ལྷའི་གནས་ལ་སོགས་པར་སྐྱེས་བུ་རྣམས་ཀྱི་ཚེ་ལོ་ཡར་འཕེལ་བདུན་བརྒྱའི་དུས་བར་དུ་བཞུགས་ནས་གནས་སོ་སོར་སངས་རྒྱས་ཀྱི་བསྟན་པ་དར་ཞིང་འཁོར་རྣམ་བཞི་རྒྱས་པར་བྱིན་གྱིས་བརླབས་པ་དང་། དགེ་འདུན་རྣམས་ཀྱི་ཚུལ་ཁྲིམས་རྣམ་པར་དག་པ་དང་། འགྲོ་བ་ཐམས་ཅད་བསོད་ནམས་སྤེལ་བ་དང་། ཡོངས་སུ་སྦྱོང་བར་མཛད་པའི་ཕྱིར་འཁོར་དགྲ་བཅོམ་པ་རྣམས་དང་ཐབས་གཅིག་ཏུ་བཞུགས་ཤིང་། འཕགས་པའི་གནས་བརྟན་དེ་དག་ལ་གསོལ་བ་བཏབ་ན་བསྟན་པ་དར་བ་གསུངས་པས། དེ་མཆོད་པའི་ཆོ་ག་ལ་མདོ་ལུགས་བསྟན་པ་སྔ་དར་དང་ཕྱི་དར་གྱི་ལུགས་ཐ་དད་པ་ཇོ་བོ་རྗེ་ནས་སྣར་ཐང་བའི་ལུགས་སོགས་མང་དུ་བཞུགས་པ་ལས། འདི་ནི་སྔ་འགྱུར་བཀའ་མའི་འདུས་པ་ཆེན་པོ་མདོ་ཡི་ཡན་ལག་ཐེག་པ་དགུའི་དཀྱིལ་འཁོར་དང་རྗེས་སུ་འབྲེལ་བ་ཉན་ཐོས་ཀྱི་ཐེག་པའི་ཡན་ལག་འཕགས་པའི་གནས་བརྟན་མཆོད་པ་སྟེ་འཇིག་རྟེན་གྱི་ཁམས་སུ་ཕན་བདེ་སྤེལ་བའི་ཐབས་རྨད་དུ་བྱུང་བ་ཡིན་ནོ། །དེ་དང་རྗེས་སུ་འབྲེལ་བ་མདོའི་ཡན་ལག་གི་ཆོ་ག་མགྲོན་རྣམ་པ་བཞི་ལ་མཆོད་སྦྱིན་བྱ་བ་ཆ་གསུམ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་རིམ་པ་སྟེ། དེ་ལྟར་སྔ་འགྱུར་བསྟན་པ་རྒྱ་མཚོའི་རྒྱུད་ལུང་མན་ངག་གསུམ་གྱི་དགོངས་དོན། མན་ངག་ཟབ་དགུའི་སྙིང་པོ། མཆོག་ཐུན་གྱི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་བྱེད་པའི་མྱུར་ལམ་དཀྱིལ་འཁོར་ཆེན་པོ་རྣམས་ཞལ་ཕྱེས་ནས་བསྙེན་སྒྲུབ་ཡན་ལག་བཞིའི་སྒོ་ནས་སྒྲུབ་པའི་དགེ་རྩ་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་བསྔོ་ཞིང་མར་མེའི་སྨོན་ལམ་ཀྱི་རྒྱས་འདེབས་པ་ནི། ཡང་དག་གི་རྒྱུད་ལས། འབྲས་བུ་རང་བྱུང་ཡེ་ཤེས་མེ་ཤར་བས། །མཐའ་དབུས་མེད་པར་གསལ་བའི་འོད་འབར་འདི། །འཁོར་བའི་མུན་པ་གཞོམ་ཕྱིར་བཞེས་སུ་གསོལ། །ཞེས་གསུངས་པ་ལྟར་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཟག་མེད་རང་བྱུང་གི་ཡེ་ཤེས་ཀྱི་སྣང་བ་རང་ཆས་སུ་བཞུགས་པ་ཉིད། མར་མེའི་སྣང་བ་འདི་ལྟ་བུས་མཚོན། རྟེན་ཅིང་འབྲེལ་འབྱུང་གི་མཐུ་ལ་བརྟེན་ནས། ཡང་དག་པའི་སྣང་བ་འབྲས་བུ་རང་བྱུང་གི་ཡེ་ཤེས་ཀྱི་མེ་ཆེན་རབ་ཏུ་སྦར་བས་མ་རིག་འཁོར་བའི་མུན་ཁང་མཐའ་དག་ཅིག་ཆར་དུ་བཅོམ་ནས་ཕན་བདེའི་ཡེ་ཤེས་ཀྱི་སྣང་བ་མཐའ་དབུས་མེད་པར་ཁྱབ་པའི་ཐུགས་རྗེས་ལུས་ཅན་མཐའ་དག་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་ད་ལྟ་ཉིད་དུ་ཐོབ་པའི་རེ་སྨོན་ཐུགས་ལ་ཞུགས་པའི་རྗེས་ཟློས་གནང་བ་ཞུ། ཞེས་བྱས་ལ་མཆེད་ལྕམ་ཐམས་ཅད་ལག་གཉིས་བསྣོལ་ལ་གཡོན་མར་མེའི་རྐང་བུ་བཟུང་སྲིན་མཛུབ་ལུ་གུ་རྒྱུད་ལ་སྦྲེལ་ནས། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་སོགས། སྙན་པའི་དབྱངས་དང་བཅས་རྗེས་ཟློས་བྱེད་དུ་གཞུགསྨིན་གླིང་མཁན་རིན་པོ་ཆེ་ཨོ་རྒྱན་ཆོས་གྲགས་ཀྱི་མཛད་པ་གཞིར་བྱས། རྗེ་བླ་མ་སི་ཏུ་ཆོས་ཀྱི་རྒྱ་མཚོའི་གསུང་འཐོར་བུ་རྣམས་ཕྱོགས་གཅིག་དུ་བསྡུས་ཏེ་བཀོད་པའོ། །ཞུགས་ནས་འདུས་པ་ཡོངས་ཀྱི་མགོན་དུ་བཞུགས་པ་རྡོ་རྗེ་སློབ་དཔོན་གྱི་ཞལ་ནས་གསུང་པ་ལ་ཀུན་གྱི་རྗེས་ཟློས་གནང་བ་ཞུ། {{TibChung|འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཆུ་འབྲུག་གནམ་ལོ་གསར་ཚེས་ཀྱི་དཀར་ཕྱོགས་རྒྱལ་བ་དང་པོའི་ཚེས་ལ་ཐུབ་གསུང་བློ་གྲོས་མི་ཟད་པའི་མོད་རྣ་བའི་བདུད་རྩིར་སིམ་བཞིན་སོར་རྩེའི་ཟློས་གར་དུ་བསྒྱུར་བ་འདིས་ཀྱང་དོན་གཉིས་ཕུན་སུམ་ཚོགས་པའི་དཔལ་ལ་སྤྱོད་པའི་རྒྱུར་བྱིན་གྱིས་བརླབས་ཏུ་གསོལ། །སརྦ་དཱ་མངྒ་ལཾ། །། །}} }} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Latest revision as of 12:15, 8 December 2021
Wylie title | cho 'phrul zla ba'i sgrub mchod la mkho ba'i mar me'i smon lam gyi stong thun skal bzang rna ba'i dga' ston | |
---|---|---|
Location | chos kyi blo gros bka' 'bum Volume 5, Text 4, Pages 119-140 (Folios 1a to 11b1) | |
Author | འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |
Less details More details | ||
Citation | 'jam dbyangs mkhyen brtse chos kyi blo gros. cho 'phrul zla ba'i sgrub mchod la mkho ba'i mar me'i smon lam gyi stong thun skal bzang rna ba'i dga' ston. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 5: 119-140. Bir, H.P.: Khyentse Labrang, 2012. | |
Genre | Prayers - smon lam | |
Colophon |
འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཆུ་འབྲུག་གནམ་ལོ་གསར་ཚེས་ཀྱི་དཀར་ཕྱོགས་རྒྱལ་བ་དང་པོའི་ཚེས་ལ་ཐུབ་གསུང་བློ་གྲོས་མི་ཟད་པའི་མོད་རྣ་བའི་བདུད་རྩིར་སིམ་བཞིན་སོར་རྩེའི་ཟློས་གར་དུ་བསྒྱུར་བ་འདིས་ཀྱང་དོན་གཉིས་ཕུན་སུམ་ཚོགས་པའི་དཔལ་ལ་སྤྱོད་པའི་རྒྱུར་བྱིན་གྱིས་བརླབས་ཏུ་གསོལ། །སརྦ་དཱ་མངྒ་ལཾ། །། | |
'jam dbyangs chos kyi blo gros pas chu 'brug gnam lo gsar tshes kyi dkar phyogs rgyal ba dang po'i tshes la thub gsung blo gros mi zad pa'i mod rna ba'i bdud rtsir sim bzhin sor rtse'i zlos gar du bsgyur ba 'dis kyang don gnyis phun sum tshogs pa'i dpal la spyod pa'i rgyur byin gyis brlabs tu gsol/__/sarba dA mang+ga laM/ |
":Property:textsubnumber|textsubnumber" can not be assigned to a declared number type with value 1.