JKW-KABUM-17-TSA-001-001: Difference between revisions
No edit summary |
m (Text replacement - "Khyentse Metadata" to "Text") |
||
(4 intermediate revisions by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
Line 6: | Line 6: | ||
|fulltitlekar=mngon brjod nyer mkho blo gsal rna rgyan | |fulltitlekar=mngon brjod nyer mkho blo gsal rna rgyan | ||
|fulltitlekartib=མངོན་བརྗོད་ཉེར་མཁོ་བློ་གསལ་རྣ་རྒྱན། | |fulltitlekartib=མངོན་བརྗོད་ཉེར་མཁོ་བློ་གསལ་རྣ་རྒྱན། | ||
|citation=[['jam dbyangs mkhyen brtse'i dbang po]]. ''mngon brjod sna tshogs gsal ba las nyer mkho zul bkol blo gsal rna rgyan''. In '''jam dbyangs mkhyen brtse'i dbang po'i bka' 'bum'', Vol. 17: 1-. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |citation=[['jam dbyangs mkhyen brtse'i dbang po]]. ''mngon brjod sna tshogs gsal ba las nyer mkho zul bkol blo gsal rna rgyan''. In '''jam dbyangs mkhyen brtse'i dbang po'i bka' 'bum'', Vol. 17: 1-51. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | ||
|collectiontitle=mkhyen brtse'i bka' 'bum | |collectiontitle=mkhyen brtse'i bka' 'bum | ||
|collectiontitletib=མཁྱེན་བརྩེའི་བཀའ་འབུམ་ | |collectiontitletib=མཁྱེན་བརྩེའི་བཀའ་འབུམ་ | ||
|author='jam dbyangs mkhyen brtse'i dbang po | |author='jam dbyangs mkhyen brtse'i dbang po | ||
|editor= | |editor= | ||
|authortib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |authortib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | ||
|editortib= | |editortib= | ||
|tibgenre=Linguistics - skad rigs | |||
|terma=No | |terma=No | ||
|sabcadcategory=Six | |sabcadcategory=Six | ||
Line 22: | Line 23: | ||
|textnuminvol=001 | |textnuminvol=001 | ||
|textsubnumber=001 | |textsubnumber=001 | ||
|pagenumbers=1-51 | |||
|totalpages=51 | |||
|beginfolioline=1a | |||
|endfolioline=26a2 | |||
|totalfolios=26 | |||
|multivolumework=No | |multivolumework=No | ||
|rectonotes=sde tshan 1 | |rectonotes=sde tshan 1 | ||
|versonotes=mkhyen brtse'i bka' 'bum | |versonotes=mkhyen brtse'i bka' 'bum | ||
|colophontib=།བལ་པོའི་པཎྜིཏ་དཔལ་འཛིན་སྡེས་སྦྱར་བའི་མངོན་བརྗོད་ཀྱི་བསྟན་བཅོས་སྣ་ཚོགས་གསལ་བ་འདི་ཉིད། །སྔོན་ཞྭ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོས་གཞི་འགྱུར་མཛད་པ་དང་། །སླར་ཡང་ངེས་པ་དོན་གྱི་པཎྜིཏ་ཆེན་པོ་ཀརྨ་ཚེ་དབང་ཀུན་ཁྱབ་ངེས་དོན་བསྟན་འཕེལ་བཟང་པོའི་ཞབས་ཀྱིས་དོན་དུ་མ་ཅན་གྱི་སྡེ་ཚན་གྱི་སྐབས་རྣམས་འགྱུར་བཅོས་ལེགས་པར་གནང་བའི་ཕྱག་བྲིས་དངོས་ལས། སྙན་ངག་སྦྱར་རྒྱན་དང་། གབ་ཚིག་གི་རྒྱན་འགའ་ཞིག་སྦྱོར་བར་འདོད་པ་ལ་འདི་ཉིད་མེད་དུ་མི་རུང་བའི་ཡན་ལག་ཏུ་རྟོགས་ཏེ། །ཉེ་བར་མཁོ་བའི་རིགས་རྣམས་ཅུང་ཟད་བསྡུས་པ་བློ་གསལ་རྣ་རྒྱན་ཞེས་བྱ་བ་འདི་ནི་ཁྱབ་བདག་བླ་མ་ཟེ་ཆེན་པཎྜིཏ་འཇམ་དཔལ་དགྱེས་པའི་བློ་གྲོས་མཚོ་སྐྱེས་བཞད་པའི་སྒྲ་དབྱངས་ཀྱི་ཞབས་རྡུལ་སྤྱི་བོས་ལེན་པའི་ཀུན་རྨོངས་པ་ཚངས་སྲས་དགྱེས་པའི་བློ་ལྡན་གདོང་དྲུག་དགའ་བའི་ལང་ཚོ་ཞེས་བགྱི་བས་གྲུབ་པའི་བསྟི་གནས་དཔལ་ལྡན་པདྨ་འོད་གླིང་དུ་ཀརྟི་ཀ་ཡི་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོའི་གྲལ་ཚེས་ཁོ་ནར་ཟིན་བྲིས་སུ་བགྱིས་པ་ཤུ་བྷམ་སྟུ་སརྦ་ཛ་ག་ཏི། །འདིའི་ཟུར་དུ་མཆན་གྱི་ཚུལ་གྱིས་བྲིས་པ་རྣམས། སློབ་དཔོན་སྨྲ་བ་ཆེན་པོས་མཛད་པའི་སྒྲ་གཅིག་དོན་མང་གི་མངོན་བརྗོད་དཔལ་སྒྲའི་སྙེ་མ་ལས་བཏུས་པ་སྟེ། ཅུང་དག་ཅིང་ཉེར་མཁོར་གྱུར་པ་རྣམས་སོ།། | |||
|colophonwylie=bal po'i paN+Dita dpal 'dzin sdes sbyar ba'i mngon brjod kyi bstan bcos sna tshogs gsal ba 'di nyid/__/sngon zhwa lu lo chen chos skyong bzang pos gzhi 'gyur mdzad pa dang /__/slar yang nges pa don gyi paN+Dita chen po karma tshe dbang kun khyab nges don bstan 'phel bzang po'i zhabs kyis don du ma can gyi sde tshan gyi skabs rnams 'gyur bcos legs par gnang ba'i phyag bris dngos las/__snyan ngag sbyar rgyan dang /__gab tshig gi rgyan 'ga' zhig sbyor bar 'dod pa la 'di nyid med du mi rung ba'i yan lag tu rtogs te/__/nye bar mkho ba'i rigs rnams cung zad bsdus pa blo gsal rna rgyan zhes bya ba 'di ni khyab bdag bla ma ze chen paN+Dita 'jam dpal dgyes pa'i blo gros mtsho skyes bzhad pa'i sgra dbyangs kyi zhabs rdul spyi bos len pa'i kun rmongs pa tshangs sras dgyes pa'i blo ldan gdong drug dga' ba'i lang tsho zhes bgyi bas grub pa'i bsti gnas dpal ldan pad+ma 'od gling du karti ka yi zla ba'i dkar phyogs kyi rgyal ba dang po'i gral tshes kho nar zin bris su bgyis pa shu b+ham stu sarba dza ga ti/__/'di'i zur du mchan gyi tshul gyis bris pa rnams/__slob dpon smra ba chen pos mdzad pa'i sgra gcig don mang gi mngon brjod dpal sgra'i snye ma las btus pa ste/__cung dag cing nyer mkhor gyur pa rnams so/ | |||
|pdflink=File:JKW-KABUM-17-TSA-001.pdf | |pdflink=File:JKW-KABUM-17-TSA-001.pdf | ||
}} | }} | ||
Line 31: | Line 39: | ||
<onlyinclude> | <onlyinclude> | ||
{{TibP|༄༅། །མངོན་བརྗོད་སྣ་ཚོགས་གསལ་བ་ལས་ཉེར་མཁོ་ཟུལ་བཀོལ་བློ་གསལ་རྣ་རྒྱན་བཞུགས།། | {{TibP|༄༅། །མངོན་བརྗོད་སྣ་ཚོགས་གསལ་བ་ལས་ཉེར་མཁོ་ཟུལ་བཀོལ་བློ་གསལ་རྣ་རྒྱན་བཞུགས།། | ||
ན་མོ་གུ་རུ་བྷྱཿ །དྲི་མེད་ཡོན་ཏན་ཀུན་གྱི་གཏེར། །དཔལ་ལྡན་བླ་མ་ལ་བཏུད་ནས། །སྒྲ་གཅིག་དོན་མང་མངོན་བརྗོད་ལས། །ཉེ་བར་བཏུས་ཏེ་འདིར་གསལ་བྱ། །ཀཿནི་ཚངས་པ་རླུང་ཉི་མ། །གསལ་བ་དང་ནི་རྨ་བྱ་ལའོ། །ཀཾ་ནི་མགོ་བོ་ཆུ་དང་བདེ། །ཀུ་ནི་སྒྲ་དང་ངན་པ་དང་། །ཨ་ཀཾ་སྡུག་བསྔལ་སྡིག་པ་ལ། །ཨངྐཿརི་མོ་མཚན་མ་དང་། །རྟཊ་དང་རྒྱན་དང་མཚན་ཉིད་དང་། །ཟློས་གར་སོགས་དང་ལེའུ་དང་། །བྲང་གི་ངོས་དང་གཟུགས་ཅན་ལ། །ཨནྟ་རི་མོ་འཁྲུགས་སྔཊ་དང་། །གནས་དང་རྒྱན་རྣམས་དག་ལའོ། །ཨཏྐཿཉི་མ་ཨརྐའི་འདབས། ཤིང་གི་བྱེ་བྲག །བརྒྱ་བྱིན་ཤེལ་དང་ཟངས་དག་ལ། །ཨེ་ཀ་གཙོ་བོ་གྲོཊ་པོ་དང་། །འགའ་ཞིག་གནས་དང་མ་འདྲེས་པ། །ཀཾ་ཀ་འདབ་ཆགས་བྱེ་བྲག་དང་། །མཐར་བྱེད་སྒོ་གླེགས་གཉིས་སྐྱེས་ལ། །ཀཱ་ཀ་བྱ་རོག་གདན་དང་སྦྲུལ། །མགོ་བོ་བྱ་གདོང་ངན་པ་དང་། །ང་རྒྱལ་གླིང་དང་ཤིང་གི་བར། །ཀཱ་ཀ་བྱ་རོག་བྱིན་པ་དང་། །བྱ་རོག་གྲལ་དང་བྱ་རོག་ཤིག །ཀཱ་ཀ་དག་བྱེད་དྲི་མ་འཇོམས། །ཁྲག་ཅན་ལ་ཡང་བལྟ་བར་བྱ། །ཀཱ་ཀཾ་བྱ་རོག་ཚོགས་པ་དང་། །གཡོ་བ་འཆི་བར་བྱེད་པ་ལའང་། །ཀོ་ཀ་འཁོར་ལོ་ལྕེ་སྤྱང་དང་། །གཙོ་བོ་དང་ནི་འབྲ་མགོའི་ཤིང་། །སྦལ་བ་ཁྱབ་འཇུག་རྣམས་ལའོ། །ཙྪ་ཀ་ཁྱིམ་ལ་ཞིམ་པ་དང་། །སྣ་ཚོགས་རི་དྭགས་འདབ་ཆགས་དང་། །གྲོང་ཁྱེར་དང་ནི་འཁྱོགས་པོ་ལ། །ནཱ་ཀ་མཐོ་རིས་སྐབས་གསུམ་པ། །ནཱ་ཀུ་གྲོགས་མཁར་རི་བོང་དང་། །ཐུབ་པའི་བྱེ་བྲག་རྣམས་ལའོ། །བྷེ་ཀ་སྦལ་བ་སྤྲིན་དག་ལ། །ཀུཎྜ་ཀཾ་ནི་ཚེར་མ་དང་། །དགྲ་བོ་ཕྲན་ཚེགས་སྐྱོན་དག་དང་། །བ་སྤུ་ལྡང་དང་ཁབ་རྩེ་མོའོ། །གོས་བྱེད་ལ་ཡང་བལྟ་བར་བྱ། །ཀ་ན་ཀཾ་ནི་གསེར་སྨྱོ་བྱེད། །ནཱ་ག་གེ་སར་ཙམྤཀ །ཀཱ་རི་ཀཱ་ནི་མདོ་མང་པོའོ། །དོན་བསྡུས་འགྲེལ་པའི་ཚིགས་བཅད་ལ། །ཀཱ་རི་ཀཱ་གར་དང་གླང་མོ། །འདྲེགས་མཁན་ལ་སོགས་བཟོ་བོ་ལའོ། །ཀཱ་ལི་ཀཱ་ནི་གཏུམ་མོ་དང་། །རྣལ་འབྱོར་མ་ཡི་བྱེ་བྲག་དང་། །ཟད་པའམ་ཟིན་པ་རིན་ཐང་དང་། །འཁྲི་ཤིང་ཁྱད་པར་པོ་ཊའི་ཡལ་འདབ་ལ། །བ་སྤུའི་གྲལ་དང་དུད་སྤྲིན་དང་། །ནག་པོ་དང་ནི་བྱ་རོག་མོ། །སྡིག་པའི་འདབ་མ་སྤྲིན་གྱི་ཚོགས། །ཤ་རྒྱས་པ་དང་མི་ཡི་ལོ། །ལྷ་མོ་ཨུ་མ་དྷཱུ་མ་རི། །སྟོབས་དང་དུ་བའི་རབ་དབྱེ་དཔྱད་དང་། །སྤྲིན་བར་རྣམས་ལ་བརྗོད་བྱར་ལྡན། །ཀོ་ཤུ་ཀཾ་ནི་རྩེད་མོ་དང་། །དགའ་སྟོན་མངོན་འདོད་རྩེད་མོ་དགའ། །ཕན་ཚུན་ཕྲད་དང་བཀྲ་ཤིས་དང་། །གཏམ་བཤད་རྒྱ་ཆེན་བག་མ་ལེན། །ཡུལ་གྱི་ལོངས་སྤྱོད་དུས་ལ་ཡང་། །ཀཽ་ཤི་ཀ་ནི་གུ་གུལ་ཤིང་། །འུག་པ་ནེའུ་ལེ་སྦྲུལ་ཁས་བསྡིགས། །དབང་པོ་སྣ་ཚོགས་བཤེས་གཉེན་དང་། །དྲང་སྲོང་མིང་མཛོད་ཤེས་རྣམས་ལའོ། །ཁོ་ལ་ཀ་ནི་སྨིན་པ་དང་། །མཛོད་དང་མགོ་བོའི་ཏོག་ལའོ། །ཛྷི་ལི་ཀ་ནི་བུང་བ་དང་། །བྱུགས་པ་དང་ནི་དྲི་མ་ལ། །ན་ར་ཀ་ནི་དམྱལ་བ་དང་། །ལྷ་མ་ཡིན་གྱི་ཁྱད་པར་ལ། །འདམ་སྐྱེས་ཡེ་ཤེས་ནཱ་ལཱི་ཀ །མདའ་དང་ཟུག་རྔུ་ནཱ་ལཱི་ཀ །མཚོ་སྐྱེས་པད་སྡོང་ནཱ་ལི་ཀཾ །ཡཀྵ་ཀ་ནི་ངེས་ལེགས་ཕྱོགས། །ཕྱོགས་ཀྱི་སྒོ་དང་ལོག་བཅས་ལ། །པུཥྤ་ཀཾ་ནི་ལུས་ངན་པོའམ། །གཞལ་མེད་ཁང་དང་རིན་ཆེན་ཟེག །མིག་ནད་གཤའ་ཚེར་ག་ན་དང་། །མིག་སྨན་ཁུ་བ་རྣམས་དང་ནི། །རྔ་ཟླུམ་པར་པ་ཀ་ཊྭི་དང་། །ལྕགས་དང་མཁར་བ་རྣམས་ལའོ། །པྲ་ཏཱི་ཀཿནི་མི་མཐུན་དང་། །ཕྱོགས་རེ་བ་དང་གོ་ཟློག་དང་། །ཆ་ཤས་ལའོ་བྲ་བེ་ཀ །ཁྲུས་དང་ཤི་བ་དག་ལའོ། །མལླི་ཀ་དང་མལླི་ཀཱ །དང་པོའི་རྒྱལ་པོའི་ཁྱད་པར་ལ། །མལླི་ཀཱ་ནི་རྩ་སྟོང་དང་། །ཉ་དང་ས་ཡི་སྣོད་དག་ལ། །མཱ་ས་ཀཾ་ནི་མཉམ་ཉིད་ལྡན། །ཕྲེང་བ་དང་ནི་མགུལ་རྒྱན་དང་། །དོ་ཤལ་མེ་ཏོག་ཕྲེང་བ་དང་། །མཁའ་ལྡིང་ཆུ་ཀླུང་ཁྱད་པར་ལ། །རཀྟ་ཀ་ནི་ནད་མེད་དང་། །གཉེན་བྱེད་གོས་དམར་རྗེས་ཆགས་ལ། །རཱ་ཛ་ཀཱ་ནི་སྤྲིངས་ཡིག་དང་། །ཉ་པ་ཀེ་ཚེ་ཡུངས་ཀར་ལའོ། །བརྞི་ཀཱ་དང་བརྞ་ཀཿ མདོག་དང་སྤྱོད་པ་སྙན་ངག་མཁན། །བྱུགས་པ་དང་ནི་རི་མོ་མཁན། །ཡི་གེ་དང་ནི་ཙནྡན་ལའོ། །བི་བེ་ཀ་ནི་རྣམ་དཔྱད་དང་། །ཆུ་ཡི་སྣོད་དང་དབེན་པ་ལ། །ཧེ་རུ་ཀ་ནི་སངས་རྒྱས་དབྱེ། །དེ་བཞིན་ནག་པོ་ཆེན་པོའི་ཚོགས། །པུཎྱ་རཱི་ཀཿམེ་ཕྱོགས་གླང་། །གཟིག་དང་བུད་མེད་བུར་ཤིང་ལའོ། །པུཎྜ་རཱི་ཀཾ་གདུགས་དཀར་དང་། །ཆུ་སྐྱེས་དཀར་དང་སྨན་ལའོ། །བྲ་ཙ་ལ་ཀ་མདའ་འཕན་དང་། །རྨ་བྱ་གནོད་སྦྱིན་ལག་འགྲོ་ལ། །བི་ནཱ་ཡ་ཀཿསངས་རྒྱས་དང་། །ཚོགས་བདག་ལོག་འདྲེན་བགེགས་བྱ་ཁྱུང་། །བླ་མ་ལ་ཡང་དྲན་པར་བྱ། །བྷཊྚཱ་ར་ཀ་ལྷ་དང་ནི། །ས་སྐྱོང་དཀའ་ཐུབ་ནོར་ཅན་ལ། །སྣཱ་ཏ་ཙི་ཀིཏྤ་ཀཾ་ནི། །དཀའ་ཐུབ་བུད་མེད་མེ་ཏོག་ལའོ། །ཞེས་སྙན་ངག་མཁན་པོ་པཎྜི་ཏ་དཔལ་འཛིན་སྡེས་རྣམ་པར་བཀོད་པ་སྣ་ཚོགས་གསལ་བ་ཞེས་པའམ། མིང་གཞན་མུ་ཏིག་ཕྲེང་བ་ལས། །ཀ་དབྱངས་དང་བཅས་ཏེ་ཀ་མཐའི་ལས་ཉེ་བར་བཏུས་པའོ། །སྡེའོ། ། ༈ ཁ་ནི་ནམ་མཁའ་ལྷ་ཡུལ་བདེ། །བློ་དང་ཚོར་མ་ཉམས་མྱོང་གྲོང་། །སྟོང་པ་ཐིག་ལེ་དབང་པོ་ཞིང་། །ཀུ་ཎཱ་ཧ་ལའི་འབྲས་བུའོ། །ན་ཁ་སེན་མོ་གཎྜ་ལ། །ལེ་ཁ་སྤྲིངས་ཡིག་ལྷ་མིན་ལ། །ལེ་ཁཱ་རི་མོ་བྲལ་ཡི་ག །ཤི་ཁཱ་ཡལ་ག་གཙུག་ཕུད་ཙམ། །ཕུད་བུ་འབར་བ་མཇུག་མ་ལ། །སུ་ཁཾ་སྐྱིད་དང་མཐོ་རིས་ལ། །སུ་ཁཱ་གྲོགས་དང་རབ་སེམས་མོ། །མ་ཡཱུ་ཁ་ནི་མེ་ལྕེ་དང་། །འོད་ཟེར་མཛེས་དང་སྒྲོན་མེ་ལའོ། །ཨགྣེ་མུ་ཁ་ལྷ་དང་ནི། །གཉིས་སྐྱེས་དང་ནི་རླུང་གི་མིང་། །སརྦ་ཏེ་མུ་ཁཾ་ཞེས་པ། །ནམ་མཁའ་དང་ནི་ལམ་ལའོ། །ཁ་མཐའི་སྡེའོ། ། ༈ ག་ནི་དྲི་ཟ་ཚོགས་བདག་ཉིད། །གཾ་གླུ་གཱ་ནི་གླུ་མཁན་མ། །གཽ་ཕོ་གླང་དང་མཐོ་རིས་དང་། །མཁའ་འོད་རྡོ་རྗེ་ཟླ་བ་རི། གཽཿབ་ལངས་ཕྱོགས་མིག་དང་ངག །མདའ་དང་ཆུ་རྣམས་ལ་ནིའོ། །ཨ་ག་འགྲོ་མེད་ཤིང་རི་བོ། །ཉི་མ་ལག་འགྲོ་དག་ལའོ། །ཨ་ག་ལུས་དང་གཙོ་བོ་དང་། །ཐབས་དང་འགྲན་ཟླ་ཉེ་བ་དང་། །ཡན་ལག་ལྡན་པ་རྣམས་ལའོ། །ནཱ་གཿརི་ཤིང་འགྲོ་མེད་དང་། །འཆི་བར་བྱེད་པའི་ཁྱད་པར་ལའོ། །ཉི་མ་ལག་འགྲོ་དག་ལའོ། །ནཱ་ག་སྒྲའི་སྙེ་མར། ནཱ་ག་རིན་ཆེན་བུད་མེད་མཛེས། །མེ་ཏོག་མདའ་ཅན་རྒྱ་མཚོ་དང་། །འཁྲི་ཤིང་ཤིང་རྟ་སོགས་སུ་དྲན། །ཅེས་བཤད་དོ། །ཀླུ་དང་ཀླུ་ཤིང་དང་། །ནཱ་ག་གེ་སར་གླང་པོ་དང་། །གླང་པོའི་སོ་དང་ཆར་སྤྲིན་དང་། །ནཱ་ག་བལླི་གླ་སྒང་དང་། །གྲོ་མ་ལུས་ཀྱི་རླུང་བྱེ་བྲག །གཙོ་བོ་ཉིད་དང་སྐྱེ་བོའི་ལྗོངས། །ཞ་ཉེ་གཤའ་ཚེ་ལ་མ་ནིང་། །འཆི་བར་བྱེད་པའི་ཁྱད་པར་ལའོ། །བྷ་གཾ་ཡེ་ཤེས་སྐྱེ་གནས་ཆོས། །གྲགས་པ་བདག་ཉིད་ཆེན་པོ་དང་། །དབང་ཕྱུག་འབད་པ་ཆགས་བྲལ་དཔལ། །རྣམ་ཤེས་བརྩོན་འགྲུས་ཉི་མ་ལའོ། །བྷོ་ག་བདེ་དང་སྦྲུལ་གྱི་ནི། །གདེངས་ཀ་དང་ནི་ལུས་དག་ལ། །ཐ་སྙད་དང་ནི་ལོངས་སྤྱོད་དང་། །འདུས་ལ་བལྟ་དང་བུད་མེད་ཀྱིས། །གླ་སོགས་སྐྱོང་བར་བྱེད་དང་ནོར། །མྲྀ་ག་རི་དྭགས་ཕྱུགས་གླང་པོ། །རྒྱུ་སྐར་གྱི་ནི་དབྱེ་བ་ལ། །ཡུ་ག་ཤིང་རྟ་གཤོལ་ནག་གོ །ཡུ་གཾ་རྫོགས་ལྡན་སོགས་དང་ཟུང་། །ལག་བཞི་རྒན་པོའི་མིང་ཅན་སྨན། །ཡོ་ག་གོ་ཆ་གྱོན་པ་དང་། །སྦྱོར་བ་བསམ་གཏན་འགྲོགས་པ་དང་། །ཁྱོན་ལ་སོགས་དང་གསང་བུ་རྫས། །ཀུན་འཇོམས་མཆོག་དང་སྔར་མེད་ཐོབ། །སྨན་དང་ཐབས་དང་རིགས་རྣམས་ལ། །ཨ་ནཾ་ག་ནི་ཡིད་སྲུབ་དང་། །ལུས་མེད་ནམ་མཁའ་ཡིད་འོང་ལ། །ཨཱ་བྷོ་ག་ནི་ཀུན་འགྲོ་འབད། །གདུགས་དང་རབ་སེམས་གང་བ་དང་། །ཀུན་སྦྱོང་དྲི་དང་ཕྲེང་བ་སྦྱིན། །རྩོལ་བའི་སྒྲིབ་པ་རྣམས་ལའོ། །པ་ཏཱཾ་གཿནི་བྱེ་མ་ལེབ། །ཉི་མ་བྱ་དང་འབྲུ་བྱེ་བྲག །སཾ་བྷོ་ག་ནི་དགའ་བ་དང་། །ལོངས་སྤྱོད་དང་ནི་རྒྱལ་བའི་བསྟན། །ག་མཐའི་སྡེའོ།། །། ༈ གྷ་ནི་དྲིལ་བུའི་དབང་པོ་ལ། །གྷ་ནི་དྲིལ་བུ་འཇོམས་བྱེད་ལ། །གྷུ་ནི་བུད་མེད་སྒྲ་ལའོ། །ཨ་གྷཿསྡིག་པ་སྡུག་བསྔལ་ཕོངས། །ཨ་བ་གྷ་ནི་སྡིག་པས་སྟོང་། །དྲི་མ་མེད་དང་ཡིད་དགའ་དང་། །གྷ་མཐའི་སྡེའོ།། །། ༈ ང་ནི་འཇིགས་པ་བྱེད་དང་ཡུལ། །རྩ་བར་ཡང་འདི་ལས་མེད་དོ། །ང་མཐའི་སྡེའོ།། །། ༈ ཙ་ནི་ཆོམ་རྐུན་ཟླ་བ་དང་། །རུ་ཙི་མཛེས་དང་འོད་དང་འདོད། །མངོན་པར་ཆགས་དང་བཟང་བ་ལ། །བཱ་ཙ་དབྱངས་ཅན་ཚིག་དང་ནི། །ཤིན་ཏུ་ཆུང་བའི་རྦ་རླབས་དང་། །གོ་སྐབས་དང་ནི་བདེ་བ་ལ། །ཤུ་ཙིཿཉེར་འཛིན་ཟླ་བ་མེ། །སྔགས་པ་ཁྱུང་དང་རྨ་བྱ་དང་། །སྒོག་པ་དང་ནི་སོས་ཀའི་དུས། །དཀར་བ་དང་ནི་ཉེར་འཚེ་མེད། །པྲ་ཏཱི་ཙཱི་ནི་ཕྱོགས་དུས་ཡུལ། །ཙ་མཐའི་སྡེའོ།། །། ༈ ཚ་ནི་གཅོད་དང་བྱ་རོག་དང་། །ཚ་ནི་གཅོད་དང་འདོད་པ་ལ། མཚན་མ་དང་ནི་དང་པ་ལ། །ཨ་ཚ་ཤེལ་དང་དམ་དང་ནི། །དྲི་མེད་ལ་སྟེ་མི་ཟད་པའོ། །གུཙྪ་ཕོན་པོ་དོ་ཤལ་དབྱེ། །སྡོང་པོ་དང་ནི་བསགས་པ་ལ། །ཚ་མཐའི་སྡེའོ།། །། ༈ ཛ་ནི་མྱུར་འགྲོ་ཛཱ་ཞེས་པ། །འབྱུང་པོ་སྐྱེ་བ་རྒྱལ་བྱེད་རྒྱལ། །ཛཱུ་ནི་ཀཱ་ར་བསྟོད་དང་དབྱངས། །ཤ་པ་ནི་མགྱོགས་པ་ལའོ། །ཨ་ཛཿཁྱབ་འཇུག་དབང་ཕྱུག་དང་། །བདུད་དང་ཚངས་པ་སྒྲུབ་བྱེད་དང་། །རགྷུའི་བུ་དང་ར་རྣམས་ལའོ། །ཨཔྫཿགཞུ་ཡི་ཁྱད་པར་དང་། །ཟླ་བ་ཆུ་སྐྱེས་ནི་ཙུ་ལ། །ཀུཔྫ་སྒུར་འཁྱོག་ཤིང་བྱེ་བྲག །ཁརྫུ་འབྲ་གོའི་ཤིང་དང་ནི། །གཡའ་བ་དང་ནི་སྲིན་བུའོ། །དྭི་ཛ་བྲམ་དྭི་ཛ་ས་སྐྱོང་ཟླ་བ་བྱ། ཟེ་སྒོང་སྐྱེས་དང་།། མཛོད་དང་ནོར་བུ་རྒྱ་མཚོ་སོགས། རྒྱལ་རིགས་དང་ནི་རྗེའུ་རིགས་ལའོ། །ཛ་ལ་ཛཾ་ནི་ལམ་སྐྱེས་དང་། །ཆུ་སྐྱེས་པདྨ་རུ་རྟ་དུང་། །ཨ་ཧི་བྷུ་ཛ་རྣམ་འདུམ་བྱ་ཁྱུང་བུ། །འབྲུག་རྨ་བྱ། སྒྲའི་རྗེས་སུ་སྒེག་པ་མའོ། །དྷརྨ་རཱ་ཛཿགཤིན་རྗེ་དང་། །བདེ་བར་གཤེགས་དང་གཡུལ་ངོར་བརྟན། །ཛ་མཐའི་ཛྷ་མཐའ་ནི་མི་སྣང་ངོ་། །སྡེའོ།། །། ༈ ཉ་ནི་དབྱེ་བའི་སྒྲ་དང་ནི། །གླུ་ལེན་པ་ལ་འགའ་ཡིས་བཤད། །ཛྙ་ནི་མཁས་དང་བློ་ལའོ། །པྲཛྙཱ་བློ་ལ་པྲཛྙ་མཁས། །བདེ་གཤེགས་བདེ་འབྱུང་བྱ་དང་རི་དྭགས་ཁྱིམ་ལ་བརྟེན་པ་ལའང་། སརྦ་ཛྙཱ། །ཉ་མཐའི་སྡེའོ།། །། ༈ ཊཱ་ནི་ས་ལའོ་ཊ་ནི་སྒྲ། །ཊཾ་ནི་སྤྱི་བླུགས་ལ་འགྱུར་རོ། །ཀོ་ཊི་གྲངས་ཀྱི་བྱེ་བྲག་དང་། །མཆོག་དང་ཤིན་ཏུ་ཕུལ་བྱུང་རབ། །རྩེ་མོ་གཞུ་ཡི་མཆོག་མ་ལ། །ཏིཥྟཾ་བདེ་དང་མི་དགེ་མེད། །སྡིག་པ་དང་ནི་མི་དགེ་བའོ། །བེ་ཀ་ཊ་ནི་རྣམ་མཛེས་དང་། །ཉ་དང་ལང་ཚོ་བྱེ་བ་གསར་པ་ལའོ། །ཊ་མཐའི་སྡེའོ།། །། ༈ ཋ་ནི་ཟླ་བའི་དཀྱིལ་འཁོར་དང་། སྟོང་པ་བདེ་བྱེད་མཐོང་བའི་སྒྲ། །ཀ་ཋ་དབྱངས་དང་ངེས་བརྗོད་དབྱེ། །དེ་སློབ་དེ་རིག་ཐུབ་པ་ལའོ། །ཀཎྜཿ རྟགས་གསུམ། མགྲིན་པ་ཉེ་བ་དང་། །སྐྲ་དང་མྱོས་བྱེད་ཤིང་ལའོ། །ཀཎྛཱ་ཕྱོགས་དང་ཡུལ་སྲོལ་དང་། །ཕུལ་དུ་བྱུང་དང་གནས་ཙམ་དང་། །དུས་ཀྱི་འཇལ་བྱེད་བྱེ་བྲག་དང་། །ཤིང་སོར་ལའོ་ཀཥྛཾ་ནི། །བུད་ཤིང་ཀུཎྛ་རྨོངས་ལས་མེད། །ཧཱ་རི་ཀཎྛ་ཁུ་བྱུག་དང་། །མགྲིན་པ་དོ་ཤལ་བཅས་ལའོ། །ཋ་མཐའི་སྡེའོ།། །། ༈ ཌ་ནི་རི་ཡི་མགོན་པོ་དང་། །སྐྲགས་པའི་སྒྲ་ལས་བལྟ་བར་བྱ། །ཀཱཎྜ་སྡེ་ཚན་མདའ་དང་དོན། །སྡོང་པོ་སྐབས་དང་ཆུ་དར་བ། །སྡེ་ཚན་ཀུཪྻ་ལྗང་ཕོན་དང་། །འཕྲོགས་དང་སྨད་དང་གནས་སྐབས་དང་། །བུ་དང་འོན་པ་རྣམས་ལའོ། །ཀུཎྜ་ཀུཎྜི་སྤྱི་བླུགས་དང་། །ཀུཎྜཾ་ལྷ་ཡི་རྫིང་བུའི་གཞི། །མེ་ཐབ་འཇལ་བྱེད་བྱེ་བྲག་ལའོ། །ཌ་མཐའི་སྡེའོ།། །། ༈ ཌྷ་ནི་རྔ་དང་ཡོན་ཏན་མེད། །མི་ཟད་པ་ནི་སྒྲ་ལའོ། །དྷྲྀ་ཌྷ་སྦོམ་པོ་སྟོབས་ལྡན་ལ། །ཆེན་པོ་དང་ནི་ངེས་དང་ནུས། །མཱུ་ཌྷ་རྨོངས་དང་ལེ་ལོ་ལ། །ཏཱ་ཌྙ་ཚངས་པ་བཟང་དང་མཛེས། །སོ་ཌྷ་བཟོད་དང་ནུས་པ་ལ། །ཤོ་ཌྷ་ཡང་ནི་བཟོད་པ་ལ། །ཌྷ་མཐའི་སྡེའོ།། །། ༈ ཎ་ནི་གཏན་ལ་ཕབ་དང་ཤེས། །ཎུ་ཞེས་ཕྲ་དང་བྲམ་ཟེའི་དབྱེེ། །ཨུཥྞཱ་ཚད་པས་གདུང་བ་དང་། །བསྲེགས་པ་དང་ནི་གྲུང་པོའོ། །རི་ཎཾ་བགྲོད་དཀའ་བུ་ལོན་ཆུ། །ག་ཎཿཚོགས་དང་རབ་འཇོམས་རྣམས། །དམག་གི་རབ་ཏུ་དབྱེ་བ་ལ། །ཙཎྜ་དང་ནི་གྲངས་རྣམས་ལ། །གུ་ཎ་གཟུགས་སོགས་སྙིང་སྟོབས་སོགས། །ལུམ་པ་སོགས་དང་ལྗང་གུ་སོགས། །འདོད་དང་གཙོ་བོ་མིན་པ་དང་། །མཚམས་སོགས་ཐག་པ་མཽ་ཪྞཱི་རྩའི་གཞུ་རྒྱུད། དང་། །སྤྱང་ཀིའི་ལྟོ་བ་རྣམས་ལའོ། །གཽཥྞུ་གར་དང་གླུ་ལེན་དང་། །གྷྲྀ་ཎ་སྙིང་རྗེ་སྨོད་པ་ལ། །ཛརྞ་ཤིང་དང་ཆ་ཤས་གཏེར། །ཛིཥྞ་ས་དང་དབང་པོ་མི། །རྒྱལ་བྱེད་ལའོ་ཛི་རྞཾ་ནཱི། །སྨིན་དང་རྒས་དང་མཆོག་ཏུ་རྒས། །པུ༷རྞ་མཆོག་དང་གང་བ་ལ། །ཀ་ལྱཱ་ཎ་ནི་དགེ་བ་དང་། །གསེར་དང་བཀྲ་ཤིས་མི་ཟད་མ། །གྲཱ་མ་ཎིཿནི་འདྲེགས་མཁན་དང་། །གཙོ་བོ་བདག་པོ་ལོངས་སྤྱོད་ཅན། །ཚོགས་ཅན་གྲོང་དཔོན་རིམ་རྣམས་སོ། །ཡཀྵ་ཎ་ནི་མིང་མཚན་མ། །ལཀྵ་ཎཾ་ནི་དགའ་བྱེད་སྤུན། །ལཀྵྨ་ཎ་ནི་ཟླ་བ་དང་། །ལཀྵྨཎཾ་ནི་མིང་མཚོན་བྱེད། །ལཀྵྨ་ཎ་ནི་མཚོ་སྐྱེས་མ། །འོད་ལྡན་མ་དང་དཔལ་ལྡན་མའོ། །ཀཱ་མ་གུ་ཎ་ཆགས་པ་དང་། །ལོངས་སྤྱོད་དང་ནི་ཡུལ་ལ་ཡང་། །དེ་བ་མ་ཎི་ཞེས་པ་ནི། །ཞི་བ་ནོར་བུ་ཀོ་སྟུ་བྷ། །རྒྱལ་བའི་མགྲིན་པར་འཁྱིལ་བ་གང་། །རཀྵ་རེ་ཎུ་ལི་ཁྲི་དང་། །པ་ལ་ཤ་ཡི་མེ་ཏོག་རྡུལ། །པཱ་ཎི་བཀོད་པ་དང་ནི་ངག །པཱ་ཎི་སྤྲིན་དང་རིན་ཐང་ལ། །རེ་ཎ་རྡུལ་དང་ནག་པོ་དང་། །པཪྤ་ཏ་ལའོ་བརྞཿནི། །བསྟོད་དང་གཟུགས་གྲགས་ཡོན་ཏན་དང་། །ཆགས་དང་བྲམ་ཟེ་ལ་སོགས་དང་། །དཀར་པོ་ལ་སོགས་མཛེས་པ་དང་། །ལ་བ་ཁྲོ་བ་བརྟུལ་ཞུགས་དབྱངས། །ཤིང་དང་ཆ་བྱེད་མདོག་མི་གོ །དྷ་རུ་ཎཾ་ནི་ཆུ་དང་ནི། །མཐོང་ཐོས་དང་ནི་མཆོག་ལ་གནས། །ཎ་མཐའི་སྡེའོ།། །། ༈ ཏ་ནི་སྐྱོང་བྱེད་སྦྱོར་བ་ལ། །ཏ་ནི་ཆོམ་རྐུན་ཕག་གི་མཇུག །ཨཾ་ཀཱ་རྣམ་དག་ཁྱབ་པ་ལ། །ཨནྟ་འཇིགས་དང་ཡིད་འཕྲོག་དང་། །རང་བཞིན་ལའོ་ཨནྟཾ་ནི། །རབ་མཐའ་དང་ནི་ཉེ་བ་ལ། །ཨ་ཏཾ་མཁས་དང་རྟོགས་པ་ལ། །ཨུཀྟཾ་སྒྲ་དང་ཡི་གེ་གཅིག །རྀ་ཏི་བདེན་དང་འགྲོ་བ་དང་། །སྨྲ་བ་དང་ནི་མངོན་པར་མཆོད། །རྀ་ཏཾ་འགྲོ་དང་སྨད་པ་དང་། །འགྲན་པ་དང་ནི་བཀྲ་ཤིས་ལ། །རི་ཏུ་དུས་ཚིགས་སྣང་བ་དང་། །ཟླ་མཚན་དང་ནི་གུར་གུམ་དང་། །དཔྱིད་ལ་སོགས་དང་བརྟེན་པ་ལ། །ཀཱནྟ་འགྲོ་བ་ཉལ་པོ་དང་། །ཡིད་དུ་འོང་དང་དགའ་བ་དང་། །རྡོ་བ་ལའོ་ཀཱནྟཱ་ནི། །པྲྀ་ཡངྐུ་དང་དགོན་པ་ལའོ། །ཀཱིརྟི་གྲགས་པ་བསྟར་བ་དང་། །ཁང་བཟང་དང་ནི་རྒྱ་ཆེན་ལ། །ཀྲྀ་ཏཾ་བུར་གུམ་ཤིང་དང་ནི། །རྫོགས་ལྡན་དུས་དང་བདེན་པར་བཟུང་། །འབྲས་བུ་མེད་དང་ཡོངས་སུ་འཐོབ། །པཪྻཱ་སྟ། བྱས་དང་ཀུན་ཏུ་ཕན་པ་དང་། །ཀྲྀ་ཏི་འཆིང་བར་བྱེད་པ་ལ། །ཀེ་ཏུཿགཟའ་ཡི་བྱེ་བྲག་དང་། །དུས་མེ་དང་ནི་འོད་མཚན་བྱེད། །རྒྱལ་ཆེན་དང་ནི་དགྲ་ལའོ། །གཱི་ཏི་སྡེབ་སྦྱོར་བྱེ་བྲག་གླུ། །གཱི་ཏཾ་གླུ་དང་སྒྲ་ལའོ། །འདི་དོན་མང་པོ་ཅན་ཡིན་པས། ཡོངས་སུ་ཕྱིན་པ་དང་། ཐོབ་པ་དང་། ཆོག་པ་སོགས་ལ་འཇུག །དྷཱ་ཏུ་ཚངས་པ་ཡོངས་སུ་སྐྱོང་། །བྱ་བའི་དོན་དང་ཁུ་བ་དང་། །བད་ཀན་སོགས་དང་ཁྲག་སོགས་བཅུད། །འབྱུང་བ་སོགས་དང་རུས་པ་དང་། །ལྡོང་རོས་སོགས་དང་གསེར་དངུལ་སོགས། །ཁྱད་པར་བཙག་དང་མིག་སོགས་ལ། །དྷྲྀ་ཏི་འཛིན་དང་མི་སྨྲ་པ། །མཆོད་སྦྱིན་རྣལ་འབྱོར་བྱེ་བྲག་དང་། །བློ་གྲོས་དང་ནི་བརྟེན་པ་ལའོ། །ནཱི་ཏི་ཚུལ་དང་ཐོབ་པ་ལ། །པཱི་ཏཱ་བརྡུང་བ་དང་ནི་རྔ། །པཱི་ཏཱི་བཏུང་བའོ་པུསྟཾ་ནི། །རྣམ་ཤེས་དང་ནི་གླེགས་བམ་བྲིས། །མ་ཏི་བློ་དང་དྲན་པ་ལ། །མ་ཏཱ་བ་ལང་ཚངས་མ་སོགས། །སྙན་ངག་མཁན་དང་བཅས་པ་ལ། །དཀར་མོ་དང་ནི་ས་ལའོ། །མུཀྟི་ཐར་དང་གྲོལ་བ་ལ། །མུཀྟ་ཐར་བར་གྱུར་དང་གྲོལ། །མཱུརྟི་ལུས་དང་སྲ་བ་ལ། །མྲྀ་ཏཱ་འཆི་དང་བློ་གྲོས་ལ། །མྲྀ་ཏཾ་བླང་དང་ཤི་བ་ལ། །རཀྟཾ་ཁྲག་དང་རྗེས་སུ་ཆགས། །དམར་པོ་དང་ནི་ཚོས་ལ་སྟེ། །འདི་ཡན་རྟགས་གསུམ། ཤར་ཕྱོགས་སྐྱུ་རུ་ར་དང་ནི། །གུར་གུམ་དང་ཟེངས་ལའོ། །ར་ཏི་གསེར་དང་ནགས་ཚལ་ཆགས། །ཡིད་སྲུབས་དང་ནི་བཙུན་མོ་ལ། །ར་ཏཾ་རབ་དགའ་གསང་བ་ལ། །ར་ཏུ་འབབ་ཆུ་དང་ནི་ལམ། །རཀྟཾ་སྟོང་པ་ནགས་ཚལ་ལམ། །ཨ་མྲྀ་ཏཾ་ནི་བདུད་རྩིའི་ཆུ། །ཐར་པ་དང་ནི་མཛེས་པ་དང་། །མ་བསླངས་པ་དང་མཆོད་སྦྱིན་ལྷག །མར་དང་ཤིན་ཏུ་འཛིན་པ་ལ། །ཨ་མྲྀ་ཏཿནི་ཚིགས་བཟང་དང་། །ལྷ་མིན་ལའང་འདོད་པ་ཡིན། །ཨ་མྲྀ་ཏཱ་ནི་སླེ་ཏྲེས་དང་། །སྐྱུ་རུ་ར་དང་ཕན་པ་དང་། །ལམ་འགྲུལ་རྣམས་ལ་ངེས་པར་འདོད། །བ་ཏི་གཏོང་དང་འགྲོ་དང་འབར། །མཆོད་དང་རྒྱུག་དང་ཟ་བ་ལ། །བྱཀྟཿགསལ་དང་ཤེས་རབ་ཅན། །བརྗོད་པ་གསལ་དང་བློ་གྲོས་ལ། །ཤཀྟིཿསྤྲོ་བ་སོགས་དང་སྟོབས། །ཤཀྟིཿམཚོན་ཆའི་ཁྱད་པར་ལ། །ཤསྟི་བདེ་དང་བཀྲ་ཤིས་ལ། །ཤནྟི་ཞི་དང་བདེ་བ་ལ། །བྷྲཱུྃ་ཏིཿརྣ་བ་རིག་བྱེད་དང་། །ཐོས་དང་རྣ་བའི་ལས་ལའོ། །ལ་ཏཱ་སྦྲང་རྩི་སྐྱེས་ལྕུགས་མ། །ཡལ་ག་པྲི་ཀ་པྲི་ཡངྐུ་། །ལོ་ཏཾ་ཆོམ་རྐུན་རླངས་པ་དང་། །སྨྲ་བྱེད་སྨྲ་མཁས་མཁས་པ་ལའོ། །ཤྭེ་ཏཱ་ལྟེ་བ་དུང་ཅན་མ། །ལྗོན་ཤིང་སྐྱེ་བོས་ཏྲ་ནི་མཁས། །ལེགས་དང་ཡངས་པ་དམ་ཆོས་དང་། །བཀྲ་ཤིས་དང་ནི་མཆོད་པ་ལ། །སྨྲྀ་ཏི་ཆོས་ཀྱི་བསྟན་བཅོས་དང་། །དྲན་དང་བློ་གྲོས་འདོད་པ་ལའོ། །ཧི་ཏཾ་འགྲོ་དང་འཛིན་དང་ཕན། །ཧེ་ཏིཿམེ་ལྕེ་ཉི་མ་ཡི། །འོད་ཟེར་དང་ནི་མཚོན་ཆ་ལའོ། །ཁྱབ་འཇུག་བྱམས་མགོན་ཨ་ཛི་ཏཿ ཨཱ་སྥ་ཏི་ནི་ནགས་མེ་ཏོག །རི་ཡི་རྣ་བ་ལ་ཡང་ངོ་། །ཨ་བྷྱསྟ་ནི་རྗེས་སུ་ལྡན། །སོན་དང་རྣམ་ཐར་མཁས་པ་ལའོ། །གརྫི་ཏཾ་ནི་སྤྲིན་གྱི་སྒྲ། །གརྫ་ཧ་ནི་གླང་ཆེན་མྱོས། །བྱ་ཁྱུང་གསེར་དང་ཡལ་གའོ། །ཛཱེ་མཱུ་ཏ་ནི་བརྒྱ་བྱིན་སྤྲིན། །ལྷ་ཡི་ཆུ་དང་དབྱངས་ལྡན་ལ། །འཛིན་པ་དང་ནི་འཚོ་བ་ལའོ། །ཛཱི་བནྟི་ནི་ཟས་དང་འཚོ། །འཚོ་བར་བྱེད་པའི་སྨན་ལའོ། །པཎྜི་ཏ་ནི་བསྒྱུར་དང་བསྡུས། དམག་འགྲོ་བ་དང་འདབ་ཆགས་སོ། །པྲ་ཏཱི་ཏཿནི་གྲགས་པ་དང་། །གུས་པ་དང་བཅས་རབ་ཏུ་བཤད། །དགའ་དང་མཐོང་དང་མཁས་པ་དང་། །ལུགས་དང་ཤེས་པ་ལ་ཡང་ངོ་། །མ་ཧཱ་ཏ་ཆེན་པོ་རྒྱལ་སྲིད་དང་། །ཡངས་པ་དང་ནི་འཇོ་སྒེག་ལའོ། །རེ་བ་ཏཱི་ནི་མ་མོ་དང་། །ཀརྨའི་བྱེ་བྲག་འབྲས་ལྡན་མའོ། །རོ་ཧི་ཧཾ་ནི་ཐང་ཤིང་དང་། །གཡུལ་དུ་བརྟན་དང་ཁྲག་ལའོ། །རོ་ཧི་ཏཱ་ནི་དམར་པོ་དང་། །ཉ་དང་རི་དྭགས་དབྱེ་བ་ལ། །ལོ་ཧི་ཏཾ་ནི་ཙནྡན་དམར། །ས་མཆོག་དང་ནི་གུར་གུམ་དང་། ཁྲག་དང་ཁ་དོག་དམར་པོ་ལའོ། །བཱ་སནྟི་ནི་ཁུ་བྱུག་དང་། །སྲན་མ་མངྒ་གླང་ཕྲུགས་ལ། །ཐོབ་པ་དང་ནི་ཡལ་ཕྲན་ལའོ། །བཱ་སནྟཱི་ནི་སྦྲང་ལྷན་ཆུ། །ལྗོན་ཤིང་སྐྱ་བར་དག་ལ་ཡང་། །བིདྱུ་ཏ྄་ནི་གློག་དང་འོད། །ཐུན་མཚམས་དང་ནི་འོད་མེད་ལའོ། །ཤ་མུནྟ་ནི་བྱ་རྒོད་དང་། །འདབ་ཆགས་དབྱེ་བ་འོད་སྦྲང་རྩི། །སུ་ཀྲྀ་ཏཾ་ནི་དགེ་བ་དང་། །བསོད་ནམས་དང་ནི་ལེགས་བྱས་ལ། །སཾ་སྐྲྀ་ཏ་ནི་མཚན་ཉིད་ལྡན། །བཅོས་པ་དང་ནི་འདུས་བྱས་ལ། །རྒྱན་དང་དགེ་ལེགས་ལ་ཡང་ངོ་། །ཧ་རི་ཏཱ་ནི་ཟླུམ་པོ་དང་། །ལྗང་གུ་དང་ནི་མདོག་ལྡན་ལ། །རྟ་དང་མདོག་དང་ཕྱོགས་ལའོ། །ཧ་སནྟི་ནི་སོལ་བ་དང་། །སོ་བ་དང་ནི་མེ་ཏོག་ལའོ། །ས་ར་སྭ་ཏཱི་ཆུ་ཀླུང་དབྱེ། །ཆུ་ཀླུང་ལྷ་མོ་ས་དང་ངག །ལྷ་ཡི་རི་བོ་རྣམས་ལའོ། །ཏ་མཐའི་སྡེའོ།། །། ༈ ཐ་ནི་བྷོ་བ་བརྩེགས་པ་ལ། །ཐུ་ནི་འཇིགས་སྐྱོབས་བཀྲ་ཤིས་ལ། །པྲྀ་ཐུ་མི་བདག་ཟི་ར་ནག །རྫིང་བུ་མེ་དང་ཆེན་པོ་བརྗོད། །གྲནྠ་བསྒྲིགས་དང་ཡི་གེ་ནི། །སུམ་ཅུ་རྩ་གཉིས་ངེས་བྱས་ལའོ། །གྲནྠི་ཚིགས་དང་མདུད་པ་ལ། །ནད་ཀྱི་དབྱེ་བ་ལ་ཡང་ངོ་། །ཏཱིཪྠཾ་གླེང་གཞི་བསྔགས་པ་དང་། །བསྟན་བཅོས་དང་ནི་འཇུག་པ་ལ། །བསོད་ནམས་ཞིང་དང་མཆོད་སྦྱིན་སྣོད། །ཐབས་དང་བླ་མ་ལྟ་བ་དང་། །དྲང་སྲོང་བརྟེན་དང་ཆུ་བོ་དང་། །པུས་མོ་བ་ནི་ཏཱ་དུས་མཆོད། །ད་མ་ཐ་ནི་དུལ་བ་དང་། །དབྱུག་པ་གོས་མེད་ཕྱོགས་དང་ནི། །ནོར་མེད་དང་ནི་སྐྲ་ཉལ་བའོ། །སི་དྷཱཪྠ་ཞེས་བྱ་བ་ནི། །དོན་ཀུན་གྲུབ་དང་ཡུངས་ཀར་དཀར། །ཨུ་ད་ར་ཐི་ཉི་མ་མཚོ། །བ་ན་པྲདྠ་སྦྲང་རྩིའི་གནས། །བསྟི་གནས་གསུམ་པ་ཉི་ཤུ་ཀའོ། །ཨ་པྲ་ཏི་ར་ཐ་ཞེས་པ། །དཔའ་བ་དང་ནི་ལྟད་མོ་དང་། །སྙན་ཚིག་དང་ནི་བཀྲ་ཤིས་ལ། །ཐ་མཐའི་སྡེའོ།། །། ༈ ད་ནི་ངག་དང་འབོད་པ་ལ། །དཱ་ནི་མ་མ་གཅོད་དང་འབྱིན། །ཨབྡཿལོ་དང་སྤྲིན་དང་ནི། །གླེགས་བམ་དང་ནི་རིའི་བྱེ་བྲག །ནནྡཱ་ནོར་བུ་ཕུན་ཚོགས་ལ། །ནནྡི་སྨོད་དང་སྐུར་འདེབས་པ། །མ་དཿམྱོས་ཆང་གླ་རྩི་དང་། །རྒྱགས་པ་དང་ནི་ཁུ་བ་ནི། །གླང་པོའི་འགྲམ་ཆང་དགའ་བ་ལའོ། །བ་དཾ་ཚིག་དང་གནས་པ་དང་། །བྱ་དང་སྤྱོད་དང་ལོག་པར་སྟོན། །རྐང་པ་རྐང་རྗེས་སྒྲ་དང་ནི། །སྐྱོབས་དང་མཚན་མདངས་དངོས་པོ་ལའོ། །པཱ་ད་རྐང་པ་རྩ་བ་དང་། །བཞི་ཆ་དང་ནི་འོད་ཟེར་དང་། །རི་ཡི་མཐའ་དང་རི་བོ་ལ། །གཽ་བིནྡཿནི་ནོར་ལྷའི་བུ། །བ་ལང་དཔོན་དང་དབྱངས་བདག་ལ། །པྲ་སཱ་དཿནི་བཀའ་དྲིན་དང་། །རྗེས་སུ་འཛིན་དང་བདེ་བ་གནས། །རབ་ཏུ་ནུས་དང་སྲོག་དང་ནི། །སྙན་ངག་དབྱེ་བ་དྭངས་པ་ལའོ། །མོ་ནཱ་ད་ནི་ར་བྱི་ལ། །འབྲུག་སྒྲའི་རྗེས་སུ་སྒེག་པ་ལ། །སམྦ་ར་ཡོན་ཏན་བསྟོད་པ་དང་། །འབྱོར་པ་དོ་ཤལ་རབ་དབྱེ་ལ། །ཀྵ་ཎ་ད་ནི་ཚོགས་ཅན་དང་། །དགའ་སྟོན་པའོ་ཀྵ་ཎ་དཾ། །ཆུ་མའོ་ཀཱ་ཎ་ད་མཚན་མའོ། །ཨ་བ་བཱ་དཿསྨོད་པ་དང་། །བཀའ་དང་ཡིད་བརྟན་དག་ལའོ། །ཏ་མོ་ནུད་ནི་མུན་སེལ་དང་། །ཟླ་བ་ཉི་མ་མེ་རྣམས་ལ། །པྲྀ་ཡམྦ་ད་མཁའ་སྤྱོད་དང་། །སྙན་པར་སྨྲ་བ་ཉིད་ལའོ། །སམྦི་དམ་བཅའ་འཆིང་བ་དང་། །ཡེ་ཤེས་ཀུན་སྤྱོད་མིང་དང་ནི། །ཚིམས་པར་བྱ་བ་ངེས་བྱེད་དང་། །འཐམས་དང་ཡང་དག་འཆད་པ་ལ། །སཾ་བྷེ་དཾ་ནི་རྣམ་དབྱེ་དང་། །རྒྱ་མཚོ་ཡང་དག་འགྲོགས་པ་ལ། །ཤ་ཏ་ཧྲཱ་ད་གློག་ལྡན་སྤྲིན། །རྩེ་མོ་བརྒྱ་བ་དག་ལའོ། །ས་ཧ་པྲ་ཡང་ཞེས་པ་ནི། །ཉི་མ་དང་ནི་ཟ་མ་ཏོག །ཆོས་དང་གསང་དང་ཉེ་བར་འགོགས། །དུས་དང་ངོས་ཁྱིམ་མཆོད་སྦྱིན་ལའོ། །ད་མཐའི་སྡེའོ།། །། ༈ དྷཾ་ནི་ནོར་དང་ནོར་དབང་ལ། །དྷཱ་ནི་འཛིན་བྱེད་ཆོས་ཉིད་ལ། །ཨནྡྷཱི་ཆུ་གཏེར་མཚོ་མཆོག་མ། །ཨཱ་དྷཱིཿསེམས་ཀྱི་ཟུག་རྔུ་དང་། །མི་འདོད་འཆིང་རྒྱུ་ཟས་ངན་ངོན་སྐྱོད་ཅིང་བཟང་པོ་ཕུག་སྲིང་བྱེད་པའི་དོན། དང་ཕོངས་དང་གནས། །བིདྷ་ཀུན་ཏུ་གདུང་དང་འབར། །གནྡྷ་དྲི་དང་དྲི་བཟང་དང་། །ཆུང་བ་འདོད་དགའ་སྙེམས་པ་ལ། །ད་དྷི་དཔལ་སྟུག་ཞོ་དང་ནི། །དཔལ་གནས་དང་ནི་གནས་ལའོ། །བུདྡྷ་བདེར་གཤེགས་བསྟན་དང་ནི། །བློ་དང་ལྡན་པ་རྣམས་ལའོ། །བུདྡྷཿམཁས་ཤིང་རྟོགས་པ་དང་། །སྨིན་པ་དང་ནི་དེ་བཞིན་གཤེགས། །བུདྡྷཿམཁས་དང་ལྷག་མའོ། །བུདྡྷི་འཕེལ་དང་འབྱོར་དང་སྨན། །དགའ་བའི་ཆ་ཤས་ཁྱད་པར་ལ། །བྲྀདྡྷ་ཆེར་སྐྱེས་སྙན་ངག་མཁན། །རྒས་འཁོགས་ལའོ་བྲྀདྡྷི་ནི། །རི་ལས་སྐྱེས་པ་ལ་ཡང་ངོ་། །བོདྷིཿཏིང་འཛིན་དབྱེ་བ་དང་། །བྱང་ཆུབ་རྟོགས་པ་ས་ལས་སྐྱེས། །མ་དྷུ་མེ་ཏོག་བཅུད་དང་ནི། །སྦྲང་སྐྱེས་ཆང་ཆུ་འོ་མ་ལ། །མངར་དང་སྦྲང་རྩི་ཅན་དྲི་ཞིམ། །ནག་ཟླ་ལྷ་མིན་ཁྱད་པར་ལ། །འཚོ་བ་ཡལ་ག་ལ་ཡང་ངོ་། །མེ་དྷཱ་བློ་གྲོས་མཆོད་སྦྱིན་གཙང་། །མི་དྷེ་ངན་པ་མི་ཟད་ལ། །བིདྷིཿབྱེད་པོ་ཆོ་ག་དང་། །སྔོན་ལས་དང་ནི་རྣམ་ཤེས་དང་། །དུས་དང་ངེས་བྱེད་རྣམས་ལའོ། །སཱ་དྷུཿ སུདྷཱ་ནོར་རྫས་གློག་བདུད་རྩི། སྒྲའི་སྙེ་མར་རོ། །ལེགས་མཛེས་སྐྱེས་བུ་དང་། །སིདྡྷ་རྟག་པ་རྫོགས་པ་དང་། །རབ་ཏུ་གྲགས་དང་ལྷ་དག་ལ། །གྲུབ་དང་མངོན་པར་རབ་མཛེས་དང་། །སྒྲུབ་དང་སྦྱོར་བ་ལ་ཡང་ངོ་། །ཤྲདྡྷཱ་དད་པ་ཉིད་དང་འདོད། །ཤྲདྡྷཾ་ངེས་པར་གནས་པ་དང་། །ཤྲཱདྡྷྲ་དང་དང་ལྡན་པ་ལ། །པྲ་ཎི་དྷིཿནི་དོན་གཉེར་དང་། །སློང་མོ་ཉུལ་མ་ཀུན་འཛིན་ལའོ། །ས་མཱ་དྷཱིཿནི་བསམ་གཏན་དང་། །མི་སྨྲ་བ་དང་ཁས་ལེན་པ། །ཨུ་པ་ལབྦྷི་ཐོབ་པ་དང་། །བློ་གྲོས་ཤེས་རབ་མཚན་ཉིད་ལའོ། །དྷ་མཐའི་སྡེའོ། ། ༈ ན་ནི་འདྲེན་པ་དང་ནི་གྲུ། །ན་ནི་རྒྱལ་དང་མཆོད་པ་ལ། །ནཽ་ནི་གྲུ་དང་སྐྱེས་པ་ལ། །ཨནྣཾ་ཟས་བརྗོད་པ་ལའོ། །ཨི་ན་ས་བདག་ཉི་མ་ལ། །ཙི་ན་ཡུལ་དང་གོས་དང་འབྲུ། །རི་དྭགས་ཁྱད་པར་རྒྱུད་ཀྱི་དབྱེ། །དྷཱ་ནཾ་ནོར་དང་འབྱོར་པ་དང་། །དྷཱ་ནཱ་བྲྀཥྟ་ཡ་བ་དང་། །སོ་བ་མྱུ་གུ་ཆུ་གཏེར་ལ། །དྷ་ནུ་གཞུ་དང་དྲ་བ་དང་། །ཁྱིམ་གྱི་དབྱེ་བ་ཉིད་དང་ནི། །པགས་པ་འདོད་པ་ལ་ཡང་ངོ་། །པཱི་ནཾ་བཏུང་བ་བསྲུང་བ་ལ། །བ་ནཾ་ནགས་ཚལ་ཆུ་ཁང་པ། །དགའ་སྟོན་དང་ནི་རབ་གནས་ལ། །མུ་ནི་སྨྲ་བཅད་སངས་རྒྱས་དང་། །རི་བྱི་དང་ནི་ཀིངྴུ་ཀ །ཨཱརྨན་ཚངས་པ་ཡིད་དང་ལུས། །བདག་དང་འབད་པ་མཆོད་སྦྱིན་སེམས། །ངོམས་པ་པ་ར་བྱཱ་བརྟ་ནའོ། །རང་བཞིན་བརྟན་དང་བློ་རྣམས་ལ། །ཀཱ་མ་ན་འདོད་མྱ་ངན་མེད། །འདོད་པ་ཅན་དང་གཟུགས་བཟང་ངོ་། །འཇིགས་དང་ཕྱག་འཚལ་ཀཱ་མི་ནཱི། །ཤིང་དང་འདོད་ལྡན་མ་ལའོ། །ཀྲ་ན྄་ནཾ་ནི་འབོད་པ་དང་། །དུ་བ་དང་ནི་རྣམ་གྲོལ་ལོ། །ཛ་བྷ་ནཾ་ནི་བུད་མེད་དང་། །སྐེ་རགས་དང་ནི་སྔོན་མའི་ཆ། །ཏ་མོ་གྷྣ་ཉི་ཟླ་མེ། །བློ་དང་དཔལ་མགྲིན་ཁྱབ་འཇུག་ལ། །དཪྴ་ནཾ་ནི་མཐོང་མེ་ལོང་། །རྨི་ལམ་ལམ་དང་བསྟན་བཅོས་ལ། །ཆོས་དང་ཉེ་བར་དམིགས་པ་ལ། །ན་ལཱི་ནཱི་ནི་མཚོ་སྐྱེས་མ། །མཚོ་ལས་སྐྱེས་དང་མཚོ་མཆོག་དང་། །ན་མའི་གངྒ་རྒྱུན་ཅན་ལ། །བ་ལི་ནཾ་ནི་ཆུ་ཆུ་སྐྱེས། །སཱ་ཙ་ནཾ་ནི་ཆུ་དང་དཀའ། །འཚོད་པ་དང་ནི་མཁས་པ་ལ། །བྷོ་གིན་གདེངས་ཀ་ལྡན་པ་དང་། །སྦྲུལ་དང་གྲོང་དཔོན་རྒྱལ་པོ་དང་། །ནཱ་སི་ཏཱའོ་བྷོ་ག་ནཱི། །དབང་བསྒྱུར་མ་དང་རང་རིག་མ། །རྒྱལ་པོའི་བཙུན་མོ་རྣམས་ལའོ། །ཏཱ་ཛན་ཟླ་བ་མི་བདག་དང་། །བརྒྱ་བྱིན་རྒྱལ་རིགས་གནོད་སྦྱིན་གཙོ། །ལ་ལ་ནཱ་ནི་བུད་མེད་དང་། །ལྕེ་དང་རྩ་ཡི་ཁྱད་པར་ལ། །ཤ་ས་ནཱཾ་ནི་བསྟན་བཅོས་དཀའ། །རྒྱལ་པོས་བྱིན་དང་ཆེན་པོ་དང་། །བསྟན་པ་དང་ནི་ཡི་གེ་ལ། །ཤི་ཁིན་མཇུག་རིང་གཟའ་དང་མེ། །རྨ་བྱ་དང་ནི་བྱ་གག་མདའ། །གླང་དང་བ་ཀ་ལྗོན་ཤིང་དང་། །གཙུག་ཕུད་ལྡན་པ་རྣམས་ལའོ། །ཤཱ་ས་ན་ནི་རླུང་དང་དབུགས། །མྱོས་བྱེད་ལའོ་སཛྫ་ན། །ལེགས་པའི་སཛྫ་ནཱ་ནི་རྟོག །སམྶནྣ་ནི་ཕུན་ཚོགས་དང་། །ལྡན་པ་དང་ནི་བསྒྲུབས་པ་ལ། །སཱ་དྷ་ནཾ་ནི་ཕོ་མཚན་དང་། །ཟླ་སྐྱེས་ཚར་ཟིན་དམག་དཔུང་དང་། །ཟློག་དང་རྗེས་སུ་འགྲོ་བ་དང་། །ཤི་བའི་ལེགས་བྱས་གསོད་པ་དང་། །འགྲོ་བྱེད་རྫོགས་བྱེད་འགྲུབ་བྱེད་ཀྱི། །ཐབས་དང་སྦྱིན་དུ་འཇུག་དང་ནོར། །སཱ་དྷ་ན་ནི་མཆོད་སྦྱིན་གྱི། །ལས་ཀྱི་མཐའ་དང་མཆོད་སྦྱིན་བྱེད། །ཆུ་ལྷ་ཁྲིམས་ལུགས་མཚམས་དང་ཞིང་། །བུམ་པ་དང་ནི་གནས་ལའོ། །གྷ་ནཱ་གྷ་ནཿཆར་སྤྲིན་དང་། །བརྒྱ་བྱིན་དང་ནི་གསོད་པར་བྱེད་པའི། གླང་པོ་མྱོས། །པྲ་ཎི་དྷཱ་ནཾ་རབ་འབད་དང་། །རབ་ཏུ་འཇུག་དང་མཉམ་བཞག་ལ། །པྲ་ཏི་ཡཏྣཿའདུ་བྱེད་དང་། །ཉེ་བར་འཛིན་དང་འདོད་པའོ། །བཻ་རོ་ཙ་ན་བདེ་གཤེགས་ཀྱི། །བྱེ་བྲག་ཉི་མ་སྟོབས་ལྡན་བུ། །ས་མ་ཡོ་ནི་ཏིང་འཛིན་དང་། །གླང་པོ་ཆེ་དང་མཆོག་གནས་ལ། །པདྨ་ལཱཉྪཱ་ན་ཉི་མ། །འཇིག་རྟེན་དབང་ཕྱུག་ནོར་གྱིས་ཚངས། །པདྨ་ལཱཉྪཱ་ན་སྒྲོན་མ། །དབྱངས་ཅན་མ་དང་པདྨ་ལ། །ཧ་རི་བ་ཧ་ན་ཞེས་པ། །ཉིན་མོར་བྱེད་དང་སྤྲིན་གྱི་བཞོན། རཏྣའི་དོ་ཤལ་མཛེས་མ་འདི། །ཉི་ཟླ་རྒྱུ་སྐར་ཡོན་ཏན་འཕགས། །བློ་ལྡན་དམ་ཆོས་རིན་ཆེན་ལའོ། །སྒྲའི་སྙེ་མ་ནས་སོ། །ན་མཐའི་སྡེའོ། ། ༈ པཱ་ནི་རླུང་ངོ་ཤུ་དག་བྱེད། །བཱ་ནི་བཏུང་པ་སྐྱོང་བྱེད་ལ། །གལྦ་ཚངས་པའི་ཉིན་ཞག་དང་། །རིག་པ་འཛིན་པ་བསྟན་བཅོས་བསྒྲུབ། །གོ་པཿགླང་རྫི་བ་ལང་གནས། །གྲོང་དཔོན་དང་ནི་རྒྱལ་པོ་ལ། །པུཥྤཾ་མེ་ཏོག་བུད་མེད་རྡུལ། །རྒྱས་དང་ཁ་བྱེ་བ་ལའོ། །རཱུ་པ་རྣམ་པ་མཛེས་རང་བཞིན། །ཚིགས་སུ་བཅད་དང་ནཱ་ན་ཀྀ །གར་མཁན་སོགས་དང་རི་དྭགས་མདུད། །སྤྱོད་དང་ཕྱུགས་དང་སྨྲ་བ་ལའོ། །ཀྵེ་པ་ཐོགས་དང་རྣམ་པར་འགོགས། །ཀུ་རེ་འཕེན་དང་འཛིན་པ་ལ། །བྱུགས་དང་སྙེམས་པ་ལའང་ངོ་། །ཨཀྵི་པ་ནི་སྨོད་དང་གཏོང་། །འགུགས་དང་སྙན་ངག་རྒྱན་ལའོ། །པ་མཐའི་སྡེའོ། ། ༈ ཕུ་ནི་སྔགས་དང་ཕེ་ནི་སྒྲ། །གྲངས་མེད་སྥཱ་ནི་རྒན་དང་འཕེལ། །སྥ་ནི་གྷཉྫའི་རླུང་དང་ཁྱབ། །སྥུ་ནི་སྥུ་བྱེད་ཕལྒུའི་དངོས། །གུལྥ་དཔུང་པའི་རྒྱན་དང་ཚིགས། །ལུགས་དང་བརྗོད་པ་དག་ལའོ། །རེ་པོ་ཕོཿར་ཡིག་སྦོད་པ་བརྗོད། །རྟགས་གསུམ་ས་ཕོ་བ་ལང་སོགས་རྨིག་པ། །ལྗོན་ཤིང་སོགས་ཀྱི་སྐྲ་ལའོ། །ཤི་ཕ་རལ་པ་ཆུ་རླུང་དང་། །ཤ་ཅན་དང་ནི་མ་མ་ལའོ། །ཕ་མཐའི་སྡེའོ། ། ༈ བ་ནི་ཆུ་ལྷ་ཉེར་འཇལ་རྫས། །ཀུམྦི་ཁ་ཛཱ་ཀཱ་དང་ནི། །འོད་མའི་ཆའོ་ཀམྦུཿནི། །གླང་པོ་གདུ་བུ་དུང་ཕྲན་དང་། །མགྲིན་པ་དང་ནི་སྨྱུགས་གླིང་ལའོ། །གནྡྷ་རྦཿནི་རི་དྭགས་དབྱེ། །ཀླུ་མཁན་དང་ནི་མཁའ་སྤྱོད་དང་། །སྲིད་པ་བར་མའི་སེམས་ཅན་ལ། །རྟ་དང་ཁུ་བྱུག་བཅུད་ལེན་གྲུབ། །ལྷ་ཡི་གླུ་མཁན་རྣམས་པའོ། །བིམྦ་གཟུགས་ཅན་འབྲས་བུ་དང་། །དཀྱིལ་འཁོར་དང་ནི་གཟུགས་བརྙན་ལ། །པཱུརྦཱ་སྔོན་དང་སྔོན་རབ་ཤར། །བ་མཐའི་སྡེའོ། ། ༈ བྷ་ནི་འོད་ཆགས་དྭངས་པ་དང་། །དཀར་རྒྱལ་བ་ཡི་དོན་ལ་ཡང་། །བྷ་ནི་འབར་དང་གནས་ཙམ་ལ། །བྷཱཾ་ནི་སྐར་མ་བྷཱི་ནི་འཇིགས། །བྷཱུ་ཞེས་པ་དང་གནས་ཙམ་ལ། །འབྱུང་བར་བྱེད་པ་རྣམས་ལའོ། །བྷཱུ་ནི་བོད་པ་མི་ཟད་པའོ། །ན་བྷཿནམ་མཁའ་ན་བྷཱཿསྤྲིན། །གྲོ་བཞིན་ཟླ་བ་ཆོལ་ཟངས་དང་། །རྣ་དང་བད་རྩའི་སྐུད་པ་དང་། །དབྱར་དུས་རྣམས་ལ་ན་བྷཱཿའོ། །ནཱ་བྷི་རྒྱུ་སྐར་འཁོར་ལོས་སྒྱུར། །གཙོ་བོ་འཁོར་ལོའི་མཐའ་དང་ནི། །སྲོག་ཆགས་ཡན་ལག་མྱོས་བྱེད་མོ། །ཤུ་བྷ་གྲུབ་པ་ཤུ་བྷཾ་བདེ། །ཤོ་བྷ་མཛེས་དང་གྲིབ་མ་ལ། །བི་བྷཱུ་སུམ་རྩེན་དབང་ཁྱབ་བདག །ཤམྦྷུ་དབང་ཕྱུག་ཚངས་པ་དང་། །མཆོད་འོས་དང་ནི་སྐྲ་ཅན་ལ། །དུནྡུ་བྷིཿནི་རྔ་བོ་ཆེ། །ལྷ་མིན་ཤོ་ཡི་ཐིག་ལེ་ལ། །ཤ་ར་བྷ་ནི་སེང་གེའི་དབྱེ། །རྐང་པ་བརྒྱད་པ་ཀ་ར་བྷཱ་སྒྲའི་སྙེ་མར། ཤུ་བྷ་དགེ་བ་བཀྲ་ཤིས་དང་། བདུད་རྩི་མཛེས་པ་འབར་བ་དང་། བདེན་པ་སོགས་སུ་བལྟ་བར་བྱ། །བྷ་མཐའི་སྡེའོ། ། ༈ མ་ནི་ཞི་བ་མཱ་ཟླ་བ། །སྒྲ་གཅན་དང་ནི་མ་མོ་དང་། །དགའ་དང་ང་རྒྱལ་འཆིང་བ་དང་། །དགག་པ་ལ་སྟེ་མི་ཟད་པའོ། །མེ་དང་མཾ་ཞེས་པའང་དེ། ཨིཥྨ་འདོད་དད་དཔྱིད་ལའོ། །ཨུ་མཱ་གཽ་རི་དང་ནི་སེར། །མཛེས་དང་གྲགས་དང་དགའ་བ་ལ། །ཨུ་མ་གྲོང་དང་བྱེད་པ་ལ། །གྲཱ་མཿདབྱངས་དང་གྲོང་བརྡལ་དང་། །སྒྲ་སོགས་སྔ་མ་ཅན་གྱི་ཚོགས། །དྷ་རྨ་འཚེ་མེད་བསོད་ནམས་དང་། །རིགས་པ་མཆོད་སྦྱིན་རང་བཞིན་དང་། །དཔེ་དང་སྡོམ་དང་ཀུན་སྤྱོད་དང་། །རིག་བྱེད་མཐའ་དང་གཞུ་རྣལ་འབྱོར། །ཟླ་བའི་བཏུང་བ་ཅན་བདག་ཉིད། །དྲི་ཡི་རྩ་དང་བསིལ་བ་དང་། །འདུལ་བྱེད་མིན་དང་གཞན་བསྟོད་ལ། །གཤིན་རྗེ་དང་ནི་མཆོད་སྦྱིན་རྩེ། །ཉེ་བར་གནས་པ་ལ་ཡང་ངོ་། །པདྨ་པདྨའི་ཚོགས་དང་ནི། །ཆུ་སྐྱེས་བཀོད་པ་གྲངས་བྱེ་བྲག །སྟེགས་དང་པདྨ་ཅན་ཀླུའི་དབྱེ། །པདྨ་བྷིདྒཱ་དང་ནི་དཔལ། །བྲཱཧྨཱི་དབྱངས་ཅན་འདམ་སྐྱེས་གདོང་། །ཚངས་པའི་ནུས་མ་པཉྩི་ཀཱ། །ཟླ་བའི་ལྕུགས་མ་ཡལ་གའི་དབྱེ། །བྷཱ་མ་ཁྲོ་བ་སྨྲ་དང་འདོད། །ཡ་མ་གཤིན་རྗེ་ཆོས་ཀྱི་རྒྱལ། །ཟུང་དང་ཡང་དག་སྡོམ་དང་ཞྭ། །མཚེ་མ་སྐྱེས་དང་ལུས་དང་བསྒྲུབས། །ལྟོས་པ་མེ་དང་རྟག་པའི་ལས། །ཡ་མ་མཚོན་ཆ་ཡང་དག་འགོག །རསྨིཿའོད་དང་རྟ་སྲབ་དང་། །མིག་གི་རྫི་མ་ཟེ་འབྲུའོ། །རཱ་མ་སྦྲང་རྩིའི་ཆུང་མ་ལ། །རཱ་མ་ཡིད་སྲུབ་མཛེས་པ་དང་། །ས་སྐྱེས་མྱ་ངན་མེད་པ་ལ། །རཱ་མ་ར་གྷུའི་བུ་དང་ནི། །དྲང་སྲོང་ཛ་མ་དགྣའི་བུ། །ཤེལ་འཛིན་ཕྱུགས་ཀྱི་དབྱེ་བ་དང་། །ཤིན་ཏུ་ཡིད་དུ་འོང་རྣམས་ལ། །རཱ་མཱ་བུད་མེད་མཛེས་པ་ཀུན། །རཱ་མཾ་སྣེའུ་རུ་རྟའོ། །ལཀྵྨཱི་དཔལ་དང་ཕུན་ཚོགས་ལ། །སི་མཾ་མཚམས་དང་དུས་དང་ནི། །ཞིང་དང་བྱེད་པ་གནས་ལའོ། །ཀྵེ་མཾ་འཐོབ་དང་བསྲུང་བ་དང་། །བཀྲ་ཤིས་དང་ནི་ཆོམ་རྐུན་ལ། །ཨུཏྟ་མི་དང་ཨུཏྟ་མཾ། །མཆོག་དང་ཕུལ་དུ་བྱུང་བའོ། །གུ་སུ་མཾ་ནི་མེ་ཏོག་འབྲས། །དུས་སུ་སྐྱེས་དང་མིག་ནད་ལ། །ནི་རྒ་མ་ནི་ངེས་འགྲོ་བློ། །ཕུན་སུམ་ཚོགས་དང་རིགས་ངན་ལ། །ས་ཏུ་མ་ནི་ཆོས་མཆོད་འོས། །མཆོག་དང་ལེགས་པ་ལ་ཡང་ངོ་། །སཾ་བྷ་མ་ནི་གུས་པ་དང་། །སྤྱོད་དང་ལེགས་པ་ལ་ཡང་ངོ་། །སུ་ཁ་མཾ་ནི་མཛེས་དང་ལུས། །སུ་ཁ་མ་ནི་གསལ་བ་དང་། །མངོན་པར་གསལ་བ་ལ་ཡང་ངོ་། སྒྲའི་སྙེ་མར། ཧེ་མ་མེ་ཏོག་འཁྲི་ཤིང་༡དང་། ༢ཚུལ་ཁྲིམས་ལྡན་དང་ས་སྐྱོང་དང་༣། །ཡིད་༤འོང་རིན་ཆེན་༥ནགས་༦ཚལ་མདའ་༧། །དགའ་༨དང་དྲན་པ་༩འཆི་མེད་གྲོང་༡༠། །༡༡བདེན་དང་ཆོས་དང་༡༣མུ་ཏིག་སོགས། །མ་མཐའི་སྡེའོ། ། ༈ ཡ་ནི་རླུང་དང་གྲགས་པ་དང་། །ཐོབ་བྱེད་གཏོང་དང་འགྲོ་བྱེད་ལ། །ཡཱ་ནི་ས་དང་མ་མོ་དང་། །མེ་དང་རྔ་ཡབ་མཱུ་ཏཱི་དང་། །མུརྦྥྰ་ཧྨཱ་རྣམས་ལའོ། །དྱོ་ནི་ལྷ་གནས་སྐབས་གསུམ་ལམ། །ཨ་ནྱ་མཚུངས་ལེན་བྱེད་པ་དང་། །གཞན་དུ་འགྱུར་དང་ཐ་མ་ལ། །ཨདྱཿམཁས་དང་ནོར་ལྡན་ལའོ། །ཨཪྻྻཿརྗེ་བོ་རྗེ་རིགས་ལ། །ཨིཧྱ་བླ་མ་འོད་དང་སྦྱིན། །མཆོད་དང་འགྲོགས་དང་གནས་ལའོ། །ཀ་ལྱཾ་ནམ་ལངས་སྣང་བ་དང་། །ཉིན་མོའོ་ཀ་ལྱཿནད་མེད་དྲུང་། །ཀ་ལྱཱ་སྐྱེས་མཆོག་དགེ་བ་བརྗོད། །ཀཱ་ཡ་ལུས་དང་རང་བཞིན་འདུས། །འབུམ་དང་ལྷ་ལས་བྱུང་བའོ། །ཀྲི་ཡཱ་བྱ་བ་ལས་དང་ནི། །བསམ་དང་རྣམ་པར་དཔྱོད་དང་ཐབས། །རྩོམ་པ་དང་ནི་བསླབ་པ་མཆོད། །གསོ་དཔྱད་མཐར་བྱེད་མ་རྫོགས་པ། །བཱིཪྺ་ས་བོན་ཉི་ཟླ་དང་། །བརྩོན་འགྲུས་ཚངས་དབང་ཁྱབ་འཇུག་སོགས། །གུཧྱཾ་གསང་བ་གསང་གནས་དང་། །ཚུལ་འཆོས་ཆོ་ཤུགས་རུ་སྦལ་ལ། །གུཧྱ་ཡལ་གའི་གྲོང་དང་ཕུག །བྱ་དང་རི་དྭགས་ཚོང་དག་ལ། །གཤང་ལམ་རང་དབང་མེད་དང་ཕྱོགས། །ཙི་ཏྱ་རོ་ཡི་ཁང་པ་ལ། །ཙི་ཏྱཾ་གཤིན་པོའི་མཆོད་རྟེན་ལ། །ཙཻ་ཏྱ་གནས་གཞི་ཙཻ་ཏྱཿནི། །གཙང་ཁང་ཕྱུར་བུ་ལ་ཡང་ངོ་། །ཙི་ཏྱ་སངས་རྒྱས་སྐུ་གཟུགས་དང་། །ཤིང་ལ་ཡང་ནི་ཤིན་ཏུ་བརྟེན། །པུཎྱཾ་ལེགས་བྱས་ཆོས་དང་ནི། །བསོད་ནམས་ལྡན་ཅིང་ཡིད་འོང་ལ། །སྲི་ལ་དགའ་དང་མྱུར་རྒན་སྨན། །བཻརྒྱཿཀུན་མཁྱེན་སྨན་པ་ལའོ། །བྷ་བྱ་ལེགས་དང་སྐལ་ལྡན་བྱེད། །བྷ་བྱཾ་དོན་འབྲས་དགེ་བ་ལ། །རུང་བ་དང་ནི་ངོ་བོ་ཅན། །བྷཱ་གྱཾ་དགེ་བའི་བདག་ཉིད་ཅན། །བསྒྲུབ་དང་དགེ་དང་མི་དགེའི་ལས། །མ་ཡ་བཟོ་བོ་ལྷ་མིན་དང་། །གླང་པོ་ཆེ་དང་རྟ་ལའོ། །མ་ཡུ་རི་དྭགས་མིའམ་ཅི། །མཱ་ཡ་གོས་སེར་ཅན་ལྷ་མི། །མཱ་ཡ་ངན་གཡོ་བརྩེ་བ་དང་། །དཱཾ་པ་རཱི་དང་བློ་དག་ལ། །མཱ་ལྱཱཾ་མེ་ཏོག་ཕྲེང་བ་ལ། །མཱུ་ལྱཾ་རིག་དང་དངོས་པོ་ལ། །ས་ཏྱཾ་བདེན་པ་རྫོགས་ལྡན་དུས། །མནའ་ལའོ་ས་ཏྱཱ་སྐད་དང་། །ས་ཏྱཱཾ་བདེན་ལྡན་མཚམས་དང་བསགས། །ཆུ་ཀླུང་དབྱེ་བ་ཀུན་འཛིན་དང་། །དམ་བཅའ་བསམ་པ་ཁྲིམས་ལུགས་ལ། །སུཪྻ་ཉི་མ་འདིའི་ཆུང་མ། །སྨན་གྱི་དབྱེ་བ་ལ་སུཪྻ། །ཀྵ་ཡཿབྲི་དང་བསྐལ་པའི་མཐའ། །གནས་དང་ནད་ཀྱི་ཁྱད་པར་ལ། །ཨཏྱ་པ་ནི་ཆད་པ་བཅད། །དཀའ་དང་རིམ་འདས་སྐྱོན་དང་ཉམས། །ཨ་བྷི་ཁྱཱ་ནི་སྙན་གྲགས་དང་། །མཛེས་པའམ་དྭངས་པ་མིང་རྣམས་ལ། །ཨུ་ད་ཡ་ནི་ཤར་རི་འཆར། །མངྒལྱཾ་ནི་བཀྲ་ཤིས་ཤོག །ཡིད་འོང་ལའོ་མངྒ་ལྱ། །དཔལ་འབྲས་དང་ནི་ཨ་ཤཱཪྠ། །མ་སཱུ་ར་དང་སྐྱོབས་བྱེད་ལ། །མངྒ་ལྱ་ནི་གསལ་བ་དང་། །མེ་ཏོག་བརྒྱ་པ་པྲི་ཡངྐུ་། །ཐུར་ཡཱས་མེ་ཏོག་ཞི་མ་དཀར། །དུང་གི་མེ་ཏོག་ཤུ་དག་རྣམས། །ས་མ་ཡཿནི་གྲུབ་མཐའ་དང་། །མནའ་དང་ཀུན་སྤྱོད་ཡང་དག་ཤེས། །ངེས་བསྟན་བྱ་བའི་རྣམ་པ་དང་། །དུས་དང་བརྡ་རྣམས་ལའང་ངོ་། །སོར་བྷྱཾ་ནི་དྲི་བཟང་དང་། །མཛེས་དང་ཡོན་ཏན་གུས་པ་ལ། །ཧྲྀ་ད་ཡཾ་ནི་སྙིང་པོ་སྙིང་། །མ་ཧོ་ད་ཡ་ཀུན་འབྱུང་དང་། །བྱང་གྲོལ་བུ་མོ་སྒྱུགས་མོ་ལ། །བི་ཤྭེཀྦེ་ནྀ་པྲྀ་ཡཱ་ནི། །པདྨ་དང་ནི་སྐྱོབ་བྱེད་ལ། །ཡ་མཐའི་སྡེའོ། ། ༈ ར་ནི་འོད་མའི་མེ་དང་རྣོ། །རཱཿནི་ནོར་རྫས་གསེར་དག་ལ། །རུ་ནི་སྒྲ་དང་འཇིགས་དང་ཆ། །ཏིང་འཛིན་ཉན་རྒྱད་པ་ལའོ། །ཤྲཱི་ཞེས་དཔལ་མོ་དབྱངས་ཅན་མ། །མཛེས་དང་ཤེས་རབ་ཐང་ཤིང་དང་། །འཇུག་པ་སྡེ་གསུམ་ཕུན་ཚོགས་པ། །ཨིནྡྲ་བརྒྱ་བྱིན་མུན་པ་ཉིད། །རྣལ་འབྱོར་དབང་པོ་གདེངས་ཀ་ལ། །ཀ་རཿལག་པ་འོད་ཟེར་བ། །དཔྱ་ཁྲལ་ཆང་ངམ་ཆང་ཚོང་ལ། །ཀར་མདའ་དང་མཚན་མོ་དང་། འདོད་ཆེན་མེ་ཏོག་ཕྲེང་བ་ལ། སྒྲའི་སྙེ་མར་རོ། །ཀཱ་ར་གསད་པ་མ་མོ་རིཿ ངེས་དང་སོ་སོར་འབད་པ་དང་། །སྟོབས་ལྡན་ལའོ་སཱ་ར་ནི། །གཉེན་དང་གྲོང་ཁྱེར་འཆིང་བ་དང་། །གསེར་དང་བྱས་པ་གཟིགས་པ་དང་། །ཕོ་ཉ་མོ་ཉིད་རབ་བརྟན་ལ། །ཀཱི་ར་ལྗོངས་དང་ནཻ་ཙོ་ལ། །ཀུན་ཏུ་མི་བདག་ཁྱད་ཟས་དང་། །དཔལ་མགྲིན་དང་ནི་དུག་སེལ་ལ། །གུ་རུཿབླ་མ་སློབ་དཔོན་སོགས། །དབང་སྐུར་པོ་དང་ལྷའི་སློབ་དཔོན། །ཆེན་པོ་ལྕི་བ་རྒས་དཀའ་བ། །ཀུ་རུ་ཟླ་བ་ཉི་མ་དང་། རྒྱལ་པོ་ལྷ་ལའང་བལྟ་བར་བྱ། ཙནྡྲཿག་བུར་ཀཱམྦིལླཿ བདུད་རྩི་གསེར་དང་མཛེས་པ་དང་། །འོད་དང་ཟླ་བ་ཚོས་དམར་དང་། །མདོངས་ཐིག་ཚེམས་བསྐྱེད་རྫས་ལའོ། །ཙནྡྲཱར། སྤྲིན་དང་ཟླ་འོད་པདྨ་སཾ། རུ་བ་ནུས་པ་ལ་ཡང་བཤད། ཏནྟྲཾ་གཙོ་བོ་གྲུབ་མཐའ་དང་། །ཡོངས་སུ་འགེབས་དང་ཐག་འཐགས་པ། །སྨན་དང་བསྟན་བཅོས་བྱེ་བྲག་དང་། །མཆོག་ཏུ་ནད་མེད་གཉེན་བྱེད་ལས། །ཚིགས་བཅད་བྱེ་བྲག་བསྒྲུབ་བྱ་དང་། །དགོས་པ་གཉིས་སྒྲུབ་དག་ལའོ། །ཞེས་པའང་སྣང་ངོ་། །ཐོས་པ་ཡལ་གའི་ཁྱད་པར་དང་། །རྒྱུ་དང་ཡོངས་སུ་འགེབས་པ་དང་། །སྲད་བུ་ལྡན་དང་རྐྱང་པ་མཆོག །གྲུབ་པ་དང་ནི་གྲུབ་བྱེད་ཐབས། །ཏནྟྲི་རིགས་དང་ཡོན་ཏན་དང་། །ཚིགས་དང་གུ་རཱུ་ཙི་དང་ནི། །མིག་དང་རབ་ཏུ་རིངས་པ་ལ། །ན་ར་ས་དང་རྒྱལ་བ་མི། །པ་ཏྲ་ཁང་པ་ནགས་ཚལ་དང་། །ནོར་དང་ལོངས་སྤྱོད་རྣམས་སུ་དྲན། །མཉྡུ་ར་ནི་ཟླ་བ་སྤྲིན། །རྒྱ་མཚོ་འཁྲི་ཤིང་རྨ་བྱ་སོགས། །ནཻ་ཏྲཾ་མིག་དང་ཤིང་གི་ཚྭ། །སྲུབ་ཐག་ཤིང་རྟ་གར་མཁན་ལ། །བྷ་དྲ་འཕྲོག་བྱེད་དགའ་སྤྱོད་དང་། །ཤེར་དང་མ་རུ་ཀ་དནྟ། །གླང་པོའི་གཙོ་བོ་ལེགས་པ་ལ། །བྷ་དྲཾ་བྱེད་པའི་དབྱེ་བ་དང་། །གླ་སྒང་བདེ་བ་གསེར་རྣམས་ལ། །བྷ་དྲ་འདོར་བྱེད་སྨན་དང་ཕྲ། །མ་གུག་པ་དང་ཀཊྥ་ལ། །བྷ་ར་ཤིན་ཏུ་ཕུལ་བྱུང་ཁུར། །བྷ་རུ་སྤུན་ཟླ་གསེར་ལའོ། །མནྟྲཿརིག་བྱེད་ཁྱད་པར་དང་། །གསང་བ་སྨྲ་དང་ལྷ་སོགས་སྒྲུབ། །བཛྲ་དབྱིག་དང་གནམ་ལྕགས་དང་། །བྱིས་སྦ་དག་དང་སྐྱུ་རུརའོ། །རྣལ་འབྱོར་བྱེ་བྲག་ལ་བཾཛྲ། །བཛྲཱི་སླེ་ཏྲེས་གྲོགས་ཀྱི་དབྱེ། །ཀྵེ་ཏྲ་ཡིད་དང་རྡུལ་དག་ལའོ། །ཤ་ཏྲི་བདེ་སོགས་བདག་པོ་སྤྲིན། །ཤཱསྟྲཾ་བཀའ་དང་བསྟན་བཅོས་ལ། །བཛྲ་ལུས་དང་སྙིང་པོ་ལ། །ཤུ་ཀྲཾ་ཁུ་བ་ཡིད་ནད་དང་། །དཀར་པོ་ལའོ་ཤུ་བྷྲཾ་སྤྲིན། །རབ་ཏུ་གསལ་དང་དཀར་པོའོ། །ས་ཀྲཾ་མཐུག་པོ་དང་ནི་ས། །ནགས་ཚལ་རྣམས་ལའོ་སཱཾ་རཾ་ནི། །རིགས་དང་ཆུ་དང་ནོར་ལའོ། །སུ་ར་ལྷའོ་སུ་རཱ་ནི། །ཆང་དང་བཏུང་བ་སྣོད་དག་ལ། །ཧ་རི་ཁྱབ་འཇུག་ཉེ་དབང་འོད། །ཟླ་བ་རླུང་དང་དབང་པོ་མེ། །གཤིན་རྗེ་སྦྲུལ་དང་སྦལ་བ་སྤྲེལ། །རྟ་དང་ནེ་ཙོ་འཇིག་རྟེན་དབྱེ། །དམར་སེར་དང་ནི་སེང་གེ་ལ། །སེར་དང་ལྗང་གུ་ལ་ནི་མོ་འང་། གཉིས། །ཀྵ་ར་སྤྲིན་དང་ཀྵ་རཾ་ཆུ། །ཀྵཱ་ར་འཆིང་བུ་ཐལ་བ་དང་། །བཅུད་དང་ངན་པ་ལན་ཚྭ་ལ། །ཀྵཱི་ར་འོ་མ་ཆུ་དག་ལ། །ཀྵེ་ཏྲཾ་ལུས་དང་ཆུང་བ་དང་། །ཟོར་བ་ཞིང་ས་གྲུབ་གནས་ལ། །ཨཾ་གཱ་ར་ནི་མི་ཤེས་དང་། །བཀྲ་ཤིས་དང་ནི་མ་ཕམ་པ། །ཨནྟ་རཾ་ནི་དབྱེ་བ་དང་། །ཁྱད་པར་ཅན་དང་གོ་སྐབས་གཞན། །བདག་དང་བདག་གི་བྲལ་བ་དང་། །ནང་དང་ཕྱི་དང་བར་དང་མཚམས། །སྨད་གོས་མི་སྣང་བ་དང་མཚུངས། །དེ་ཡི་དོན་ཉིད་སྐབས་སུའོ། །ཨ་མ་ར་ནི་ལྷ་རུས་པ། །བསྡུས་པ་རྡོ་རྗེ་ལྗོན་ཤིང་ལ། །ཨ་སུ་ར་ནི་སྲིན་པོ་མེད། །ལྷ་མིན་ཉི་མ་དག་ལའོ། །ཨཀྵ་རཾ་ནི་ཚངས་པ་དང་། །ཐར་པ་ཡི་གེ་དག་ལའོ། །ཨཱཀྵ་རཾ་ནི་སྐྱེ་དང་གནས། །ངེས་པར་གཙོ་བོ་འདོད་པར་བཤད། །ཨཱདྷ་རྟགས་གསུམ་ར་ནི་འོག་གཞི་དང་། །མཆུ་དང་དམན་ཕོ་པ་རྣམས་ལའོ། །ཨ་ཧཱ་ར་ནི་བཟའ་བ་དང་། །ཟ་བ་འཕྲོག་དང་བསྡུས་པ་ལ། །ཨི་ཏ་ར་ནི་དམན་པ་དང་། །གཞན་དང་གྲུབ་དང་ནད་མེད་གྱུར། །ཨཱི་ཤྭ་ར་ན་ནོར་ཕུན་ཚོགས། །ཞི་བ་རྗེ་བོ་ཡིད་བསྲུབས་ལ། །ཨཱི་ཤྭ་རཱི་ནི་རྗེ་མོ་དང་། །དཀར་མོ་དབང་མོ་རྒན་བྱེད་མོ། །ཨུཏྟ་ར་ནི་ཚིགས་མཐའ་དང་། །རྒྱལ་པོའི་སྲས་མོ་དག་ལའོ། །ཨུཏྟ་རཿརྟགས་ནི་བྱུང་གསུམ་བྱང་དང་སྟེང་། །ཕྱི་མ་དང་ནི་བླ་མའོ། །ད་རཱུ་ར་ནི་སྦལ་བ་དང་། །ཆུ་སྦྱིན་དང་ནི་སིལ་སྙན་དང་། །སྣོད་དང་རི་ཡི་དབྱེ་བ་ལ། །ད་རཱུ་རཱ་ནི་ཟླ་འོད་ལ། །སཱ་མ་ར་ནི་དམན་དང་རྨོངས། །མཁའ་ལ་གནས་པ་ལ་ཡང་ངོ་། །བཾ་དྷུ་རཱ་ནི་མཁའ་འགྲོ་ལ། །ངང་པ་དང་ནི་བུད་མེད་མཆོག །མནྠ་ར་ནི་མཚོན་བྱེད་དང་། །མཛེ་དང་བསྲུབ་པར་བྱེད་པ་ལ། །བི་ཧཱ་ར་ནི་འཁོར་བ་དང་། །ཕུང་པོ་བདེར་གཤེགས་རོལ་པའི་གནས། །སཾ་སྐཱ་ར་ནི་ཉམས་མྱོང་དང་། །ཀུན་རྟོག་དང་ནི་སོ་སོར་འབར། །ཨ་ནུཏྟ་ར་གཙོ་བོ་མིན། །སྟེང་མིན་ཕྱི་མིན་བླ་མེད་ལ། །ཨ་བྷི་ཧ་རཿམངོན་སྤྱོད་དང་། །ཆོམ་རྐུན་ལས་དང་གོ་མ་གྱོན། འགྱུར་བཅོས། །ཨཱ་ལཾ་ཀཱ་ར་རྒྱན་དང་ནི། །དཔེ་དང་ཡོན་ཏན་དག་ལའོ། །ཨ་བི་བ་ར་སྔགས་ཀྱི་དབྱེ། །རབ་ཏུ་བསྟོད་དང་ཆར་དག་ལ། །ཨ་བ་ཧ་ར་གདོན་ཆོམ་རྐུན། །འཁྲུགས་པ་རྒྱན་བོ་སོགས་རྣམས་འཁོར། །ཨུ་དུམྦ་ར་སྐྱེ་བོ་འབྲས། །ལུས་འཛིན་ཡང་བའི་གྲོགས་པོ་ལ། །ཨུ་བ་ཀ་ར་མེ་ཏོག་སོགས། །འཐོར་དང་འཕེན་པར་བྱེད་པ་ལ། །པ་རཾ་པ་ར་བརྒྱུད་དང་ནི། །ཡོངས་སུ་བརྒྱུད་དང་གནོད་པ་ལ། །མ་ཧཱ་བི་ར་མཁའ་ལྡིང་དང་། །དཔའ་བོ་མགྲིན་ལྡན་སྒྲ་དང་ཐོག །སྤྲེའུ་ཉི་མ་ཁ་ཡི་མེ། །ཛ་རཱ་ཊ་ཀ་རྣམས་ལའོ། །སྒྲའི་སྙེ་མར། ས་མུ་དྲ་ནི་རྒྱ་མཚོ་དང་། འཇིག་རྟེན་འདོད་ལྷ་ཉི་ཟླ་དང་། །ཁྱབ་འཇུག་སྤྲིན་དང་ནགས་ཚལ་འཐུག །རླུང་དང་དགའ་བ་སོགས་སུ་དྲན། །རེ་ཕའི་མཐའི་སྡེའོ། ། ༈ ལཱ་ནི་དབང་པོ་ལ་ཞེས་པ། །སྦྱིན་པ་དང་ནི་འབྱར་བ་ལ། །ལི་ནི་ཐིམ་པ་ལ་ཡང་ངོ་། །ལུ་དང་ལཱུ་ནི་གཅོད་པ་ལ། །ཨ་ལཱི་བུང་བ་དང་ནི་ཆང་། །ཨི་ལཱི་བ་ལང་ས་བདུད་རྩི། །དབྱངས་ཅན་ཟླ་བ་བུད་མེད་ལ། །ཀ་ལིཿརྩོད་པའི་དུས་དང་ནི། །འཁྲུགས་པ་རྩལ་ལྡན་ཀུ་ཅོ་ལ། །ཏ་ལ་རོལ་མོ་ཏ་ལཾ་ནི། །རལ་གྲིའི་ཆང་ཟུང་ཐལ་མོ་དང་། །ནགས་དང་བྱེའུ་དབྱངས་ཆུ་འཛིན། །ཏུ་ལཱ་ཁྱིམ་དང་སྲང་རྒྱ་དང་། །འཇལ་བྱེད་སོགས་ཀྱི་དབྱེ་བ་དང་། །ཁྲེའུ་དང་ནི་སྣོད་ལའོ། །ཀ་མཿདུས་དང་འཆི་བ་ལ། །ནག་པོ་ཆེ་དང་གཤིན་རྗེ་དང་། །ཟ་བྱེད་དང་ནི་ནག་པོ་ལ། །ཕ་ལཾ་ལོ་ཐོག་རྒྱུས་ཀུན་དང་། །འབྲས་བུ་རྣམས་སྐྱེད་རྙེད་པ་དང་། །ཛ་ཏི་ཕ་ལ་ཀ་ཀོ་ལ། །མདའ་ཡི་རྩེ་མོ་ཕུབ་ལའང་། །འབྲས་གསུམ་འབྲས་ལྡན་འབྲས་བུ་ཅན། །ཕ་ལཾ་སྙིང་པོ་འཇིག་རྟེན་དང་། །རས་བལ་སོགས་དང་གོས་དང་ནི། །བ་ལཿགཤོལ་ལྡན་ལྷ་མིན་དང་། །ལུས་དང་བྱ་རོག་གཏོར་ལྡན་ལ། །མཱ་ལ་མེ་ཏོག་ཆུན་པོ་ཕྲེང་། །མཱུ་ལཾ་གདོད་མའི་ཤིང་རྩ་བ། །རྒྱུ་སྐར་ནགས་ཀྱི་རི་བོ་ལ། །མཽ་ལིཿའདུས་དང་འདྲེས་པ་དང་། །ཆོས་ལྡན་དང་ནི་གཙུག་ཕུད་དང་། །མྱ་ངན་མེད་པའི་ཤིང་ཅོད་པན། །ལཱི་ལ་རྩེ་དང་ཀུ་རེ་དང་། །སྒེག་དང་མཚོན་དང་བྱ་བ་དང་། །འཁོར་ལོ་མ་ལུས་པ་ལ་ཡང་། །ཤཱི་ལཾ་རང་བཞིན་ལེགས་སྤྱོད། སྤྱོད་པ་མཆོག །ཁུ་བ་དཀར་པོ་རྣལ་འབྱོར་ལ། །ཤུཀྵཾ་གཟུགས་ཅན་དཀར་པོ་དང་། །ཡོན་ཏན་ལྡན་པ་ཉིད་ལའོ། །ཨི་ཧྭ་ལ་ནི་ཉ་དང་ནི། །ལྷ༷་མིན་རབ་དབྱེ་སྒེག་དང་འབར། །ཨུཛྫ་ལ་ནི་འབར་གསལ་རྒྱས། །ཨུཏྤ་ལཾ་ནི་ཨུཏྤལ་དང་། །རུ་རྟ་དང་ནི་ཤ་མེད་ལ། །ཀ་ད་ལཱི་ནི་སྒྲ་སྙན་དང་། །ལྗོན་ཤིང་དང་ནི་རི་དྭགས་དབྱེ། །མེ་དང་ཁྱེ་དང་སེར་སྐྱའོ། །ཀ་མ་ལཾ་ནི་ཆུ་སྐྱེས་དང་། །ཆུ་དང་ནམ་མཁའ་ཟངས་ཕོ་མིན། དང་སྨན། །ཀ་མ་ལ་ནི་རི་དྭགས་དབྱེ། །ཀ་མ་ཀུ་རང་གཟེར་བའི། ལཱ་ནི་དཔའ་མོ་ལ། །ཀུ་ཤ་ལ་ནི་ཡང་འཐོབ་དགེ། །བསོད་ནམས་བསླབ་པ་རྟགས་གསུམ། མཆོད་སྦྱིན་ལ། །ཀེ་བ་ལཱ་ནི་རེ་རེ་དང་། རྟགས་གསུམ། འབའ་ཞིག་པ་དང་ཀུ་ཧ་ན། །ཀཻ་བ་ལཾ་ནི་གཏན་ཕབ་དང་། །ཡེ་ཤེས་དབྱེ་བ་དག་ལའོ། །ཀ་མ་ལ་ནི་ཤིང་རྟ་དང་། །ངང་པ་ཉི་ཟླ་ཐུབ་པ་མཆོག །རིན་ཆེན་ནོར་བུ་ཆུ་བོར་བཤད། །སྒྲའི་སྙེ་མ་ལས་སོ། །ཙ་བ་ལཱ་ནི་པདྨ་དང་། །གློག་དང་པི་པི་ལིང་ལའོ། །ཛཾ་ག་ལ་ནི་ཆུ་མེད་པའི། །ཡུལ་དང་དགོན་དུང་པ་ལའོ། །དུ་ཀཱུ་ལཾ་ནི་ཕྱེད་པ་དང་། །ཟར་མའི་རས་དང་གོས་པྲ་མོ། །ནཱི་བྷི་ལཾ་ནི་ལྟེ་བ་ཡི། །སྙིང་པོའི་གནས་དང་ཙཾ་ཀྵ་ཎ། །ཅོ་གཾ་ལའོ་ནི་ཅུ་ལ། །གོས་མེད་དང་ནི་ཆུ་ཤིང་ལ། །ནི་རྨ་ལཾ་ནི་དྲི་མེད་དང་། །སྤྲིན་དཀར་དང་ནི་དྲི་མ་བྲལ། །པཱ་ཊ་ལཱ་དང་བཱ་ཊ་ལཱི། །ཤིང་དང་མེ་ཏོག་དག་ལའོ། །པིཾ་ག་ལ་ནི་ཐུབ་པ་དབྱེ། །མེ་དང་འོད་གཏུམ་འོད་དཀར་པོ། །གཏེར་གྱི་དབྱེ་བ་སྤྲེའུ་ལ། །པིངྒ་ལ་ནི་འོད་ཟེར་དང་། །གནོད་པ་འཇུག་གི་བྱ་མིའུ་ཐུང་། །བེ་ཤ་ལཿནི་མཛེས་དང་སྦྱང་། །བཟང་དང་འཇམ་དང་ཚུལ་ཁྲིམས་ལ། །མངྒ་ལ་ནི་དུརྦ་དཀར། །མངྒ་ལ་ནི་མ་ཡི་བུ། །མངྒ་ལཾ་ནི་ལེགས་བཀྲ་ཤིས། །དེ་བཞིན་ནོར་བསགས་བསྲུང་བ་ལ། །མཎྜ་ལ་ནི་དཀྱིལ་འཁོར་དང་། །སྙིང་པོ་གཞལ་བྱ་ལ་ཡང་ངོ་། །བི་མ་ལཱ་ནི་དྲི་མེད་བསིལ། །ས་ཡི་དབྱེ་བ་དག་ལ་ཡང་། །ཤ་ཡ་ལུ་ནི་ཚུལ་ཁྲིམས་གཉིད། །བི་ཤ་ལ་ནི་ཤིང་དབྱེ་དང་། །ཡངས་པ་དང་ནི་རྒྱ་ཆེ་བ། །བཻ་ཤ་ལ་ནི་ཆུ་བལ་དང་། །པདྨའི་ཤིང་དང་མཆོད་པ་ལ། །ཁ་ཏཾ་མ་ལཱ་དུ་བ་སྤྲིན། ལ་མཐའི་སྡེའོ། ། ༈ ཝ་ནི་བུམ་པ་ཆུ་ལྷ་དང་། །ཉིན་མོ་དང་ནི་རང་དབང་ལ། །བཱ་ནི་མདའ་དང་མདུང་དང་རླུང་། །བི་ནི་བྱ་དང་ནམ་མཁའ་ལ། །སྭ་ནི་བདག་དང་གཉེན་འདུན་དང་། །བདག་གི་བ་ཡི་ནོར་ལའོ། །ཀ་བི་སྙན་ངག་མཁན་པོ་དང་།། །།པ་བ་སངས་དང་གྲོགས་མཁར་ལ། །བྱི་དང་སྙན་ངག་བྱེད་པ་ལའོ། །དི་བཾ་མཐོ་རིས་བར་སྣང་ལ། །དེ་བ་རྒྱལ་པོ་ལྷ་དང་སྤྲིན། །དེ་བཾ་དབང་པོ་ལ་ཡང་ངོ་། །བྷ་བཿདཔལ་མགྲིན་འཁོར་བ་དང་། །བདེ་ལེགས་ལེགས་ཐོབ་སྐྱེ་བ་ལ། །བྷཱ་བཿརང་བཞིན་ལེགས་སོགས་དང་། །བསམ་པ་སེམས་ཅན་བདག་དང་སྐྱེས། །བྱ་བ་སྒེག་པ་དངོས་པོ་དང་། །ཚིག་དོན་གནས་ཀྱི་ཁྱད་པར་ལ། །སྐྱེ་བ་རྟོག་པ་འབྱོར་པ་དང་། །གར་དང་ཁྲུས་དང་མཁས་པ་ལའང་། །བི་ཤྭཾ་སྣ་ཚོགས་ཐམས་ཅད་དག །ཕྱེ་མའི་བཏུང་བ་ལ་ཡང་ངོ་། །ལ་བ་ཆ་ཤས་སྒེག་པ་དང་། །གཅོད་དང་སྦྱིན་དང་དགའ་བྱེད་དགའ། །ཤི་བཿའཕྲོག་བྱེད་རྣལ་འབྱོར་དབྱེ། །ལྷ་དང་ཕུར་བུ་བྱེ་མ་དང་། །གུ་གུལ་དང་ནི་པད་དཀར་ཤིང་། །ཤི་པཾ་ཐར་པ་བདེ་བ་ཆུ། །བཅོས་བཟང་པོ་ཤི་བཱ་དཀར་མོ་དང་། བཅོས་སྐྱུ་རུ་ར་དང་ཀེ་ཀེ་རུ། །སྒྲའི་སྙེ་མར། ཤི་བཱ་དབང་ཕྱུག་ཞི་བ་ནོར། །དུས་དང་དགེ་ལེགས་རྣམས་སུ་དྲན། ཛྙཱ་ཊཱ་མཱ་ལ་ལམ་དང་ནི། །ལྕེ་སྤྱང་དང་ནི་ཤཀྟུའི་འབྲས། །ས་ཏཱཾ་སྐྱེ་བོ་སེམས་ཅན་དང་། །སྲིད་པ་སྲོག་ཆགས་བདག་ཉིད་དངོས། །རྫས་དང་སྟོབས་དང་ཤ་ཟ་དང་། །ཚོང་པའི་རྫས་དང་བརྩོན་པ་སྲོག །ཡོད་དང་ཡོན་ཏན་འབྱོར་པ་དང་། །རང་བཞིན་དང་ནི་མཐའ་ལའོ། །ཨཏྟ་བཾ་ནི་མེ་ཏོག་དང་། །རྡུལ་དང་དུས་དང་འབྱུང་པོ་ལ། །ཨ་བྲ་བ་ནི་དམ་བཅའ་དང་། །ཉོན་མོངས་ཚིག་དང་གནས་པ་ལ། །ཨུཏྶ་བཿནི་དགའ་སྟོན་དང་། །འདོད་དང་རབ་འབྱམས་ཁྲོ་བ་ལ། །རཱཎྜ་བ་ནི་གར་དང་རྩེ། །མཐོ་རིས་བར་སྣང་སུམ་རྩེན་དང་། །སུམ་རྩེན་མ་དང་རིག་བྱེད་དབྱེ། །ནིཥྤ་བ་ནི་ཉི་མ་རླུང་། །ཀ་ཌམྦངྒ་ར་དང་ནི། །རྣམ་པར་རྟོག་པ་མེད་པ་ལ། །པྲ་བྷ་བ་ནི་མངལ་ནས་ཐར། །བྲམ་ཟེ་རྣམས་དང་མེ་ཏོག་འབྲས། །ཕན་ཚུན་གྲོགས་དང་འགལ་བར་སྐྱེས། །པྲ་བྷཱ་བཿནི་ནུས་གཟི་བརྗིད། །དང་པོ་ཐོབ་དང་གནས་ལའོ། །སཾ་བྷ་བ་ནི་འབྱུང་བ་དང་། །དྲན་པ་རྒྱུ་དང་སློང་བ་དང་། །འདུས་དང་ཤིན་ཏུ་ཐ་དད་དང་། །རྟེན་དང་བརྟེན་པ་དག་ལའོ། །ཝ་མཐའི་སྡེའོ། ། ༈ ཤ་ནི་མཚོན་ཆའི་བརྒྱ་དང་འཚེ། །ཤམ་ནི་ཆོས་དང་ཤཱ་སྟོན་པ། །ཤཱི་ནི་གཉིད་ལོག་པ་དང་ནི། །རྟག་ཏུ་གཉིད་ལོག་པ་ལའོ། །ཨ་ཤཱ་འདོད་དང་མེད་པ་ལ། །ཕྱོགས་དང་མཆུར་རིང་བ་རྣམས་ལའོ། །ཨཱི་ཤྭ་ཀུ་ཤ་ག་ལའི་དབྱུག །དབང་ཕྱུག་དང་ནི་གཙོ་བོ་ལ། །ཨཾ་ཤུ་འོད་དང་ཉི་མ་ཆ། །ཀུ་ཤཿདག་བྱེད་བུ་དང་གླིང་། །སྦྱོར་བའི་དབྱེ་བ་རྩྭ་ལའོ། །ཀུ་ཤཾ་ཆུའོ་ཀུ་ཤཱི་ནི། །བརྞ་ཀུ་ཤི་དུས་རབ་བསྒྲགས། །ཀེ་ཤ་སྐྲ་དང་ངོ་ཚ་ནི། །ལྷ་མིན་དབྱེ་བ་ཆུ་ལྷ་ལ། །ཀླེ་ཤ་སྡུག་བསྔལ་ཆགས་སོགས་དང་། །བྱ་བ་སཱ་ལ་ཡང་བལྟའོ། །དཪྴ་མཐོང་བ་ཉི་ཟླ་འགྲོ །ཕྱོགས་མཐའ་ཁ་ཁྱེར་ཟླ་བ་ལ། །དེ་ཤ་དབང་བྱེད་ཆ་ཤས་དང་། །ལས་ཀྱི་རྣམ་པར་སྨིན་པ་དང་། །དྲྀ་ཤ་མཐོང་བ་བློ་དང་མིག །ཤེས་དང་མཐོང་བ་རྟོག་དཔྱོད་ལ། །ཨཱ་དཪྴ་ནི་མེ་ལོང་དང་། །རྒྱས་བཤད་སོ་སོའི་གླེགས་བམ་ལ། །ནི་རྦེ་ཤཿནི་གླ་རྔན་དང་། །ལོངས་སྤྱོད་དང་ནི་རྨོངས་པ་ལ། །ནིཪྡེ་ཤ་ནི་མཐའ་ཉིད་དང་། །སྟོན་པ་དང་ནི་འཆད་པ་ལ། །ནི་སྟྲིཾ་ཤ་ནི་བརྩེ་མེད་དང་། །རལ་གྲི་གསལ་བ་ངེས་དང་མཉམ། །པྲ་ཀཱ་ཤ་ནི་རབ་གྲགས་པ། །རབ་ཏུ་བཞེད་དང་ཉི་འོད་གསལ། །ཤ་མཐའི་སྡེའོ། ། ༈ ཥ་ནི་གཙོ་བོ་ལ་འདོད་དེ། །ཥི་ནི་མངལ་ནས་གྲོལ་བའོ། །རི་ཥི་འོད་འབར་རིག་བྱེད་དང་། །དྲང་སྲོང་གནས་འཇུག་ལ་སོགས་པའོ། །གྷོ་ཥ་མེ་ཏོག་བརྒྱ་པ་དང་། །དབྱངས་ལྡན་དང་ནི་འབྲུག་སྒྲ་ལ། །གྷོ་ཥ་སྒྲ་ལྡན་འཇིགས་པ་དང་། །སུ་ན་བྷཱི་ཏ་ལྕུག་མ་ལའོ། །ཀོ་ཥ་ལྷ་རྫས་ནོར་དོན་མཐུན། །སྒྲ་སྒྲོགས་མེ་ཏོག་ཤིན་ཏུ་རྒྱས། །ཛཱ་ཏཱི་ཀོ་ཥ་ཁ་མ་བྱེ། །སྣོད་དང་རལ་གྲིའི་ཤུབ་བང་མཛོད། །དོ་ཥ་སུན་འབྱིན་སྡིག་པ་སྐྱོན། །མཚན་མོ་དང་ནི་ལག་པ་ལ། །སཽ་ཥ་ཟླ་བའི་བྱེ་བྲག་དང་། །རྒྱལ་དང་གྲུབ་པ་ཟླ་རྒྱལ་ལ། །བི་ཥཱ་བོང་ང་དཀར་པོ་དང་། །བི་ཥཾ་དུག་དང་ཆུ་ལ་ལོ། །ཤེ་ཥ་སྤྱི་བླུགས་ལྷག་མ་ལ། །ཤེ་ཥ་མཐའ་ཡས་ཁྱད་པར་དང་། །དྲི་མེད་དབྱེར་མེད་ལ་ཡང་ངོ་། །ཛི་གཱི་ཥ་ནི་རྒྱལ་འདོད་དང་། །ཅུང་ཟད་དགོད་པ་དག་དང་ནི། །ཕུལ་དུ་བྱུང་དང་མཐའ་ལའོ། །ཏི་བི་ཥ་ནི་གསེར་དང་སྤྲིན། །ཨུཥྞཱི་ཥཿནི་མགོ་དཀྲིས་དང་། །ཅོད་པན་གཙུག་ཏོར་ཁྱད་པར་ལ། །པུ་རུ་ཥཾ་ནི་བཀྲ་བ་གཙུབ། །པ་བཅོལ་རྗོད་པར་བྱེད་པའོ། །པུ་རུ་ཥཿནི་ཀླུ་ཤིང་དང་། །སྐྱེས་བུ་དང་ནི་མཆོག་བདག་ལའོ། །སཽ་རུ་ཥཾ་ནི་གཟི་བརྗིད་དང་། །སྐྱེས་བུའི་དངོས་པོ་ལས་ལ་ཡང་། །བྲ་དོ་ཥ་ནི་སྐྱོན་ལྡན་མ། །སྲོད་དང་མཚན་མོའི་སྒོ་མའོ། །ནནྡེ་གྷོ་ཥ་པ་རོལ་གནས། །བསྟོད་པ་དང་ནི་དབྱངས་བྱེད་པ། །པ་རི་གྷོ་ཥ་བརྗོད་བྱ་དང་། །ངེས་པར་སྒྲོགས་དང་འབྲུག་སྒྲོགས་ལ། །བཱ་ཏ་རུ་ཥཱ་རླུང་ཚུབ་དང་། །སྒྲ་འགྲེང་བ་དང་བརྒྱ་བྱིན་གཞུ། །ཥ་མཐའི་སྡེའོ། ། ༈ ས་ནི་དཔལ་དང་དོན་དཔལ་མོ། །སི་ནི་ཁ་ལོ་སྒྱུར་བ་ལ། །སེ་ནི་དཔལ་མོའི་བུ་དགའ་བོ། །སོ་ནི་སྙེམས་བྱེད་མ་མ་ལ། །བ་སྲུཿདཔལ་སྦྱིན་བུ་ག་མེད། །རིགས་དང་བདེ་བ་ལྷའི་ཁྱད་པར་ནོར་ལྷ། །ཤིང་དང་སྨན་རྟགས་གསུམ། དང་རིན་ཆེན་དང་། །སྲབ་སྐུར་མོ་དང་ནོར་དང་ནི། །སྙན་དང་ཁུར་དང་མཐུ་དང་མཛེས། །མེ་དང་འབར་བ་དང་ནི་འོད། །མངར་བ་ལ་ནི་རྟགས་གསུམ་པ། །ཉི་མ་དང་ནི་ས་གཞིར་བཤད། སྒྲའི་སྙེ་མར་རོ། །མཱ་༡ས་ཤ་དང་སྤང་སྤོས་དང་། །ཀལྐོ་ཡི་དང་རལ་པ་ལ། །མཱ་ས་ཟླ་བ་འཇལ་བྱེད་དག །ལཱ་སི་སྦྲང་རྩིའོ་མི་སི་ནི། །མེ་ཏོག་བརྒྱ་པ་ཇ་མཱ་ནི། །ར་ས་རོ་བཅུད་ཏིཀྟ་སོགས། །སྒེག་པ་སོགས་དང་ཁུ་བ་དུག །དངུལ་ཆུ་རྡུལ་དང་ཁམས་དང་ཆགས། །བོ་ལ་མར་དང་ལུས་ལའོ། །བཱ་ས་ཁྱིམ་དང་གནས་སྐབས་དང་། །ཤི་ས་བརྗོད་དང་འདོད་པ་ལ། །ཧིཾ་ས་ཆོམ་རྐུན་སོགས་དང་གནོད། །ཧཾ་ས་ཉི་མ་མཱ་ར་ལ། །ཁྱབ་འཇུག་ལུས་ཀྱི་རླུང་དང་ནི། །མ་བརྐམས་རྒྱལ་པོ་མཆོག་གི་བདག །རྣལ་འབྱོར་པ་དང་སྔགས་དབྱེ་བ། །སེར་སྣ་རྟ་ཡི་ཁྱད་པར་ལ། །ཨ་བྷྱཱ་ས་ནི་དིང་འདི་བཞིན། །ཡང་དག་ཞགས་དང་ཡོན་ཏན་དང་། །ཕོངས་དང་འདོད་པ་མ་ལུས་ལ། །ན་བྷཱས྄་ནམ་མཁའ་ན་བྷཱས྄་སྤྲིན། །པད་རྩའི་སྐུད་པ་གྲོ་བཞིན་ཟླ། །སྣོད་དང་བཟེད་ཞལ་རྣམས་ལའོ། །པ་ཡས་འོ་མ་ཆུ་དག་ལ། །པཱ་ཡ་ས་ནི་དཔལ་གནས་ལ། །པཱ་ཡཾ་སཾ་ནི་ཟས་ཀྱི་མཆོག །མ་ནས྄་སེམས་དང་ཉེ་བ་ལ། །མ་ནས྄་དགའ་སྟོན་གཟི་བརྗིད་དག །རཛས྄་ཟླ་མཚན་ཡོན་ཏན་དང་། །ཕ་རོལ་སོན་དང་རྡུལ་ལའོ། །བི་དྭནྶ྄་ནི་བདག་ཉིད་རིག་པ། །ཤེས་རབ་ཅན་དང་མཁས་པ་ལའོ། །ཤྲེ་ཡས྄་ཆོས་དང་བཀྲ་ཤིས་དང་། །དཔལ་གནས་ཁྱབ་འཇུག་པདྨ་དང་། །ཤྲེ་ཡནྶ་ནི་ཤིས་དང་ཞི། །ས་མ་ས་ནི་མདོར་བསྡུས་དང་། །སྙིང་དང་བདུག་སྤོས་ནུས་པ་ལ། །ནིཿཤྲེ་ཡ་སཾ་དགེ་བ་དང་། །གྲོལ་བ་ངེས་ལེགས་འཕྲོག་བྱེད་ལ། །སུ་མེ་དྷཱས྄་ནི་གསལ་ལྡན་ལ། །བློ་གྲོས་བཟང་པོ་དབང་པོ་ལ། །ས་མཐའི་སྡེའོ། ། ༈ ཧ་ནི་ཁྲོ་མདངས་བཅས་པ་ཡི། །གྲུང་པོ་དང་ནི་རྡོ་རྗེ་ལ། །ཧི་ནི་དབང་པོ་བུ་ལའོ། །ཨ་ཧི་ལྷ་མིན་བྲྀཏྟྲ་སྦྲུལ། །གྲི་ཧ་བད་པ་ཆུང་མ་དང་། །འཛིན་འཁྲི་འཛིན་པ་དོ་ཤལ་ལ། །གྲ་ཧ་ཉི་མ་ལ་སོགས་དང་། །གདོན་དང་ཉི་ཟླ་གཟའ་འཛིན་དང་། །གཡུལ་དང་ཨུཏྱ་མ་དང་ནི། །རྗེས་སུ་འཛིན་དང་དགའ་བྱེད་སོགས། །སེང་གེ་མོའི་བུ་བདུན་པ་འཛིན། །ཧཱ་ཧཱ་འཆིང་བ་བརྩེགས་པ་དང་། །ཡངས་པ་གླང་པོའི་རྐང་པ་ཚིགས། །མ་ཧཱ་དགའ་སྟོན་གཟི་བརྗིད་ཆེ། །མ་ཧཱི་ས་དང་ཆུ་ཀླུང་དང་། །རྨོངས་དང་དགའ་བ་དག་ལའོ། །ཨ་ཧཾ་བློ་གྲོས་རྨོངས་པ་ལ། །ས་ཧ་སྟོབས་དང་བཟོད་པ་ལ། །མུརྒ་བརྞི་རྣ་ཁ་སྨན། །ས་ཧ་ལྷ་མོ་གཞོན་ནུ་མ། །བཟོད་པ་དང་ནི་ལྡན་པའོ། །ཧ་མཐའི་སྡེའོ། ། ༈ ཀྵ་ནི་སྲིན་པོ་ཞིང་ཙམ་ལ། །ཨཀྵ་འཁོར་ལོ་ཤོ་ལའོ། །ཤིང་རྟ་བ་རུ་ར་ཡཾ་ཤིང་། །ཀུན་སྤྱོད་ཐ་སྙད་བསམ་པ་ལའོ། །རྀཀྵ་དོམ་དང་དམར་པོ་དང་། །བྱས་པ་དང་ནི་ནོར་ལའོ། །ཀཀྵཿསི་རི་བྷ་དང་ནི། །མཆན་འོག་དང་ནི་རྩ་སྐོམ་པོ། །ནགས་ཚལ་སྐོམ་དང་འཁྲི་ཤིང་དང་། །གེལ་པ་ལའོ་ཀཀྵ་ནི། །ཁྱིམ་དང་བང་མཛོད་སྐེ་རགས་དང་། །སྨད་གོས་ལྕུགས་མ་གཡོ་བ་དང་། །འགྲན་དང་འཛིན་དང་སྣོད་དང་ནི། །ཤིང་རྟའི་ཡན་ལག་གླང་པོའི་ཐག །ཅོཀྵཾ་བསིལ་དང་ཟླུམ་པོ་དང་། །སྣོད་དང་གཙང་དང་ཡིད་འོང་ལ། །བྷིཀྵུ་སྡོམ་བརྩོན་ཁྱད་པར་ལ། །བྷིཀྵཱ་ཞབས་ཏོག་གླ་རྔན་དང་། །སློང་དང་སློང་བའི་དངོས་པོ་ལ། །མོ་ཀྵ་བྱང་གྲོལ་གྲོལ་བ་ཐལ། །མོ་ཀྵ་དང་འཐུང་དག་ལའོ། །ཡིཀྵ་ལུས་ངན་གསང་བ་ལ། །བསྲུང་བ་སྲུང་བྱེད་མཚོན་པ་ལ། །ལཀྵཾ་གྲངས་དང་ཁང་པ་མདའ། །ངོ་མཚར་བྱེད་དང་ངོ་མཚར་ལ། །ཀྵ་མཐའི་སྡེའོ། ། ༈ ད་ནི་ཨ་ཡིག་ལ་སོགས་ལ། །དེ་ལྟའི་ཡང་དག་རིམ་པ་ལས། །སྣ་ཚོགས་དོན་གྱི་སྐབས་འདིར་ནི། །བདག་གིས་མི་ཟད་རྣམས་ཀྱང་བརྗོད། །ཨ་ནི་དཔལ་མགྲིན་ཨ་མེས་པོ། །དྲན་པ་ངག་དང་མངོན་ཁྱབ་དང་། །ཉེ་བ་ཁམས་དང་ལྷག་མའི་དོན། །ཨཱཿནི་ཀུན་ཏུ་གདུང་དང་ཁྲོ། །དེ་དག་མཚམས་སྦྱོར་མི་བྱའོ། །ཨི་ནི་འདོད་པ་སྐྱོང་བ་དང་། །དཔལ་དང་སྡུག་བསྔལ་དངོས་ཁྲོ་བོ། །ཞི་བ་རྫོགས་སངས་རྒྱས་དང་རྐང་། །ཨཱུ་ནི་དག་ཙམ་སྲུང་བྱེད་དང་། །གཙང་པ་བྱ་བ་རྩལ་གྲངས་མེད། །རྀ་ནི་ལྷ་ཡི་མ་ཚིག་སྨད། །དཱྀ་ནི་ལྷ་མིན་མ་ཚིག་སྨད། །ལྀ་ཡང་ལྷ་ཡི་མ་ལའོ། །ཨེ་ནི་ལག་པ་བཞི་པ་དང་། །དྲན་པ་བོད་ པ་བསླུ་དག་ལ། །ཨཻ་ནི་ཞི་བ་ལ་བཤད་དེ། །དྲན་པ་བོད་པ་བགྲན་པ་ལའང་། །ཨོ་ནི་ཚངས་པ་འབོད་དང་འགྲན། །ཨཽ་ནི་ནམ་མཁའ་བོད་དང་འགྲན། །ཚངས་མཆོག་རྗེས་སུ་འདོད་པ་ལ། །ཨཱཿནི་ཕྱག་དར་ལ་བཤད་དེ། །ཀུ་ནི་སྨོད་དང་ཅུང་ཟད་དོན། །སྡིག་ཅན་དང་ནི་ཟློག་པ་ལའོ། །ཀེཾ་ནི་བྱེ་བྲག་སྒྲིབ་པ་དང་། །སྤྱོད་དང་སྨོད་པ་ལའང་ངོ་། །ཀཾ་ནི་མ་འོངས་པ་དང་དལ། །ཨངྐ་ཀུན་ཏུ་བོད་པ་དང་། །དགའ་དང་སླར་ཡང་དོན་ཡང་ལྟ། །ཀིཉྩ་བརྩེ་དང་མཐའ་དག་ལ། །ཙ་ནི་རྒྱུ་མཚན་ངེས་བཟུང་དང་། །རྐང་པ་ཁ་སྐོང་ཕྱོགས་ཕྱི་མ། །ཀུན་ལས་བཏུས་དང་ཞར་བྱུང་སྐུད། །ཕན་ཚུན་དོན་དང་དམིགས་འཛིན་དང་། །ཐད་ཀ་དང་ནི་མི་སྣང་དོན། །འཁྱོགས་དང་མཁའ་འགྲོ་ལ་སོགས་ལ། །ནུ་ནུ་ཙ་ནི་དྲི་བ་དང་། །ལྟ་དང་རྟོག་དང་ཡང་དག་བརྟན། །རབ་ཏུ་བསྔགས་པ་དག་པའོ། །པྲཉྩ་མཆོག་དང་འདས་དང་སྔོན། །ཐོ་རངས་དང་ནི་བར་སྐབས་ལའོ། །ཕྱོགས་དང་འདུལ་དུས་ཧེ་རུ་ཀ །དབུས་དང་ནིེེཪྠ་དག་ལའང་། །ན་ཉ་མེད་དང་དགག་པ་དང་། །དེ་དང་འགལ་དང་དེ་ལས་གཞན། །འདྲ་བ་དང་ནི་ཅུང་ཟད་དོན། །རང་བཞིན་དོན་དང་རིམ་པ་ལའོ། །བུཥྛུ་རབ་ཏུ་བསྔགས་པ་དང་། །ཤིན་ཏུ་དོན་དང་ལེགས་པ་དང་། །བཟང་དང་ཁ་ན་མ་ཐོ་མེད། །ཨ་ཏི་བར་དང་མེད་པ་དང་། །དབུས་ཀྱི་དོན་དང་བསྟད་པ་དང་། །འདྲ་བ་ཉིད་དུ་ད་ལྟ་འདོད། །ཕུལ་དུ་བྱུང་དང་འགོངས་པ་ལའོ། །ཨརས྄་དམིགས་ཀྱིས་སྟོན་པ་དང་། །ངེས་བསྟན་ལྔ་པའི་དོན་དང་བྱེད། །ཨནྟ་ཏས྄་ནི་བསྟན་པ་དང་། །ལྔ་པའི་དོན་དང་བསྒོམ་ཡན་ལག །རྗེས་ཤེས་ཕྲ་མ་གནོད་པ་ལའང་། །ཨ་ཧོ་ངོ་མཚར་འདོད་པ་དང་། །སྐྱེ་དང་རྫོགས་པའི་སངས་རྒྱས་དང་། །རྗེས་སུ་བརྩེ་བ་དག་ལའོ། །ཨཏ་ཏ་རིང་དང་ཉེ་བ་ལ། །ཨི་ཏས྄་ངེས་པ་ཆ་དག་དང་། །ལྔ་པའི་དོན་ལ་ཡང་བཤད་དོ། །ཨི་ཏི་རྒྱུ་མཚན་རྫོགས་པ་དང་། །གླེང་གཞི་དང་ནི་རབ་གསལ་སོགས། །ཨ་ནུ་ཀཪྵ་རྣམས་དང་ནི། །རྣམ་པ་འོན་ཏེའི་དོན་མ་རྟོགས། །ཨུཏ་ནི་འདྲི་དང་ཐེ་ཚོམ་དང་། །དོན་དང་རྟག་དཔྱད་ལའང་ངོ་། །ཀིཾ་ནི་དྲི་དང་སྨོད་པ་དག །ཐེ་ཚོམ་དང་ནི་དགག་པ་ལའོ། །ཀི་མུ་ཏ་ནི་ཕུལ། །དྲི་དང་རྣམ་རྟོག་དོན་ལའང་གྲགས། །ཀུ་ཏས྄་རྟོག་དང་འདྲི་བ་དང་། །ལྔ་པའི་དོན་ལ་ཡང་དྲན་ནོ། །ཏེ་ནི་ཁྱོད་དོན་སྦྱིན་བྱའི་དོན། །མེ་ནི་བདག་དོན་བདག་གི་བ། །བྱུ་ནི་རྐང་པ་ཁ་བསྐང་ངོ་། །དབྱེ་བ་དམིགས་འཛིན་ཀུན་ལས་བཏུས། །ངེས་སྦྱོར་ཕྱོགས་ཕྱི་བསྔགས་པ་ལའོ། །ཏ་ཏས྄་དང་པོ་ཡོངས་སུ་འདྲི། །ལྔ་པའི་དོན་དང་གཏམ་གཞན་ནོ། །ཏ་བས྄་བར་མ་ཆད་དང་ཚད། །དམིགས་འཛིན་པ་དང་ཅུང་ཟད་ཡོད། །ཡོངས་འགེབ་ལའོ་བཤྩཱད་ནི། །ནུབ་དང་ཕྱི་མ་མཚུངས་པའི་དོན། །བུ་རསྟཱཏ་ནི་ཤར་དང་མདུན། །པྲ་ཏི་སླར་སྦྱིན་དང་པོ་དང་། །སོ་སོར་ངེས་པར་འཛིན་པ་དང་། །གཙོ་བོ་འབྱུང་དང་ཁྱབ་འདོད་དང་། །མཚན་ཉིད་མཚོན་དང་རབ་སྦྱོར་དང་། །རྩོམ་གྱི་དོན་དང་མངོན་ཕྱོགས་དང་། །འདི་ལྟར་གྱུར་དང་འདི་ལྟར་བཤད། །བ་ཏ་སྐྱོ་དང་རྩེ་དང་སྨོད། །མགུ་དང་འབོད་དང་རྨད་བྱུང་ལ། །ཡ་ཏས྄་སྨ་ནི་ངེས་པ་དང་། །ལྔ་པའི་དོན་དང་རྣམ་འབྱེད་ལ། །ཡརྦཏ་དྲི་དང་རྣམ་རྟོག་ལ། །ཡཱ་བ྄ཏ་མཐའ་དག་ངེས་བཟུང་དང་། །མཚམས་དང་དབང་དུ་བྱེད་པ་ལ། །ཤ་ཤྭཏ྄་ཡང་ཡང་རྟག་གནས་ཀྱི། །སྭིཏ་ནི་དྲི་དང་རྣམ་རྟོག་དང་། །ས་ཀྲིཏ྄་ལྷན་ཅིག་ལ་གཅིག་ལ། །རྟག་ཏུ་དང་ནི་ཐང་གཅིག་ལའོ། །སཱ་ཀྵཱཏ་མངོན་སུམ་མཚུངས་པ་ལ། །སྭ་སྟི་སྨོན་དང་དགེ་བསོད་ནམས། །བདེ་ལེགས་བདེ་བ་ལ་སོགས་ལ། །ཧནྟ་དཀའ་དང་རྗེས་སུ་བརྩེ། །ངག་ཙམ་པ་དང་སྐྱོང་བ་ལ། །དུག་སོགས་བཟང་བའི་དོན་ལ་ཡང་། །ཧནྟིའི་སྒྲ་ནི་རབ་ཏུ་སྦྱོར། །ཨ་ཐ་ཨ་ཐོ་དགེ་བ་དང་། །དྲི་བ་ཙམ་དང་ཐེ་ཚོམ་དང་། །དང་པོ་ཀུན་བཏུས་མ་ལུས་དང་། །བར་ཆད་ལའོ་ཨ་བྱ་ཐཱ། །དེ་བཞིན་མིན་དང་རྣམ་གཞན་དོན། །ཏ་ཐཱ་དེ་འདྲ་ངེས་བསྟན་དང་། །ངེས་པ་ཀུན་སྡུད་པ་དང་ནི། །རྒྱུ་དང་སྐྱེད་པར་བྱེད་པ་དང་། །མདོར་བསྟན་དང་ནི་སོ་སོའི་དང་། །ཡ་ཐ་རྗེས་དཔག་དེ་འདྲ་དང་། །ངེས་བསྟན་མདོར་བསྟན་དག་དང་ནི། །རྒྱུ་དང་སྐྱེད་བྱེད་དག་ལའོ། །བྲྀ་ཐཱ་ནད་ཀྱིས་བོར་བ་དང་། །རྒྱུ་མཚན་མེད་དང་སྒྲུབ་བྱེད་མེད། །མོ་གཤམ་དག་ལའང་བལྟ་བར་བྱ། །ཨུ་དག་ཙོ་བོ་རབ་གསལ་དག །ཐར་པ་འཆིང་བ་སྟེང་གི་ལས། །བྱི་རུ་ཐོབ་པ་དངོས་པོ་དང་། །བྲལ་བ་རང་ནུས་ནུས་མེད་ལ། །ཨ་ནུ་རིམ་པ་དམན་པ་དང་། །རྗེས་ཀྱི་དོན་དང་ལྷན་ཅིག་དོན། །ཞིང་ཆེ་བ་དང་ཉེ་བའི་དོན། །འདྲ་བ་མཚན་ལ་སོགས་པ་ལ། །ཀིཾ་ནུ་དྲི་དང་རྣམ་རྟོག་ལ། །ན་ནུ་དྲི་དང་དམིགས་འཛིན་དང་། །འབོད་དང་རྗེས་ཁྲིད་རྗེས་གནང་ལའོ། །ནཱ་ནཱ་དུ་མ་བྲལ་དོན་དང་། །གཉིས་ཀའི་དོན་རྣམས་ལ་ཡང་ངོ་། །ནིར྄་ནི་མཐའ་གཅིག་ངེས་པ་དང་། །ངོ་མཚར་རྣམ་བཀོད་འདོར་ཕུང་པོ། །ནང་གི་དངོས་དང་དངོས་པོ་དང་། །མཐོང་བ་དང་ནི་སྦྱིན་པ་ལ། །འཆིང་དང་མཆོག་ཏུ་ཞི་བ་དང་། །ཐར་དང་དགེ་བ་ཐེ་ཚོམ་དང་། །གནས་ལའོ་ནུ་ནི་རྗེས་ཁྲིད་དོན། །འདས་དང་རིག་དང་འདྲི་བ་དང་། །ཐེ་ཚོམ་དོན་ལ་བལྟ་བར་བྱ། །ཨ་པ་ནག་པོ་བྲལ་དོན་དང་། །བོར་པའི་དོན་དང་ཟློག་པ་དང་། །བྲལ་དང་མི་སྡུག་ཆོམ་རྐུན་དགའ། །ངེས་པར་བསྟན་པ་དག་ལའོ། །ཨ་བི་སྲིད་པ་དོགས་པ་དང་། །དྲི་དང་སྨོད་དང་ཀུན་སྡུད་དང་། །འོས་པ་སྲིད་པ་འདོད་དང་སྐྱོད། །བྱ་བ་རྣམས་ལའོ་ཨུ་པ་ནི། །དམན་དང་ངན་དང་ཁྱབ་པ་དང་། །བརྩམས་དང་མཆོད་པ་དག་དང་ནི། །རྩོད་མེད་བྱེད་པ་སྦྱིན་པ་དང་། །སྦྱིན་གནས་དང་ནི་འདས་པ་དང་། །ཨུར་ནི་བརྩོན་པ་སྐྱོན་དང་གཏམ། །འཆི་མེད་དོན་དང་བརྩོན་པའི་དོན། །བསྡུ་བ་དང་ནི་བྱུགས་འདོད་དང་། །ཨུ་བའི་སྒྲ་ནི་རབ་ཏུ་གྲོགས། །བ་ཡི་སྒྲ་ནི་དཔེ་ལ་འགྱུར། །ཆུ་ལྷ་ལ་ཡང་དེ་ཉིད་དོ། །བཱ་ནི་ཡང་ན་དཔེ་དང་ནི། །ཁོ་ནའི་དོན་དང་ཀུན་སྡུད་པའོ། །བཻ་ནི་རྐང་པ་ཁ་སྐོང་དང་། །འབྲེལ་པ་རྗེས་ཁྲིད་ངེས་པའོ། །ཨཱ་བྷི་འདི་ལྟར་གྱུར་དང་གཏམ། །མངོན་པར་འདོད་དང་མངོན་དུ་ཕྱོགས། །ཨ་བྷིཀྵྞ་ཡང་ཡང་འགྱུར། །ཕུལ་བྱུང་དང་ནི་རྒྱུད་ལའོ། །ཨ་བྷིཀྵྞ་ཡང་དེ་བཞིན་ཏེ། །ཡང་ཡང་དང་ནི་རྒྱུད་ལ་འདོད། །ཨ་མཱ་ལྷན་ཅིག་དོན་དང་ཉེ། །གནམ་སྟོང་དང་ནི་ལྷན་ཅིག་གོ །ཨབ་ཤྱ་མ་ནི་འབད་དང་རྟག །ཨ་མ་རྒྱན་དང་ཆོག་ཚིགས་དང་། །ནུས་དང་འགོགས་དང་དོན་མེད་པའོ། །ཨི་དཱཾ་ནཱཾ་ནི་ཚིག་རྒྱན་དང་། །སཾ་ནི་སྔར་དོན་ལ་ཡང་འདོད། །ཨི་ནི་སྡུག་བསྔལ་བསྒོམས་པ་དང་། །ཁྲོ་དང་མངོན་སུམ་ཀུན་ཏུ་འཛིན། །ཨུཾ་ནི་དྲི་དང་ཁས་ལེན་ཁྲོ། །ཨཱུ་ནི་དྲི་དང་ཁྲོ་དང་སྤྱོད། །ཨི་བཾ་འདི་ལྟར་རྣམ་པ་དཔེ། །བདག་གར་བྱེད་དང་ངོས་བཟུང་བ། །ཨོཾ་ནི་རྗེས་སུ་འདོད་པ་དང་། །བརྗོད་དང་རབ་སྔགས་རིམ་པ་ལ། །ཀཾ་ནི་མགོ་དང་བདེ་དང་ཆུ། །ཀ་ཐར་དྲི་བ་རྣམ་པ་ལའོ། །སཾ་ནི་གཡོ་དང་འབྱུང་བ་ལ། །མ་མ་རྗེས་སུ་འདོད་པ་ལ། །པྲ་ནི་འདོད་དང་རྗེས་འགྲོ་ཉིད། །ཀིཾ་ནི་དྲི་དང་སྨད་པ་ལ། །ཛོ་ཥི་མི་སྨྲ་བདེ་བ་དང་། །རབ་ཏུ་བསྟོད་དང་འགོང་བ་ལ། །ཨུདྡྷི་ནཾ་ནི་ཉིན་ཆུང་དང་། །ཉི་མ་སོ་སོར་གནས་པ་ལ། །ཏུཥྞི་ཀ་ནི་ཐུམས་ཅན། །ན་མ་རབ་གསལ་བྱུང་བ་དང་། །སྨོད་དང་ཁས་ལེན་ཁྲོ་བ་དང་། །ངོ་མཚར་དྲན་པ་རྟག་དཔྱད་ལའོ། །ནཱུ་ནཾ་རྣམ་པར་རྟོག་པ་དང་། །གདོན་མི་ཟ་བ་རྣམ་པར་བཤད། །པྲདྦྷཾ་གུག་པ་རྗེས་སུ་མཐུན། །ཕུལ་བྱུང་ངེས་དང་ཤིན་ཏུའི་དོན། །ཤཾ་ནི་བདེ་དང་དགེ་བ་ལ། །སཾ་ནི་ཆགས་དོན་མཉམ་པའི་དོན། །མཛེས་པའི་དོན་དང་ཕུལ་བྱུང་ངོ་། །སྨ་ནི་འདས་དང་རྐང་པ་སྐོང་། །ས་མཱི་སྨོད་དང་ཕྱད་པ་ལ། །སཾ་པྲ་ཏཾ་ནི་ད་ལྟར་བ། །ཧཾ་ནི་ཁྲོ་ཚིག་རྗེས་ཁྲིད་ལུས། །པྲཱ་གུ་དང་ནི་རྣམ་རྟོག་ལ། །ཧཱུྃ་ནི་རྣམ་རྟོག་ཡོངས་སུ་འདྲི། །སྡིག་པ་དང་ནི་ཁས་ལེན་ལའོ། །ཨཱ་ཡི་ཀ་ནི་ཆ་ཤས་ངན། །སྨྲ་དང་རྟོག་དང་དགག་ཚིག་དང་། །གཡུལ་ངོར་སོན་དང་རྗེས་ཁྲིད་དང་། །འགྲོ་དང་ཀུན་འཁོར་ཁྲོ་བའོ། །ཨཱ་ཡ་དུག་དང་དྲན་སོགས་དང་། །དུས་མཐའ་དང་ནི་དབུས་དག་ལ། །ས་མ་ཡ་ནི་ཉེ་དང་དབུས། །ཨནྟ་རཱ་ནི་བྲལ་དོན་དང་། །དབུས་ཀྱི་དོན་དང་ཉེ་བའི་དོན། །ཨནྟར་དབུས་དོན་རབ་མཐའི་དོན། །བདག་གིར་བྱེད་དོན་རྣམས་ལ་བལྟ། །བུ་རཱ་སྔོན་རབས་དུས་རིང་འདས། །ཉེ་བ་མ་འོངས་རྙིང་པ་ལའོ། །ཨུ་ར་རཱི་དང་ཨཱུ་ར་རཱི། །ཨཱུ་རི་རྒྱ་ཆེར་ཁས་ལེན་པའོ། །དུར་ནི་དགག་པ་དཀའ་ཚེགས་དང་། །འགྲོ་སོགས་དོན་དང་ཕུལ་བྱུང་མིན། །ནིར་ནི་མ་ལུས་དགག་པ་དང་། །བྷྲྀ་ཤ་སོགས་དོན་ངེས་པ་ལ། །ཡཱ་ར་རྟོག་པ་གནོད་པ་དང་། །སོ་སོར་སྨྲ་དང་གཙོ་བོ་མཆོག །མངོན་ཕྱོགས་རྣམ་པར་ཐར་པ་དང་། །ངེས་པའི་དོན་དང་རྣམ་གནོན་ལ། །བ་རི་ཀུན་ནས་དངོས་པོ་དང་། །ཐོབ་འདོད་མཚན་ཉིད་ལ་སོགས་དང་། །འཁྱུད་དང་གོས་དང་ཁྱབ་པ་དང་། །ནད་དང་མྱ་ངན་མཆོད་པ་མཆོག །ས་སྐྱོང་སྐྱོན་བཤད་བོར་བ་ལ། །པུན་རུ་སླར་ཡང་དབྱེ་བ་དང་། །ལྷག་པར་བྱེད་དང་ཕྱོགས་ཕྱི་མ། །རབ་བཅིངས་ཉེ་དང་འདས་པ་དང་། །སྭཿནི་མཐོ་རིས་འཇིག་རྟེན་གནས། །ཀི་ལ་སྙིང་སྡུག་ལོ་རྒྱུས་དང་། །འབྱུང་བར་བྱ་དང་རྗེས་ཁྲིད་དོན། །ཁ་ལུ་ཚིག་རྒྱན་ཁྱབ་འདོད་དགག །ངག་གི་ཁ་སྐོང་ཁེངས་པ་དང་། །ངེས་དད་རྒྱུན་དང་ཡིད་སྨྲ་དང་། །སཱ་རྠ་ན་དང་ཤེས་འདོད་སོགས། །ཨ་བ་ཁྱབ་དང་ཡོང་སྒོམ་དང་། །བྲལ་བ་དམིགས་པ་དགག་པ་དང་། །ཅུང་ཟད་དོན་དང་རྣམ་ཤེས་དང་། །དཔེ་དང་ངེས་པར་བཟུང་བ་ལ། །བསྲ་ནི་ཁྱེད་རྣམས་ཞེས་དོན་དང་། །དབྱེ་བ་དང་ནི་རྣམ་པ་ཀུན། །ལས་དང་ཐ་དད་དོན་གཙོ་དང་། །དངོས་པོ་དང་ནི་མཁའ་འགྲོ་ལ། ཨུ་ཥཱ་གྲངས་དང་གྲངས་བཅས་དང་། །མཚན་མོའི་མཐའ་དང་ངེས་ཉལ་འདོད། །དོ་ཥཱ་མཚན་མོའི་སྒོ་དང་ནི། །མཚན་མོ་དང་ནི་སྤྲིན་ལ་ཡང་། །ནི་ཥ་ཥཱ་ནི་མཐའ་དད་དབུས། །བསྲུང་བ་དང་ནི་གཞན་ལ་ཡང་། །ཨ་གྲ་ཏས྄་ནི་དང་པོ་དང་། །རྩེ་མོ་མཆོག་དང་དེ་ཉིད་དང་། །མི་སྨྲ་རྣམས་སོ་ཨ་བྷི་ཏས། །ཉེ་དང་མཐའ་དག་མངོན་ཕྱོགས་དང་། །གཉིས་ཀ་དར་ནི་མྱུར་བ་ལ། །ཏི་རས྄་དུད་འགྲོ་མི་སྣང་དང་། །དལ་བ་དང་ནི་བགགས་པ་དང་། །མཐའ་དག་དང་ནི་གུས་པ་དག །ནཱི་ཙི་རང་དབང་ཆུང་བར་འདོད། །པུ་རས྄་མཆོག་དང་དང་པོ་ལ། །པུ་ར་ཏས྄་ནེ་དང་པོ་མཆོག །པྲཏས྄་སྔ་ཉིན་སྔ་དྲོ་ལ། །སུརྦེ་བྱུས་ཆོས་ཀྱི་གནས། །སྔ་མའི་དོན་དང་ཁར་ཉིན་དང་། །ཕྱི་ཕྱིར་དང་ནི་ཡང་དང་ཡང་། །མང་བའི་དོན་ལ་མི་ཐམས་ཏེ། །ཕན་ཚུན་དང་ནི་གསང་བའོ། །པྲཱ་དུས་རབ་གསལ་འབྱུང་བ་དང་། །མིང་ངམ་སྒྲ་ལ་ཤེས་པར་བྱ། །ས་ནཾས་དལ་བུས་རྒྱུ་འདྲ་བཤད། །རང་དབང་དང་ནི་ལེགས་མཆོད་དང་། །ངེས་པའི་དོན་དང་རྗེས་སུ་འགྲོ། །དཀའ་ཚོགས་དང་ནི་ཡང་དག་འབྱོར། །དེ་དུས་ཙམ་དང་བབ་ཅོལ་དུ། །གློ་བུར་བྱུང་བ་ལ་ཡང་ངོ་། །ཨ་ཧཱ་མྱ་ངན་ལས་སྐྱེས་དང་། །ངན་དང་དུག་དང་སྙིང་རྗེའི་དོན། །ཨ་ཧོ་འདྲི་དང་རྣམ་དཔྱོད་དང་། །རྨད་བྱུང་སྐྱོ་བ་རྣམས་ལ་འདོད། །ཨ་ཧ་ཧ་ནི་ངོ་མཚར་སྐྱོ། །ཨ་ཧ་ཧ་ནི་ཕ་རྒྱས་དང་། །ཡོངས་སུ་ཉོན་མོངས་རབ་དགའ་ལ། །ཨཱ་ཧ་སྤྱོད་དང་ངེས་སྦྱོར་དོན། །ཨུ་ཏཱ་ཏོ་ནི་འདྲི་དང་རྟོག །ས་ཧའི་སྒྲ་ནི་མཐའ་དག་དང་། །ཅིག་ཅར་དང་ནི་ཡང་དག་འབྱོར། །འདྲ་དང་ཡོད་དང་འབྲེལ་བ་ལ། །ཧ་ནི་རྐང་པ་ཁ་སྐོང་དང་། །འབྲེལ་པ་དང་ནི་དམན་ལའོ། །ཧྵ་ནི་སེམས་སྐྱོ་བ་ལ་དྲན། །ང་རྒྱལ་སྨོད་དང་མནར་བ་ལའོ། །ཧ་ཧ་སྐྱོ་བ་ལ་རབ་གྲགས། །དྲི་ཟ་ལ་ཡང་ཧཱ་ཧཱ་འོ། །ཧི་ནི་རྒྱུ་མཚན་ངེས་བཟུང་དང་། །རྐང་པ་ཁ་སྐོང་དག་ལའོ། །ཧཱི་ནི་ངོ་མཚར་སྐྱོ་བ་སོགས། །སྡུག་བསྔལ་རྒྱུ་དང་དམིགས་ཀྱི་སྟོན། །ཧཱི་ཧཱི་ངོ་མཚར་རྒོད་པ་ལ། །ཧཱུ་ཧཱུ་དགའ་དང་དྲི་ཟ་དང་། །ཧེ་ཧཻ་ཡོད་མིག་དྲན་པ་དང་། །བོད་པ་དང་ནི་རྒྱུ་རྣམས་ལ། །ཧོ་དང་ཧོ་ནི་མཐའ་དག་དང་། །བོད་པ་དང་ནི་དྲན་པར་འདོད། །ཀཾ་ཀྵཱ་མྱུར་དང་ངེས་པའི་དོན། །དེ་ཉིད་ལ་ཡང་འགའ་ཞིག་འདོད། །མི་ཟད་པའི་དོན་དུ་མ་ཅན་གྱི་སྡེའོ། །སྨྲ་མཆོག་རྣམས་ཀྱིས་ལེགས་སྦྱར་ངག་གི་ཆུ་གཏེར་ལས། །རྣམ་པར་གྲོལ་བའི་ངོ་མཚར་ཚིག་གི་མུཀྟིཀ །བློ་གསལ་ཀུན་ཏུ་དགའ་བ་སྐྱེད་པའི་རྣ་རྒྱན་འདིས། །འགྲོ་ཀུན་རྣམ་པ་ཐམས་ཅད་མཁྱེན་པའི་དཔལ་ཐོབ་ཤོག །བལ་པོའི་པཎྜིཏ་དཔལ་འཛིན་སྡེས་སྦྱར་བའི་མངོན་བརྗོད་ཀྱི་བསྟན་བཅོས་སྣ་ཚོགས་གསལ་བ་འདི་ཉིད། །སྔོན་ཞྭ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོས་གཞི་འགྱུར་མཛད་པ་དང་། །སླར་ཡང་ངེས་པ་དོན་གྱི་པཎྜིཏ་ཆེན་པོ་ཀརྨ་ཚེ་དབང་ཀུན་ཁྱབ་ངེས་དོན་བསྟན་འཕེལ་བཟང་པོའི་ཞབས་ཀྱིས་དོན་དུ་མ་ཅན་གྱི་སྡེ་ཚན་གྱི་སྐབས་རྣམས་འགྱུར་བཅོས་ལེགས་པར་གནང་བའི་ཕྱག་བྲིས་དངོས་ལས། སྙན་ངག་སྦྱར་རྒྱན་དང་། གབ་ཚིག་གི་རྒྱན་འགའ་ཞིག་སྦྱོར་བར་འདོད་པ་ལ་འདི་ཉིད་མེད་དུ་མི་རུང་བའི་ཡན་ལག་ཏུ་རྟོགས་ཏེ། །ཉེ་བར་མཁོ་བའི་རིགས་རྣམས་ཅུང་ཟད་བསྡུས་པ་བློ་གསལ་རྣ་རྒྱན་ཞེས་བྱ་བ་འདི་ནི་ཁྱབ་བདག་བླ་མ་ཟེ་ཆེན་པཎྜིཏ་འཇམ་དཔལ་དགྱེས་པའི་བློ་གྲོས་མཚོ་སྐྱེས་བཞད་པའི་སྒྲ་དབྱངས་ཀྱི་ཞབས་རྡུལ་སྤྱི་བོས་ལེན་པའི་ཀུན་རྨོངས་པ་ཚངས་སྲས་དགྱེས་པའི་བློ་ལྡན་གདོང་དྲུག་དགའ་བའི་ལང་ཚོ་ཞེས་བགྱི་བས་གྲུབ་པའི་བསྟི་གནས་དཔལ་ལྡན་པདྨ་འོད་གླིང་དུ་ཀརྟི་ཀ་ཡི་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོའི་གྲལ་ཚེས་ཁོ་ནར་ཟིན་བྲིས་སུ་བགྱིས་པ་ཤུ་བྷམ་སྟུ་སརྦ་ཛ་ག་ཏི། །འདིའི་ཟུར་དུ་མཆན་གྱི་ཚུལ་གྱིས་བྲིས་པ་རྣམས། སློབ་དཔོན་སྨྲ་བ་ཆེན་པོས་མཛད་པའི་སྒྲ་གཅིག་དོན་མང་གི་མངོན་བརྗོད་དཔལ་སྒྲའི་སྙེ་མ་ལས་བཏུས་པ་སྟེ། ཅུང་དག་ཅིང་ཉེར་མཁོར་གྱུར་པ་རྣམས་སོ།། །། ༈}} | ན་མོ་གུ་རུ་བྷྱཿ །དྲི་མེད་ཡོན་ཏན་ཀུན་གྱི་གཏེར། །དཔལ་ལྡན་བླ་མ་ལ་བཏུད་ནས། །སྒྲ་གཅིག་དོན་མང་མངོན་བརྗོད་ལས། །ཉེ་བར་བཏུས་ཏེ་འདིར་གསལ་བྱ། །ཀཿནི་ཚངས་པ་རླུང་ཉི་མ། །གསལ་བ་དང་ནི་རྨ་བྱ་ལའོ། །ཀཾ་ནི་མགོ་བོ་ཆུ་དང་བདེ། །ཀུ་ནི་སྒྲ་དང་ངན་པ་དང་། །ཨ་ཀཾ་སྡུག་བསྔལ་སྡིག་པ་ལ། །ཨངྐཿརི་མོ་མཚན་མ་དང་། །རྟཊ་དང་རྒྱན་དང་མཚན་ཉིད་དང་། །ཟློས་གར་སོགས་དང་ལེའུ་དང་། །བྲང་གི་ངོས་དང་གཟུགས་ཅན་ལ། །ཨནྟ་རི་མོ་འཁྲུགས་སྔཊ་དང་། །གནས་དང་རྒྱན་རྣམས་དག་ལའོ། །ཨཏྐཿཉི་མ་ཨརྐའི་འདབས། ཤིང་གི་བྱེ་བྲག །བརྒྱ་བྱིན་ཤེལ་དང་ཟངས་དག་ལ། །ཨེ་ཀ་གཙོ་བོ་གྲོཊ་པོ་དང་། །འགའ་ཞིག་གནས་དང་མ་འདྲེས་པ། །ཀཾ་ཀ་འདབ་ཆགས་བྱེ་བྲག་དང་། །མཐར་བྱེད་སྒོ་གླེགས་གཉིས་སྐྱེས་ལ། །ཀཱ་ཀ་བྱ་རོག་གདན་དང་སྦྲུལ། །མགོ་བོ་བྱ་གདོང་ངན་པ་དང་། །ང་རྒྱལ་གླིང་དང་ཤིང་གི་བར། །ཀཱ་ཀ་བྱ་རོག་བྱིན་པ་དང་། །བྱ་རོག་གྲལ་དང་བྱ་རོག་ཤིག །ཀཱ་ཀ་དག་བྱེད་དྲི་མ་འཇོམས། །ཁྲག་ཅན་ལ་ཡང་བལྟ་བར་བྱ། །ཀཱ་ཀཾ་བྱ་རོག་ཚོགས་པ་དང་། །གཡོ་བ་འཆི་བར་བྱེད་པ་ལའང་། །ཀོ་ཀ་འཁོར་ལོ་ལྕེ་སྤྱང་དང་། །གཙོ་བོ་དང་ནི་འབྲ་མགོའི་ཤིང་། །སྦལ་བ་ཁྱབ་འཇུག་རྣམས་ལའོ། །ཙྪ་ཀ་ཁྱིམ་ལ་ཞིམ་པ་དང་། །སྣ་ཚོགས་རི་དྭགས་འདབ་ཆགས་དང་། །གྲོང་ཁྱེར་དང་ནི་འཁྱོགས་པོ་ལ། །ནཱ་ཀ་མཐོ་རིས་སྐབས་གསུམ་པ། །ནཱ་ཀུ་གྲོགས་མཁར་རི་བོང་དང་། །ཐུབ་པའི་བྱེ་བྲག་རྣམས་ལའོ། །བྷེ་ཀ་སྦལ་བ་སྤྲིན་དག་ལ། །ཀུཎྜ་ཀཾ་ནི་ཚེར་མ་དང་། །དགྲ་བོ་ཕྲན་ཚེགས་སྐྱོན་དག་དང་། །བ་སྤུ་ལྡང་དང་ཁབ་རྩེ་མོའོ། །གོས་བྱེད་ལ་ཡང་བལྟ་བར་བྱ། །ཀ་ན་ཀཾ་ནི་གསེར་སྨྱོ་བྱེད། །ནཱ་ག་གེ་སར་ཙམྤཀ །ཀཱ་རི་ཀཱ་ནི་མདོ་མང་པོའོ། །དོན་བསྡུས་འགྲེལ་པའི་ཚིགས་བཅད་ལ། །ཀཱ་རི་ཀཱ་གར་དང་གླང་མོ། །འདྲེགས་མཁན་ལ་སོགས་བཟོ་བོ་ལའོ། །ཀཱ་ལི་ཀཱ་ནི་གཏུམ་མོ་དང་། །རྣལ་འབྱོར་མ་ཡི་བྱེ་བྲག་དང་། །ཟད་པའམ་ཟིན་པ་རིན་ཐང་དང་། །འཁྲི་ཤིང་ཁྱད་པར་པོ་ཊའི་ཡལ་འདབ་ལ། །བ་སྤུའི་གྲལ་དང་དུད་སྤྲིན་དང་། །ནག་པོ་དང་ནི་བྱ་རོག་མོ། །སྡིག་པའི་འདབ་མ་སྤྲིན་གྱི་ཚོགས། །ཤ་རྒྱས་པ་དང་མི་ཡི་ལོ། །ལྷ་མོ་ཨུ་མ་དྷཱུ་མ་རི། །སྟོབས་དང་དུ་བའི་རབ་དབྱེ་དཔྱད་དང་། །སྤྲིན་བར་རྣམས་ལ་བརྗོད་བྱར་ལྡན། །ཀོ་ཤུ་ཀཾ་ནི་རྩེད་མོ་དང་། །དགའ་སྟོན་མངོན་འདོད་རྩེད་མོ་དགའ། །ཕན་ཚུན་ཕྲད་དང་བཀྲ་ཤིས་དང་། །གཏམ་བཤད་རྒྱ་ཆེན་བག་མ་ལེན། །ཡུལ་གྱི་ལོངས་སྤྱོད་དུས་ལ་ཡང་། །ཀཽ་ཤི་ཀ་ནི་གུ་གུལ་ཤིང་། །འུག་པ་ནེའུ་ལེ་སྦྲུལ་ཁས་བསྡིགས། །དབང་པོ་སྣ་ཚོགས་བཤེས་གཉེན་དང་། །དྲང་སྲོང་མིང་མཛོད་ཤེས་རྣམས་ལའོ། །ཁོ་ལ་ཀ་ནི་སྨིན་པ་དང་། །མཛོད་དང་མགོ་བོའི་ཏོག་ལའོ། །ཛྷི་ལི་ཀ་ནི་བུང་བ་དང་། །བྱུགས་པ་དང་ནི་དྲི་མ་ལ། །ན་ར་ཀ་ནི་དམྱལ་བ་དང་། །ལྷ་མ་ཡིན་གྱི་ཁྱད་པར་ལ། །འདམ་སྐྱེས་ཡེ་ཤེས་ནཱ་ལཱི་ཀ །མདའ་དང་ཟུག་རྔུ་ནཱ་ལཱི་ཀ །མཚོ་སྐྱེས་པད་སྡོང་ནཱ་ལི་ཀཾ །ཡཀྵ་ཀ་ནི་ངེས་ལེགས་ཕྱོགས། །ཕྱོགས་ཀྱི་སྒོ་དང་ལོག་བཅས་ལ། །པུཥྤ་ཀཾ་ནི་ལུས་ངན་པོའམ། །གཞལ་མེད་ཁང་དང་རིན་ཆེན་ཟེག །མིག་ནད་གཤའ་ཚེར་ག་ན་དང་། །མིག་སྨན་ཁུ་བ་རྣམས་དང་ནི། །རྔ་ཟླུམ་པར་པ་ཀ་ཊྭི་དང་། །ལྕགས་དང་མཁར་བ་རྣམས་ལའོ། །པྲ་ཏཱི་ཀཿནི་མི་མཐུན་དང་། །ཕྱོགས་རེ་བ་དང་གོ་ཟློག་དང་། །ཆ་ཤས་ལའོ་བྲ་བེ་ཀ །ཁྲུས་དང་ཤི་བ་དག་ལའོ། །མལླི་ཀ་དང་མལླི་ཀཱ །དང་པོའི་རྒྱལ་པོའི་ཁྱད་པར་ལ། །མལླི་ཀཱ་ནི་རྩ་སྟོང་དང་། །ཉ་དང་ས་ཡི་སྣོད་དག་ལ། །མཱ་ས་ཀཾ་ནི་མཉམ་ཉིད་ལྡན། །ཕྲེང་བ་དང་ནི་མགུལ་རྒྱན་དང་། །དོ་ཤལ་མེ་ཏོག་ཕྲེང་བ་དང་། །མཁའ་ལྡིང་ཆུ་ཀླུང་ཁྱད་པར་ལ། །རཀྟ་ཀ་ནི་ནད་མེད་དང་། །གཉེན་བྱེད་གོས་དམར་རྗེས་ཆགས་ལ། །རཱ་ཛ་ཀཱ་ནི་སྤྲིངས་ཡིག་དང་། །ཉ་པ་ཀེ་ཚེ་ཡུངས་ཀར་ལའོ། །བརྞི་ཀཱ་དང་བརྞ་ཀཿ མདོག་དང་སྤྱོད་པ་སྙན་ངག་མཁན། །བྱུགས་པ་དང་ནི་རི་མོ་མཁན། །ཡི་གེ་དང་ནི་ཙནྡན་ལའོ། །བི་བེ་ཀ་ནི་རྣམ་དཔྱད་དང་། །ཆུ་ཡི་སྣོད་དང་དབེན་པ་ལ། །ཧེ་རུ་ཀ་ནི་སངས་རྒྱས་དབྱེ། །དེ་བཞིན་ནག་པོ་ཆེན་པོའི་ཚོགས། །པུཎྱ་རཱི་ཀཿམེ་ཕྱོགས་གླང་། །གཟིག་དང་བུད་མེད་བུར་ཤིང་ལའོ། །པུཎྜ་རཱི་ཀཾ་གདུགས་དཀར་དང་། །ཆུ་སྐྱེས་དཀར་དང་སྨན་ལའོ། །བྲ་ཙ་ལ་ཀ་མདའ་འཕན་དང་། །རྨ་བྱ་གནོད་སྦྱིན་ལག་འགྲོ་ལ། །བི་ནཱ་ཡ་ཀཿསངས་རྒྱས་དང་། །ཚོགས་བདག་ལོག་འདྲེན་བགེགས་བྱ་ཁྱུང་། །བླ་མ་ལ་ཡང་དྲན་པར་བྱ། །བྷཊྚཱ་ར་ཀ་ལྷ་དང་ནི། །ས་སྐྱོང་དཀའ་ཐུབ་ནོར་ཅན་ལ། །སྣཱ་ཏ་ཙི་ཀིཏྤ་ཀཾ་ནི། །དཀའ་ཐུབ་བུད་མེད་མེ་ཏོག་ལའོ། །ཞེས་སྙན་ངག་མཁན་པོ་པཎྜི་ཏ་དཔལ་འཛིན་སྡེས་རྣམ་པར་བཀོད་པ་སྣ་ཚོགས་གསལ་བ་ཞེས་པའམ། མིང་གཞན་མུ་ཏིག་ཕྲེང་བ་ལས། །ཀ་དབྱངས་དང་བཅས་ཏེ་ཀ་མཐའི་ལས་ཉེ་བར་བཏུས་པའོ། །སྡེའོ། ། ༈ ཁ་ནི་ནམ་མཁའ་ལྷ་ཡུལ་བདེ། །བློ་དང་ཚོར་མ་ཉམས་མྱོང་གྲོང་། །སྟོང་པ་ཐིག་ལེ་དབང་པོ་ཞིང་། །ཀུ་ཎཱ་ཧ་ལའི་འབྲས་བུའོ། །ན་ཁ་སེན་མོ་གཎྜ་ལ། །ལེ་ཁ་སྤྲིངས་ཡིག་ལྷ་མིན་ལ། །ལེ་ཁཱ་རི་མོ་བྲལ་ཡི་ག །ཤི་ཁཱ་ཡལ་ག་གཙུག་ཕུད་ཙམ། །ཕུད་བུ་འབར་བ་མཇུག་མ་ལ། །སུ་ཁཾ་སྐྱིད་དང་མཐོ་རིས་ལ། །སུ་ཁཱ་གྲོགས་དང་རབ་སེམས་མོ། །མ་ཡཱུ་ཁ་ནི་མེ་ལྕེ་དང་། །འོད་ཟེར་མཛེས་དང་སྒྲོན་མེ་ལའོ། །ཨགྣེ་མུ་ཁ་ལྷ་དང་ནི། །གཉིས་སྐྱེས་དང་ནི་རླུང་གི་མིང་། །སརྦ་ཏེ་མུ་ཁཾ་ཞེས་པ། །ནམ་མཁའ་དང་ནི་ལམ་ལའོ། །ཁ་མཐའི་སྡེའོ། ། ༈ ག་ནི་དྲི་ཟ་ཚོགས་བདག་ཉིད། །གཾ་གླུ་གཱ་ནི་གླུ་མཁན་མ། །གཽ་ཕོ་གླང་དང་མཐོ་རིས་དང་། །མཁའ་འོད་རྡོ་རྗེ་ཟླ་བ་རི། གཽཿབ་ལངས་ཕྱོགས་མིག་དང་ངག །མདའ་དང་ཆུ་རྣམས་ལ་ནིའོ། །ཨ་ག་འགྲོ་མེད་ཤིང་རི་བོ། །ཉི་མ་ལག་འགྲོ་དག་ལའོ། །ཨ་ག་ལུས་དང་གཙོ་བོ་དང་། །ཐབས་དང་འགྲན་ཟླ་ཉེ་བ་དང་། །ཡན་ལག་ལྡན་པ་རྣམས་ལའོ། །ནཱ་གཿརི་ཤིང་འགྲོ་མེད་དང་། །འཆི་བར་བྱེད་པའི་ཁྱད་པར་ལའོ། །ཉི་མ་ལག་འགྲོ་དག་ལའོ། །ནཱ་ག་སྒྲའི་སྙེ་མར། ནཱ་ག་རིན་ཆེན་བུད་མེད་མཛེས། །མེ་ཏོག་མདའ་ཅན་རྒྱ་མཚོ་དང་། །འཁྲི་ཤིང་ཤིང་རྟ་སོགས་སུ་དྲན། །ཅེས་བཤད་དོ། །ཀླུ་དང་ཀླུ་ཤིང་དང་། །ནཱ་ག་གེ་སར་གླང་པོ་དང་། །གླང་པོའི་སོ་དང་ཆར་སྤྲིན་དང་། །ནཱ་ག་བལླི་གླ་སྒང་དང་། །གྲོ་མ་ལུས་ཀྱི་རླུང་བྱེ་བྲག །གཙོ་བོ་ཉིད་དང་སྐྱེ་བོའི་ལྗོངས། །ཞ་ཉེ་གཤའ་ཚེ་ལ་མ་ནིང་། །འཆི་བར་བྱེད་པའི་ཁྱད་པར་ལའོ། །བྷ་གཾ་ཡེ་ཤེས་སྐྱེ་གནས་ཆོས། །གྲགས་པ་བདག་ཉིད་ཆེན་པོ་དང་། །དབང་ཕྱུག་འབད་པ་ཆགས་བྲལ་དཔལ། །རྣམ་ཤེས་བརྩོན་འགྲུས་ཉི་མ་ལའོ། །བྷོ་ག་བདེ་དང་སྦྲུལ་གྱི་ནི། །གདེངས་ཀ་དང་ནི་ལུས་དག་ལ། །ཐ་སྙད་དང་ནི་ལོངས་སྤྱོད་དང་། །འདུས་ལ་བལྟ་དང་བུད་མེད་ཀྱིས། །གླ་སོགས་སྐྱོང་བར་བྱེད་དང་ནོར། །མྲྀ་ག་རི་དྭགས་ཕྱུགས་གླང་པོ། །རྒྱུ་སྐར་གྱི་ནི་དབྱེ་བ་ལ། །ཡུ་ག་ཤིང་རྟ་གཤོལ་ནག་གོ །ཡུ་གཾ་རྫོགས་ལྡན་སོགས་དང་ཟུང་། །ལག་བཞི་རྒན་པོའི་མིང་ཅན་སྨན། །ཡོ་ག་གོ་ཆ་གྱོན་པ་དང་། །སྦྱོར་བ་བསམ་གཏན་འགྲོགས་པ་དང་། །ཁྱོན་ལ་སོགས་དང་གསང་བུ་རྫས། །ཀུན་འཇོམས་མཆོག་དང་སྔར་མེད་ཐོབ། །སྨན་དང་ཐབས་དང་རིགས་རྣམས་ལ། །ཨ་ནཾ་ག་ནི་ཡིད་སྲུབ་དང་། །ལུས་མེད་ནམ་མཁའ་ཡིད་འོང་ལ། །ཨཱ་བྷོ་ག་ནི་ཀུན་འགྲོ་འབད། །གདུགས་དང་རབ་སེམས་གང་བ་དང་། །ཀུན་སྦྱོང་དྲི་དང་ཕྲེང་བ་སྦྱིན། །རྩོལ་བའི་སྒྲིབ་པ་རྣམས་ལའོ། །པ་ཏཱཾ་གཿནི་བྱེ་མ་ལེབ། །ཉི་མ་བྱ་དང་འབྲུ་བྱེ་བྲག །སཾ་བྷོ་ག་ནི་དགའ་བ་དང་། །ལོངས་སྤྱོད་དང་ནི་རྒྱལ་བའི་བསྟན། །ག་མཐའི་སྡེའོ།། །། ༈ གྷ་ནི་དྲིལ་བུའི་དབང་པོ་ལ། །གྷ་ནི་དྲིལ་བུ་འཇོམས་བྱེད་ལ། །གྷུ་ནི་བུད་མེད་སྒྲ་ལའོ། །ཨ་གྷཿསྡིག་པ་སྡུག་བསྔལ་ཕོངས། །ཨ་བ་གྷ་ནི་སྡིག་པས་སྟོང་། །དྲི་མ་མེད་དང་ཡིད་དགའ་དང་། །གྷ་མཐའི་སྡེའོ།། །། ༈ ང་ནི་འཇིགས་པ་བྱེད་དང་ཡུལ། །རྩ་བར་ཡང་འདི་ལས་མེད་དོ། །ང་མཐའི་སྡེའོ།། །། ༈ ཙ་ནི་ཆོམ་རྐུན་ཟླ་བ་དང་། །རུ་ཙི་མཛེས་དང་འོད་དང་འདོད། །མངོན་པར་ཆགས་དང་བཟང་བ་ལ། །བཱ་ཙ་དབྱངས་ཅན་ཚིག་དང་ནི། །ཤིན་ཏུ་ཆུང་བའི་རྦ་རླབས་དང་། །གོ་སྐབས་དང་ནི་བདེ་བ་ལ། །ཤུ་ཙིཿཉེར་འཛིན་ཟླ་བ་མེ། །སྔགས་པ་ཁྱུང་དང་རྨ་བྱ་དང་། །སྒོག་པ་དང་ནི་སོས་ཀའི་དུས། །དཀར་བ་དང་ནི་ཉེར་འཚེ་མེད། །པྲ་ཏཱི་ཙཱི་ནི་ཕྱོགས་དུས་ཡུལ། །ཙ་མཐའི་སྡེའོ།། །། ༈ ཚ་ནི་གཅོད་དང་བྱ་རོག་དང་། །ཚ་ནི་གཅོད་དང་འདོད་པ་ལ། མཚན་མ་དང་ནི་དང་པ་ལ། །ཨ་ཚ་ཤེལ་དང་དམ་དང་ནི། །དྲི་མེད་ལ་སྟེ་མི་ཟད་པའོ། །གུཙྪ་ཕོན་པོ་དོ་ཤལ་དབྱེ། །སྡོང་པོ་དང་ནི་བསགས་པ་ལ། །ཚ་མཐའི་སྡེའོ།། །། ༈ ཛ་ནི་མྱུར་འགྲོ་ཛཱ་ཞེས་པ། །འབྱུང་པོ་སྐྱེ་བ་རྒྱལ་བྱེད་རྒྱལ། །ཛཱུ་ནི་ཀཱ་ར་བསྟོད་དང་དབྱངས། །ཤ་པ་ནི་མགྱོགས་པ་ལའོ། །ཨ་ཛཿཁྱབ་འཇུག་དབང་ཕྱུག་དང་། །བདུད་དང་ཚངས་པ་སྒྲུབ་བྱེད་དང་། །རགྷུའི་བུ་དང་ར་རྣམས་ལའོ། །ཨཔྫཿགཞུ་ཡི་ཁྱད་པར་དང་། །ཟླ་བ་ཆུ་སྐྱེས་ནི་ཙུ་ལ། །ཀུཔྫ་སྒུར་འཁྱོག་ཤིང་བྱེ་བྲག །ཁརྫུ་འབྲ་གོའི་ཤིང་དང་ནི། །གཡའ་བ་དང་ནི་སྲིན་བུའོ། །དྭི་ཛ་བྲམ་དྭི་ཛ་ས་སྐྱོང་ཟླ་བ་བྱ། ཟེ་སྒོང་སྐྱེས་དང་།། མཛོད་དང་ནོར་བུ་རྒྱ་མཚོ་སོགས། རྒྱལ་རིགས་དང་ནི་རྗེའུ་རིགས་ལའོ། །ཛ་ལ་ཛཾ་ནི་ལམ་སྐྱེས་དང་། །ཆུ་སྐྱེས་པདྨ་རུ་རྟ་དུང་། །ཨ་ཧི་བྷུ་ཛ་རྣམ་འདུམ་བྱ་ཁྱུང་བུ། །འབྲུག་རྨ་བྱ། སྒྲའི་རྗེས་སུ་སྒེག་པ་མའོ། །དྷརྨ་རཱ་ཛཿགཤིན་རྗེ་དང་། །བདེ་བར་གཤེགས་དང་གཡུལ་ངོར་བརྟན། །ཛ་མཐའི་ཛྷ་མཐའ་ནི་མི་སྣང་ངོ་། །སྡེའོ།། །། ༈ ཉ་ནི་དབྱེ་བའི་སྒྲ་དང་ནི། །གླུ་ལེན་པ་ལ་འགའ་ཡིས་བཤད། །ཛྙ་ནི་མཁས་དང་བློ་ལའོ། །པྲཛྙཱ་བློ་ལ་པྲཛྙ་མཁས། །བདེ་གཤེགས་བདེ་འབྱུང་བྱ་དང་རི་དྭགས་ཁྱིམ་ལ་བརྟེན་པ་ལའང་། སརྦ་ཛྙཱ། །ཉ་མཐའི་སྡེའོ།། །། ༈ ཊཱ་ནི་ས་ལའོ་ཊ་ནི་སྒྲ། །ཊཾ་ནི་སྤྱི་བླུགས་ལ་འགྱུར་རོ། །ཀོ་ཊི་གྲངས་ཀྱི་བྱེ་བྲག་དང་། །མཆོག་དང་ཤིན་ཏུ་ཕུལ་བྱུང་རབ། །རྩེ་མོ་གཞུ་ཡི་མཆོག་མ་ལ། །ཏིཥྟཾ་བདེ་དང་མི་དགེ་མེད། །སྡིག་པ་དང་ནི་མི་དགེ་བའོ། །བེ་ཀ་ཊ་ནི་རྣམ་མཛེས་དང་། །ཉ་དང་ལང་ཚོ་བྱེ་བ་གསར་པ་ལའོ། །ཊ་མཐའི་སྡེའོ།། །། ༈ ཋ་ནི་ཟླ་བའི་དཀྱིལ་འཁོར་དང་། སྟོང་པ་བདེ་བྱེད་མཐོང་བའི་སྒྲ། །ཀ་ཋ་དབྱངས་དང་ངེས་བརྗོད་དབྱེ། །དེ་སློབ་དེ་རིག་ཐུབ་པ་ལའོ། །ཀཎྜཿ རྟགས་གསུམ། མགྲིན་པ་ཉེ་བ་དང་། །སྐྲ་དང་མྱོས་བྱེད་ཤིང་ལའོ། །ཀཎྛཱ་ཕྱོགས་དང་ཡུལ་སྲོལ་དང་། །ཕུལ་དུ་བྱུང་དང་གནས་ཙམ་དང་། །དུས་ཀྱི་འཇལ་བྱེད་བྱེ་བྲག་དང་། །ཤིང་སོར་ལའོ་ཀཥྛཾ་ནི། །བུད་ཤིང་ཀུཎྛ་རྨོངས་ལས་མེད། །ཧཱ་རི་ཀཎྛ་ཁུ་བྱུག་དང་། །མགྲིན་པ་དོ་ཤལ་བཅས་ལའོ། །ཋ་མཐའི་སྡེའོ།། །། ༈ ཌ་ནི་རི་ཡི་མགོན་པོ་དང་། །སྐྲགས་པའི་སྒྲ་ལས་བལྟ་བར་བྱ། །ཀཱཎྜ་སྡེ་ཚན་མདའ་དང་དོན། །སྡོང་པོ་སྐབས་དང་ཆུ་དར་བ། །སྡེ་ཚན་ཀུཪྻ་ལྗང་ཕོན་དང་། །འཕྲོགས་དང་སྨད་དང་གནས་སྐབས་དང་། །བུ་དང་འོན་པ་རྣམས་ལའོ། །ཀུཎྜ་ཀུཎྜི་སྤྱི་བླུགས་དང་། །ཀུཎྜཾ་ལྷ་ཡི་རྫིང་བུའི་གཞི། །མེ་ཐབ་འཇལ་བྱེད་བྱེ་བྲག་ལའོ། །ཌ་མཐའི་སྡེའོ།། །། ༈ ཌྷ་ནི་རྔ་དང་ཡོན་ཏན་མེད། །མི་ཟད་པ་ནི་སྒྲ་ལའོ། །དྷྲྀ་ཌྷ་སྦོམ་པོ་སྟོབས་ལྡན་ལ། །ཆེན་པོ་དང་ནི་ངེས་དང་ནུས། །མཱུ་ཌྷ་རྨོངས་དང་ལེ་ལོ་ལ། །ཏཱ་ཌྙ་ཚངས་པ་བཟང་དང་མཛེས། །སོ་ཌྷ་བཟོད་དང་ནུས་པ་ལ། །ཤོ་ཌྷ་ཡང་ནི་བཟོད་པ་ལ། །ཌྷ་མཐའི་སྡེའོ།། །། ༈ ཎ་ནི་གཏན་ལ་ཕབ་དང་ཤེས། །ཎུ་ཞེས་ཕྲ་དང་བྲམ་ཟེའི་དབྱེེ། །ཨུཥྞཱ་ཚད་པས་གདུང་བ་དང་། །བསྲེགས་པ་དང་ནི་གྲུང་པོའོ། །རི་ཎཾ་བགྲོད་དཀའ་བུ་ལོན་ཆུ། །ག་ཎཿཚོགས་དང་རབ་འཇོམས་རྣམས། །དམག་གི་རབ་ཏུ་དབྱེ་བ་ལ། །ཙཎྜ་དང་ནི་གྲངས་རྣམས་ལ། །གུ་ཎ་གཟུགས་སོགས་སྙིང་སྟོབས་སོགས། །ལུམ་པ་སོགས་དང་ལྗང་གུ་སོགས། །འདོད་དང་གཙོ་བོ་མིན་པ་དང་། །མཚམས་སོགས་ཐག་པ་མཽ་ཪྞཱི་རྩའི་གཞུ་རྒྱུད། དང་། །སྤྱང་ཀིའི་ལྟོ་བ་རྣམས་ལའོ། །གཽཥྞུ་གར་དང་གླུ་ལེན་དང་། །གྷྲྀ་ཎ་སྙིང་རྗེ་སྨོད་པ་ལ། །ཛརྞ་ཤིང་དང་ཆ་ཤས་གཏེར། །ཛིཥྞ་ས་དང་དབང་པོ་མི། །རྒྱལ་བྱེད་ལའོ་ཛི་རྞཾ་ནཱི། །སྨིན་དང་རྒས་དང་མཆོག་ཏུ་རྒས། །པུ༷རྞ་མཆོག་དང་གང་བ་ལ། །ཀ་ལྱཱ་ཎ་ནི་དགེ་བ་དང་། །གསེར་དང་བཀྲ་ཤིས་མི་ཟད་མ། །གྲཱ་མ་ཎིཿནི་འདྲེགས་མཁན་དང་། །གཙོ་བོ་བདག་པོ་ལོངས་སྤྱོད་ཅན། །ཚོགས་ཅན་གྲོང་དཔོན་རིམ་རྣམས་སོ། །ཡཀྵ་ཎ་ནི་མིང་མཚན་མ། །ལཀྵ་ཎཾ་ནི་དགའ་བྱེད་སྤུན། །ལཀྵྨ་ཎ་ནི་ཟླ་བ་དང་། །ལཀྵྨཎཾ་ནི་མིང་མཚོན་བྱེད། །ལཀྵྨ་ཎ་ནི་མཚོ་སྐྱེས་མ། །འོད་ལྡན་མ་དང་དཔལ་ལྡན་མའོ། །ཀཱ་མ་གུ་ཎ་ཆགས་པ་དང་། །ལོངས་སྤྱོད་དང་ནི་ཡུལ་ལ་ཡང་། །དེ་བ་མ་ཎི་ཞེས་པ་ནི། །ཞི་བ་ནོར་བུ་ཀོ་སྟུ་བྷ། །རྒྱལ་བའི་མགྲིན་པར་འཁྱིལ་བ་གང་། །རཀྵ་རེ་ཎུ་ལི་ཁྲི་དང་། །པ་ལ་ཤ་ཡི་མེ་ཏོག་རྡུལ། །པཱ་ཎི་བཀོད་པ་དང་ནི་ངག །པཱ་ཎི་སྤྲིན་དང་རིན་ཐང་ལ། །རེ་ཎ་རྡུལ་དང་ནག་པོ་དང་། །པཪྤ་ཏ་ལའོ་བརྞཿནི། །བསྟོད་དང་གཟུགས་གྲགས་ཡོན་ཏན་དང་། །ཆགས་དང་བྲམ་ཟེ་ལ་སོགས་དང་། །དཀར་པོ་ལ་སོགས་མཛེས་པ་དང་། །ལ་བ་ཁྲོ་བ་བརྟུལ་ཞུགས་དབྱངས། །ཤིང་དང་ཆ་བྱེད་མདོག་མི་གོ །དྷ་རུ་ཎཾ་ནི་ཆུ་དང་ནི། །མཐོང་ཐོས་དང་ནི་མཆོག་ལ་གནས། །ཎ་མཐའི་སྡེའོ།། །། ༈ ཏ་ནི་སྐྱོང་བྱེད་སྦྱོར་བ་ལ། །ཏ་ནི་ཆོམ་རྐུན་ཕག་གི་མཇུག །ཨཾ་ཀཱ་རྣམ་དག་ཁྱབ་པ་ལ། །ཨནྟ་འཇིགས་དང་ཡིད་འཕྲོག་དང་། །རང་བཞིན་ལའོ་ཨནྟཾ་ནི། །རབ་མཐའ་དང་ནི་ཉེ་བ་ལ། །ཨ་ཏཾ་མཁས་དང་རྟོགས་པ་ལ། །ཨུཀྟཾ་སྒྲ་དང་ཡི་གེ་གཅིག །རྀ་ཏི་བདེན་དང་འགྲོ་བ་དང་། །སྨྲ་བ་དང་ནི་མངོན་པར་མཆོད། །རྀ་ཏཾ་འགྲོ་དང་སྨད་པ་དང་། །འགྲན་པ་དང་ནི་བཀྲ་ཤིས་ལ། །རི་ཏུ་དུས་ཚིགས་སྣང་བ་དང་། །ཟླ་མཚན་དང་ནི་གུར་གུམ་དང་། །དཔྱིད་ལ་སོགས་དང་བརྟེན་པ་ལ། །ཀཱནྟ་འགྲོ་བ་ཉལ་པོ་དང་། །ཡིད་དུ་འོང་དང་དགའ་བ་དང་། །རྡོ་བ་ལའོ་ཀཱནྟཱ་ནི། །པྲྀ་ཡངྐུ་དང་དགོན་པ་ལའོ། །ཀཱིརྟི་གྲགས་པ་བསྟར་བ་དང་། །ཁང་བཟང་དང་ནི་རྒྱ་ཆེན་ལ། །ཀྲྀ་ཏཾ་བུར་གུམ་ཤིང་དང་ནི། །རྫོགས་ལྡན་དུས་དང་བདེན་པར་བཟུང་། །འབྲས་བུ་མེད་དང་ཡོངས་སུ་འཐོབ། །པཪྻཱ་སྟ། བྱས་དང་ཀུན་ཏུ་ཕན་པ་དང་། །ཀྲྀ་ཏི་འཆིང་བར་བྱེད་པ་ལ། །ཀེ་ཏུཿགཟའ་ཡི་བྱེ་བྲག་དང་། །དུས་མེ་དང་ནི་འོད་མཚན་བྱེད། །རྒྱལ་ཆེན་དང་ནི་དགྲ་ལའོ། །གཱི་ཏི་སྡེབ་སྦྱོར་བྱེ་བྲག་གླུ། །གཱི་ཏཾ་གླུ་དང་སྒྲ་ལའོ། །འདི་དོན་མང་པོ་ཅན་ཡིན་པས། ཡོངས་སུ་ཕྱིན་པ་དང་། ཐོབ་པ་དང་། ཆོག་པ་སོགས་ལ་འཇུག །དྷཱ་ཏུ་ཚངས་པ་ཡོངས་སུ་སྐྱོང་། །བྱ་བའི་དོན་དང་ཁུ་བ་དང་། །བད་ཀན་སོགས་དང་ཁྲག་སོགས་བཅུད། །འབྱུང་བ་སོགས་དང་རུས་པ་དང་། །ལྡོང་རོས་སོགས་དང་གསེར་དངུལ་སོགས། །ཁྱད་པར་བཙག་དང་མིག་སོགས་ལ། །དྷྲྀ་ཏི་འཛིན་དང་མི་སྨྲ་པ། །མཆོད་སྦྱིན་རྣལ་འབྱོར་བྱེ་བྲག་དང་། །བློ་གྲོས་དང་ནི་བརྟེན་པ་ལའོ། །ནཱི་ཏི་ཚུལ་དང་ཐོབ་པ་ལ། །པཱི་ཏཱ་བརྡུང་བ་དང་ནི་རྔ། །པཱི་ཏཱི་བཏུང་བའོ་པུསྟཾ་ནི། །རྣམ་ཤེས་དང་ནི་གླེགས་བམ་བྲིས། །མ་ཏི་བློ་དང་དྲན་པ་ལ། །མ་ཏཱ་བ་ལང་ཚངས་མ་སོགས། །སྙན་ངག་མཁན་དང་བཅས་པ་ལ། །དཀར་མོ་དང་ནི་ས་ལའོ། །མུཀྟི་ཐར་དང་གྲོལ་བ་ལ། །མུཀྟ་ཐར་བར་གྱུར་དང་གྲོལ། །མཱུརྟི་ལུས་དང་སྲ་བ་ལ། །མྲྀ་ཏཱ་འཆི་དང་བློ་གྲོས་ལ། །མྲྀ་ཏཾ་བླང་དང་ཤི་བ་ལ། །རཀྟཾ་ཁྲག་དང་རྗེས་སུ་ཆགས། །དམར་པོ་དང་ནི་ཚོས་ལ་སྟེ། །འདི་ཡན་རྟགས་གསུམ། ཤར་ཕྱོགས་སྐྱུ་རུ་ར་དང་ནི། །གུར་གུམ་དང་ཟེངས་ལའོ། །ར་ཏི་གསེར་དང་ནགས་ཚལ་ཆགས། །ཡིད་སྲུབས་དང་ནི་བཙུན་མོ་ལ། །ར་ཏཾ་རབ་དགའ་གསང་བ་ལ། །ར་ཏུ་འབབ་ཆུ་དང་ནི་ལམ། །རཀྟཾ་སྟོང་པ་ནགས་ཚལ་ལམ། །ཨ་མྲྀ་ཏཾ་ནི་བདུད་རྩིའི་ཆུ། །ཐར་པ་དང་ནི་མཛེས་པ་དང་། །མ་བསླངས་པ་དང་མཆོད་སྦྱིན་ལྷག །མར་དང་ཤིན་ཏུ་འཛིན་པ་ལ། །ཨ་མྲྀ་ཏཿནི་ཚིགས་བཟང་དང་། །ལྷ་མིན་ལའང་འདོད་པ་ཡིན། །ཨ་མྲྀ་ཏཱ་ནི་སླེ་ཏྲེས་དང་། །སྐྱུ་རུ་ར་དང་ཕན་པ་དང་། །ལམ་འགྲུལ་རྣམས་ལ་ངེས་པར་འདོད། །བ་ཏི་གཏོང་དང་འགྲོ་དང་འབར། །མཆོད་དང་རྒྱུག་དང་ཟ་བ་ལ། །བྱཀྟཿགསལ་དང་ཤེས་རབ་ཅན། །བརྗོད་པ་གསལ་དང་བློ་གྲོས་ལ། །ཤཀྟིཿསྤྲོ་བ་སོགས་དང་སྟོབས། །ཤཀྟིཿམཚོན་ཆའི་ཁྱད་པར་ལ། །ཤསྟི་བདེ་དང་བཀྲ་ཤིས་ལ། །ཤནྟི་ཞི་དང་བདེ་བ་ལ། །བྷྲཱུྃ་ཏིཿརྣ་བ་རིག་བྱེད་དང་། །ཐོས་དང་རྣ་བའི་ལས་ལའོ། །ལ་ཏཱ་སྦྲང་རྩི་སྐྱེས་ལྕུགས་མ། །ཡལ་ག་པྲི་ཀ་པྲི་ཡངྐུ་། །ལོ་ཏཾ་ཆོམ་རྐུན་རླངས་པ་དང་། །སྨྲ་བྱེད་སྨྲ་མཁས་མཁས་པ་ལའོ། །ཤྭེ་ཏཱ་ལྟེ་བ་དུང་ཅན་མ། །ལྗོན་ཤིང་སྐྱེ་བོས་ཏྲ་ནི་མཁས། །ལེགས་དང་ཡངས་པ་དམ་ཆོས་དང་། །བཀྲ་ཤིས་དང་ནི་མཆོད་པ་ལ། །སྨྲྀ་ཏི་ཆོས་ཀྱི་བསྟན་བཅོས་དང་། །དྲན་དང་བློ་གྲོས་འདོད་པ་ལའོ། །ཧི་ཏཾ་འགྲོ་དང་འཛིན་དང་ཕན། །ཧེ་ཏིཿམེ་ལྕེ་ཉི་མ་ཡི། །འོད་ཟེར་དང་ནི་མཚོན་ཆ་ལའོ། །ཁྱབ་འཇུག་བྱམས་མགོན་ཨ་ཛི་ཏཿ ཨཱ་སྥ་ཏི་ནི་ནགས་མེ་ཏོག །རི་ཡི་རྣ་བ་ལ་ཡང་ངོ་། །ཨ་བྷྱསྟ་ནི་རྗེས་སུ་ལྡན། །སོན་དང་རྣམ་ཐར་མཁས་པ་ལའོ། །གརྫི་ཏཾ་ནི་སྤྲིན་གྱི་སྒྲ། །གརྫ་ཧ་ནི་གླང་ཆེན་མྱོས། །བྱ་ཁྱུང་གསེར་དང་ཡལ་གའོ། །ཛཱེ་མཱུ་ཏ་ནི་བརྒྱ་བྱིན་སྤྲིན། །ལྷ་ཡི་ཆུ་དང་དབྱངས་ལྡན་ལ། །འཛིན་པ་དང་ནི་འཚོ་བ་ལའོ། །ཛཱི་བནྟི་ནི་ཟས་དང་འཚོ། །འཚོ་བར་བྱེད་པའི་སྨན་ལའོ། །པཎྜི་ཏ་ནི་བསྒྱུར་དང་བསྡུས། དམག་འགྲོ་བ་དང་འདབ་ཆགས་སོ། །པྲ་ཏཱི་ཏཿནི་གྲགས་པ་དང་། །གུས་པ་དང་བཅས་རབ་ཏུ་བཤད། །དགའ་དང་མཐོང་དང་མཁས་པ་དང་། །ལུགས་དང་ཤེས་པ་ལ་ཡང་ངོ་། །མ་ཧཱ་ཏ་ཆེན་པོ་རྒྱལ་སྲིད་དང་། །ཡངས་པ་དང་ནི་འཇོ་སྒེག་ལའོ། །རེ་བ་ཏཱི་ནི་མ་མོ་དང་། །ཀརྨའི་བྱེ་བྲག་འབྲས་ལྡན་མའོ། །རོ་ཧི་ཧཾ་ནི་ཐང་ཤིང་དང་། །གཡུལ་དུ་བརྟན་དང་ཁྲག་ལའོ། །རོ་ཧི་ཏཱ་ནི་དམར་པོ་དང་། །ཉ་དང་རི་དྭགས་དབྱེ་བ་ལ། །ལོ་ཧི་ཏཾ་ནི་ཙནྡན་དམར། །ས་མཆོག་དང་ནི་གུར་གུམ་དང་། ཁྲག་དང་ཁ་དོག་དམར་པོ་ལའོ། །བཱ་སནྟི་ནི་ཁུ་བྱུག་དང་། །སྲན་མ་མངྒ་གླང་ཕྲུགས་ལ། །ཐོབ་པ་དང་ནི་ཡལ་ཕྲན་ལའོ། །བཱ་སནྟཱི་ནི་སྦྲང་ལྷན་ཆུ། །ལྗོན་ཤིང་སྐྱ་བར་དག་ལ་ཡང་། །བིདྱུ་ཏ྄་ནི་གློག་དང་འོད། །ཐུན་མཚམས་དང་ནི་འོད་མེད་ལའོ། །ཤ་མུནྟ་ནི་བྱ་རྒོད་དང་། །འདབ་ཆགས་དབྱེ་བ་འོད་སྦྲང་རྩི། །སུ་ཀྲྀ་ཏཾ་ནི་དགེ་བ་དང་། །བསོད་ནམས་དང་ནི་ལེགས་བྱས་ལ། །སཾ་སྐྲྀ་ཏ་ནི་མཚན་ཉིད་ལྡན། །བཅོས་པ་དང་ནི་འདུས་བྱས་ལ། །རྒྱན་དང་དགེ་ལེགས་ལ་ཡང་ངོ་། །ཧ་རི་ཏཱ་ནི་ཟླུམ་པོ་དང་། །ལྗང་གུ་དང་ནི་མདོག་ལྡན་ལ། །རྟ་དང་མདོག་དང་ཕྱོགས་ལའོ། །ཧ་སནྟི་ནི་སོལ་བ་དང་། །སོ་བ་དང་ནི་མེ་ཏོག་ལའོ། །ས་ར་སྭ་ཏཱི་ཆུ་ཀླུང་དབྱེ། །ཆུ་ཀླུང་ལྷ་མོ་ས་དང་ངག །ལྷ་ཡི་རི་བོ་རྣམས་ལའོ། །ཏ་མཐའི་སྡེའོ།། །། ༈ ཐ་ནི་བྷོ་བ་བརྩེགས་པ་ལ། །ཐུ་ནི་འཇིགས་སྐྱོབས་བཀྲ་ཤིས་ལ། །པྲྀ་ཐུ་མི་བདག་ཟི་ར་ནག །རྫིང་བུ་མེ་དང་ཆེན་པོ་བརྗོད། །གྲནྠ་བསྒྲིགས་དང་ཡི་གེ་ནི། །སུམ་ཅུ་རྩ་གཉིས་ངེས་བྱས་ལའོ། །གྲནྠི་ཚིགས་དང་མདུད་པ་ལ། །ནད་ཀྱི་དབྱེ་བ་ལ་ཡང་ངོ་། །ཏཱིཪྠཾ་གླེང་གཞི་བསྔགས་པ་དང་། །བསྟན་བཅོས་དང་ནི་འཇུག་པ་ལ། །བསོད་ནམས་ཞིང་དང་མཆོད་སྦྱིན་སྣོད། །ཐབས་དང་བླ་མ་ལྟ་བ་དང་། །དྲང་སྲོང་བརྟེན་དང་ཆུ་བོ་དང་། །པུས་མོ་བ་ནི་ཏཱ་དུས་མཆོད། །ད་མ་ཐ་ནི་དུལ་བ་དང་། །དབྱུག་པ་གོས་མེད་ཕྱོགས་དང་ནི། །ནོར་མེད་དང་ནི་སྐྲ་ཉལ་བའོ། །སི་དྷཱཪྠ་ཞེས་བྱ་བ་ནི། །དོན་ཀུན་གྲུབ་དང་ཡུངས་ཀར་དཀར། །ཨུ་ད་ར་ཐི་ཉི་མ་མཚོ། །བ་ན་པྲདྠ་སྦྲང་རྩིའི་གནས། །བསྟི་གནས་གསུམ་པ་ཉི་ཤུ་ཀའོ། །ཨ་པྲ་ཏི་ར་ཐ་ཞེས་པ། །དཔའ་བ་དང་ནི་ལྟད་མོ་དང་། །སྙན་ཚིག་དང་ནི་བཀྲ་ཤིས་ལ། །ཐ་མཐའི་སྡེའོ།། །། ༈ ད་ནི་ངག་དང་འབོད་པ་ལ། །དཱ་ནི་མ་མ་གཅོད་དང་འབྱིན། །ཨབྡཿལོ་དང་སྤྲིན་དང་ནི། །གླེགས་བམ་དང་ནི་རིའི་བྱེ་བྲག །ནནྡཱ་ནོར་བུ་ཕུན་ཚོགས་ལ། །ནནྡི་སྨོད་དང་སྐུར་འདེབས་པ། །མ་དཿམྱོས་ཆང་གླ་རྩི་དང་། །རྒྱགས་པ་དང་ནི་ཁུ་བ་ནི། །གླང་པོའི་འགྲམ་ཆང་དགའ་བ་ལའོ། །བ་དཾ་ཚིག་དང་གནས་པ་དང་། །བྱ་དང་སྤྱོད་དང་ལོག་པར་སྟོན། །རྐང་པ་རྐང་རྗེས་སྒྲ་དང་ནི། །སྐྱོབས་དང་མཚན་མདངས་དངོས་པོ་ལའོ། །པཱ་ད་རྐང་པ་རྩ་བ་དང་། །བཞི་ཆ་དང་ནི་འོད་ཟེར་དང་། །རི་ཡི་མཐའ་དང་རི་བོ་ལ། །གཽ་བིནྡཿནི་ནོར་ལྷའི་བུ། །བ་ལང་དཔོན་དང་དབྱངས་བདག་ལ། །པྲ་སཱ་དཿནི་བཀའ་དྲིན་དང་། །རྗེས་སུ་འཛིན་དང་བདེ་བ་གནས། །རབ་ཏུ་ནུས་དང་སྲོག་དང་ནི། །སྙན་ངག་དབྱེ་བ་དྭངས་པ་ལའོ། །མོ་ནཱ་ད་ནི་ར་བྱི་ལ། །འབྲུག་སྒྲའི་རྗེས་སུ་སྒེག་པ་ལ། །སམྦ་ར་ཡོན་ཏན་བསྟོད་པ་དང་། །འབྱོར་པ་དོ་ཤལ་རབ་དབྱེ་ལ། །ཀྵ་ཎ་ད་ནི་ཚོགས་ཅན་དང་། །དགའ་སྟོན་པའོ་ཀྵ་ཎ་དཾ། །ཆུ་མའོ་ཀཱ་ཎ་ད་མཚན་མའོ། །ཨ་བ་བཱ་དཿསྨོད་པ་དང་། །བཀའ་དང་ཡིད་བརྟན་དག་ལའོ། །ཏ་མོ་ནུད་ནི་མུན་སེལ་དང་། །ཟླ་བ་ཉི་མ་མེ་རྣམས་ལ། །པྲྀ་ཡམྦ་ད་མཁའ་སྤྱོད་དང་། །སྙན་པར་སྨྲ་བ་ཉིད་ལའོ། །སམྦི་དམ་བཅའ་འཆིང་བ་དང་། །ཡེ་ཤེས་ཀུན་སྤྱོད་མིང་དང་ནི། །ཚིམས་པར་བྱ་བ་ངེས་བྱེད་དང་། །འཐམས་དང་ཡང་དག་འཆད་པ་ལ། །སཾ་བྷེ་དཾ་ནི་རྣམ་དབྱེ་དང་། །རྒྱ་མཚོ་ཡང་དག་འགྲོགས་པ་ལ། །ཤ་ཏ་ཧྲཱ་ད་གློག་ལྡན་སྤྲིན། །རྩེ་མོ་བརྒྱ་བ་དག་ལའོ། །ས་ཧ་པྲ་ཡང་ཞེས་པ་ནི། །ཉི་མ་དང་ནི་ཟ་མ་ཏོག །ཆོས་དང་གསང་དང་ཉེ་བར་འགོགས། །དུས་དང་ངོས་ཁྱིམ་མཆོད་སྦྱིན་ལའོ། །ད་མཐའི་སྡེའོ།། །། ༈ དྷཾ་ནི་ནོར་དང་ནོར་དབང་ལ། །དྷཱ་ནི་འཛིན་བྱེད་ཆོས་ཉིད་ལ། །ཨནྡྷཱི་ཆུ་གཏེར་མཚོ་མཆོག་མ། །ཨཱ་དྷཱིཿསེམས་ཀྱི་ཟུག་རྔུ་དང་། །མི་འདོད་འཆིང་རྒྱུ་ཟས་ངན་ངོན་སྐྱོད་ཅིང་བཟང་པོ་ཕུག་སྲིང་བྱེད་པའི་དོན། དང་ཕོངས་དང་གནས། །བིདྷ་ཀུན་ཏུ་གདུང་དང་འབར། །གནྡྷ་དྲི་དང་དྲི་བཟང་དང་། །ཆུང་བ་འདོད་དགའ་སྙེམས་པ་ལ། །ད་དྷི་དཔལ་སྟུག་ཞོ་དང་ནི། །དཔལ་གནས་དང་ནི་གནས་ལའོ། །བུདྡྷ་བདེར་གཤེགས་བསྟན་དང་ནི། །བློ་དང་ལྡན་པ་རྣམས་ལའོ། །བུདྡྷཿམཁས་ཤིང་རྟོགས་པ་དང་། །སྨིན་པ་དང་ནི་དེ་བཞིན་གཤེགས། །བུདྡྷཿམཁས་དང་ལྷག་མའོ། །བུདྡྷི་འཕེལ་དང་འབྱོར་དང་སྨན། །དགའ་བའི་ཆ་ཤས་ཁྱད་པར་ལ། །བྲྀདྡྷ་ཆེར་སྐྱེས་སྙན་ངག་མཁན། །རྒས་འཁོགས་ལའོ་བྲྀདྡྷི་ནི། །རི་ལས་སྐྱེས་པ་ལ་ཡང་ངོ་། །བོདྷིཿཏིང་འཛིན་དབྱེ་བ་དང་། །བྱང་ཆུབ་རྟོགས་པ་ས་ལས་སྐྱེས། །མ་དྷུ་མེ་ཏོག་བཅུད་དང་ནི། །སྦྲང་སྐྱེས་ཆང་ཆུ་འོ་མ་ལ། །མངར་དང་སྦྲང་རྩི་ཅན་དྲི་ཞིམ། །ནག་ཟླ་ལྷ་མིན་ཁྱད་པར་ལ། །འཚོ་བ་ཡལ་ག་ལ་ཡང་ངོ་། །མེ་དྷཱ་བློ་གྲོས་མཆོད་སྦྱིན་གཙང་། །མི་དྷེ་ངན་པ་མི་ཟད་ལ། །བིདྷིཿབྱེད་པོ་ཆོ་ག་དང་། །སྔོན་ལས་དང་ནི་རྣམ་ཤེས་དང་། །དུས་དང་ངེས་བྱེད་རྣམས་ལའོ། །སཱ་དྷུཿ སུདྷཱ་ནོར་རྫས་གློག་བདུད་རྩི། སྒྲའི་སྙེ་མར་རོ། །ལེགས་མཛེས་སྐྱེས་བུ་དང་། །སིདྡྷ་རྟག་པ་རྫོགས་པ་དང་། །རབ་ཏུ་གྲགས་དང་ལྷ་དག་ལ། །གྲུབ་དང་མངོན་པར་རབ་མཛེས་དང་། །སྒྲུབ་དང་སྦྱོར་བ་ལ་ཡང་ངོ་། །ཤྲདྡྷཱ་དད་པ་ཉིད་དང་འདོད། །ཤྲདྡྷཾ་ངེས་པར་གནས་པ་དང་། །ཤྲཱདྡྷྲ་དང་དང་ལྡན་པ་ལ། །པྲ་ཎི་དྷིཿནི་དོན་གཉེར་དང་། །སློང་མོ་ཉུལ་མ་ཀུན་འཛིན་ལའོ། །ས་མཱ་དྷཱིཿནི་བསམ་གཏན་དང་། །མི་སྨྲ་བ་དང་ཁས་ལེན་པ། །ཨུ་པ་ལབྦྷི་ཐོབ་པ་དང་། །བློ་གྲོས་ཤེས་རབ་མཚན་ཉིད་ལའོ། །དྷ་མཐའི་སྡེའོ། ། ༈ ན་ནི་འདྲེན་པ་དང་ནི་གྲུ། །ན་ནི་རྒྱལ་དང་མཆོད་པ་ལ། །ནཽ་ནི་གྲུ་དང་སྐྱེས་པ་ལ། །ཨནྣཾ་ཟས་བརྗོད་པ་ལའོ། །ཨི་ན་ས་བདག་ཉི་མ་ལ། །ཙི་ན་ཡུལ་དང་གོས་དང་འབྲུ། །རི་དྭགས་ཁྱད་པར་རྒྱུད་ཀྱི་དབྱེ། །དྷཱ་ནཾ་ནོར་དང་འབྱོར་པ་དང་། །དྷཱ་ནཱ་བྲྀཥྟ་ཡ་བ་དང་། །སོ་བ་མྱུ་གུ་ཆུ་གཏེར་ལ། །དྷ་ནུ་གཞུ་དང་དྲ་བ་དང་། །ཁྱིམ་གྱི་དབྱེ་བ་ཉིད་དང་ནི། །པགས་པ་འདོད་པ་ལ་ཡང་ངོ་། །པཱི་ནཾ་བཏུང་བ་བསྲུང་བ་ལ། །བ་ནཾ་ནགས་ཚལ་ཆུ་ཁང་པ། །དགའ་སྟོན་དང་ནི་རབ་གནས་ལ། །མུ་ནི་སྨྲ་བཅད་སངས་རྒྱས་དང་། །རི་བྱི་དང་ནི་ཀིངྴུ་ཀ །ཨཱརྨན་ཚངས་པ་ཡིད་དང་ལུས། །བདག་དང་འབད་པ་མཆོད་སྦྱིན་སེམས། །ངོམས་པ་པ་ར་བྱཱ་བརྟ་ནའོ། །རང་བཞིན་བརྟན་དང་བློ་རྣམས་ལ། །ཀཱ་མ་ན་འདོད་མྱ་ངན་མེད། །འདོད་པ་ཅན་དང་གཟུགས་བཟང་ངོ་། །འཇིགས་དང་ཕྱག་འཚལ་ཀཱ་མི་ནཱི། །ཤིང་དང་འདོད་ལྡན་མ་ལའོ། །ཀྲ་ན྄་ནཾ་ནི་འབོད་པ་དང་། །དུ་བ་དང་ནི་རྣམ་གྲོལ་ལོ། །ཛ་བྷ་ནཾ་ནི་བུད་མེད་དང་། །སྐེ་རགས་དང་ནི་སྔོན་མའི་ཆ། །ཏ་མོ་གྷྣ་ཉི་ཟླ་མེ། །བློ་དང་དཔལ་མགྲིན་ཁྱབ་འཇུག་ལ། །དཪྴ་ནཾ་ནི་མཐོང་མེ་ལོང་། །རྨི་ལམ་ལམ་དང་བསྟན་བཅོས་ལ། །ཆོས་དང་ཉེ་བར་དམིགས་པ་ལ། །ན་ལཱི་ནཱི་ནི་མཚོ་སྐྱེས་མ། །མཚོ་ལས་སྐྱེས་དང་མཚོ་མཆོག་དང་། །ན་མའི་གངྒ་རྒྱུན་ཅན་ལ། །བ་ལི་ནཾ་ནི་ཆུ་ཆུ་སྐྱེས། །སཱ་ཙ་ནཾ་ནི་ཆུ་དང་དཀའ། །འཚོད་པ་དང་ནི་མཁས་པ་ལ། །བྷོ་གིན་གདེངས་ཀ་ལྡན་པ་དང་། །སྦྲུལ་དང་གྲོང་དཔོན་རྒྱལ་པོ་དང་། །ནཱ་སི་ཏཱའོ་བྷོ་ག་ནཱི། །དབང་བསྒྱུར་མ་དང་རང་རིག་མ། །རྒྱལ་པོའི་བཙུན་མོ་རྣམས་ལའོ། །ཏཱ་ཛན་ཟླ་བ་མི་བདག་དང་། །བརྒྱ་བྱིན་རྒྱལ་རིགས་གནོད་སྦྱིན་གཙོ། །ལ་ལ་ནཱ་ནི་བུད་མེད་དང་། །ལྕེ་དང་རྩ་ཡི་ཁྱད་པར་ལ། །ཤ་ས་ནཱཾ་ནི་བསྟན་བཅོས་དཀའ། །རྒྱལ་པོས་བྱིན་དང་ཆེན་པོ་དང་། །བསྟན་པ་དང་ནི་ཡི་གེ་ལ། །ཤི་ཁིན་མཇུག་རིང་གཟའ་དང་མེ། །རྨ་བྱ་དང་ནི་བྱ་གག་མདའ། །གླང་དང་བ་ཀ་ལྗོན་ཤིང་དང་། །གཙུག་ཕུད་ལྡན་པ་རྣམས་ལའོ། །ཤཱ་ས་ན་ནི་རླུང་དང་དབུགས། །མྱོས་བྱེད་ལའོ་སཛྫ་ན། །ལེགས་པའི་སཛྫ་ནཱ་ནི་རྟོག །སམྶནྣ་ནི་ཕུན་ཚོགས་དང་། །ལྡན་པ་དང་ནི་བསྒྲུབས་པ་ལ། །སཱ་དྷ་ནཾ་ནི་ཕོ་མཚན་དང་། །ཟླ་སྐྱེས་ཚར་ཟིན་དམག་དཔུང་དང་། །ཟློག་དང་རྗེས་སུ་འགྲོ་བ་དང་། །ཤི་བའི་ལེགས་བྱས་གསོད་པ་དང་། །འགྲོ་བྱེད་རྫོགས་བྱེད་འགྲུབ་བྱེད་ཀྱི། །ཐབས་དང་སྦྱིན་དུ་འཇུག་དང་ནོར། །སཱ་དྷ་ན་ནི་མཆོད་སྦྱིན་གྱི། །ལས་ཀྱི་མཐའ་དང་མཆོད་སྦྱིན་བྱེད། །ཆུ་ལྷ་ཁྲིམས་ལུགས་མཚམས་དང་ཞིང་། །བུམ་པ་དང་ནི་གནས་ལའོ། །གྷ་ནཱ་གྷ་ནཿཆར་སྤྲིན་དང་། །བརྒྱ་བྱིན་དང་ནི་གསོད་པར་བྱེད་པའི། གླང་པོ་མྱོས། །པྲ་ཎི་དྷཱ་ནཾ་རབ་འབད་དང་། །རབ་ཏུ་འཇུག་དང་མཉམ་བཞག་ལ། །པྲ་ཏི་ཡཏྣཿའདུ་བྱེད་དང་། །ཉེ་བར་འཛིན་དང་འདོད་པའོ། །བཻ་རོ་ཙ་ན་བདེ་གཤེགས་ཀྱི། །བྱེ་བྲག་ཉི་མ་སྟོབས་ལྡན་བུ། །ས་མ་ཡོ་ནི་ཏིང་འཛིན་དང་། །གླང་པོ་ཆེ་དང་མཆོག་གནས་ལ། །པདྨ་ལཱཉྪཱ་ན་ཉི་མ། །འཇིག་རྟེན་དབང་ཕྱུག་ནོར་གྱིས་ཚངས། །པདྨ་ལཱཉྪཱ་ན་སྒྲོན་མ། །དབྱངས་ཅན་མ་དང་པདྨ་ལ། །ཧ་རི་བ་ཧ་ན་ཞེས་པ། །ཉིན་མོར་བྱེད་དང་སྤྲིན་གྱི་བཞོན། རཏྣའི་དོ་ཤལ་མཛེས་མ་འདི། །ཉི་ཟླ་རྒྱུ་སྐར་ཡོན་ཏན་འཕགས། །བློ་ལྡན་དམ་ཆོས་རིན་ཆེན་ལའོ། །སྒྲའི་སྙེ་མ་ནས་སོ། །ན་མཐའི་སྡེའོ། ། ༈ པཱ་ནི་རླུང་ངོ་ཤུ་དག་བྱེད། །བཱ་ནི་བཏུང་པ་སྐྱོང་བྱེད་ལ། །གལྦ་ཚངས་པའི་ཉིན་ཞག་དང་། །རིག་པ་འཛིན་པ་བསྟན་བཅོས་བསྒྲུབ། །གོ་པཿགླང་རྫི་བ་ལང་གནས། །གྲོང་དཔོན་དང་ནི་རྒྱལ་པོ་ལ། །པུཥྤཾ་མེ་ཏོག་བུད་མེད་རྡུལ། །རྒྱས་དང་ཁ་བྱེ་བ་ལའོ། །རཱུ་པ་རྣམ་པ་མཛེས་རང་བཞིན། །ཚིགས་སུ་བཅད་དང་ནཱ་ན་ཀྀ །གར་མཁན་སོགས་དང་རི་དྭགས་མདུད། །སྤྱོད་དང་ཕྱུགས་དང་སྨྲ་བ་ལའོ། །ཀྵེ་པ་ཐོགས་དང་རྣམ་པར་འགོགས། །ཀུ་རེ་འཕེན་དང་འཛིན་པ་ལ། །བྱུགས་དང་སྙེམས་པ་ལའང་ངོ་། །ཨཀྵི་པ་ནི་སྨོད་དང་གཏོང་། །འགུགས་དང་སྙན་ངག་རྒྱན་ལའོ། །པ་མཐའི་སྡེའོ། ། ༈ ཕུ་ནི་སྔགས་དང་ཕེ་ནི་སྒྲ། །གྲངས་མེད་སྥཱ་ནི་རྒན་དང་འཕེལ། །སྥ་ནི་གྷཉྫའི་རླུང་དང་ཁྱབ། །སྥུ་ནི་སྥུ་བྱེད་ཕལྒུའི་དངོས། །གུལྥ་དཔུང་པའི་རྒྱན་དང་ཚིགས། །ལུགས་དང་བརྗོད་པ་དག་ལའོ། །རེ་པོ་ཕོཿར་ཡིག་སྦོད་པ་བརྗོད། །རྟགས་གསུམ་ས་ཕོ་བ་ལང་སོགས་རྨིག་པ། །ལྗོན་ཤིང་སོགས་ཀྱི་སྐྲ་ལའོ། །ཤི་ཕ་རལ་པ་ཆུ་རླུང་དང་། །ཤ་ཅན་དང་ནི་མ་མ་ལའོ། །ཕ་མཐའི་སྡེའོ། ། ༈ བ་ནི་ཆུ་ལྷ་ཉེར་འཇལ་རྫས། །ཀུམྦི་ཁ་ཛཱ་ཀཱ་དང་ནི། །འོད་མའི་ཆའོ་ཀམྦུཿནི། །གླང་པོ་གདུ་བུ་དུང་ཕྲན་དང་། །མགྲིན་པ་དང་ནི་སྨྱུགས་གླིང་ལའོ། །གནྡྷ་རྦཿནི་རི་དྭགས་དབྱེ། །ཀླུ་མཁན་དང་ནི་མཁའ་སྤྱོད་དང་། །སྲིད་པ་བར་མའི་སེམས་ཅན་ལ། །རྟ་དང་ཁུ་བྱུག་བཅུད་ལེན་གྲུབ། །ལྷ་ཡི་གླུ་མཁན་རྣམས་པའོ། །བིམྦ་གཟུགས་ཅན་འབྲས་བུ་དང་། །དཀྱིལ་འཁོར་དང་ནི་གཟུགས་བརྙན་ལ། །པཱུརྦཱ་སྔོན་དང་སྔོན་རབ་ཤར། །བ་མཐའི་སྡེའོ། ། ༈ བྷ་ནི་འོད་ཆགས་དྭངས་པ་དང་། །དཀར་རྒྱལ་བ་ཡི་དོན་ལ་ཡང་། །བྷ་ནི་འབར་དང་གནས་ཙམ་ལ། །བྷཱཾ་ནི་སྐར་མ་བྷཱི་ནི་འཇིགས། །བྷཱུ་ཞེས་པ་དང་གནས་ཙམ་ལ། །འབྱུང་བར་བྱེད་པ་རྣམས་ལའོ། །བྷཱུ་ནི་བོད་པ་མི་ཟད་པའོ། །ན་བྷཿནམ་མཁའ་ན་བྷཱཿསྤྲིན། །གྲོ་བཞིན་ཟླ་བ་ཆོལ་ཟངས་དང་། །རྣ་དང་བད་རྩའི་སྐུད་པ་དང་། །དབྱར་དུས་རྣམས་ལ་ན་བྷཱཿའོ། །ནཱ་བྷི་རྒྱུ་སྐར་འཁོར་ལོས་སྒྱུར། །གཙོ་བོ་འཁོར་ལོའི་མཐའ་དང་ནི། །སྲོག་ཆགས་ཡན་ལག་མྱོས་བྱེད་མོ། །ཤུ་བྷ་གྲུབ་པ་ཤུ་བྷཾ་བདེ། །ཤོ་བྷ་མཛེས་དང་གྲིབ་མ་ལ། །བི་བྷཱུ་སུམ་རྩེན་དབང་ཁྱབ་བདག །ཤམྦྷུ་དབང་ཕྱུག་ཚངས་པ་དང་། །མཆོད་འོས་དང་ནི་སྐྲ་ཅན་ལ། །དུནྡུ་བྷིཿནི་རྔ་བོ་ཆེ། །ལྷ་མིན་ཤོ་ཡི་ཐིག་ལེ་ལ། །ཤ་ར་བྷ་ནི་སེང་གེའི་དབྱེ། །རྐང་པ་བརྒྱད་པ་ཀ་ར་བྷཱ་སྒྲའི་སྙེ་མར། ཤུ་བྷ་དགེ་བ་བཀྲ་ཤིས་དང་། བདུད་རྩི་མཛེས་པ་འབར་བ་དང་། བདེན་པ་སོགས་སུ་བལྟ་བར་བྱ། །བྷ་མཐའི་སྡེའོ། ། ༈ མ་ནི་ཞི་བ་མཱ་ཟླ་བ། །སྒྲ་གཅན་དང་ནི་མ་མོ་དང་། །དགའ་དང་ང་རྒྱལ་འཆིང་བ་དང་། །དགག་པ་ལ་སྟེ་མི་ཟད་པའོ། །མེ་དང་མཾ་ཞེས་པའང་དེ། ཨིཥྨ་འདོད་དད་དཔྱིད་ལའོ། །ཨུ་མཱ་གཽ་རི་དང་ནི་སེར། །མཛེས་དང་གྲགས་དང་དགའ་བ་ལ། །ཨུ་མ་གྲོང་དང་བྱེད་པ་ལ། །གྲཱ་མཿདབྱངས་དང་གྲོང་བརྡལ་དང་། །སྒྲ་སོགས་སྔ་མ་ཅན་གྱི་ཚོགས། །དྷ་རྨ་འཚེ་མེད་བསོད་ནམས་དང་། །རིགས་པ་མཆོད་སྦྱིན་རང་བཞིན་དང་། །དཔེ་དང་སྡོམ་དང་ཀུན་སྤྱོད་དང་། །རིག་བྱེད་མཐའ་དང་གཞུ་རྣལ་འབྱོར། །ཟླ་བའི་བཏུང་བ་ཅན་བདག་ཉིད། །དྲི་ཡི་རྩ་དང་བསིལ་བ་དང་། །འདུལ་བྱེད་མིན་དང་གཞན་བསྟོད་ལ། །གཤིན་རྗེ་དང་ནི་མཆོད་སྦྱིན་རྩེ། །ཉེ་བར་གནས་པ་ལ་ཡང་ངོ་། །པདྨ་པདྨའི་ཚོགས་དང་ནི། །ཆུ་སྐྱེས་བཀོད་པ་གྲངས་བྱེ་བྲག །སྟེགས་དང་པདྨ་ཅན་ཀླུའི་དབྱེ། །པདྨ་བྷིདྒཱ་དང་ནི་དཔལ། །བྲཱཧྨཱི་དབྱངས་ཅན་འདམ་སྐྱེས་གདོང་། །ཚངས་པའི་ནུས་མ་པཉྩི་ཀཱ། །ཟླ་བའི་ལྕུགས་མ་ཡལ་གའི་དབྱེ། །བྷཱ་མ་ཁྲོ་བ་སྨྲ་དང་འདོད། །ཡ་མ་གཤིན་རྗེ་ཆོས་ཀྱི་རྒྱལ། །ཟུང་དང་ཡང་དག་སྡོམ་དང་ཞྭ། །མཚེ་མ་སྐྱེས་དང་ལུས་དང་བསྒྲུབས། །ལྟོས་པ་མེ་དང་རྟག་པའི་ལས། །ཡ་མ་མཚོན་ཆ་ཡང་དག་འགོག །རསྨིཿའོད་དང་རྟ་སྲབ་དང་། །མིག་གི་རྫི་མ་ཟེ་འབྲུའོ། །རཱ་མ་སྦྲང་རྩིའི་ཆུང་མ་ལ། །རཱ་མ་ཡིད་སྲུབ་མཛེས་པ་དང་། །ས་སྐྱེས་མྱ་ངན་མེད་པ་ལ། །རཱ་མ་ར་གྷུའི་བུ་དང་ནི། །དྲང་སྲོང་ཛ་མ་དགྣའི་བུ། །ཤེལ་འཛིན་ཕྱུགས་ཀྱི་དབྱེ་བ་དང་། །ཤིན་ཏུ་ཡིད་དུ་འོང་རྣམས་ལ། །རཱ་མཱ་བུད་མེད་མཛེས་པ་ཀུན། །རཱ་མཾ་སྣེའུ་རུ་རྟའོ། །ལཀྵྨཱི་དཔལ་དང་ཕུན་ཚོགས་ལ། །སི་མཾ་མཚམས་དང་དུས་དང་ནི། །ཞིང་དང་བྱེད་པ་གནས་ལའོ། །ཀྵེ་མཾ་འཐོབ་དང་བསྲུང་བ་དང་། །བཀྲ་ཤིས་དང་ནི་ཆོམ་རྐུན་ལ། །ཨུཏྟ་མི་དང་ཨུཏྟ་མཾ། །མཆོག་དང་ཕུལ་དུ་བྱུང་བའོ། །གུ་སུ་མཾ་ནི་མེ་ཏོག་འབྲས། །དུས་སུ་སྐྱེས་དང་མིག་ནད་ལ། །ནི་རྒ་མ་ནི་ངེས་འགྲོ་བློ། །ཕུན་སུམ་ཚོགས་དང་རིགས་ངན་ལ། །ས་ཏུ་མ་ནི་ཆོས་མཆོད་འོས། །མཆོག་དང་ལེགས་པ་ལ་ཡང་ངོ་། །སཾ་བྷ་མ་ནི་གུས་པ་དང་། །སྤྱོད་དང་ལེགས་པ་ལ་ཡང་ངོ་། །སུ་ཁ་མཾ་ནི་མཛེས་དང་ལུས། །སུ་ཁ་མ་ནི་གསལ་བ་དང་། །མངོན་པར་གསལ་བ་ལ་ཡང་ངོ་། སྒྲའི་སྙེ་མར། ཧེ་མ་མེ་ཏོག་འཁྲི་ཤིང་༡དང་། ༢ཚུལ་ཁྲིམས་ལྡན་དང་ས་སྐྱོང་དང་༣། །ཡིད་༤འོང་རིན་ཆེན་༥ནགས་༦ཚལ་མདའ་༧། །དགའ་༨དང་དྲན་པ་༩འཆི་མེད་གྲོང་༡༠། །༡༡བདེན་དང་ཆོས་དང་༡༣མུ་ཏིག་སོགས། །མ་མཐའི་སྡེའོ། ། ༈ ཡ་ནི་རླུང་དང་གྲགས་པ་དང་། །ཐོབ་བྱེད་གཏོང་དང་འགྲོ་བྱེད་ལ། །ཡཱ་ནི་ས་དང་མ་མོ་དང་། །མེ་དང་རྔ་ཡབ་མཱུ་ཏཱི་དང་། །མུརྦྥྰ་ཧྨཱ་རྣམས་ལའོ། །དྱོ་ནི་ལྷ་གནས་སྐབས་གསུམ་ལམ། །ཨ་ནྱ་མཚུངས་ལེན་བྱེད་པ་དང་། །གཞན་དུ་འགྱུར་དང་ཐ་མ་ལ། །ཨདྱཿམཁས་དང་ནོར་ལྡན་ལའོ། །ཨཪྻྻཿརྗེ་བོ་རྗེ་རིགས་ལ། །ཨིཧྱ་བླ་མ་འོད་དང་སྦྱིན། །མཆོད་དང་འགྲོགས་དང་གནས་ལའོ། །ཀ་ལྱཾ་ནམ་ལངས་སྣང་བ་དང་། །ཉིན་མོའོ་ཀ་ལྱཿནད་མེད་དྲུང་། །ཀ་ལྱཱ་སྐྱེས་མཆོག་དགེ་བ་བརྗོད། །ཀཱ་ཡ་ལུས་དང་རང་བཞིན་འདུས། །འབུམ་དང་ལྷ་ལས་བྱུང་བའོ། །ཀྲི་ཡཱ་བྱ་བ་ལས་དང་ནི། །བསམ་དང་རྣམ་པར་དཔྱོད་དང་ཐབས། །རྩོམ་པ་དང་ནི་བསླབ་པ་མཆོད། །གསོ་དཔྱད་མཐར་བྱེད་མ་རྫོགས་པ། །བཱིཪྺ་ས་བོན་ཉི་ཟླ་དང་། །བརྩོན་འགྲུས་ཚངས་དབང་ཁྱབ་འཇུག་སོགས། །གུཧྱཾ་གསང་བ་གསང་གནས་དང་། །ཚུལ་འཆོས་ཆོ་ཤུགས་རུ་སྦལ་ལ། །གུཧྱ་ཡལ་གའི་གྲོང་དང་ཕུག །བྱ་དང་རི་དྭགས་ཚོང་དག་ལ། །གཤང་ལམ་རང་དབང་མེད་དང་ཕྱོགས། །ཙི་ཏྱ་རོ་ཡི་ཁང་པ་ལ། །ཙི་ཏྱཾ་གཤིན་པོའི་མཆོད་རྟེན་ལ། །ཙཻ་ཏྱ་གནས་གཞི་ཙཻ་ཏྱཿནི། །གཙང་ཁང་ཕྱུར་བུ་ལ་ཡང་ངོ་། །ཙི་ཏྱ་སངས་རྒྱས་སྐུ་གཟུགས་དང་། །ཤིང་ལ་ཡང་ནི་ཤིན་ཏུ་བརྟེན། །པུཎྱཾ་ལེགས་བྱས་ཆོས་དང་ནི། །བསོད་ནམས་ལྡན་ཅིང་ཡིད་འོང་ལ། །སྲི་ལ་དགའ་དང་མྱུར་རྒན་སྨན། །བཻརྒྱཿཀུན་མཁྱེན་སྨན་པ་ལའོ། །བྷ་བྱ་ལེགས་དང་སྐལ་ལྡན་བྱེད། །བྷ་བྱཾ་དོན་འབྲས་དགེ་བ་ལ། །རུང་བ་དང་ནི་ངོ་བོ་ཅན། །བྷཱ་གྱཾ་དགེ་བའི་བདག་ཉིད་ཅན། །བསྒྲུབ་དང་དགེ་དང་མི་དགེའི་ལས། །མ་ཡ་བཟོ་བོ་ལྷ་མིན་དང་། །གླང་པོ་ཆེ་དང་རྟ་ལའོ། །མ་ཡུ་རི་དྭགས་མིའམ་ཅི། །མཱ་ཡ་གོས་སེར་ཅན་ལྷ་མི། །མཱ་ཡ་ངན་གཡོ་བརྩེ་བ་དང་། །དཱཾ་པ་རཱི་དང་བློ་དག་ལ། །མཱ་ལྱཱཾ་མེ་ཏོག་ཕྲེང་བ་ལ། །མཱུ་ལྱཾ་རིག་དང་དངོས་པོ་ལ། །ས་ཏྱཾ་བདེན་པ་རྫོགས་ལྡན་དུས། །མནའ་ལའོ་ས་ཏྱཱ་སྐད་དང་། །ས་ཏྱཱཾ་བདེན་ལྡན་མཚམས་དང་བསགས། །ཆུ་ཀླུང་དབྱེ་བ་ཀུན་འཛིན་དང་། །དམ་བཅའ་བསམ་པ་ཁྲིམས་ལུགས་ལ། །སུཪྻ་ཉི་མ་འདིའི་ཆུང་མ། །སྨན་གྱི་དབྱེ་བ་ལ་སུཪྻ། །ཀྵ་ཡཿབྲི་དང་བསྐལ་པའི་མཐའ། །གནས་དང་ནད་ཀྱི་ཁྱད་པར་ལ། །ཨཏྱ་པ་ནི་ཆད་པ་བཅད། །དཀའ་དང་རིམ་འདས་སྐྱོན་དང་ཉམས། །ཨ་བྷི་ཁྱཱ་ནི་སྙན་གྲགས་དང་། །མཛེས་པའམ་དྭངས་པ་མིང་རྣམས་ལ། །ཨུ་ད་ཡ་ནི་ཤར་རི་འཆར། །མངྒལྱཾ་ནི་བཀྲ་ཤིས་ཤོག །ཡིད་འོང་ལའོ་མངྒ་ལྱ། །དཔལ་འབྲས་དང་ནི་ཨ་ཤཱཪྠ། །མ་སཱུ་ར་དང་སྐྱོབས་བྱེད་ལ། །མངྒ་ལྱ་ནི་གསལ་བ་དང་། །མེ་ཏོག་བརྒྱ་པ་པྲི་ཡངྐུ་། །ཐུར་ཡཱས་མེ་ཏོག་ཞི་མ་དཀར། །དུང་གི་མེ་ཏོག་ཤུ་དག་རྣམས། །ས་མ་ཡཿནི་གྲུབ་མཐའ་དང་། །མནའ་དང་ཀུན་སྤྱོད་ཡང་དག་ཤེས། །ངེས་བསྟན་བྱ་བའི་རྣམ་པ་དང་། །དུས་དང་བརྡ་རྣམས་ལའང་ངོ་། །སོར་བྷྱཾ་ནི་དྲི་བཟང་དང་། །མཛེས་དང་ཡོན་ཏན་གུས་པ་ལ། །ཧྲྀ་ད་ཡཾ་ནི་སྙིང་པོ་སྙིང་། །མ་ཧོ་ད་ཡ་ཀུན་འབྱུང་དང་། །བྱང་གྲོལ་བུ་མོ་སྒྱུགས་མོ་ལ། །བི་ཤྭེཀྦེ་ནྀ་པྲྀ་ཡཱ་ནི། །པདྨ་དང་ནི་སྐྱོབ་བྱེད་ལ། །ཡ་མཐའི་སྡེའོ། ། ༈ ར་ནི་འོད་མའི་མེ་དང་རྣོ། །རཱཿནི་ནོར་རྫས་གསེར་དག་ལ། །རུ་ནི་སྒྲ་དང་འཇིགས་དང་ཆ། །ཏིང་འཛིན་ཉན་རྒྱད་པ་ལའོ། །ཤྲཱི་ཞེས་དཔལ་མོ་དབྱངས་ཅན་མ། །མཛེས་དང་ཤེས་རབ་ཐང་ཤིང་དང་། །འཇུག་པ་སྡེ་གསུམ་ཕུན་ཚོགས་པ། །ཨིནྡྲ་བརྒྱ་བྱིན་མུན་པ་ཉིད། །རྣལ་འབྱོར་དབང་པོ་གདེངས་ཀ་ལ། །ཀ་རཿལག་པ་འོད་ཟེར་བ། །དཔྱ་ཁྲལ་ཆང་ངམ་ཆང་ཚོང་ལ། །ཀར་མདའ་དང་མཚན་མོ་དང་། འདོད་ཆེན་མེ་ཏོག་ཕྲེང་བ་ལ། སྒྲའི་སྙེ་མར་རོ། །ཀཱ་ར་གསད་པ་མ་མོ་རིཿ ངེས་དང་སོ་སོར་འབད་པ་དང་། །སྟོབས་ལྡན་ལའོ་སཱ་ར་ནི། །གཉེན་དང་གྲོང་ཁྱེར་འཆིང་བ་དང་། །གསེར་དང་བྱས་པ་གཟིགས་པ་དང་། །ཕོ་ཉ་མོ་ཉིད་རབ་བརྟན་ལ། །ཀཱི་ར་ལྗོངས་དང་ནཻ་ཙོ་ལ། །ཀུན་ཏུ་མི་བདག་ཁྱད་ཟས་དང་། །དཔལ་མགྲིན་དང་ནི་དུག་སེལ་ལ། །གུ་རུཿབླ་མ་སློབ་དཔོན་སོགས། །དབང་སྐུར་པོ་དང་ལྷའི་སློབ་དཔོན། །ཆེན་པོ་ལྕི་བ་རྒས་དཀའ་བ། །ཀུ་རུ་ཟླ་བ་ཉི་མ་དང་། རྒྱལ་པོ་ལྷ་ལའང་བལྟ་བར་བྱ། ཙནྡྲཿག་བུར་ཀཱམྦིལླཿ བདུད་རྩི་གསེར་དང་མཛེས་པ་དང་། །འོད་དང་ཟླ་བ་ཚོས་དམར་དང་། །མདོངས་ཐིག་ཚེམས་བསྐྱེད་རྫས་ལའོ། །ཙནྡྲཱར། སྤྲིན་དང་ཟླ་འོད་པདྨ་སཾ། རུ་བ་ནུས་པ་ལ་ཡང་བཤད། ཏནྟྲཾ་གཙོ་བོ་གྲུབ་མཐའ་དང་། །ཡོངས་སུ་འགེབས་དང་ཐག་འཐགས་པ། །སྨན་དང་བསྟན་བཅོས་བྱེ་བྲག་དང་། །མཆོག་ཏུ་ནད་མེད་གཉེན་བྱེད་ལས། །ཚིགས་བཅད་བྱེ་བྲག་བསྒྲུབ་བྱ་དང་། །དགོས་པ་གཉིས་སྒྲུབ་དག་ལའོ། །ཞེས་པའང་སྣང་ངོ་། །ཐོས་པ་ཡལ་གའི་ཁྱད་པར་དང་། །རྒྱུ་དང་ཡོངས་སུ་འགེབས་པ་དང་། །སྲད་བུ་ལྡན་དང་རྐྱང་པ་མཆོག །གྲུབ་པ་དང་ནི་གྲུབ་བྱེད་ཐབས། །ཏནྟྲི་རིགས་དང་ཡོན་ཏན་དང་། །ཚིགས་དང་གུ་རཱུ་ཙི་དང་ནི། །མིག་དང་རབ་ཏུ་རིངས་པ་ལ། །ན་ར་ས་དང་རྒྱལ་བ་མི། །པ་ཏྲ་ཁང་པ་ནགས་ཚལ་དང་། །ནོར་དང་ལོངས་སྤྱོད་རྣམས་སུ་དྲན། །མཉྡུ་ར་ནི་ཟླ་བ་སྤྲིན། །རྒྱ་མཚོ་འཁྲི་ཤིང་རྨ་བྱ་སོགས། །ནཻ་ཏྲཾ་མིག་དང་ཤིང་གི་ཚྭ། །སྲུབ་ཐག་ཤིང་རྟ་གར་མཁན་ལ། །བྷ་དྲ་འཕྲོག་བྱེད་དགའ་སྤྱོད་དང་། །ཤེར་དང་མ་རུ་ཀ་དནྟ། །གླང་པོའི་གཙོ་བོ་ལེགས་པ་ལ། །བྷ་དྲཾ་བྱེད་པའི་དབྱེ་བ་དང་། །གླ་སྒང་བདེ་བ་གསེར་རྣམས་ལ། །བྷ་དྲ་འདོར་བྱེད་སྨན་དང་ཕྲ། །མ་གུག་པ་དང་ཀཊྥ་ལ། །བྷ་ར་ཤིན་ཏུ་ཕུལ་བྱུང་ཁུར། །བྷ་རུ་སྤུན་ཟླ་གསེར་ལའོ། །མནྟྲཿརིག་བྱེད་ཁྱད་པར་དང་། །གསང་བ་སྨྲ་དང་ལྷ་སོགས་སྒྲུབ། །བཛྲ་དབྱིག་དང་གནམ་ལྕགས་དང་། །བྱིས་སྦ་དག་དང་སྐྱུ་རུརའོ། །རྣལ་འབྱོར་བྱེ་བྲག་ལ་བཾཛྲ། །བཛྲཱི་སླེ་ཏྲེས་གྲོགས་ཀྱི་དབྱེ། །ཀྵེ་ཏྲ་ཡིད་དང་རྡུལ་དག་ལའོ། །ཤ་ཏྲི་བདེ་སོགས་བདག་པོ་སྤྲིན། །ཤཱསྟྲཾ་བཀའ་དང་བསྟན་བཅོས་ལ། །བཛྲ་ལུས་དང་སྙིང་པོ་ལ། །ཤུ་ཀྲཾ་ཁུ་བ་ཡིད་ནད་དང་། །དཀར་པོ་ལའོ་ཤུ་བྷྲཾ་སྤྲིན། །རབ་ཏུ་གསལ་དང་དཀར་པོའོ། །ས་ཀྲཾ་མཐུག་པོ་དང་ནི་ས། །ནགས་ཚལ་རྣམས་ལའོ་སཱཾ་རཾ་ནི། །རིགས་དང་ཆུ་དང་ནོར་ལའོ། །སུ་ར་ལྷའོ་སུ་རཱ་ནི། །ཆང་དང་བཏུང་བ་སྣོད་དག་ལ། །ཧ་རི་ཁྱབ་འཇུག་ཉེ་དབང་འོད། །ཟླ་བ་རླུང་དང་དབང་པོ་མེ། །གཤིན་རྗེ་སྦྲུལ་དང་སྦལ་བ་སྤྲེལ། །རྟ་དང་ནེ་ཙོ་འཇིག་རྟེན་དབྱེ། །དམར་སེར་དང་ནི་སེང་གེ་ལ། །སེར་དང་ལྗང་གུ་ལ་ནི་མོ་འང་། གཉིས། །ཀྵ་ར་སྤྲིན་དང་ཀྵ་རཾ་ཆུ། །ཀྵཱ་ར་འཆིང་བུ་ཐལ་བ་དང་། །བཅུད་དང་ངན་པ་ལན་ཚྭ་ལ། །ཀྵཱི་ར་འོ་མ་ཆུ་དག་ལ། །ཀྵེ་ཏྲཾ་ལུས་དང་ཆུང་བ་དང་། །ཟོར་བ་ཞིང་ས་གྲུབ་གནས་ལ། །ཨཾ་གཱ་ར་ནི་མི་ཤེས་དང་། །བཀྲ་ཤིས་དང་ནི་མ་ཕམ་པ། །ཨནྟ་རཾ་ནི་དབྱེ་བ་དང་། །ཁྱད་པར་ཅན་དང་གོ་སྐབས་གཞན། །བདག་དང་བདག་གི་བྲལ་བ་དང་། །ནང་དང་ཕྱི་དང་བར་དང་མཚམས། །སྨད་གོས་མི་སྣང་བ་དང་མཚུངས། །དེ་ཡི་དོན་ཉིད་སྐབས་སུའོ། །ཨ་མ་ར་ནི་ལྷ་རུས་པ། །བསྡུས་པ་རྡོ་རྗེ་ལྗོན་ཤིང་ལ། །ཨ་སུ་ར་ནི་སྲིན་པོ་མེད། །ལྷ་མིན་ཉི་མ་དག་ལའོ། །ཨཀྵ་རཾ་ནི་ཚངས་པ་དང་། །ཐར་པ་ཡི་གེ་དག་ལའོ། །ཨཱཀྵ་རཾ་ནི་སྐྱེ་དང་གནས། །ངེས་པར་གཙོ་བོ་འདོད་པར་བཤད། །ཨཱདྷ་རྟགས་གསུམ་ར་ནི་འོག་གཞི་དང་། །མཆུ་དང་དམན་ཕོ་པ་རྣམས་ལའོ། །ཨ་ཧཱ་ར་ནི་བཟའ་བ་དང་། །ཟ་བ་འཕྲོག་དང་བསྡུས་པ་ལ། །ཨི་ཏ་ར་ནི་དམན་པ་དང་། །གཞན་དང་གྲུབ་དང་ནད་མེད་གྱུར། །ཨཱི་ཤྭ་ར་ན་ནོར་ཕུན་ཚོགས། །ཞི་བ་རྗེ་བོ་ཡིད་བསྲུབས་ལ། །ཨཱི་ཤྭ་རཱི་ནི་རྗེ་མོ་དང་། །དཀར་མོ་དབང་མོ་རྒན་བྱེད་མོ། །ཨུཏྟ་ར་ནི་ཚིགས་མཐའ་དང་། །རྒྱལ་པོའི་སྲས་མོ་དག་ལའོ། །ཨུཏྟ་རཿརྟགས་ནི་བྱུང་གསུམ་བྱང་དང་སྟེང་། །ཕྱི་མ་དང་ནི་བླ་མའོ། །ད་རཱུ་ར་ནི་སྦལ་བ་དང་། །ཆུ་སྦྱིན་དང་ནི་སིལ་སྙན་དང་། །སྣོད་དང་རི་ཡི་དབྱེ་བ་ལ། །ད་རཱུ་རཱ་ནི་ཟླ་འོད་ལ། །སཱ་མ་ར་ནི་དམན་དང་རྨོངས། །མཁའ་ལ་གནས་པ་ལ་ཡང་ངོ་། །བཾ་དྷུ་རཱ་ནི་མཁའ་འགྲོ་ལ། །ངང་པ་དང་ནི་བུད་མེད་མཆོག །མནྠ་ར་ནི་མཚོན་བྱེད་དང་། །མཛེ་དང་བསྲུབ་པར་བྱེད་པ་ལ། །བི་ཧཱ་ར་ནི་འཁོར་བ་དང་། །ཕུང་པོ་བདེར་གཤེགས་རོལ་པའི་གནས། །སཾ་སྐཱ་ར་ནི་ཉམས་མྱོང་དང་། །ཀུན་རྟོག་དང་ནི་སོ་སོར་འབར། །ཨ་ནུཏྟ་ར་གཙོ་བོ་མིན། །སྟེང་མིན་ཕྱི་མིན་བླ་མེད་ལ། །ཨ་བྷི་ཧ་རཿམངོན་སྤྱོད་དང་། །ཆོམ་རྐུན་ལས་དང་གོ་མ་གྱོན། འགྱུར་བཅོས། །ཨཱ་ལཾ་ཀཱ་ར་རྒྱན་དང་ནི། །དཔེ་དང་ཡོན་ཏན་དག་ལའོ། །ཨ་བི་བ་ར་སྔགས་ཀྱི་དབྱེ། །རབ་ཏུ་བསྟོད་དང་ཆར་དག་ལ། །ཨ་བ་ཧ་ར་གདོན་ཆོམ་རྐུན། །འཁྲུགས་པ་རྒྱན་བོ་སོགས་རྣམས་འཁོར། །ཨུ་དུམྦ་ར་སྐྱེ་བོ་འབྲས། །ལུས་འཛིན་ཡང་བའི་གྲོགས་པོ་ལ། །ཨུ་བ་ཀ་ར་མེ་ཏོག་སོགས། །འཐོར་དང་འཕེན་པར་བྱེད་པ་ལ། །པ་རཾ་པ་ར་བརྒྱུད་དང་ནི། །ཡོངས་སུ་བརྒྱུད་དང་གནོད་པ་ལ། །མ་ཧཱ་བི་ར་མཁའ་ལྡིང་དང་། །དཔའ་བོ་མགྲིན་ལྡན་སྒྲ་དང་ཐོག །སྤྲེའུ་ཉི་མ་ཁ་ཡི་མེ། །ཛ་རཱ་ཊ་ཀ་རྣམས་ལའོ། །སྒྲའི་སྙེ་མར། ས་མུ་དྲ་ནི་རྒྱ་མཚོ་དང་། འཇིག་རྟེན་འདོད་ལྷ་ཉི་ཟླ་དང་། །ཁྱབ་འཇུག་སྤྲིན་དང་ནགས་ཚལ་འཐུག །རླུང་དང་དགའ་བ་སོགས་སུ་དྲན། །རེ་ཕའི་མཐའི་སྡེའོ། ། ༈ ལཱ་ནི་དབང་པོ་ལ་ཞེས་པ། །སྦྱིན་པ་དང་ནི་འབྱར་བ་ལ། །ལི་ནི་ཐིམ་པ་ལ་ཡང་ངོ་། །ལུ་དང་ལཱུ་ནི་གཅོད་པ་ལ། །ཨ་ལཱི་བུང་བ་དང་ནི་ཆང་། །ཨི་ལཱི་བ་ལང་ས་བདུད་རྩི། །དབྱངས་ཅན་ཟླ་བ་བུད་མེད་ལ། །ཀ་ལིཿརྩོད་པའི་དུས་དང་ནི། །འཁྲུགས་པ་རྩལ་ལྡན་ཀུ་ཅོ་ལ། །ཏ་ལ་རོལ་མོ་ཏ་ལཾ་ནི། །རལ་གྲིའི་ཆང་ཟུང་ཐལ་མོ་དང་། །ནགས་དང་བྱེའུ་དབྱངས་ཆུ་འཛིན། །ཏུ་ལཱ་ཁྱིམ་དང་སྲང་རྒྱ་དང་། །འཇལ་བྱེད་སོགས་ཀྱི་དབྱེ་བ་དང་། །ཁྲེའུ་དང་ནི་སྣོད་ལའོ། །ཀ་མཿདུས་དང་འཆི་བ་ལ། །ནག་པོ་ཆེ་དང་གཤིན་རྗེ་དང་། །ཟ་བྱེད་དང་ནི་ནག་པོ་ལ། །ཕ་ལཾ་ལོ་ཐོག་རྒྱུས་ཀུན་དང་། །འབྲས་བུ་རྣམས་སྐྱེད་རྙེད་པ་དང་། །ཛ་ཏི་ཕ་ལ་ཀ་ཀོ་ལ། །མདའ་ཡི་རྩེ་མོ་ཕུབ་ལའང་། །འབྲས་གསུམ་འབྲས་ལྡན་འབྲས་བུ་ཅན། །ཕ་ལཾ་སྙིང་པོ་འཇིག་རྟེན་དང་། །རས་བལ་སོགས་དང་གོས་དང་ནི། །བ་ལཿགཤོལ་ལྡན་ལྷ་མིན་དང་། །ལུས་དང་བྱ་རོག་གཏོར་ལྡན་ལ། །མཱ་ལ་མེ་ཏོག་ཆུན་པོ་ཕྲེང་། །མཱུ་ལཾ་གདོད་མའི་ཤིང་རྩ་བ། །རྒྱུ་སྐར་ནགས་ཀྱི་རི་བོ་ལ། །མཽ་ལིཿའདུས་དང་འདྲེས་པ་དང་། །ཆོས་ལྡན་དང་ནི་གཙུག་ཕུད་དང་། །མྱ་ངན་མེད་པའི་ཤིང་ཅོད་པན། །ལཱི་ལ་རྩེ་དང་ཀུ་རེ་དང་། །སྒེག་དང་མཚོན་དང་བྱ་བ་དང་། །འཁོར་ལོ་མ་ལུས་པ་ལ་ཡང་། །ཤཱི་ལཾ་རང་བཞིན་ལེགས་སྤྱོད། སྤྱོད་པ་མཆོག །ཁུ་བ་དཀར་པོ་རྣལ་འབྱོར་ལ། །ཤུཀྵཾ་གཟུགས་ཅན་དཀར་པོ་དང་། །ཡོན་ཏན་ལྡན་པ་ཉིད་ལའོ། །ཨི་ཧྭ་ལ་ནི་ཉ་དང་ནི། །ལྷ༷་མིན་རབ་དབྱེ་སྒེག་དང་འབར། །ཨུཛྫ་ལ་ནི་འབར་གསལ་རྒྱས། །ཨུཏྤ་ལཾ་ནི་ཨུཏྤལ་དང་། །རུ་རྟ་དང་ནི་ཤ་མེད་ལ། །ཀ་ད་ལཱི་ནི་སྒྲ་སྙན་དང་། །ལྗོན་ཤིང་དང་ནི་རི་དྭགས་དབྱེ། །མེ་དང་ཁྱེ་དང་སེར་སྐྱའོ། །ཀ་མ་ལཾ་ནི་ཆུ་སྐྱེས་དང་། །ཆུ་དང་ནམ་མཁའ་ཟངས་ཕོ་མིན། དང་སྨན། །ཀ་མ་ལ་ནི་རི་དྭགས་དབྱེ། །ཀ་མ་ཀུ་རང་གཟེར་བའི། ལཱ་ནི་དཔའ་མོ་ལ། །ཀུ་ཤ་ལ་ནི་ཡང་འཐོབ་དགེ། །བསོད་ནམས་བསླབ་པ་རྟགས་གསུམ། མཆོད་སྦྱིན་ལ། །ཀེ་བ་ལཱ་ནི་རེ་རེ་དང་། རྟགས་གསུམ། འབའ་ཞིག་པ་དང་ཀུ་ཧ་ན། །ཀཻ་བ་ལཾ་ནི་གཏན་ཕབ་དང་། །ཡེ་ཤེས་དབྱེ་བ་དག་ལའོ། །ཀ་མ་ལ་ནི་ཤིང་རྟ་དང་། །ངང་པ་ཉི་ཟླ་ཐུབ་པ་མཆོག །རིན་ཆེན་ནོར་བུ་ཆུ་བོར་བཤད། །སྒྲའི་སྙེ་མ་ལས་སོ། །ཙ་བ་ལཱ་ནི་པདྨ་དང་། །གློག་དང་པི་པི་ལིང་ལའོ། །ཛཾ་ག་ལ་ནི་ཆུ་མེད་པའི། །ཡུལ་དང་དགོན་དུང་པ་ལའོ། །དུ་ཀཱུ་ལཾ་ནི་ཕྱེད་པ་དང་། །ཟར་མའི་རས་དང་གོས་པྲ་མོ། །ནཱི་བྷི་ལཾ་ནི་ལྟེ་བ་ཡི། །སྙིང་པོའི་གནས་དང་ཙཾ་ཀྵ་ཎ། །ཅོ་གཾ་ལའོ་ནི་ཅུ་ལ། །གོས་མེད་དང་ནི་ཆུ་ཤིང་ལ། །ནི་རྨ་ལཾ་ནི་དྲི་མེད་དང་། །སྤྲིན་དཀར་དང་ནི་དྲི་མ་བྲལ། །པཱ་ཊ་ལཱ་དང་བཱ་ཊ་ལཱི། །ཤིང་དང་མེ་ཏོག་དག་ལའོ། །པིཾ་ག་ལ་ནི་ཐུབ་པ་དབྱེ། །མེ་དང་འོད་གཏུམ་འོད་དཀར་པོ། །གཏེར་གྱི་དབྱེ་བ་སྤྲེའུ་ལ། །པིངྒ་ལ་ནི་འོད་ཟེར་དང་། །གནོད་པ་འཇུག་གི་བྱ་མིའུ་ཐུང་། །བེ་ཤ་ལཿནི་མཛེས་དང་སྦྱང་། །བཟང་དང་འཇམ་དང་ཚུལ་ཁྲིམས་ལ། །མངྒ་ལ་ནི་དུརྦ་དཀར། །མངྒ་ལ་ནི་མ་ཡི་བུ། །མངྒ་ལཾ་ནི་ལེགས་བཀྲ་ཤིས། །དེ་བཞིན་ནོར་བསགས་བསྲུང་བ་ལ། །མཎྜ་ལ་ནི་དཀྱིལ་འཁོར་དང་། །སྙིང་པོ་གཞལ་བྱ་ལ་ཡང་ངོ་། །བི་མ་ལཱ་ནི་དྲི་མེད་བསིལ། །ས་ཡི་དབྱེ་བ་དག་ལ་ཡང་། །ཤ་ཡ་ལུ་ནི་ཚུལ་ཁྲིམས་གཉིད། །བི་ཤ་ལ་ནི་ཤིང་དབྱེ་དང་། །ཡངས་པ་དང་ནི་རྒྱ་ཆེ་བ། །བཻ་ཤ་ལ་ནི་ཆུ་བལ་དང་། །པདྨའི་ཤིང་དང་མཆོད་པ་ལ། །ཁ་ཏཾ་མ་ལཱ་དུ་བ་སྤྲིན། ལ་མཐའི་སྡེའོ། ། ༈ ཝ་ནི་བུམ་པ་ཆུ་ལྷ་དང་། །ཉིན་མོ་དང་ནི་རང་དབང་ལ། །བཱ་ནི་མདའ་དང་མདུང་དང་རླུང་། །བི་ནི་བྱ་དང་ནམ་མཁའ་ལ། །སྭ་ནི་བདག་དང་གཉེན་འདུན་དང་། །བདག་གི་བ་ཡི་ནོར་ལའོ། །ཀ་བི་སྙན་ངག་མཁན་པོ་དང་།། །།པ་བ་སངས་དང་གྲོགས་མཁར་ལ། །བྱི་དང་སྙན་ངག་བྱེད་པ་ལའོ། །དི་བཾ་མཐོ་རིས་བར་སྣང་ལ། །དེ་བ་རྒྱལ་པོ་ལྷ་དང་སྤྲིན། །དེ་བཾ་དབང་པོ་ལ་ཡང་ངོ་། །བྷ་བཿདཔལ་མགྲིན་འཁོར་བ་དང་། །བདེ་ལེགས་ལེགས་ཐོབ་སྐྱེ་བ་ལ། །བྷཱ་བཿརང་བཞིན་ལེགས་སོགས་དང་། །བསམ་པ་སེམས་ཅན་བདག་དང་སྐྱེས། །བྱ་བ་སྒེག་པ་དངོས་པོ་དང་། །ཚིག་དོན་གནས་ཀྱི་ཁྱད་པར་ལ། །སྐྱེ་བ་རྟོག་པ་འབྱོར་པ་དང་། །གར་དང་ཁྲུས་དང་མཁས་པ་ལའང་། །བི་ཤྭཾ་སྣ་ཚོགས་ཐམས་ཅད་དག །ཕྱེ་མའི་བཏུང་བ་ལ་ཡང་ངོ་། །ལ་བ་ཆ་ཤས་སྒེག་པ་དང་། །གཅོད་དང་སྦྱིན་དང་དགའ་བྱེད་དགའ། །ཤི་བཿའཕྲོག་བྱེད་རྣལ་འབྱོར་དབྱེ། །ལྷ་དང་ཕུར་བུ་བྱེ་མ་དང་། །གུ་གུལ་དང་ནི་པད་དཀར་ཤིང་། །ཤི་པཾ་ཐར་པ་བདེ་བ་ཆུ། །བཅོས་བཟང་པོ་ཤི་བཱ་དཀར་མོ་དང་། བཅོས་སྐྱུ་རུ་ར་དང་ཀེ་ཀེ་རུ། །སྒྲའི་སྙེ་མར། ཤི་བཱ་དབང་ཕྱུག་ཞི་བ་ནོར། །དུས་དང་དགེ་ལེགས་རྣམས་སུ་དྲན། ཛྙཱ་ཊཱ་མཱ་ལ་ལམ་དང་ནི། །ལྕེ་སྤྱང་དང་ནི་ཤཀྟུའི་འབྲས། །ས་ཏཱཾ་སྐྱེ་བོ་སེམས་ཅན་དང་། །སྲིད་པ་སྲོག་ཆགས་བདག་ཉིད་དངོས། །རྫས་དང་སྟོབས་དང་ཤ་ཟ་དང་། །ཚོང་པའི་རྫས་དང་བརྩོན་པ་སྲོག །ཡོད་དང་ཡོན་ཏན་འབྱོར་པ་དང་། །རང་བཞིན་དང་ནི་མཐའ་ལའོ། །ཨཏྟ་བཾ་ནི་མེ་ཏོག་དང་། །རྡུལ་དང་དུས་དང་འབྱུང་པོ་ལ། །ཨ་བྲ་བ་ནི་དམ་བཅའ་དང་། །ཉོན་མོངས་ཚིག་དང་གནས་པ་ལ། །ཨུཏྶ་བཿནི་དགའ་སྟོན་དང་། །འདོད་དང་རབ་འབྱམས་ཁྲོ་བ་ལ། །རཱཎྜ་བ་ནི་གར་དང་རྩེ། །མཐོ་རིས་བར་སྣང་སུམ་རྩེན་དང་། །སུམ་རྩེན་མ་དང་རིག་བྱེད་དབྱེ། །ནིཥྤ་བ་ནི་ཉི་མ་རླུང་། །ཀ་ཌམྦངྒ་ར་དང་ནི། །རྣམ་པར་རྟོག་པ་མེད་པ་ལ། །པྲ་བྷ་བ་ནི་མངལ་ནས་ཐར། །བྲམ་ཟེ་རྣམས་དང་མེ་ཏོག་འབྲས། །ཕན་ཚུན་གྲོགས་དང་འགལ་བར་སྐྱེས། །པྲ་བྷཱ་བཿནི་ནུས་གཟི་བརྗིད། །དང་པོ་ཐོབ་དང་གནས་ལའོ། །སཾ་བྷ་བ་ནི་འབྱུང་བ་དང་། །དྲན་པ་རྒྱུ་དང་སློང་བ་དང་། །འདུས་དང་ཤིན་ཏུ་ཐ་དད་དང་། །རྟེན་དང་བརྟེན་པ་དག་ལའོ། །ཝ་མཐའི་སྡེའོ། ། ༈ ཤ་ནི་མཚོན་ཆའི་བརྒྱ་དང་འཚེ། །ཤམ་ནི་ཆོས་དང་ཤཱ་སྟོན་པ། །ཤཱི་ནི་གཉིད་ལོག་པ་དང་ནི། །རྟག་ཏུ་གཉིད་ལོག་པ་ལའོ། །ཨ་ཤཱ་འདོད་དང་མེད་པ་ལ། །ཕྱོགས་དང་མཆུར་རིང་བ་རྣམས་ལའོ། །ཨཱི་ཤྭ་ཀུ་ཤ་ག་ལའི་དབྱུག །དབང་ཕྱུག་དང་ནི་གཙོ་བོ་ལ། །ཨཾ་ཤུ་འོད་དང་ཉི་མ་ཆ། །ཀུ་ཤཿདག་བྱེད་བུ་དང་གླིང་། །སྦྱོར་བའི་དབྱེ་བ་རྩྭ་ལའོ། །ཀུ་ཤཾ་ཆུའོ་ཀུ་ཤཱི་ནི། །བརྞ་ཀུ་ཤི་དུས་རབ་བསྒྲགས། །ཀེ་ཤ་སྐྲ་དང་ངོ་ཚ་ནི། །ལྷ་མིན་དབྱེ་བ་ཆུ་ལྷ་ལ། །ཀླེ་ཤ་སྡུག་བསྔལ་ཆགས་སོགས་དང་། །བྱ་བ་སཱ་ལ་ཡང་བལྟའོ། །དཪྴ་མཐོང་བ་ཉི་ཟླ་འགྲོ །ཕྱོགས་མཐའ་ཁ་ཁྱེར་ཟླ་བ་ལ། །དེ་ཤ་དབང་བྱེད་ཆ་ཤས་དང་། །ལས་ཀྱི་རྣམ་པར་སྨིན་པ་དང་། །དྲྀ་ཤ་མཐོང་བ་བློ་དང་མིག །ཤེས་དང་མཐོང་བ་རྟོག་དཔྱོད་ལ། །ཨཱ་དཪྴ་ནི་མེ་ལོང་དང་། །རྒྱས་བཤད་སོ་སོའི་གླེགས་བམ་ལ། །ནི་རྦེ་ཤཿནི་གླ་རྔན་དང་། །ལོངས་སྤྱོད་དང་ནི་རྨོངས་པ་ལ། །ནིཪྡེ་ཤ་ནི་མཐའ་ཉིད་དང་། །སྟོན་པ་དང་ནི་འཆད་པ་ལ། །ནི་སྟྲིཾ་ཤ་ནི་བརྩེ་མེད་དང་། །རལ་གྲི་གསལ་བ་ངེས་དང་མཉམ། །པྲ་ཀཱ་ཤ་ནི་རབ་གྲགས་པ། །རབ་ཏུ་བཞེད་དང་ཉི་འོད་གསལ། །ཤ་མཐའི་སྡེའོ། ། ༈ ཥ་ནི་གཙོ་བོ་ལ་འདོད་དེ། །ཥི་ནི་མངལ་ནས་གྲོལ་བའོ། །རི་ཥི་འོད་འབར་རིག་བྱེད་དང་། །དྲང་སྲོང་གནས་འཇུག་ལ་སོགས་པའོ། །གྷོ་ཥ་མེ་ཏོག་བརྒྱ་པ་དང་། །དབྱངས་ལྡན་དང་ནི་འབྲུག་སྒྲ་ལ། །གྷོ་ཥ་སྒྲ་ལྡན་འཇིགས་པ་དང་། །སུ་ན་བྷཱི་ཏ་ལྕུག་མ་ལའོ། །ཀོ་ཥ་ལྷ་རྫས་ནོར་དོན་མཐུན། །སྒྲ་སྒྲོགས་མེ་ཏོག་ཤིན་ཏུ་རྒྱས། །ཛཱ་ཏཱི་ཀོ་ཥ་ཁ་མ་བྱེ། །སྣོད་དང་རལ་གྲིའི་ཤུབ་བང་མཛོད། །དོ་ཥ་སུན་འབྱིན་སྡིག་པ་སྐྱོན། །མཚན་མོ་དང་ནི་ལག་པ་ལ། །སཽ་ཥ་ཟླ་བའི་བྱེ་བྲག་དང་། །རྒྱལ་དང་གྲུབ་པ་ཟླ་རྒྱལ་ལ། །བི་ཥཱ་བོང་ང་དཀར་པོ་དང་། །བི་ཥཾ་དུག་དང་ཆུ་ལ་ལོ། །ཤེ་ཥ་སྤྱི་བླུགས་ལྷག་མ་ལ། །ཤེ་ཥ་མཐའ་ཡས་ཁྱད་པར་དང་། །དྲི་མེད་དབྱེར་མེད་ལ་ཡང་ངོ་། །ཛི་གཱི་ཥ་ནི་རྒྱལ་འདོད་དང་། །ཅུང་ཟད་དགོད་པ་དག་དང་ནི། །ཕུལ་དུ་བྱུང་དང་མཐའ་ལའོ། །ཏི་བི་ཥ་ནི་གསེར་དང་སྤྲིན། །ཨུཥྞཱི་ཥཿནི་མགོ་དཀྲིས་དང་། །ཅོད་པན་གཙུག་ཏོར་ཁྱད་པར་ལ། །པུ་རུ་ཥཾ་ནི་བཀྲ་བ་གཙུབ། །པ་བཅོལ་རྗོད་པར་བྱེད་པའོ། །པུ་རུ་ཥཿནི་ཀླུ་ཤིང་དང་། །སྐྱེས་བུ་དང་ནི་མཆོག་བདག་ལའོ། །སཽ་རུ་ཥཾ་ནི་གཟི་བརྗིད་དང་། །སྐྱེས་བུའི་དངོས་པོ་ལས་ལ་ཡང་། །བྲ་དོ་ཥ་ནི་སྐྱོན་ལྡན་མ། །སྲོད་དང་མཚན་མོའི་སྒོ་མའོ། །ནནྡེ་གྷོ་ཥ་པ་རོལ་གནས། །བསྟོད་པ་དང་ནི་དབྱངས་བྱེད་པ། །པ་རི་གྷོ་ཥ་བརྗོད་བྱ་དང་། །ངེས་པར་སྒྲོགས་དང་འབྲུག་སྒྲོགས་ལ། །བཱ་ཏ་རུ་ཥཱ་རླུང་ཚུབ་དང་། །སྒྲ་འགྲེང་བ་དང་བརྒྱ་བྱིན་གཞུ། །ཥ་མཐའི་སྡེའོ། ། ༈ ས་ནི་དཔལ་དང་དོན་དཔལ་མོ། །སི་ནི་ཁ་ལོ་སྒྱུར་བ་ལ། །སེ་ནི་དཔལ་མོའི་བུ་དགའ་བོ། །སོ་ནི་སྙེམས་བྱེད་མ་མ་ལ། །བ་སྲུཿདཔལ་སྦྱིན་བུ་ག་མེད། །རིགས་དང་བདེ་བ་ལྷའི་ཁྱད་པར་ནོར་ལྷ། །ཤིང་དང་སྨན་རྟགས་གསུམ། དང་རིན་ཆེན་དང་། །སྲབ་སྐུར་མོ་དང་ནོར་དང་ནི། །སྙན་དང་ཁུར་དང་མཐུ་དང་མཛེས། །མེ་དང་འབར་བ་དང་ནི་འོད། །མངར་བ་ལ་ནི་རྟགས་གསུམ་པ། །ཉི་མ་དང་ནི་ས་གཞིར་བཤད། སྒྲའི་སྙེ་མར་རོ། །མཱ་༡ས་ཤ་དང་སྤང་སྤོས་དང་། །ཀལྐོ་ཡི་དང་རལ་པ་ལ། །མཱ་ས་ཟླ་བ་འཇལ་བྱེད་དག །ལཱ་སི་སྦྲང་རྩིའོ་མི་སི་ནི། །མེ་ཏོག་བརྒྱ་པ་ཇ་མཱ་ནི། །ར་ས་རོ་བཅུད་ཏིཀྟ་སོགས། །སྒེག་པ་སོགས་དང་ཁུ་བ་དུག །དངུལ་ཆུ་རྡུལ་དང་ཁམས་དང་ཆགས། །བོ་ལ་མར་དང་ལུས་ལའོ། །བཱ་ས་ཁྱིམ་དང་གནས་སྐབས་དང་། །ཤི་ས་བརྗོད་དང་འདོད་པ་ལ། །ཧིཾ་ས་ཆོམ་རྐུན་སོགས་དང་གནོད། །ཧཾ་ས་ཉི་མ་མཱ་ར་ལ། །ཁྱབ་འཇུག་ལུས་ཀྱི་རླུང་དང་ནི། །མ་བརྐམས་རྒྱལ་པོ་མཆོག་གི་བདག །རྣལ་འབྱོར་པ་དང་སྔགས་དབྱེ་བ། །སེར་སྣ་རྟ་ཡི་ཁྱད་པར་ལ། །ཨ་བྷྱཱ་ས་ནི་དིང་འདི་བཞིན། །ཡང་དག་ཞགས་དང་ཡོན་ཏན་དང་། །ཕོངས་དང་འདོད་པ་མ་ལུས་ལ། །ན་བྷཱས྄་ནམ་མཁའ་ན་བྷཱས྄་སྤྲིན། །པད་རྩའི་སྐུད་པ་གྲོ་བཞིན་ཟླ། །སྣོད་དང་བཟེད་ཞལ་རྣམས་ལའོ། །པ་ཡས་འོ་མ་ཆུ་དག་ལ། །པཱ་ཡ་ས་ནི་དཔལ་གནས་ལ། །པཱ་ཡཾ་སཾ་ནི་ཟས་ཀྱི་མཆོག །མ་ནས྄་སེམས་དང་ཉེ་བ་ལ། །མ་ནས྄་དགའ་སྟོན་གཟི་བརྗིད་དག །རཛས྄་ཟླ་མཚན་ཡོན་ཏན་དང་། །ཕ་རོལ་སོན་དང་རྡུལ་ལའོ། །བི་དྭནྶ྄་ནི་བདག་ཉིད་རིག་པ། །ཤེས་རབ་ཅན་དང་མཁས་པ་ལའོ། །ཤྲེ་ཡས྄་ཆོས་དང་བཀྲ་ཤིས་དང་། །དཔལ་གནས་ཁྱབ་འཇུག་པདྨ་དང་། །ཤྲེ་ཡནྶ་ནི་ཤིས་དང་ཞི། །ས་མ་ས་ནི་མདོར་བསྡུས་དང་། །སྙིང་དང་བདུག་སྤོས་ནུས་པ་ལ། །ནིཿཤྲེ་ཡ་སཾ་དགེ་བ་དང་། །གྲོལ་བ་ངེས་ལེགས་འཕྲོག་བྱེད་ལ། །སུ་མེ་དྷཱས྄་ནི་གསལ་ལྡན་ལ། །བློ་གྲོས་བཟང་པོ་དབང་པོ་ལ། །ས་མཐའི་སྡེའོ། ། ༈ ཧ་ནི་ཁྲོ་མདངས་བཅས་པ་ཡི། །གྲུང་པོ་དང་ནི་རྡོ་རྗེ་ལ། །ཧི་ནི་དབང་པོ་བུ་ལའོ། །ཨ་ཧི་ལྷ་མིན་བྲྀཏྟྲ་སྦྲུལ། །གྲི་ཧ་བད་པ་ཆུང་མ་དང་། །འཛིན་འཁྲི་འཛིན་པ་དོ་ཤལ་ལ། །གྲ་ཧ་ཉི་མ་ལ་སོགས་དང་། །གདོན་དང་ཉི་ཟླ་གཟའ་འཛིན་དང་། །གཡུལ་དང་ཨུཏྱ་མ་དང་ནི། །རྗེས་སུ་འཛིན་དང་དགའ་བྱེད་སོགས། །སེང་གེ་མོའི་བུ་བདུན་པ་འཛིན། །ཧཱ་ཧཱ་འཆིང་བ་བརྩེགས་པ་དང་། །ཡངས་པ་གླང་པོའི་རྐང་པ་ཚིགས། །མ་ཧཱ་དགའ་སྟོན་གཟི་བརྗིད་ཆེ། །མ་ཧཱི་ས་དང་ཆུ་ཀླུང་དང་། །རྨོངས་དང་དགའ་བ་དག་ལའོ། །ཨ་ཧཾ་བློ་གྲོས་རྨོངས་པ་ལ། །ས་ཧ་སྟོབས་དང་བཟོད་པ་ལ། །མུརྒ་བརྞི་རྣ་ཁ་སྨན། །ས་ཧ་ལྷ་མོ་གཞོན་ནུ་མ། །བཟོད་པ་དང་ནི་ལྡན་པའོ། །ཧ་མཐའི་སྡེའོ། ། ༈ ཀྵ་ནི་སྲིན་པོ་ཞིང་ཙམ་ལ། །ཨཀྵ་འཁོར་ལོ་ཤོ་ལའོ། །ཤིང་རྟ་བ་རུ་ར་ཡཾ་ཤིང་། །ཀུན་སྤྱོད་ཐ་སྙད་བསམ་པ་ལའོ། །རྀཀྵ་དོམ་དང་དམར་པོ་དང་། །བྱས་པ་དང་ནི་ནོར་ལའོ། །ཀཀྵཿསི་རི་བྷ་དང་ནི། །མཆན་འོག་དང་ནི་རྩ་སྐོམ་པོ། །ནགས་ཚལ་སྐོམ་དང་འཁྲི་ཤིང་དང་། །གེལ་པ་ལའོ་ཀཀྵ་ནི། །ཁྱིམ་དང་བང་མཛོད་སྐེ་རགས་དང་། །སྨད་གོས་ལྕུགས་མ་གཡོ་བ་དང་། །འགྲན་དང་འཛིན་དང་སྣོད་དང་ནི། །ཤིང་རྟའི་ཡན་ལག་གླང་པོའི་ཐག །ཅོཀྵཾ་བསིལ་དང་ཟླུམ་པོ་དང་། །སྣོད་དང་གཙང་དང་ཡིད་འོང་ལ། །བྷིཀྵུ་སྡོམ་བརྩོན་ཁྱད་པར་ལ། །བྷིཀྵཱ་ཞབས་ཏོག་གླ་རྔན་དང་། །སློང་དང་སློང་བའི་དངོས་པོ་ལ། །མོ་ཀྵ་བྱང་གྲོལ་གྲོལ་བ་ཐལ། །མོ་ཀྵ་དང་འཐུང་དག་ལའོ། །ཡིཀྵ་ལུས་ངན་གསང་བ་ལ། །བསྲུང་བ་སྲུང་བྱེད་མཚོན་པ་ལ། །ལཀྵཾ་གྲངས་དང་ཁང་པ་མདའ། །ངོ་མཚར་བྱེད་དང་ངོ་མཚར་ལ། །ཀྵ་མཐའི་སྡེའོ། ། ༈ ད་ནི་ཨ་ཡིག་ལ་སོགས་ལ། །དེ་ལྟའི་ཡང་དག་རིམ་པ་ལས། །སྣ་ཚོགས་དོན་གྱི་སྐབས་འདིར་ནི། །བདག་གིས་མི་ཟད་རྣམས་ཀྱང་བརྗོད། །ཨ་ནི་དཔལ་མགྲིན་ཨ་མེས་པོ། །དྲན་པ་ངག་དང་མངོན་ཁྱབ་དང་། །ཉེ་བ་ཁམས་དང་ལྷག་མའི་དོན། །ཨཱཿནི་ཀུན་ཏུ་གདུང་དང་ཁྲོ། །དེ་དག་མཚམས་སྦྱོར་མི་བྱའོ། །ཨི་ནི་འདོད་པ་སྐྱོང་བ་དང་། །དཔལ་དང་སྡུག་བསྔལ་དངོས་ཁྲོ་བོ། །ཞི་བ་རྫོགས་སངས་རྒྱས་དང་རྐང་། །ཨཱུ་ནི་དག་ཙམ་སྲུང་བྱེད་དང་། །གཙང་པ་བྱ་བ་རྩལ་གྲངས་མེད། །རྀ་ནི་ལྷ་ཡི་མ་ཚིག་སྨད། །དཱྀ་ནི་ལྷ་མིན་མ་ཚིག་སྨད། །ལྀ་ཡང་ལྷ་ཡི་མ་ལའོ། །ཨེ་ནི་ལག་པ་བཞི་པ་དང་། །དྲན་པ་བོད་ པ་བསླུ་དག་ལ། །ཨཻ་ནི་ཞི་བ་ལ་བཤད་དེ། །དྲན་པ་བོད་པ་བགྲན་པ་ལའང་། །ཨོ་ནི་ཚངས་པ་འབོད་དང་འགྲན། །ཨཽ་ནི་ནམ་མཁའ་བོད་དང་འགྲན། །ཚངས་མཆོག་རྗེས་སུ་འདོད་པ་ལ། །ཨཱཿནི་ཕྱག་དར་ལ་བཤད་དེ། །ཀུ་ནི་སྨོད་དང་ཅུང་ཟད་དོན། །སྡིག་ཅན་དང་ནི་ཟློག་པ་ལའོ། །ཀེཾ་ནི་བྱེ་བྲག་སྒྲིབ་པ་དང་། །སྤྱོད་དང་སྨོད་པ་ལའང་ངོ་། །ཀཾ་ནི་མ་འོངས་པ་དང་དལ། །ཨངྐ་ཀུན་ཏུ་བོད་པ་དང་། །དགའ་དང་སླར་ཡང་དོན་ཡང་ལྟ། །ཀིཉྩ་བརྩེ་དང་མཐའ་དག་ལ། །ཙ་ནི་རྒྱུ་མཚན་ངེས་བཟུང་དང་། །རྐང་པ་ཁ་སྐོང་ཕྱོགས་ཕྱི་མ། །ཀུན་ལས་བཏུས་དང་ཞར་བྱུང་སྐུད། །ཕན་ཚུན་དོན་དང་དམིགས་འཛིན་དང་། །ཐད་ཀ་དང་ནི་མི་སྣང་དོན། །འཁྱོགས་དང་མཁའ་འགྲོ་ལ་སོགས་ལ། །ནུ་ནུ་ཙ་ནི་དྲི་བ་དང་། །ལྟ་དང་རྟོག་དང་ཡང་དག་བརྟན། །རབ་ཏུ་བསྔགས་པ་དག་པའོ། །པྲཉྩ་མཆོག་དང་འདས་དང་སྔོན། །ཐོ་རངས་དང་ནི་བར་སྐབས་ལའོ། །ཕྱོགས་དང་འདུལ་དུས་ཧེ་རུ་ཀ །དབུས་དང་ནིེེཪྠ་དག་ལའང་། །ན་ཉ་མེད་དང་དགག་པ་དང་། །དེ་དང་འགལ་དང་དེ་ལས་གཞན། །འདྲ་བ་དང་ནི་ཅུང་ཟད་དོན། །རང་བཞིན་དོན་དང་རིམ་པ་ལའོ། །བུཥྛུ་རབ་ཏུ་བསྔགས་པ་དང་། །ཤིན་ཏུ་དོན་དང་ལེགས་པ་དང་། །བཟང་དང་ཁ་ན་མ་ཐོ་མེད། །ཨ་ཏི་བར་དང་མེད་པ་དང་། །དབུས་ཀྱི་དོན་དང་བསྟད་པ་དང་། །འདྲ་བ་ཉིད་དུ་ད་ལྟ་འདོད། །ཕུལ་དུ་བྱུང་དང་འགོངས་པ་ལའོ། །ཨརས྄་དམིགས་ཀྱིས་སྟོན་པ་དང་། །ངེས་བསྟན་ལྔ་པའི་དོན་དང་བྱེད། །ཨནྟ་ཏས྄་ནི་བསྟན་པ་དང་། །ལྔ་པའི་དོན་དང་བསྒོམ་ཡན་ལག །རྗེས་ཤེས་ཕྲ་མ་གནོད་པ་ལའང་། །ཨ་ཧོ་ངོ་མཚར་འདོད་པ་དང་། །སྐྱེ་དང་རྫོགས་པའི་སངས་རྒྱས་དང་། །རྗེས་སུ་བརྩེ་བ་དག་ལའོ། །ཨཏ་ཏ་རིང་དང་ཉེ་བ་ལ། །ཨི་ཏས྄་ངེས་པ་ཆ་དག་དང་། །ལྔ་པའི་དོན་ལ་ཡང་བཤད་དོ། །ཨི་ཏི་རྒྱུ་མཚན་རྫོགས་པ་དང་། །གླེང་གཞི་དང་ནི་རབ་གསལ་སོགས། །ཨ་ནུ་ཀཪྵ་རྣམས་དང་ནི། །རྣམ་པ་འོན་ཏེའི་དོན་མ་རྟོགས། །ཨུཏ་ནི་འདྲི་དང་ཐེ་ཚོམ་དང་། །དོན་དང་རྟག་དཔྱད་ལའང་ངོ་། །ཀིཾ་ནི་དྲི་དང་སྨོད་པ་དག །ཐེ་ཚོམ་དང་ནི་དགག་པ་ལའོ། །ཀི་མུ་ཏ་ནི་ཕུལ། །དྲི་དང་རྣམ་རྟོག་དོན་ལའང་གྲགས། །ཀུ་ཏས྄་རྟོག་དང་འདྲི་བ་དང་། །ལྔ་པའི་དོན་ལ་ཡང་དྲན་ནོ། །ཏེ་ནི་ཁྱོད་དོན་སྦྱིན་བྱའི་དོན། །མེ་ནི་བདག་དོན་བདག་གི་བ། །བྱུ་ནི་རྐང་པ་ཁ་བསྐང་ངོ་། །དབྱེ་བ་དམིགས་འཛིན་ཀུན་ལས་བཏུས། །ངེས་སྦྱོར་ཕྱོགས་ཕྱི་བསྔགས་པ་ལའོ། །ཏ་ཏས྄་དང་པོ་ཡོངས་སུ་འདྲི། །ལྔ་པའི་དོན་དང་གཏམ་གཞན་ནོ། །ཏ་བས྄་བར་མ་ཆད་དང་ཚད། །དམིགས་འཛིན་པ་དང་ཅུང་ཟད་ཡོད། །ཡོངས་འགེབ་ལའོ་བཤྩཱད་ནི། །ནུབ་དང་ཕྱི་མ་མཚུངས་པའི་དོན། །བུ་རསྟཱཏ་ནི་ཤར་དང་མདུན། །པྲ་ཏི་སླར་སྦྱིན་དང་པོ་དང་། །སོ་སོར་ངེས་པར་འཛིན་པ་དང་། །གཙོ་བོ་འབྱུང་དང་ཁྱབ་འདོད་དང་། །མཚན་ཉིད་མཚོན་དང་རབ་སྦྱོར་དང་། །རྩོམ་གྱི་དོན་དང་མངོན་ཕྱོགས་དང་། །འདི་ལྟར་གྱུར་དང་འདི་ལྟར་བཤད། །བ་ཏ་སྐྱོ་དང་རྩེ་དང་སྨོད། །མགུ་དང་འབོད་དང་རྨད་བྱུང་ལ། །ཡ་ཏས྄་སྨ་ནི་ངེས་པ་དང་། །ལྔ་པའི་དོན་དང་རྣམ་འབྱེད་ལ། །ཡརྦཏ་དྲི་དང་རྣམ་རྟོག་ལ། །ཡཱ་བ྄ཏ་མཐའ་དག་ངེས་བཟུང་དང་། །མཚམས་དང་དབང་དུ་བྱེད་པ་ལ། །ཤ་ཤྭཏ྄་ཡང་ཡང་རྟག་གནས་ཀྱི། །སྭིཏ་ནི་དྲི་དང་རྣམ་རྟོག་དང་། །ས་ཀྲིཏ྄་ལྷན་ཅིག་ལ་གཅིག་ལ། །རྟག་ཏུ་དང་ནི་ཐང་གཅིག་ལའོ། །སཱ་ཀྵཱཏ་མངོན་སུམ་མཚུངས་པ་ལ། །སྭ་སྟི་སྨོན་དང་དགེ་བསོད་ནམས། །བདེ་ལེགས་བདེ་བ་ལ་སོགས་ལ། །ཧནྟ་དཀའ་དང་རྗེས་སུ་བརྩེ། །ངག་ཙམ་པ་དང་སྐྱོང་བ་ལ། །དུག་སོགས་བཟང་བའི་དོན་ལ་ཡང་། །ཧནྟིའི་སྒྲ་ནི་རབ་ཏུ་སྦྱོར། །ཨ་ཐ་ཨ་ཐོ་དགེ་བ་དང་། །དྲི་བ་ཙམ་དང་ཐེ་ཚོམ་དང་། །དང་པོ་ཀུན་བཏུས་མ་ལུས་དང་། །བར་ཆད་ལའོ་ཨ་བྱ་ཐཱ། །དེ་བཞིན་མིན་དང་རྣམ་གཞན་དོན། །ཏ་ཐཱ་དེ་འདྲ་ངེས་བསྟན་དང་། །ངེས་པ་ཀུན་སྡུད་པ་དང་ནི། །རྒྱུ་དང་སྐྱེད་པར་བྱེད་པ་དང་། །མདོར་བསྟན་དང་ནི་སོ་སོའི་དང་། །ཡ་ཐ་རྗེས་དཔག་དེ་འདྲ་དང་། །ངེས་བསྟན་མདོར་བསྟན་དག་དང་ནི། །རྒྱུ་དང་སྐྱེད་བྱེད་དག་ལའོ། །བྲྀ་ཐཱ་ནད་ཀྱིས་བོར་བ་དང་། །རྒྱུ་མཚན་མེད་དང་སྒྲུབ་བྱེད་མེད། །མོ་གཤམ་དག་ལའང་བལྟ་བར་བྱ། །ཨུ་དག་ཙོ་བོ་རབ་གསལ་དག །ཐར་པ་འཆིང་བ་སྟེང་གི་ལས། །བྱི་རུ་ཐོབ་པ་དངོས་པོ་དང་། །བྲལ་བ་རང་ནུས་ནུས་མེད་ལ། །ཨ་ནུ་རིམ་པ་དམན་པ་དང་། །རྗེས་ཀྱི་དོན་དང་ལྷན་ཅིག་དོན། །ཞིང་ཆེ་བ་དང་ཉེ་བའི་དོན། །འདྲ་བ་མཚན་ལ་སོགས་པ་ལ། །ཀིཾ་ནུ་དྲི་དང་རྣམ་རྟོག་ལ། །ན་ནུ་དྲི་དང་དམིགས་འཛིན་དང་། །འབོད་དང་རྗེས་ཁྲིད་རྗེས་གནང་ལའོ། །ནཱ་ནཱ་དུ་མ་བྲལ་དོན་དང་། །གཉིས་ཀའི་དོན་རྣམས་ལ་ཡང་ངོ་། །ནིར྄་ནི་མཐའ་གཅིག་ངེས་པ་དང་། །ངོ་མཚར་རྣམ་བཀོད་འདོར་ཕུང་པོ། །ནང་གི་དངོས་དང་དངོས་པོ་དང་། །མཐོང་བ་དང་ནི་སྦྱིན་པ་ལ། །འཆིང་དང་མཆོག་ཏུ་ཞི་བ་དང་། །ཐར་དང་དགེ་བ་ཐེ་ཚོམ་དང་། །གནས་ལའོ་ནུ་ནི་རྗེས་ཁྲིད་དོན། །འདས་དང་རིག་དང་འདྲི་བ་དང་། །ཐེ་ཚོམ་དོན་ལ་བལྟ་བར་བྱ། །ཨ་པ་ནག་པོ་བྲལ་དོན་དང་། །བོར་པའི་དོན་དང་ཟློག་པ་དང་། །བྲལ་དང་མི་སྡུག་ཆོམ་རྐུན་དགའ། །ངེས་པར་བསྟན་པ་དག་ལའོ། །ཨ་བི་སྲིད་པ་དོགས་པ་དང་། །དྲི་དང་སྨོད་དང་ཀུན་སྡུད་དང་། །འོས་པ་སྲིད་པ་འདོད་དང་སྐྱོད། །བྱ་བ་རྣམས་ལའོ་ཨུ་པ་ནི། །དམན་དང་ངན་དང་ཁྱབ་པ་དང་། །བརྩམས་དང་མཆོད་པ་དག་དང་ནི། །རྩོད་མེད་བྱེད་པ་སྦྱིན་པ་དང་། །སྦྱིན་གནས་དང་ནི་འདས་པ་དང་། །ཨུར་ནི་བརྩོན་པ་སྐྱོན་དང་གཏམ། །འཆི་མེད་དོན་དང་བརྩོན་པའི་དོན། །བསྡུ་བ་དང་ནི་བྱུགས་འདོད་དང་། །ཨུ་བའི་སྒྲ་ནི་རབ་ཏུ་གྲོགས། །བ་ཡི་སྒྲ་ནི་དཔེ་ལ་འགྱུར། །ཆུ་ལྷ་ལ་ཡང་དེ་ཉིད་དོ། །བཱ་ནི་ཡང་ན་དཔེ་དང་ནི། །ཁོ་ནའི་དོན་དང་ཀུན་སྡུད་པའོ། །བཻ་ནི་རྐང་པ་ཁ་སྐོང་དང་། །འབྲེལ་པ་རྗེས་ཁྲིད་ངེས་པའོ། །ཨཱ་བྷི་འདི་ལྟར་གྱུར་དང་གཏམ། །མངོན་པར་འདོད་དང་མངོན་དུ་ཕྱོགས། །ཨ་བྷིཀྵྞ་ཡང་ཡང་འགྱུར། །ཕུལ་བྱུང་དང་ནི་རྒྱུད་ལའོ། །ཨ་བྷིཀྵྞ་ཡང་དེ་བཞིན་ཏེ། །ཡང་ཡང་དང་ནི་རྒྱུད་ལ་འདོད། །ཨ་མཱ་ལྷན་ཅིག་དོན་དང་ཉེ། །གནམ་སྟོང་དང་ནི་ལྷན་ཅིག་གོ །ཨབ་ཤྱ་མ་ནི་འབད་དང་རྟག །ཨ་མ་རྒྱན་དང་ཆོག་ཚིགས་དང་། །ནུས་དང་འགོགས་དང་དོན་མེད་པའོ། །ཨི་དཱཾ་ནཱཾ་ནི་ཚིག་རྒྱན་དང་། །སཾ་ནི་སྔར་དོན་ལ་ཡང་འདོད། །ཨི་ནི་སྡུག་བསྔལ་བསྒོམས་པ་དང་། །ཁྲོ་དང་མངོན་སུམ་ཀུན་ཏུ་འཛིན། །ཨུཾ་ནི་དྲི་དང་ཁས་ལེན་ཁྲོ། །ཨཱུ་ནི་དྲི་དང་ཁྲོ་དང་སྤྱོད། །ཨི་བཾ་འདི་ལྟར་རྣམ་པ་དཔེ། །བདག་གར་བྱེད་དང་ངོས་བཟུང་བ། །ཨོཾ་ནི་རྗེས་སུ་འདོད་པ་དང་། །བརྗོད་དང་རབ་སྔགས་རིམ་པ་ལ། །ཀཾ་ནི་མགོ་དང་བདེ་དང་ཆུ། །ཀ་ཐར་དྲི་བ་རྣམ་པ་ལའོ། །སཾ་ནི་གཡོ་དང་འབྱུང་བ་ལ། །མ་མ་རྗེས་སུ་འདོད་པ་ལ། །པྲ་ནི་འདོད་དང་རྗེས་འགྲོ་ཉིད། །ཀིཾ་ནི་དྲི་དང་སྨད་པ་ལ། །ཛོ་ཥི་མི་སྨྲ་བདེ་བ་དང་། །རབ་ཏུ་བསྟོད་དང་འགོང་བ་ལ། །ཨུདྡྷི་ནཾ་ནི་ཉིན་ཆུང་དང་། །ཉི་མ་སོ་སོར་གནས་པ་ལ། །ཏུཥྞི་ཀ་ནི་ཐུམས་ཅན། །ན་མ་རབ་གསལ་བྱུང་བ་དང་། །སྨོད་དང་ཁས་ལེན་ཁྲོ་བ་དང་། །ངོ་མཚར་དྲན་པ་རྟག་དཔྱད་ལའོ། །ནཱུ་ནཾ་རྣམ་པར་རྟོག་པ་དང་། །གདོན་མི་ཟ་བ་རྣམ་པར་བཤད། །པྲདྦྷཾ་གུག་པ་རྗེས་སུ་མཐུན། །ཕུལ་བྱུང་ངེས་དང་ཤིན་ཏུའི་དོན། །ཤཾ་ནི་བདེ་དང་དགེ་བ་ལ། །སཾ་ནི་ཆགས་དོན་མཉམ་པའི་དོན། །མཛེས་པའི་དོན་དང་ཕུལ་བྱུང་ངོ་། །སྨ་ནི་འདས་དང་རྐང་པ་སྐོང་། །ས་མཱི་སྨོད་དང་ཕྱད་པ་ལ། །སཾ་པྲ་ཏཾ་ནི་ད་ལྟར་བ། །ཧཾ་ནི་ཁྲོ་ཚིག་རྗེས་ཁྲིད་ལུས། །པྲཱ་གུ་དང་ནི་རྣམ་རྟོག་ལ། །ཧཱུྃ་ནི་རྣམ་རྟོག་ཡོངས་སུ་འདྲི། །སྡིག་པ་དང་ནི་ཁས་ལེན་ལའོ། །ཨཱ་ཡི་ཀ་ནི་ཆ་ཤས་ངན། །སྨྲ་དང་རྟོག་དང་དགག་ཚིག་དང་། །གཡུལ་ངོར་སོན་དང་རྗེས་ཁྲིད་དང་། །འགྲོ་དང་ཀུན་འཁོར་ཁྲོ་བའོ། །ཨཱ་ཡ་དུག་དང་དྲན་སོགས་དང་། །དུས་མཐའ་དང་ནི་དབུས་དག་ལ། །ས་མ་ཡ་ནི་ཉེ་དང་དབུས། །ཨནྟ་རཱ་ནི་བྲལ་དོན་དང་། །དབུས་ཀྱི་དོན་དང་ཉེ་བའི་དོན། །ཨནྟར་དབུས་དོན་རབ་མཐའི་དོན། །བདག་གིར་བྱེད་དོན་རྣམས་ལ་བལྟ། །བུ་རཱ་སྔོན་རབས་དུས་རིང་འདས། །ཉེ་བ་མ་འོངས་རྙིང་པ་ལའོ། །ཨུ་ར་རཱི་དང་ཨཱུ་ར་རཱི། །ཨཱུ་རི་རྒྱ་ཆེར་ཁས་ལེན་པའོ། །དུར་ནི་དགག་པ་དཀའ་ཚེགས་དང་། །འགྲོ་སོགས་དོན་དང་ཕུལ་བྱུང་མིན། །ནིར་ནི་མ་ལུས་དགག་པ་དང་། །བྷྲྀ་ཤ་སོགས་དོན་ངེས་པ་ལ། །ཡཱ་ར་རྟོག་པ་གནོད་པ་དང་། །སོ་སོར་སྨྲ་དང་གཙོ་བོ་མཆོག །མངོན་ཕྱོགས་རྣམ་པར་ཐར་པ་དང་། །ངེས་པའི་དོན་དང་རྣམ་གནོན་ལ། །བ་རི་ཀུན་ནས་དངོས་པོ་དང་། །ཐོབ་འདོད་མཚན་ཉིད་ལ་སོགས་དང་། །འཁྱུད་དང་གོས་དང་ཁྱབ་པ་དང་། །ནད་དང་མྱ་ངན་མཆོད་པ་མཆོག །ས་སྐྱོང་སྐྱོན་བཤད་བོར་བ་ལ། །པུན་རུ་སླར་ཡང་དབྱེ་བ་དང་། །ལྷག་པར་བྱེད་དང་ཕྱོགས་ཕྱི་མ། །རབ་བཅིངས་ཉེ་དང་འདས་པ་དང་། །སྭཿནི་མཐོ་རིས་འཇིག་རྟེན་གནས། །ཀི་ལ་སྙིང་སྡུག་ལོ་རྒྱུས་དང་། །འབྱུང་བར་བྱ་དང་རྗེས་ཁྲིད་དོན། །ཁ་ལུ་ཚིག་རྒྱན་ཁྱབ་འདོད་དགག །ངག་གི་ཁ་སྐོང་ཁེངས་པ་དང་། །ངེས་དད་རྒྱུན་དང་ཡིད་སྨྲ་དང་། །སཱ་རྠ་ན་དང་ཤེས་འདོད་སོགས། །ཨ་བ་ཁྱབ་དང་ཡོང་སྒོམ་དང་། །བྲལ་བ་དམིགས་པ་དགག་པ་དང་། །ཅུང་ཟད་དོན་དང་རྣམ་ཤེས་དང་། །དཔེ་དང་ངེས་པར་བཟུང་བ་ལ། །བསྲ་ནི་ཁྱེད་རྣམས་ཞེས་དོན་དང་། །དབྱེ་བ་དང་ནི་རྣམ་པ་ཀུན། །ལས་དང་ཐ་དད་དོན་གཙོ་དང་། །དངོས་པོ་དང་ནི་མཁའ་འགྲོ་ལ། ཨུ་ཥཱ་གྲངས་དང་གྲངས་བཅས་དང་། །མཚན་མོའི་མཐའ་དང་ངེས་ཉལ་འདོད། །དོ་ཥཱ་མཚན་མོའི་སྒོ་དང་ནི། །མཚན་མོ་དང་ནི་སྤྲིན་ལ་ཡང་། །ནི་ཥ་ཥཱ་ནི་མཐའ་དད་དབུས། །བསྲུང་བ་དང་ནི་གཞན་ལ་ཡང་། །ཨ་གྲ་ཏས྄་ནི་དང་པོ་དང་། །རྩེ་མོ་མཆོག་དང་དེ་ཉིད་དང་། །མི་སྨྲ་རྣམས་སོ་ཨ་བྷི་ཏས། །ཉེ་དང་མཐའ་དག་མངོན་ཕྱོགས་དང་། །གཉིས་ཀ་དར་ནི་མྱུར་བ་ལ། །ཏི་རས྄་དུད་འགྲོ་མི་སྣང་དང་། །དལ་བ་དང་ནི་བགགས་པ་དང་། །མཐའ་དག་དང་ནི་གུས་པ་དག །ནཱི་ཙི་རང་དབང་ཆུང་བར་འདོད། །པུ་རས྄་མཆོག་དང་དང་པོ་ལ། །པུ་ར་ཏས྄་ནེ་དང་པོ་མཆོག །པྲཏས྄་སྔ་ཉིན་སྔ་དྲོ་ལ། །སུརྦེ་བྱུས་ཆོས་ཀྱི་གནས། །སྔ་མའི་དོན་དང་ཁར་ཉིན་དང་། །ཕྱི་ཕྱིར་དང་ནི་ཡང་དང་ཡང་། །མང་བའི་དོན་ལ་མི་ཐམས་ཏེ། །ཕན་ཚུན་དང་ནི་གསང་བའོ། །པྲཱ་དུས་རབ་གསལ་འབྱུང་བ་དང་། །མིང་ངམ་སྒྲ་ལ་ཤེས་པར་བྱ། །ས་ནཾས་དལ་བུས་རྒྱུ་འདྲ་བཤད། །རང་དབང་དང་ནི་ལེགས་མཆོད་དང་། །ངེས་པའི་དོན་དང་རྗེས་སུ་འགྲོ། །དཀའ་ཚོགས་དང་ནི་ཡང་དག་འབྱོར། །དེ་དུས་ཙམ་དང་བབ་ཅོལ་དུ། །གློ་བུར་བྱུང་བ་ལ་ཡང་ངོ་། །ཨ་ཧཱ་མྱ་ངན་ལས་སྐྱེས་དང་། །ངན་དང་དུག་དང་སྙིང་རྗེའི་དོན། །ཨ་ཧོ་འདྲི་དང་རྣམ་དཔྱོད་དང་། །རྨད་བྱུང་སྐྱོ་བ་རྣམས་ལ་འདོད། །ཨ་ཧ་ཧ་ནི་ངོ་མཚར་སྐྱོ། །ཨ་ཧ་ཧ་ནི་ཕ་རྒྱས་དང་། །ཡོངས་སུ་ཉོན་མོངས་རབ་དགའ་ལ། །ཨཱ་ཧ་སྤྱོད་དང་ངེས་སྦྱོར་དོན། །ཨུ་ཏཱ་ཏོ་ནི་འདྲི་དང་རྟོག །ས་ཧའི་སྒྲ་ནི་མཐའ་དག་དང་། །ཅིག་ཅར་དང་ནི་ཡང་དག་འབྱོར། །འདྲ་དང་ཡོད་དང་འབྲེལ་བ་ལ། །ཧ་ནི་རྐང་པ་ཁ་སྐོང་དང་། །འབྲེལ་པ་དང་ནི་དམན་ལའོ། །ཧྵ་ནི་སེམས་སྐྱོ་བ་ལ་དྲན། །ང་རྒྱལ་སྨོད་དང་མནར་བ་ལའོ། །ཧ་ཧ་སྐྱོ་བ་ལ་རབ་གྲགས། །དྲི་ཟ་ལ་ཡང་ཧཱ་ཧཱ་འོ། །ཧི་ནི་རྒྱུ་མཚན་ངེས་བཟུང་དང་། །རྐང་པ་ཁ་སྐོང་དག་ལའོ། །ཧཱི་ནི་ངོ་མཚར་སྐྱོ་བ་སོགས། །སྡུག་བསྔལ་རྒྱུ་དང་དམིགས་ཀྱི་སྟོན། །ཧཱི་ཧཱི་ངོ་མཚར་རྒོད་པ་ལ། །ཧཱུ་ཧཱུ་དགའ་དང་དྲི་ཟ་དང་། །ཧེ་ཧཻ་ཡོད་མིག་དྲན་པ་དང་། །བོད་པ་དང་ནི་རྒྱུ་རྣམས་ལ། །ཧོ་དང་ཧོ་ནི་མཐའ་དག་དང་། །བོད་པ་དང་ནི་དྲན་པར་འདོད། །ཀཾ་ཀྵཱ་མྱུར་དང་ངེས་པའི་དོན། །དེ་ཉིད་ལ་ཡང་འགའ་ཞིག་འདོད། །མི་ཟད་པའི་དོན་དུ་མ་ཅན་གྱི་སྡེའོ། །སྨྲ་མཆོག་རྣམས་ཀྱིས་ལེགས་སྦྱར་ངག་གི་ཆུ་གཏེར་ལས། །རྣམ་པར་གྲོལ་བའི་ངོ་མཚར་ཚིག་གི་མུཀྟིཀ །བློ་གསལ་ཀུན་ཏུ་དགའ་བ་སྐྱེད་པའི་རྣ་རྒྱན་འདིས། །འགྲོ་ཀུན་རྣམ་པ་ཐམས་ཅད་མཁྱེན་པའི་དཔལ་ཐོབ་ཤོག །བལ་པོའི་པཎྜིཏ་དཔལ་འཛིན་སྡེས་སྦྱར་བའི་མངོན་བརྗོད་ཀྱི་བསྟན་བཅོས་སྣ་ཚོགས་གསལ་བ་འདི་ཉིད། །སྔོན་ཞྭ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོས་གཞི་འགྱུར་མཛད་པ་དང་། །སླར་ཡང་ངེས་པ་དོན་གྱི་པཎྜིཏ་ཆེན་པོ་ཀརྨ་ཚེ་དབང་ཀུན་ཁྱབ་ངེས་དོན་བསྟན་འཕེལ་བཟང་པོའི་ཞབས་ཀྱིས་དོན་དུ་མ་ཅན་གྱི་སྡེ་ཚན་གྱི་སྐབས་རྣམས་འགྱུར་བཅོས་ལེགས་པར་གནང་བའི་ཕྱག་བྲིས་དངོས་ལས། སྙན་ངག་སྦྱར་རྒྱན་དང་། གབ་ཚིག་གི་རྒྱན་འགའ་ཞིག་སྦྱོར་བར་འདོད་པ་ལ་འདི་ཉིད་མེད་དུ་མི་རུང་བའི་ཡན་ལག་ཏུ་རྟོགས་ཏེ། །ཉེ་བར་མཁོ་བའི་རིགས་རྣམས་ཅུང་ཟད་བསྡུས་པ་བློ་གསལ་རྣ་རྒྱན་ཞེས་བྱ་བ་འདི་ནི་ཁྱབ་བདག་བླ་མ་ཟེ་ཆེན་པཎྜིཏ་འཇམ་དཔལ་དགྱེས་པའི་བློ་གྲོས་མཚོ་སྐྱེས་བཞད་པའི་སྒྲ་དབྱངས་ཀྱི་ཞབས་རྡུལ་སྤྱི་བོས་ལེན་པའི་ཀུན་རྨོངས་པ་ཚངས་སྲས་དགྱེས་པའི་བློ་ལྡན་གདོང་དྲུག་དགའ་བའི་ལང་ཚོ་ཞེས་བགྱི་བས་གྲུབ་པའི་བསྟི་གནས་དཔལ་ལྡན་པདྨ་འོད་གླིང་དུ་ཀརྟི་ཀ་ཡི་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོའི་གྲལ་ཚེས་ཁོ་ནར་ཟིན་བྲིས་སུ་བགྱིས་པ་ཤུ་བྷམ་སྟུ་སརྦ་ཛ་ག་ཏི། །འདིའི་ཟུར་དུ་མཆན་གྱི་ཚུལ་གྱིས་བྲིས་པ་རྣམས། སློབ་དཔོན་སྨྲ་བ་ཆེན་པོས་མཛད་པའི་སྒྲ་གཅིག་དོན་མང་གི་མངོན་བརྗོད་དཔལ་སྒྲའི་སྙེ་མ་ལས་བཏུས་པ་སྟེ། ཅུང་དག་ཅིང་ཉེར་མཁོར་གྱུར་པ་རྣམས་སོ།། །། ༈}} | ||
</onlyinclude> | </onlyinclude> |
Latest revision as of 16:04, 1 June 2024
Wylie title | mngon brjod sna tshogs gsal ba las nyer mkho zul bkol blo gsal rna rgyan | |
---|---|---|
Location | mkhyen brtse'i bka' 'bum Volume 17, sde tshan 1, Text 1, Pages 1-51 (Folios 1a to 26a2) | |
Author | འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |
Less details More details | ||
Citation | 'jam dbyangs mkhyen brtse'i dbang po. mngon brjod sna tshogs gsal ba las nyer mkho zul bkol blo gsal rna rgyan. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 17: 1-51. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |
Genre | Linguistics - skad rigs | |
Colophon |
།བལ་པོའི་པཎྜིཏ་དཔལ་འཛིན་སྡེས་སྦྱར་བའི་མངོན་བརྗོད་ཀྱི་བསྟན་བཅོས་སྣ་ཚོགས་གསལ་བ་འདི་ཉིད། །སྔོན་ཞྭ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོས་གཞི་འགྱུར་མཛད་པ་དང་། །སླར་ཡང་ངེས་པ་དོན་གྱི་པཎྜིཏ་ཆེན་པོ་ཀརྨ་ཚེ་དབང་ཀུན་ཁྱབ་ངེས་དོན་བསྟན་འཕེལ་བཟང་པོའི་ཞབས་ཀྱིས་དོན་དུ་མ་ཅན་གྱི་སྡེ་ཚན་གྱི་སྐབས་རྣམས་འགྱུར་བཅོས་ལེགས་པར་གནང་བའི་ཕྱག་བྲིས་དངོས་ལས། སྙན་ངག་སྦྱར་རྒྱན་དང་། གབ་ཚིག་གི་རྒྱན་འགའ་ཞིག་སྦྱོར་བར་འདོད་པ་ལ་འདི་ཉིད་མེད་དུ་མི་རུང་བའི་ཡན་ལག་ཏུ་རྟོགས་ཏེ། །ཉེ་བར་མཁོ་བའི་རིགས་རྣམས་ཅུང་ཟད་བསྡུས་པ་བློ་གསལ་རྣ་རྒྱན་ཞེས་བྱ་བ་འདི་ནི་ཁྱབ་བདག་བླ་མ་ཟེ་ཆེན་པཎྜིཏ་འཇམ་དཔལ་དགྱེས་པའི་བློ་གྲོས་མཚོ་སྐྱེས་བཞད་པའི་སྒྲ་དབྱངས་ཀྱི་ཞབས་རྡུལ་སྤྱི་བོས་ལེན་པའི་ཀུན་རྨོངས་པ་ཚངས་སྲས་དགྱེས་པའི་བློ་ལྡན་གདོང་དྲུག་དགའ་བའི་ལང་ཚོ་ཞེས་བགྱི་བས་གྲུབ་པའི་བསྟི་གནས་དཔལ་ལྡན་པདྨ་འོད་གླིང་དུ་ཀརྟི་ཀ་ཡི་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོའི་གྲལ་ཚེས་ཁོ་ནར་ཟིན་བྲིས་སུ་བགྱིས་པ་ཤུ་བྷམ་སྟུ་སརྦ་ཛ་ག་ཏི། །འདིའི་ཟུར་དུ་མཆན་གྱི་ཚུལ་གྱིས་བྲིས་པ་རྣམས། སློབ་དཔོན་སྨྲ་བ་ཆེན་པོས་མཛད་པའི་སྒྲ་གཅིག་དོན་མང་གི་མངོན་བརྗོད་དཔལ་སྒྲའི་སྙེ་མ་ལས་བཏུས་པ་སྟེ། ཅུང་དག་ཅིང་ཉེར་མཁོར་གྱུར་པ་རྣམས་སོ།། | |
bal po'i paN+Dita dpal 'dzin sdes sbyar ba'i mngon brjod kyi bstan bcos sna tshogs gsal ba 'di nyid/__/sngon zhwa lu lo chen chos skyong bzang pos gzhi 'gyur mdzad pa dang /__/slar yang nges pa don gyi paN+Dita chen po karma tshe dbang kun khyab nges don bstan 'phel bzang po'i zhabs kyis don du ma can gyi sde tshan gyi skabs rnams 'gyur bcos legs par gnang ba'i phyag bris dngos las/__snyan ngag sbyar rgyan dang /__gab tshig gi rgyan 'ga' zhig sbyor bar 'dod pa la 'di nyid med du mi rung ba'i yan lag tu rtogs te/__/nye bar mkho ba'i rigs rnams cung zad bsdus pa blo gsal rna rgyan zhes bya ba 'di ni khyab bdag bla ma ze chen paN+Dita 'jam dpal dgyes pa'i blo gros mtsho skyes bzhad pa'i sgra dbyangs kyi zhabs rdul spyi bos len pa'i kun rmongs pa tshangs sras dgyes pa'i blo ldan gdong drug dga' ba'i lang tsho zhes bgyi bas grub pa'i bsti gnas dpal ldan pad+ma 'od gling du karti ka yi zla ba'i dkar phyogs kyi rgyal ba dang po'i gral tshes kho nar zin bris su bgyis pa shu b+ham stu sarba dza ga ti/__/'di'i zur du mchan gyi tshul gyis bris pa rnams/__slob dpon smra ba chen pos mdzad pa'i sgra gcig don mang gi mngon brjod dpal sgra'i snye ma las btus pa ste/__cung dag cing nyer mkhor gyur pa rnams so/ |
1 Texts in this Section (sde tshan or chos tshan)