SPCD-KABUM-02-KHA-010: Difference between revisions
From Khyentse Lineage - A Tsadra Foundation Project
No edit summary |
No edit summary |
||
Line 36: | Line 36: | ||
༄༅། །གསོལ་འདེབས་ཀྱི་སྙིང་པོ་བདེན་ཚིག་གྲུབ་པའི་གདམས་པ་བཞུགས་སོ།། | ༄༅། །གསོལ་འདེབས་ཀྱི་སྙིང་པོ་བདེན་ཚིག་གྲུབ་པའི་གདམས་པ་བཞུགས་སོ།། | ||
༄༅། །དུས་གསུམ་རྒྱལ་བ་སྲས་བཅས་ཀྱི་མཁྱེན་བརྩེ་ནུས་པའི་ཕྲིན་ལས་ཀྱི་བྱེད་པོ་བླ་མ་རིན་པོ་ཆེ་མཁྱེན་ནོ། །རང་གཞན་གྱི་ཤེས་རྒྱུད་འར་མ་འུར་ཡོངས་སུ་འདུལ་བར་བྱིན་གྱིས་བརླབ་ཏུ་གསོལ་ལོ། །ད་ལམ་ཁྱེད་རྣམས་ནས་ངེད་ཀྱི་གསོལ་འདེབས་ཞིག་འབྲི་དགོས་ཞེས་དར་བཅས་བསྐུལ་མ་གདབ་པ། དེ་ལྟར་དག་སྣང་གི་གསུང་རྟེན་འབྲེལ་ལེགས་ཚོགས་ཆེ་ཞིང་ང་ཡང་ལན་གཅིག་དགའ་ནས་ཡོད། ལར་ནི་གསོལ་འདེབས་ཞབས་བརྟན་ཡིན་ཞེས་ཁ་ནས་འུར་འདོན་མང་པོ་བྱས་ཀྱང་། དོན་དུ་གསོལ་བ་ཅི་ཐེབས། བྱིན་རླབས་ཅི་འབྱུང་། ཞབས་བརྟན་གང་གི་ཡོང་། སྐྱོན་གང་ནས་འགོ་བསམ་ཉམས་ཕབ་ནས་དཔྱད་པ་མི་བྱ་བར། བླ་མའི་སྐུ་བརྙས། གསུང་གཅོག །ཐུགས་དཀྲུགས་ངོས་ལྐོག་བྱེད། མགོ་བསྐོར་བཏང་བ་དང་། མཆེད་གྲོགས་བར་ང་རྒྱལ། ཕྲག་དོག་ཁྱད་གསོད་སོགས་བྱེད་མཁན་ཡོད་སྲིད་ན་སྐྱེ་བོ་ཕལ་པའི་དག་སྣང་ཙམ་མི་འབྱོངས་མོད། དེ་ལྟ་བུ་ཆོས་ཀྱི་དམ་ཚིག་གལ་པོ་ཆེ་ལ་རྩིས་འཇོག་སོགས་གང་ཡང་མེད་པར་ཕོ་ཧྲེང་གི་ངང་ནས་གསོལ་འདེབས་ཞབས་བརྟན་ཡིན་ཞེས་འབུམ་ཕྲག་མང་པོར་བཏོན་ཀྱང་ཁ་འདོན་དང་ལག་ལེན་ཕྱིན་ཅི་ལོག་ཏུ་སོང་བའི་དབང་གིས་གསོལ་བ་མི་ཐེབས། བྱིན་རླབས་ཆ་ཤས་ཙམ་ཡང་མི་འབྱུང་། ཞབས་བརྟན་གྱི་མཐུན་རྐྱེན་ཅུང་ཟད་ཙམ་མི་འགྱུར། རང་གཞན་གྱི་གཏན་དོན་མི་འགྲུབ། བསྒྲུབས་ཀྱང་ཆུད་ཟོས་སུ་འགྲོ་བས་ན་དམ་ཚིག་ལ་རག་ལས་པ་ཡིན་ནོ། །འོ་ན་གང་གིས་འབྱུང་སྙམ་ན། བླ་མ་དམ་པའི་གསུང་རང་འདོད་དང་ངན་སེམས་ཀྱི་རྡུལ་དང་བྲལ་ཞིང་གཞན་ཕན་ཁོ་ནས་བསམ་སྦྱོར་ཟླ་ལྟར་དཀར་བའི་ངང་ནས་བསྟན་འགྲོ་སྤྱི་དང་། སྒོས་རི་ཁྲོད་ཀྱི་རྣམ་ཚུལ། བྱེ་བྲག་ཏུ་མི་ལུས་ཐོབ་ནས་སེར་གཟུགས་འཆང་བའི་དོན་སྒོ་རང་གཞན་ཐམས་ཅད་ཀྱི་གཏན་དོན། དམ་ཆོས་ཀུན་གྱི་ཡང་ཟབ་སྔོན་འགྲོ། དངོས་གཞི། རྗེས་སོགས་བསྒྲུབ་བྱའི་རིམ་པ་གང་ཡིན་པ་དེ་དག་བར་མ་དོར་ནམ་ཡང་མི་འདོར་བར་བརྒྱུད་ལྡན་གྱི་བླ་མའི་ཞལ་རྒྱུན་ཕྱག་བཞེས་ཇི་ལྟ་བ་བཞིན། སློབ་བུས་ཀྱང་རྣ་བས་ཉན། མིག་གིས་བལྟ། ཤེས་པས་དཔྱད་དེ་དུས་རྟག་ཏུ་དྲན་ཤེས་བག་ཡོད་ལྡན་པའི་ངང་ནས་ཉེས་པའི་རིགས་རྣམས་བསྲུངས་ཤིང་། ལེགས་ཚོགས་ཆེ་ཕྲ་མ་ལྟོས་པར་སྒོ་གསུམ་འདུན་པ་ཆིག་དྲིལ་གྱིས་ཡོངས་རྫོགས་ཉམས་སུ་བླངས་ནས་བརྟན་པ་ཐོབ་པ་དང་། མཐའ་རུ་ཕྱིན་པར་མཛད་ན་ནི། གསོལ་བ་དེས་ཐེབ་པ་ཡིན། བྱིན་རླབས་དེས་འབྱུང་། བླ་མའི་ཐུགས་དེས་མཉེས། ཞབས་བརྟན་དེས་ཡོང་། རང་དོན་དེས་འགྲུབ་ཟས་གོས་ཀྱང་ཞོར་དུ་འབྱུང་། གཞན་གཤིན་གསོན་གྱི་དགེ་རྩ་རིམ་གྲོ་སོགས་དེས་ཡོང་བ་ནི་དོན་ཐམས་ཅད་ཀྱི་གནད་འགག་ཡང་ཟབ་དེར་ཧྲིལ་གྱིས་འདུས་ཡོད་པས་བློ་ཆུང་དྲན་མང་བྱ་སྤྱོད་རྣམ་པ་སྣ་ཚོགས་ཅི་ཡིན་འདི་ཡིན་མེད་པ་ནམ་ཡང་མི་བྱེད་པར་ཚིག་ཙམ་དུ་མ་ལུས་པར་རང་རྒྱུད་དུ་བརྡའ་སྦྱར་ནས་ཉམས་སུ་བླངས་ཏེ་ཆོས་དང་བླ་མ་རི་ཁྲོད་ལ་ཨག་གསར་ནམ་ཡང་མི་བྱེད་པར་སྒྲུབ་པའི་རང་ཚུགས་ཟིན་པ་སོགས་ནི་ངེས་པར་ཅན་གྱི་བྱ་དགོས་པའི་རང་བཞིན་ཏེ། མི་ལ་སྐྱེ་རྒ་ན་འཆི་བཞི་ཡོད་པའི་ནང་ནས་རང་རེ་རྣམས། སྐྱེ་ནས་ཚར་ཚར། རྒས་ནས་འཆི་རན་པ་སོགས་སོ་སོས་མཐོང་ཆོས་མྱོང་གྱུར་དུ་མངོན་སུམ་གྲུབ་པ་འདུག་མོད། ད་ནི་ན་བ་དང་འཆི་བ་ནི་གློ་བུར་དུ་ནམ་མཁའི་གློག་འཁྱུག་པ་བཞིན། ཆ་མེད་ཐོག་བབ་ཏུ་ཡོང་བ་ཆོས་ཉིད་རང་ཡིན་པས། ཚེ་འདིའི་བློ་སྣ་མ་རིང་། བྱ་བྱེད་མ་མང་། བྱིས་པའི་རྩེད་མོ་ལ་མགོ་མ་འཁོར། ཡེངས་མ་ལམ་ནས་མི་ཚེ་མ་ཟད། ཆགས་སྡང་སོགས་ཐུགས་དམ་གྱི་མཐིལ་མ་ཡིན། ད་ལྟ་བློས་མི་ཐོངས་པ་རྣམས་དགོས་ངེས་ཉམ་ཐག་པའི་དུས་ཕན་པ་ཆུང་ཞིང་གནོད་པའི་རྒྱུ་ཤ་སྟག་ཡིན་གྱི། དེས་ན་རང་གསོན་པོའི་དུས་འདིར་ཆོས་ཇི་འགྲུབ་མེད་པར་ཐ་མལ་དུ་ཤི་སོང་ན་བླ་མ་དང་ཆོས་ལ་ལོངས་སྤྱོད་པའི་སྐལ་པ་དང་བྲལ་ནས། བདེ་བའི་མིང་ཡང་མི་གྲགས་པར་དུས་གཏན་དུ་སྡུག་བསྔལ་རྒྱུན་མི་ཆད་པར་ཐར་པའི་གོ་སྐབས་མེད་པའི་གནས་སུ་འཁྱམས་འགྲོ་དགོས་པའི་རང་བཞིན་ལས་མ་འདས་ཏེ། དགེ་སྡིག་གི་ལམ་གཉིས་ལས་དུས་གསུམ་རྒྱལ་བས་ཀྱང་མ་རྙེད་པ་འདྲ་བས་བསམ་བློ་རང་དབང་ཡོད་དུས་བསྐོར་ཏེ་རང་དོན་རང་གིས་སྒྲུབ་ཤེས་པ་ཅི་ནས་གལ་ཆེ་བར་གྱིས་ཞུ། ཞེས་དབེན་རི་ཡང་ཁྲོད་ནས་སྤྲང་ཧྲུལ་བས་ཕུལ་བ་དགེའོ།། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> |
Latest revision as of 15:11, 3 July 2024
🚧 This website is under continued development. We appreciate your patience!
Wylie title | gsol 'debs kyi snying po bden tshig grub pa'i gdams pa | |
---|---|---|
Location | 'phags mchog bka' 'bum Volume 2, Text 10, Pages 375-381 (Folios 1a1 to 4a3) | |
Author | འཕགས་མཆོག་རྡོ་རྗེ་ | |
Less details More details | ||
Citation | 'phags mchog rdo rje. Gsol 'debs kyi snying po bden tshig grub pa'i gdams pa. In Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che , Vol. 2: 375-381. Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004. | |
Genre | Supplications - gsol 'debs | |
Colophon |
ཞེས་དབེན་རི་ཡང་ཁྲོད་ནས་སྤྲང་ཧྲུལ་བས་ཕུལ་བ་དགེའོ།། | |
zhes dben ri yang khrod nas sprang hrul bas phul ba dge'o// |