JKCL-KABUM-02-KHA-069: Difference between revisions
WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...") |
m (Text replacement - "Khyentse Metadata" to "Text") |
||
(2 intermediate revisions by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib=ཀུན་མཁྱེན་བླ་མ་འགྱུར་མེད་པདྨ་རྣམ་རྒྱལ་ལ་བསྟོད་པ་དད་པའི་འཁྲི་ཤིང་། | |||
|fulltitle=kun mkhyen bla ma 'gyur med pad+ma rnam rgyal la bstod pa dad pa'i 'khri shing | |||
|citation=[['jam dbyangs mkhyen brtse chos kyi blo gros]]. ''kun mkhyen bla ma 'gyur med pad+ma rnam rgyal la bstod pa dad pa'i 'khri shing''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 2: 585-588. Bir, H.P.: Khyentse Labrang, 2012. | |||
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་ | |||
|collectiontitle=chos kyi blo gros bka' 'bum | |collectiontitle=chos kyi blo gros bka' 'bum | ||
|author='jam dbyangs mkhyen brtse chos kyi blo gros | |author='jam dbyangs mkhyen brtse chos kyi blo gros | ||
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | ||
|associatedpeople=Zhechen Gyaltsab, 4th | |||
|associatedpeopletib=འགྱུར་མེད་པདྨ་རྣམ་རྒྱལ་ | |||
|tibgenre=Verses of Praise - bstod pa | |||
|terma=No | |||
|jkcloutline=Two | |||
|language=Tibetan | |language=Tibetan | ||
| | |volumenumber=002 | ||
| | |volnumtib=༢ | ||
|volyigtib=ཁ་ | |||
|totalvolumes=12 | |||
|textnuminvol=069 | |textnuminvol=069 | ||
|pagenumbers=585-588 | |||
|totalpages=4 | |||
|beginfolioline=1a1 | |||
|endfolioline=2b3 | |||
|totalfolios=2 | |||
|multivolumework=No | |||
|colophontib=།ཅེས་པའང་བཀའ་དྲིན་མཚུངས་མེད་ཁྱབ་བདག་དཔལ་ལྡན་བླ་མ་པདྨ་བཛྲའི་ཞབས་ལ་བསྟོད་པའི་ཕྲེང་བ་ཉུང་ངུ་འདི་ཡང་བཀའ་འབངས་གི་གྲལ་མཐར་འཁོད་ཅིང་རྗེ་བླ་མ་མཆོག་གི་ཚད་མེད་པའི་ཐུགས་རྗེས་རྟག་ཏུ་འཚོ་བ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་གུས་པས་གསོལ་བ་བཏབ་པ་བྱིན་བརླབ་མྱུར་དུ་འཇུག་པའི་རྒྱུ་གྱུར་ཅིག །མངྒ་ལཾ། | |||
|colophonwylie=ces pa'ang bka' drin mtshungs med khyab bdag dpal ldan bla ma pad+ma badz+ra'i zhabs la bstod pa'i phreng ba nyung ngu 'di yang bka' 'bangs gi gral mthar 'khod cing rje bla ma mchog gi tshad med pa'i thugs rjes rtag tu 'tsho ba 'jam dbyangs blo gros rgya mtshos gus pas gsol ba btab pa byin brlab myur du 'jug pa'i rgyu gyur cig__/mang+ga laM/ | |||
|pdflink=File:JKCL-KABUM-02-KHA-069.pdf | |pdflink=File:JKCL-KABUM-02-KHA-069.pdf | ||
}} | }} | ||
Line 16: | Line 33: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|ཀུན་མཁྱེན་བླ་མ་འགྱུར་མེད་པདྨ་རྣམ་རྒྱལ་ལ་བསྟོད་པ་དད་པའི་འཁྲི་ཤིང་ཅེས་བྱ་བ་བཞུགས་སོ། | {{TibP|{{TibChung|ཀུན་མཁྱེན་བླ་མ་འགྱུར་མེད་པདྨ་རྣམ་རྒྱལ་ལ་བསྟོད་པ་དད་པའི་འཁྲི་ཤིང་ཅེས་བྱ་བ་བཞུགས་སོ། }} །ན་མོ་གུ་རུ་པདྨ་བི་ཛ་ཡེ། འགྱུར་མེད་ཆོས་ཀུན་གནས་ལུགས་དེ་ཁོ་ན། །ཇི་བཞིན་གཟིགས་ཤིང་བདེན་དོན་མངོན་གྱུར་པ། །པདྨ་ཀཱ་རའི་ཟབ་གསང་བསྟན་པའི་བདག །སྔ་འགྱུར་རིག་འཛིན་རྒྱ་མཚོའི་དེད་དཔོན་རྒྱལ། །གཟོད་ནས་རྣམ་པར་གྲོལ་བའི་རྒྱལ་ཐབས་ལ། །དབང་འབྱོར་རྒྱལ་བ་མཆོག་དང་དབྱེར་མེད་ཀྱང་། །སར་གནས་བྱང་ཆུབ་སེམས་པའི་སྐུར་བསྟོན་ནས། །ཇི་སྙེད་འགྲོ་ཁམས་རྒྱ་མཚོ་འདུལ་བར་བྱེད། །འཕགས་ཡུལ་གྲུབ་བརྙེས་གླང་པོའི་མཚན་འཆང་དང་། །གཉིས་མེད་གཉིས་སུ་སྣང་བའི་ཟློས་གར་ནི། །ངོ་མཚར་སྐྱེས་པ་རབས་ཀྱི་ཕྲེང་མཛེས་ཀྱིས། །གངས་རི་དབྱིག་གི་ནོར་འཛིན་རྒྱན་དུ་བྱས། །སྙིགས་མ་རྩོད་དུས་རྒྱས་པའི་མུན་རུམ་འདིར། །སྙིང་རྗེའི་གློག་གི་ཐག་པ་གཡོ་བ་ལས། །བསྟན་འགྲོར་རབ་དཀར་སྣང་བའི་སྒོ་འཕར་ནི། །བྱེ་བ་ཕྲག་བརྒྱ་འགྱེད་ལ་ངལ་མེད་གྱུར། །ཀུན་རྨོངས་ཀུན་དཀྲིས་ཆེན་པོས་འཆིང་ལྡན་འགྲོར། །རབ་ཏུ་བརྩེ་བའི་བཞིན་གྱིས་པདྨོ་འཛུམ། །སྙིང་རྗེའི་སྤྱན་མིག་ཡངས་པས་ཆེར་གཟིགས་ནས། །ཕྱག་གི་པདྨོ་འཁྲི་ཤིང་དྲང་པོར་རྐྱངས། །སོར་རྩེའི་ཟློས་གར་བརྒྱ་ཕྲག་གཡོ་བ་ཡིས། །མཁའ་དང་མཉམ་པའི་སེམས་ཅན་སྡུད་བྱས་ནས། །མངོན་སུམ་ལག་པའི་མཐིལ་དུ་བཀྲམ་པ་དེ། །བདེ་ནས་བདེ་བའི་ས་མཆོག་ཡངས་པར་སྐྱེལ། །ཁྱོད་ནི་གཞོན་ནུ་ཉིད་ནས་དམ་པ་ཡི། །རིགས་ཀྱི་རྟགས་ནི་དབྱར་གྱི་དཔལ་ཡོན་བཞིན། །དམ་པའི་ཚུལ་རྒུས་མཛེས་པར་བརྒྱན་ཅེས་གྲགས། །འདི་ཉིད་ཁོ་ནས་བདག་ཡིད་དད་པར་གྱུར། །ཆེན་པོའི་གོས་ཀྱི་བརྗིད་པ་ཙམ་མ་ཡིན། །གྲགས་པ་དོན་ལྡན་འཇམ་མགོན་རྣམ་གསུམ་གྱིས། །ཞབས་ཐིལ་ཆུ་སྐྱེས་ཚངས་གནས་བཀོད་པ་ལས། །ཐུགས་ཀྱི་བཅུད་ཐོབ་སྲས་ཀྱི་ཐུ་བོ་ཆེ། །ཐོས་པ་རྒྱ་མཚོའི་སྦྲང་རྩི་ལེགས་བསགས་ཤིང་། །བསམ་བྱུང་རིགས་པའི་བུང་བས་བཅུད་བསྡུས་ཏེ། །སྒོམ་བྱུང་འཕགས་པའི་ཤེས་རབ་ལུས་སྟོབས་རྒྱས། །མཁྱེན་གཉིས་རྩལ་ཆེན་རྫོགས་པའི་མགོན་པོ་མཆོག །སྲིད་ལས་ངེས་པར་འབྱུང་བའི་ཚུལ་ཁྲིམས་གྱིས། །དགྲ་བཅོམ་ཉེར་བར་འཁོར་གྱི་སྤུན་ཟླ་དང་། །བྱང་ཆུབ་སེམས་གྱིས་ཟླ་བ་ཉ་གང་བ། །སྙིང་རྗེའི་དབང་ཕྱུག་བདེ་འབྱུང་གཙུག་ན་མཛེས། །ལྟ་ངན་སྤྲོས་པའི་ཚང་ཚིང་རིང་དོར་ནས། །ཡང་དག་ལྟ་བའི་ལུང་རིགས་སྒྲོགས་པ་ལ། །དཔལ་ལྡན་ཀླུ་དང་མ་ཕམ་མགོན་པོ་བཞིན། །མཐའ་བྲལ་དབུ་མའི་ཁང་བཟང་ཉམ་དགར་ཞུགས། །ངག་ལ་ངག་གི་དཔལ་སྟེར་དབྱངས་ཅན་ལྷ། །རྟག་ཏུ་མགྲིན་པར་རོལ་པའི་དཔལ་ལྡན་པས། །སྙན་ངག་བྱེད་པར་དཔལ་ལྡན་མ་ཁོལ་ནི། །ས་འདིར་འཕོས་སྙམ་བདག་ཡིད་འཕྱང་མོ་ཉུག །ཕྱི་ནང་ཤེས་བྱ་ཀུན་གསལ་མཁྱེན་པའི་ངོགས། །མ་འདྲེས་གཟུགས་བརྒྱ་འཆར་བའི་ཨ་དར་ཤ། ཐམས་ཅད་གཟིགས་པ་སྨྲ་བའི་སེངྒེ་དང་། །ཕན་ཚུན་འགྲན་པ་ལྟ་བུའི་རྣམ་དཔྱོད་ཅན། །དེ་ལྟར་མཁས་པ་མཁས་པས་བསྔགས་འོས་ཀྱི། །གྲགས་པའི་ཁུར་གྱིས་ལྕི་འདི་ནོར་འཛིན་གྱིས། །ཐེག་པར་དཀའ་བའི་གནས་སུ་གྱུར་ན་ཡང་། །ཁེངས་དྲེགས་སྤངས་ཤིང་ཞུམ་པའི་ངང་ཚུལ་ཅན། །རྡོ་རྗེ་འཆང་གི་གསང་བའི་མཛོད་ཆེན་པོས། །སྨིན་གྲོལ་ལམ་བཟང་རྟག་ཏུ་ལོངས་སྤྱོད་པས། །ནང་གི་བསྒྲོད་པ་མཐོན་པོའི་རྩེར་གཤེགས་པ། །རྡོ་རྗེའི་ས་གནས་ཆེན་པོ་དག་དང་མཉམ། །རྩ་ཐིག་རླུང་གི་འགྲོས་རྣམས་དབུ་མར་ཐིམ། །མི་ཤིག་གཉུག་མའི་ཕྱག་རྒྱ་དང་འགྲོགས་པས། །སྐུ་བཞི་དབྱེར་མེད་ཡེ་ཤེས་བདེ་ཆེན་པོ། །མི་སློབ་ཟུང་འཇུག་འབྲས་བུ་ཚེ་འདིར་བརྙེས། །མདོར་ན་ལྔ་བརྒྱ་ཐ་མའི་དུས་འདི་ལ། །ཆོས་རྗེ་ཉི་མ་ཁྱོད་འདྲ་མ་མཆིས་པས། །ངེས་པར་གཅམ་བུའི་ཟོལ་སྦྱོར་ཙམ་མིན་པར། །ཡོན་ཏན་རྒྱ་མཚོའི་ཟེགས་མའི་ཆ་ཤས་ལ། །ཅུང་ཟད་བསྟོད་པའི་དགེ་བའི་དབྱངས་རྒྱ་མཚོ། །དཔལ་ལྡན་བླ་མའི་ཞིང་ཁམས་རྒྱ་མཚོར་སྒྲོགས། །རྒྱ་མཚོ་ལྟ་བུ་ཟབ་ཅིང་རྒྱ་ཆེ་བའི། །བློ་གྲོས་རྒྱ་མཚོའི་གཏེར་ལ་སྤྱོད་པར་ཤོག །ཚེ་རབས་ཀུན་ཏུ་དཔལ་ལྡན་བླ་མ་ཡི། །ཕྱག་གིས་གཟུངས་ནས་ལེགས་པའི་ལམ་དུ་འཁྲིད། །གསུང་གསང་དམ་པའི་བཅུད་བཟང་ཐོབ་པ་དང་། །དོན་གཉིས་ལྷུན་གྱི་གྲུབ་པའི་བཀྲ་ཤིས་ཤོག །{{TibChung|ཅེས་པའང་བཀའ་དྲིན་མཚུངས་མེད་ཁྱབ་བདག་དཔལ་ལྡན་བླ་མ་པདྨ་བཛྲའི་ཞབས་ལ་བསྟོད་པའི་ཕྲེང་བ་ཉུང་ངུ་འདི་ཡང་བཀའ་འབངས་གི་གྲལ་མཐར་འཁོད་ཅིང་རྗེ་བླ་མ་མཆོག་གི་ཚད་མེད་པའི་ཐུགས་རྗེས་རྟག་ཏུ་འཚོ་བ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་གུས་པས་གསོལ་བ་བཏབ་པ་བྱིན་བརླབ་མྱུར་དུ་འཇུག་པའི་རྒྱུ་གྱུར་ཅིག །མངྒ་ལཾ། །}} }} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Latest revision as of 08:18, 1 June 2024
Wylie title | kun mkhyen bla ma 'gyur med pad+ma rnam rgyal la bstod pa dad pa'i 'khri shing | |
---|---|---|
Location | chos kyi blo gros bka' 'bum Volume 2, Text 69, Pages 585-588 (Folios 1a1 to 2b3) | |
Author | འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |
Less details More details | ||
Associated People | འགྱུར་མེད་པདྨ་རྣམ་རྒྱལ་ (Zhechen Gyaltsab, 4th) | |
Citation | 'jam dbyangs mkhyen brtse chos kyi blo gros. kun mkhyen bla ma 'gyur med pad+ma rnam rgyal la bstod pa dad pa'i 'khri shing. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: 585-588. Bir, H.P.: Khyentse Labrang, 2012. | |
Genre | Verses of Praise - bstod pa | |
Colophon |
།ཅེས་པའང་བཀའ་དྲིན་མཚུངས་མེད་ཁྱབ་བདག་དཔལ་ལྡན་བླ་མ་པདྨ་བཛྲའི་ཞབས་ལ་བསྟོད་པའི་ཕྲེང་བ་ཉུང་ངུ་འདི་ཡང་བཀའ་འབངས་གི་གྲལ་མཐར་འཁོད་ཅིང་རྗེ་བླ་མ་མཆོག་གི་ཚད་མེད་པའི་ཐུགས་རྗེས་རྟག་ཏུ་འཚོ་བ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་གུས་པས་གསོལ་བ་བཏབ་པ་བྱིན་བརླབ་མྱུར་དུ་འཇུག་པའི་རྒྱུ་གྱུར་ཅིག །མངྒ་ལཾ། | |
ces pa'ang bka' drin mtshungs med khyab bdag dpal ldan bla ma pad+ma badz+ra'i zhabs la bstod pa'i phreng ba nyung ngu 'di yang bka' 'bangs gi gral mthar 'khod cing rje bla ma mchog gi tshad med pa'i thugs rjes rtag tu 'tsho ba 'jam dbyangs blo gros rgya mtshos gus pas gsol ba btab pa byin brlab myur du 'jug pa'i rgyu gyur cig__/mang+ga laM/ |
1 Texts in this Section (sde tshan or chos tshan)