JKCL-KABUM-11-DA-073: Difference between revisions
WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...") |
m (Text replacement - "Khyentse Metadata" to "Text") |
||
(2 intermediate revisions by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib=དགྲ་ལྷ་ཆེན་པོ་རྣམས་ཀྱི་མཆོད་གསོལ་གཡུལ་རྒྱལ་ལྷ་ཡི་དར་ཆེན། | |||
|fulltitle=dgra lha chen po rnams kyi mchod gsol g.yul rgyal lha yi dar chen | |||
|citation=[['jam dbyangs mkhyen brtse chos kyi blo gros]]. ''dgra lha chen po rnams kyi mchod gsol g.yul rgyal lha yi dar chen''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 11: 377-385. Bir, H.P.: Khyentse Labrang, 2012. | |||
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་ | |||
|collectiontitle=chos kyi blo gros bka' 'bum | |collectiontitle=chos kyi blo gros bka' 'bum | ||
|author='jam dbyangs mkhyen brtse chos kyi blo gros | |author='jam dbyangs mkhyen brtse chos kyi blo gros | ||
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | ||
|tibgenre=Protector Rituals - gsol mchod | |||
|terma=No | |||
|jkcloutline=Fifteen | |||
|deity=ge sar | |||
|language=Tibetan | |language=Tibetan | ||
| | |volumenumber=011 | ||
| | |volnumtib=༡༡ | ||
|volyigtib=ད་ | |||
|totalvolumes=12 | |||
|textnuminvol=073 | |textnuminvol=073 | ||
|pagenumbers=377-385 | |||
|totalpages=9 | |||
|beginfolioline=1a | |||
|endfolioline=5a1 | |||
|totalfolios=5 | |||
|multivolumework=No | |||
|colophontib=།ཅེས་པའང་དབོན་མཛོད་ཚེ་དབང་དཔལ་འབྱོར་ནས་གསུང་བསྐུལ་ངོར། འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། | |||
|colophonwylie=/ces pa'ang dbon mdzod tshe dbang dpal 'byor nas gsung bskul ngor/__'jam dbyangs chos kyi blo gros pas bris pa dge zhing bkra shis par gyur cig/ | |||
|pdflink=File:JKCL-KABUM-11-DA-073.pdf | |pdflink=File:JKCL-KABUM-11-DA-073.pdf | ||
}} | }} | ||
Line 17: | Line 33: | ||
<onlyinclude> | <onlyinclude> | ||
{{TibP|༄༅། །དགྲ་ལྷ་ཆེན་པོ་རྣམས་ཀྱི་མཆོད་གསོལ་གཡུལ་རྒྱལ་ལྷ་ཡི་དར་ཆེན་ཅེས་བྱ་བ་བཞུགས་སོ། ། | {{TibP|༄༅། །དགྲ་ལྷ་ཆེན་པོ་རྣམས་ཀྱི་མཆོད་གསོལ་གཡུལ་རྒྱལ་ལྷ་ཡི་དར་ཆེན་ཅེས་བྱ་བ་བཞུགས་སོ། ། | ||
ན་མོ་གུ་རུ་པདྨ་རཱ་ཛ་ཡ། གེ་སར་དགྲ་ལྷའི་རྒྱལ་པོའི་མཆོད་གསོལ་བྱ་བར་འདོད་པས། གཏོར་མ་སྐྱེམས་ཕུད་བསྐང་ཤིང་བསྲེགས་པའི་བསངས་དང་། སྤྱན་གཟིགས། དཀོར་ཆ་སྣ་ཚོགས་བཤམས་ལ། | ན་མོ་གུ་རུ་པདྨ་རཱ་ཛ་ཡ། {{TibChung|གེ་སར་དགྲ་ལྷའི་རྒྱལ་པོའི་མཆོད་གསོལ་བྱ་བར་འདོད་པས། གཏོར་མ་སྐྱེམས་ཕུད་བསྐང་ཤིང་བསྲེགས་པའི་བསངས་དང་། སྤྱན་གཟིགས། དཀོར་ཆ་སྣ་ཚོགས་བཤམས་ལ།}} ཧཱུྃ་ཧྲཱིཿ སྔོན་ཚེ་ཀ་དག་དང་པོའི་དུས། །ཀུན་ཏུ་བཟང་པོའི་ཆོ་འཕྲུལ་ལས། །རིག་རྩལ་རོལ་པ་རང་ཤར་བ། །སྲིད་པ་ཡེ་ཆགས་དགྲ་ལྷའི་ཚོགས། །དེ་ནས་སློབ་དཔོན་པདྨ་དང་། །ཆོས་རྒྱལ་ཚངས་པ་མེ་ཏོག་གི །ཕྲིན་ལས་འདོད་རྒུར་བསྒྱུར་བ་པོ། །ཤེས་རབ་རལ་གྲིའི་མཚོན་འཆང་བ། །དཔའ་བོ་ཆེན་པོ་བདུད་ཀྱི་གཤེད། །རྡོ་རྗེའི་ཡ་ལད་གོ་བགོས་པ། །གེ་སར་རྡོ་རྗེ་ཚེ་ཡི་རྒྱལ། །རྟ་མཆོག་རྐྱང་ཆེན་སྟེང་ན་འགྱིང་། །སྐུ་ལ་དགྲ་ལྷའི་ཆས་འཁོར་རྫོགས། །སྦ་ལྕག་བསམ་པའི་དོན་འགྲུབ་འཕྱར། །མདུང་མོ་ཁམས་གསུམ་འབིགས་བྱེད་སྒྲེངས། །གསང་ཡུམ་ཌཱ་ཀིའི་ཚོགས་ཀྱིས་བསྐོར། །སྟེང་ན་པད་འབྱུང་རིག་གསུམ་མགོན། །ནེ་ནེ་གནམ་སྨན་དཀར་མོ་དང་། །སྲིད་པའི་དགྲ་ལྷ་ཝེར་མ་འབུམ། །རྨ་རྒྱལ་སྤོམ་ར་མཆེད་འཁོར་ཚོགས། །བྱིན་རླབས་ལུང་བསྟན་སྤྲིན་ལྟར་འཁྲིགས། །ལྷ་དབང་ཞལ་དཀར་འབུམ་པ་ནི། །དུང་གི་ཟླ་བ་ལྟར་གསལ་ཞིང་། །བཟློག་མེད་སྙིང་སྟོབས་ཤུགས་འཆང་བ། །རལ་གྲི་ཡ་ཟི་རྣོན་པོ་འཕྱར། །འཁོར་གསུམ་དབུ་རྨོག་བཙན་པོ་ཡི། །དར་འཕྲུ་སྲིད་པའི་རྩེ་མོར་སྙེགས། །རྒྱ་བྱ་སོག་དཀར་སྟེང་ན་རྔམས། །སྐུ་སྲས་དགྲ་ལྷ་རྩེ་རྒྱལ་ཡང་། །རྣམ་མང་ཐོས་ཀྱི་གཟི་བརྗིད་ཅན། །ནོར་བུ་ཆུ་ཤེལ་ལྟར་གསལ་བ། །ཟབ་ཆེན་བཟང་པོའི་ཆས་གོས་དང་། རིན་ཆེན་རྒྱན་གྱིས་རྣམ་པར་སྤྲས། །གཡས་པས་ནོར་བུའི་རྒྱལ་མཚན་དང་། །གཡོན་པས་རྡོ་རྗེའི་ལྕགས་ཀྱུ་བསྣམས། །བྱ་རྟ་རླུང་གཤོག་སྟེང་ན་འགྱིང་། །ཨ་ཁུ་སྤྱི་དཔོན་ཆེན་པོ་ནི། །འཆི་མེད་ཚེ་ཡི་རིག་འཛིན་བརྙེས། །སྨར་སྨིན་དུང་ལྟར་དཀར་བ་དང་། །དར་གྱི་ལ་ཐོད་མཛེས་པར་བཅིངས། །གོས་དམར་གསེར་གྱི་པ་ཏྲས་བཀླུབས། །རྣོ་ངར་རལ་གྲི་སྐེད་ལ་བཏགས། །གཡས་པས་དར་མདུང་དཀར་པོ་འཛིན། །གཡོན་པས་ཐུགས་གསལ་མེ་ལོང་འཕྱར། །ཤ་རྐྱང་དྲེལ་མགོའི་སྟེང་ན་རྔམས། །འདན་མ་བྱང་ཁྲ་བེ་ཌཱའི་མདོག །དཔའ་རྩལ་མྱུར་མགྱོགས་རླུང་གི་ཤུགས། །གོ་ཁྲབ་དབུ་རྨོག་བཙན་པོས་བརྗིད། །ཕྱག་གཉིས་མདའ་གཞུ་འགེངས་པ་ཡི། །ཧོར་བདུད་རྒྱ་འདྲེའི་སྙིང་ལ་གཟིར། །རྟ་མཆོག་དངུལ་ཕྲུག་ལྡེམ་པ་ཆིབས། །དཔའ་ལའི་སེང་སྟག་མི་སྤྱང་ནི། །དུང་ལ་ཕོ་ཚོས་བྱུགས་པ་འདྲའི། །དཀར་དམར་མདངས་ལྡན་དཔའ་རྒོད་ཆེ། །དགྲ་ལྷའི་ཆས་འཁོར་ཡོངས་རྫོགས་ཤིང་། །རལ་གྲི་རྡོ་རྗེའི་ཞགས་པ་འཛིན། །སྟོང་རི་དཀར་པོ་ཆིབས་སུ་ཞོན། །དགའ་བདེ་ཆོས་སྐྱོང་བེར་ནག་ཆེ། །མ་ཧཱ་ཀཱ་ལའི་མཐུ་སྒྲུབ་པ། །སྟོབས་ཀྱི་དབང་ཕྱུག་བདུད་སྡེའི་གཤེད། །སྔགས་པ་ནག་པོའི་ཆས་ཀྱིས་བརྗིད། །གཏོར་ཟོར་རཀྟའི་ཕྲེང་བ་བསྣམས། །རླུང་ནག་ཤུགས་ལྡན་སྟེང་ན་བརྗིད། །གཞན་ཡང་ཕུ་ནུ་སུམ་ཅུའི་ཚོགས། །སྲས་ཡུམ་འཁོར་ཚོགས་སྤྲུལ་པར་བཅས། །དཔའ་བོའི་ཀི་བསྭོ་ཆ་སྒྲ་སྒྲོགས། །བཞད་པ་བརྒྱང་ཀྱི་ང་རོ་ཅན། །རྫུ་འཕྲུལ་ཚད་མེད་གློག་ལྟར་མྱུར། །རྟ་ཡི་རྨིག་སྒྲ་ཐགས་སེ་ཐག །རྡོ་རྗེ་ཉི་མའི་གཟི་འོད་ཀྱིས། །བསྐལ་པའི་མུན་པ་ཐམས་ཅད་སེལ། །ཧོར་རྒྱ་འཇང་དང་རྒྱ་འདྲེ་སོགས། །དམ་སྲི་འབྱུང་པོའི་མགོ་བོ་བྲེགས། །སྙིང་ཁྲག་དྲོན་མོ་ཧུབ་ཀྱིས་དྲོངས། །དགྲ་སྲོག་རྩད་ནས་བཅད་པ་ཡི། །གེ་སར་འཕྲུལ་གྱི་རྒྱལ་པོ་ཆེ། །རིག་འཛིན་ཡོངས་ཀྱི་དགྲ་ལྷ་ཡིན། །རྣལ་འབྱོར་བདག་གི་སྲུང་མ་ཆེ། །འབོད་དོ་བསྐུལ་ལོ་དགྱེས་པར་དགོངས། །ཁྱེད་རྣམས་མཆོད་ཅིང་བསྐང་བའི་རྫས། །ཉེར་སྤྱོད་འདོད་པའི་ཡོན་ཏན་དང་། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན། །གླིང་བཞི་རི་རབ་རིན་ཆེན་རི། །དཔག་བསམ་ཤིང་དང་འདོད་འཇོའི་བ། །མ་རྨོས་ལོ་ཐོག་གཏེར་ཆེན་བུམ། །ཉེ་བའི་རིན་ཆེན་བདུན་སོགས་དང་། །མདའ་མདུང་རལ་གྲི་མེ་སྒྱོགས་སོགས། །མཚོན་ཆ་རྣམ་པ་མང་པོའི་ཚོགས། །བྱ་རིགས་སྣ་ཚོགས་འཚུབས་ཀྱི་ལེ། །མཁའ་ལྡིང་གསེར་མིག་འཁྱིལ་པ་དང་། །སྟག་མོ་གྲུས་མའི་ངར་སྒྲ་སྒྲོགས། །སེངྒེ་དཀར་མོ་གནམ་ལ་འཕྱོ། །ལྷོ་སྤྲིན་ནོར་བུའི་དབྱིབས་ལྡན་འཁྲིགས། །ཚེ་གཡང་སྦྲང་ཆར་སི་ལི་ལི། །གཡུ་འབྲུག་སྔོན་མོ་སྟོང་གསུམ་ལྡིར། །རྟ་གླང་གནག་ལུག་རི་དྭགས་ཚོགས། །སྤུ་སྡུག་མཛེས་ཤིང་རྩེ་དགས་འཁྲབ། །བཅུ་དྲུག་བདེ་བའི་གར་བསྒྱུར་མ། །རི་དྭགས་མིག་ཅན་ལྡེམ་བག་གི །སྒྱུ་མའི་བདེ་བས་རྣམ་པར་རྩེན། །དམ་ཉམས་བདུད་དགྲའི་ཚོགས་རྣམས་ཀྱི། །སྙིང་ནི་ལྕགས་ཀྱུས་དྲོངས་བ་དང་། །རྡོ་རྗེ་རལ་གྲིས་མགོ་བོ་བྲེགས། །རྡོ་རྗེ་དགྲ་སྟས་ཕྱེད་མར་གཤག །རྡོ་རྗེ་ཐོ་བས་རྡུལ་དུ་བརླགས། །ཤ་ཁྲག་རུས་པ་ཆེམས་སེ་ཆེམ། །གཞན་ཡང་སྲིད་པའི་དཀོར་ཆ་ནི། །ཇི་སྙེད་མཆིས་པ་ཐམས་ཅད་དང་། །སྨན་རག་བདུད་རྩིའི་དགྱེས་པ་བསྐྱེད། །རོ་བརྒྱ་ལྡན་པའི་གཏོར་མ་སྤུངས། །ཕྱེ་མར་གངས་རི་ལྟར་མཐོ་ཞིང་། །ཇ་ཆང་འོ་མའི་སྐྱེམས་ཕུད་རྣམས། །མཚོ་ལྟར་བསྐྱིལ་བ་འདི་བཞེས་ཤིག །ཀྱཻ། མ་ལ་ཡ་ཡི་ནགས་ཀླུང་གི །ཙནྡན་སྤོས་དང་བཟང་ཤིང་ནི། །གོས་དཀར་མོ་ཡི་ཀློང་བསྲེགས་པའི། །དུ་བ་བཻཌཱུཪྻ་མདོག་དང་། །ཤེལ་ལྟར་དཀར་དང་སེར་བ་དང་། །དམར་དང་ལྗང་བའི་སྤྲིན་ཆེན་པོ། །འདོད་ཡོན་མཁོ་རྒུས་བརྒྱན་པ་འདིས། །ཁྱེད་རྣམས་བསང་ངོ་དགྱེས་པར་མཆོད། །མི་གཙང་གྲིབ་ཀྱིས་གོས་པ་བསང་། །མནོལ་བ་ཐམས་ཅད་སངས་གྱུར་ཅིག །འཐིབ་པ་ཐམས་ཅད་དྭངས་གྱུར་ཅིག །ཀྱཻ། དེ་ལྟར་མགྲོན་རིགས་ཐམས་ཅད་ལ། །མཆོད་གསོལ་ཕྲིན་ལས་བཅོལ་བ་ནི། །སངས་རྒྱས་བསྟན་པ་རིན་ཆེན་སྲུངས། །འདུས་པའི་སྡེ་གཉིས་འཕེལ་ཞིང་རྒྱས། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་བརྟན། །ཆོས་སྐྱོང་རྒྱལ་པོ་མངའ་ཐང་མཐོ། །བསྟན་པའི་སྦྱིན་བདག་དར་རྒྱས་མཛོད། །དགྲ་བླ་གཉེན་པོའི་གསང་གསུམ་དང་། །ཡོན་ཏན་ཕྲིན་ལས་སྟོབས་ཤུགས་རྣམས། །རྣལ་འབྱོར་བདག་ལ་རབ་ཞུགས་ནས། །ཤེ་མོང་བསྐལ་པའི་མེ་བཞིན་སྦོར། །ལུས་ནི་རྡོ་རྗེ་ལྟ་བུར་སྲ། །ངག་ཚིག་བཙན་ཞིང་བདེན་སྟོབས་འགྲུབ། །ཡིད་ནི་རི་རྒྱལ་ལྟ་བུར་བརྟན། །ཡོན་ཏན་འཁོར་ལོ་བསྒྱུར་རྒྱལ་བཞིན། །ཕྲིན་ལས་ཁྱབ་འཇུག་ལྟར་གཡོ་བས། །སྣང་སྲིད་དབང་དུ་བསྒྱུར་བར་མཛོད། །ཁ་རྗེ་དབང་ཐང་རླུང་རྟ་རྣམས། །མཐུན་པའི་གྲོགས་དང་རབ་བསྡེབས་ཤིང་། །རྒུད་པའི་རླུང་རྟ་རྣམ་པར་སེལ། །སྙན་པའི་རླུང་རྟ་བསྐྱེད་དུ་གསོལ། །འགོ་བའི་ལྷ་ལྔའི་དབུ་འཕང་བསྟོད། །ཕྱོགས་ལས་རྣམ་པར་རྒྱལ་བ་དང་། །ཚེ་བསོད་དཔལ་འབྱོར་ཡར་ལ་སྐྱེད། །སྙན་གྲགས་ལྷ་ཡི་རྔ་སྒྲ་དང་། །རླུང་རྟའི་དར་ཆེན་ཕྱོགས་བཅུར་གཡོ། །མཐོ་བས་སྲིད་པའི་རྩེ་མོར་བསྙེགས། །དགྲ་ལྷའི་ཚོགས་ཀུན་དཔལ་བསྐྱེད་དེ། །རིགས་གསུམ་སེམས་དཔའི་རྣམ་པར་ཐར། །མ་ལུས་བདག་གིས་འགྲུབ་པར་མཛོད། །ཀི་བསྭོ་ཆའོ་ལྷ་རྒྱལ་ལོ། །རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ་ལོ། །ལྷ་ཀི་ཀི་ཀི་ལ་བསྭོ་བསྭོ། །འཛམ་གླིང་གེ་སར་རྒྱལ་པོ་ཡི། །ལྷོ་གླིང་བདེ་བའི་ཕྲིན་ལས་མཛོད། །སྐྱིད་ཀྱི་ཉི་མ་ཤར་བར་མཛོད། །སྲིད་དང་ཞི་བའི་ཕྱྭ་གཡང་བསྡུས། །དཔལ་འབྱོར་ལོངས་སྤྱོད་རྒྱས་པར་མཛོད། །ནད་མུག་འཁྲུགས་རྩོད་ཞི་བ་དང་། །ཆོས་སྲིད་དཔལ་ཡོན་རྒྱས་པ་དང་། །བསམ་རྒུའི་རེ་བ་འགྲུབ་པར་མཛོད། །ནད་མེད་བདེ་བའི་བཀྲག་མདངས་རྒྱས། །ཚེ་ནི་ལྷ་ཆུའི་རྒྱུན་བཞིན་རིང་། །བསོད་ནམས་ལྷ་དབང་བརྒྱ་བྱིན་ལྟར། །ཕུན་སུམ་ཚོགས་པར་མཛད་དུ་གསོལ། །ཧོར་བདུད་དམག་ཚོགས་ཆམ་ལ་ཕོབས། །དགྲ་མགོ་རེ་བས་གཏུམ་པ་དང་། །བར་ཆད་བྱད་ཕུར་རྡུལ་དུ་རློག །ཕྱོགས་ལས་རྣམ་རྒྱལ་ཕྲིན་ལས་མཛོད། །དགྲ་ལྷ་ཝེར་མ་དཔའ་ཐུལ་གྱིས། །སྐུ་གསུང་ཐུགས་དང་དབྱེར་མེད་ཅིང་། །སྟོབས་དཔལ་གཟི་བརྗིད་མཚུངས་མེད་པས། །བསྟན་པ་སྲུངས་ནུས་མཛད་དུ་གསོལ། །ཕུན་ཚོགས་སྲིད་ཞིའི་ཕྱྭ་གཡང་ཀུན། །འབད་མེད་དབང་དུ་གྱུར་ནས་ཀྱང་། །སྣོད་བཅུད་དཔལ་གཡང་རྒྱས་པ་དང་། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་ཤོག །{{TibChung|ཅེས་པའང་དབོན་མཛོད་ཚེ་དབང་དཔལ་འབྱོར་ནས་གསུང་བསྐུལ་ངོར། འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།}} }} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Latest revision as of 08:40, 1 June 2024
Wylie title | dgra lha chen po rnams kyi mchod gsol g.yul rgyal lha yi dar chen | |
---|---|---|
Location | chos kyi blo gros bka' 'bum Volume 11, Text 73, Pages 377-385 (Folios 1a to 5a1) | |
Author | འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |
Less details More details | ||
Citation | 'jam dbyangs mkhyen brtse chos kyi blo gros. dgra lha chen po rnams kyi mchod gsol g.yul rgyal lha yi dar chen. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 377-385. Bir, H.P.: Khyentse Labrang, 2012. | |
Genre | Protector Rituals - gsol mchod | |
Deity | ge sar | |
Colophon |
།ཅེས་པའང་དབོན་མཛོད་ཚེ་དབང་དཔལ་འབྱོར་ནས་གསུང་བསྐུལ་ངོར། འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། | |
/ces pa'ang dbon mdzod tshe dbang dpal 'byor nas gsung bskul ngor/__'jam dbyangs chos kyi blo gros pas bris pa dge zhing bkra shis par gyur cig/ |
1 Texts in this Section (sde tshan or chos tshan)