DKYD-KABUM-07-JA-044: Difference between revisions
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=གསང་རྒྱུད་དུག་མཚོ་ཁོལ་མ་ལསཿ གཟའ་བདུད་རླུང་ལྟར་སྒྲུབ་པཿ | |||
|fulltitle=gsang rgyud dug mtsho khol ma las gza' bdud rlung ltar sgrub pa | |||
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=mdo mkhyen brtse bka' 'bum | |collectiontitle=mdo mkhyen brtse bka' 'bum | ||
|author=Mdo mkhyen brtse | |author=Mdo mkhyen brtse | ||
|authortib=མདོ་མཁྱེན་བརྩེ་ | |authortib=མདོ་མཁྱེན་བརྩེ་ | ||
|sourcerevealer=Mdo mkhyen brtse | |sourcerevealer=Mdo mkhyen brtse | ||
|sourcerevealertib=མདོ་མཁྱེན་བརྩེ་ | |sourcerevealertib=མདོ་མཁྱེན་བརྩེ་ | ||
|tibgenre=Protector Rituals - gsol mchod | |tibgenre=Protector Rituals - gsol mchod, Sadhanas - Evocation Ritual - sgrub thabs | ||
|terma=Yes | |terma=Yes | ||
|language=Tibetan | |language=Tibetan | ||
Line 15: | Line 17: | ||
|volnumtib=ཇ | |volnumtib=ཇ | ||
|volyigtib=༧ | |volyigtib=༧ | ||
| | |totalvolumes=8 | ||
|textnuminvol=044 | |textnuminvol=044 | ||
|multivolumework=No | |||
|colophontib=གཟའ་མཆོག་མཆོད་སྒྲུབ་ཡང་ཞུན་ནོར་བུ་འདིཿ དྲི་མ་མེད་པའི་ཐུགས་ཀྱི་ཀློང་རུམ་ནསཿ ངོ་མཚར་གསང་བའི་བརྡ་རིས་ཤར་བ་བཞིནཿ ཡང་གསང་ནམ་མཁའ་མཛོད་ཀྱི་གཏེར་མཛོད་ལཿ དབང་སྒྱུར་གཏེར་སྨྱོན་ཁྲག་འཐུང་རྡོ་རྗེས་ཕབཿ ཡང་གསང་བླ་ན་མེད་པའི་ལྷ་མཆོག་འདིཿ སྙིང་འདྲའི་བརྒྱུད་པ་འཛིན་ལས་ཁྱབ་གདལ་དུཿ མ་སྤེལ་དམ་ཚིག་སྲོག་གི་བཀའ་རྒྱ་ཡོདཿ ཡི་གེའི་འདུ་བྱེད་ལྷ་འདིར་མོས་པའི་བུཿ རིག་པའི་ཡེ་ཤེས་ཞེས་བྱས་འགྱིས་པ་སྟེཿ ཕྲིན་ལས་མྱུར་འགྲུབ་བསྟན་དགྲ་ཚར་ཆོད་ཤོགཿ ས་མ་ཡཿ གུ་ཧྱཿ སྐུ་གསུང་ཐུགས་ཀྱི་རྒྱཿ དགེའོཿ | |||
|colophonwylie=gza' mchog mchod sgrub yang zhun nor bu 'di: dri ma med pa'i thugs kyi klong rum nas: ngo mtshar gsang ba'i brda ris shar ba bzhin: yang gsang nam mkha' mdzod kyi gter mdzod la: dbang sgyur gter smyon khrag 'thung rdo rjes phab: yang gsang bla na med pa'i lha mchog 'di: snying 'dra'i brgyud pa 'dzin las khyab gdal du: ma spel dam tshig srog gi bka' rgya yod: yi ge'i 'du byed lha 'dir mos pa'i bu: rig pa'i ye shes zhes byas bgyis pa ste: phrin las myur 'grub bstan dgra tshar chod shog: sa ma yA: gu h+ya: sku gsung thugs kyi rgya: dge'o: | |||
|pdflink=File:DKYD-KABUM-07-JA-044.pdf | |pdflink=File:DKYD-KABUM-07-JA-044.pdf | ||
|volumeLetter=JA | |||
|InitCategories=Khyentse Lineage Project; DKYD-KABUM-Volume-07-JA | |InitCategories=Khyentse Lineage Project; DKYD-KABUM-Volume-07-JA | ||
}} | }} | ||
<h1>Tibetan Text</h1> | <h1>Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP| | {{TibP|གསང་རྒྱུད་དུག་མཚོ་ཁོལ་མ་ལསཿ གཟའ་བདུད་རླུང་ལྟར་སྒྲུབ་པ་བཞུགསཿ | ||
བླ་མ་དྲང་སྲོང་དྲི་མ་མེདཿ ཡི་དམ་ཆེ་མཆོག་འདུས་པ་རྩལཿ མཁའ་འགྲོ་རྡོ་རྗེ་ཕག་མོ་ལཿ རྟག་ཏུ་གུས་པས་ཡིད་ཀྱིས་འདུདཿ དུག་མཚོ་ཁོལ་མའི་གསང་རྒྱུད་ལསཿ དྲང་སྲོང་གཟའ་བདུད་རཱ་ཧུ་ལའིཿ རླུང་སྒྲུབ་ཕ་ལམ་ནག་པོ་ནིཿ གཏོར་མ་སྨན་རག་ཉེར་སྤྱོད་ཚོགསཿ གང་འབྱོར་བཤམས་ལ་དངོས་གཞི་ནིཿ ཧཱུྃཿ རང་བྱུང་རིག་པ་དེ་བཞིན་ཉིད་ཀྱི་ལྷཿ རྩ་བ་གསུམ་ལ་གུས་པས་སྐྱབས་སུ་མཆིཿ དམིགས་མེད་མཁའ་ལྟར་དག་པའི་རང་རིག་གཤིསཿ མ་རྟོགས་འགྲོ་རྣམས་སྒྲོལ་བར་སེམས་བསྐྱེད་དོཿ རྩ་གསུམ་ལྷ་ཚོགས་སྤྱན་འདྲེན་གཤེགསཿ ཉི་ཟླ་པདྨའི་གདན་ལ་བཞུགསཿ ཕྱག་འཚལ་མཆོད་འབུལ་སྡིག་པ་བཤགསཿ ཡི་རང་བསྐུལ་ཞིང་བཞུགས་གསོལ་འདེབསཿ དགེ་བསྔོ་སྒྲུབ་པ་དམ་བཅའོཿ ཧཱུྃཿ ཆོས་ཀྱི་དབྱིངས་ལས་རང་ཤར་བཿ བཛྲ་པཱ་ཎིའི་སྒྱུ་འཕྲུལ་གརཿ དབང་ཆེན་སྤྲུལ་པའི་གར་བསྒྱུར་བཿ སྲིན་རྒྱལ་རཀྴ་ཛྭ་ལ་དངཿ ཏཱ་རེའི་སྤྲུལ་སྒྱུར་ནཱ་གའི་གཟུགསཿ སྦལ་མགོ་ཁྲག་མིག་བཤོས་པའི་སྲསཿ སྲིད་གསུམ་བརླག་པའི་མཐུ་བོ་ཆེཿ དྲང་སྲོང་གཟའ་བདུད་རཱ་ཧུ་ལཿ སླར་ཡང་ཁྲག་འཐུང་ཡབ་ཡུམ་གྱིསཿ དུག་གསུམ་ཞལ་བསྟབ་ཡུམ་གྱི་མཁརཿ གསང་བའི་བདག་དང་དབྱེར་མེད་པརཿ དབང་བསྐུར་དབུགས་དབྱུངས་བྱིན་བརླབས་པསཿ ཡེ་ཤེས་གཟའ་མཆོག་ཧེ་རུ་ཀཿ མཐིང་ནག་དུག་ཆེན་ཧ་ལའི་མདོགཿ མགོ་དགུ་དབུས་ཞལ་མཐིང་ནག་གསུམཿ ཁྲོ་བོ་འཆོལ་བའི་ཉམས་དང་ལྡནཿ དབུས་ཞལ་ཡེ་ཤེས་སྤྱན་གྱིས་མཛེསཿ གཡས་གསུམ་དཀར་ལ་ཞི་ཆགས་དགོདཿ གཡོན་གསུམ་དམར་ནག་ཁྲོ་གཏུམ་རྔམསཿ ཕྱག་བཞི་གཡས་གཡོན་དང་པོ་གཉིསཿ ཆུ་སྲིན་རྒྱལ་མཚན་རལ་གྲི་ཕྱརཿ འོག་གཉིས་རྭ་ཡི་མདའ་གཞུ་འགེངསཿ སྦྲུལ་ནག་ཞགས་པ་འདོམ་དགུ་འཛིནཿ འདོད་ཆགས་ཞེ་སྡང་འཁྲུགས་པའི་རྟགསཿ སྤྱི་བོར་བྱ་རོག་འཇིགས་པའི་གདོངཿ གདུག་པའི་སྒྲ་སྒྲོགས་སྤྱན་གསུམ་ལྡནཿ སྐུ་སྨད་སྦྲུལ་ནག་འཁྱིལ་བའི་མཇུགཿ གྲུ་གསུམ་རཀྟའི་མཚོ་ལ་ཟུགཿ སྐུ་ལ་དུར་ཁྲོད་ཆས་བརྒྱད་དངཿ རུས་པའི་ཕྱག་རྒྱ་ལྔ་ཡིས་སྤྲསཿ མེ་རླུང་དམར་ནག་འཁྲུགས་པའི་དབུསཿ བདག་ཉིད་ཡེ་ཤེས་གཟའ་མཆོག་ལསཿ མདུན་དུ་འཇིག་རྟེན་དམ་ཚིག་པཿ མཚོ་ལ་གཟའ་སྐར་ཤར་བ་བཞིནཿ གཟའ་ཆེན་བརྒྱད་དང་གདོང་མོ་བཞིཿ ལས་མཛད་དྲག་པོའི་གཟའ་དམར་དངཿ རྒྱུ་སྐར་དྲག་མོ་ཉི་ཤུ་བརྒྱདཿ དྲེགས་པ་སྡེ་བརྒྱད་འཁོར་གྱིས་བསྐོརཿ བདག་དང་མདུན་བསྐྱེད་ཐུགས་ཀ་ནསཿ ལྕགས་ཀྱུ་ལྟ་བུའི་འོད་ཟེར་གྱིསཿ ལྕང་ལོ་ཅན་དང་ལངྐའི་ཡུལཿ ནམ་མཁའ་དབྱིངས་ཀྱི་ཕོ་བྲང་ནསཿ གཟའ་བདུད་འཁོར་བཅས་སྤྱན་དྲངས་བསྟིམསཿ ཨོཾ་བཛྲ་ཧྲཱིཿཤག་རུ་རཾ་ནཱ་ག་ཙིཏྟ་ཏྲཾ་མ་མ་ཡོ་ཟ་འགྲཾ་ཧ་ཧེ་ཡོ་གི་ཤ་ལ་ཙིཏྟ་ཧྲིང་ཧྲིང་ཛཿཛཿ རྟགས་མཚན་མ་བྱུང་བར་དུ་བཟླཿ སྲོག་སྙིང་འདོན་པར་ཐེ་ཚོམ་མེདཿ ངང་ཉིད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱངཿ འགྲོ་བའི་དོན་དུ་དྲག་པོའི་སྐུར་བཞེངས་པཿ དྲང་སྲོང་གཟའ་མཆོག་ཆེན་པོ་འཁོར་དང་བཅསཿ མཆོད་གསོལ་བསྟོད་དོ་བསམ་དོན་ལྷུན་གྲུབ་མཛོདཿ དེ་ནས་མཆོད་པའི་རིམ་པ་ནིཿ ཧྲཱིཿ རྡོ་རྗེ་འཆང་དབང་ཐུགས་ལས་སྤུལཿ མཐུ་ལྡན་གཟའ་བདུད་རཱ་ཧུ་ལཿ གཟའ་གདོང་རྒྱུ་སྐར་སྡེ་བརྒྱད་འཁོརཿ སྤྱན་འདྲེན་གནས་འདིར་ས་མ་ཛཿ དམ་ཚིག་ཆེན་པོའི་གནས་འདིར་བཞུགསཿ དད་གུས་གདུང་བས་ཕྱག་འཚལ་ལོཿ མཱ་ར་ཏི་ཀའི་ཀེའུ་ཚང་དུཿ དམ་ཚིག་གཉན་པོ་དྲན་གྱིས་ལཿ ལྷ་ཁྱོད་དམ་ལས་མ་འདའ་ཞིགཿ རྣལ་འབྱོར་དམ་ལས་མི་འདའོཿ སུ་ཞིག་ཉམས་པར་གྱུར་ན་ཡངཿ ཞེ་སྡང་རྡོ་རྗེས་བརླག་ཏ་རེཿ ས་མ་ཡཿ ན་རཀ་ཀནཿ ཧཱུྃཿ མཐུ་ལྡན་སྲུང་མ་དྲང་སྲོང་ཆེཿ གཟའ་མཆོག་འཁོར་དང་བཅས་པ་ལཿ ཤ་ཁྲག་དམར་གྱིས་བརྒྱན་པ་ཡིཿ དམ་རྫས་བཱ་ལིང་རི་ལྟར་སྤུངསཿ མྱོས་བྱེད་བདུད་རྩི་མཚོ་ལྟར་བསྐྱིལཿ བསད་པའི་རཀྟ་ཁྲག་ཆེན་མཚོཿ ཤ་སྣ་སྟོང་དང་སྙིང་སྣ་སྟོངཿ དཀར་གསུམ་མངར་གསུམ་ཀླུ་སྨན་དངཿ འབྲུ་སྣ་རྩི་བཅུད་ཟས་སྣའི་རིགསཿ དབང་པོ་ལྔ་དང་ཤ་ཆེན་གསུརཿ ཞུན་ཆེན་སྣང་གསལ་མཁྲིས་ཆེན་ཆབཿ ཤ་རུས་བཟའ་བ་ལ་སོགས་ཏེཿ གཞན་ཡང་མཆོད་པ་དཔག་མེད་རིགསཿ དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལཿ མཆོད་དོ་འབུལ་ལོ་དགྱེས་པར་རོལཿ རཱ་ཧུ་ལ་ཡི་ཐུགས་དམ་བསྐངཿ སྤྲུལ་པའི་གཟའ་བརྒྱད་ཐུགས་དམ་བསྐངཿ སྲིང་མོ་བཞི་ཡི་ཐུགས་དམ་བསྐངཿ ལས་གཟའ་དྲག་པོ་ཐུགས་དམ་བསྐངཿ རྒྱུ་སྐར་ཉེར་བརྒྱད་ཐུགས་དམ་བསྐངཿ སྡེ་བརྒྱད་དྲེགས་པའི་ཐུགས་དམ་བསྐངཿ སྤྲུལ་པ་ཡང་སྤྲུལ་ཐུགས་དམ་བསྐངཿ ཐུགས་དམ་གཉེན་པོ་དགྱེས་སྐོངས་ལཿ དམ་ལས་ཉམས་དང་ཐུགས་དང་འགལཿ སྒོ་གསུམ་བག་མེད་དབང་གྱུར་ཅིངཿ བསྙེན་སྒྲུབ་མཆོད་པ་ཆག་པ་དངཿ སྤོང་ལེན་ལོག་པར་བལྟས་ལ་སོགསཿ མཐོལ་ལོ་བཤགས་སོ་ཚངས་པར་སྩོལཿ དགྱེས་ཤིང་བརྩེ་བས་སྡོང་གྲོགས་མཛོདཿ ཧྲཱིཿ མཐུ་ལྡན་དྲེགས་པའི་གཙུག་ན་དཔའཿ དཔལ་ཆེན་ཆེ་མཆོག་ཧེ་རུ་ཀའིཿ ཕྲིན་ལས་ལས་ཀྱི་གཉེར་འཛིན་ཞིངཿ རྡོ་རྗེ་འཛིན་དང་གཉིས་སུ་མེདཿ དྲང་སྲོང་གཟའ་མཆོག་ཁྱོད་ལ་བསྟོདཿ སྲིད་པ་གསུམ་ལ་དབང་སྒྱུར་པའིཿ རཱ་ཧུ་ལ་སོགས་གཟའ་ཆེན་བརྒྱདཿ གདོང་མོ་ཆེན་མོ་མཆེད་བཞི་དངཿ རྒྱུ་སྐར་ཉེར་བརྒྱད་སྤྲུལ་འཁོར་སོགསཿ རབ་གུས་གདུང་བའི་ཡིད་ཀྱིས་བསྟོདཿ རྡོ་རྗེ་འཆང་དང་མར་མེ་མཛདཿ ཧེ་རུ་ཀ་དང་ཐོད་ཕྲེང་རྩལཿ སྤྱན་སྔར་ཞལ་བཞེས་དྲན་མཛོད་ལཿ འོད་གསལ་རྫོགས་པ་ཆེན་པོ་ཡིཿ བསྟན་པ་འཛིན་སྐྱོང་སྤེལ་བ་དངཿ རྡོ་རྗེ་ཐེག་པའི་གཉེར་ཁ་ཟུངསཿ སློབ་དཔོན་སྐུ་ཚེ་རིང་པ་དངཿ བདག་ཅག་གང་བསམ་ཡིད་བཞིན་འགྲུབཿ འཇིག་རྟེན་ཁམས་ཀུན་བདེ་ཞིང་སྐྱིདཿ ལོག་ལྟ་དམ་ཉམས་ལས་ངན་གཙོསཿ དགྲ་གདོན་ཐལ་བའི་རྡུལ་དུ་རློགཿ མདོར་ན་བདག་གི་ལུགས་ཟུང་གིཿ ལས་ཀྱི་གཉེར་ཁ་ཁྱོད་ལ་གཏདཿ འབྲལ་མེད་འགྲོགས་ལ་འདི་ཕྱི་ཡིཿ བདེ་འབྲས་ཕྲིན་ལས་ལྷུན་གྲུབ་མཛོདཿ གཟའ་མཆོག་མཆོད་སྒྲུབ་ཡང་ཞུན་ནོར་བུ་འདིཿ དྲི་མ་མེད་པའི་ཐུགས་ཀྱི་ཀློང་རུམ་ནསཿ ངོ་མཚར་གསང་བའི་བརྡ་རིས་ཤར་བ་བཞིནཿ ཡང་གསང་ནམ་མཁའ་མཛོད་ཀྱི་གཏེར་མཛོད་ལཿ དབང་སྒྱུར་གཏེར་སྨྱོན་ཁྲག་འཐུང་རྡོ་རྗེས་ཕབཿ ཡང་གསང་བླ་ན་མེད་པའི་ལྷ་མཆོག་འདིཿ སྙིང་འདྲའི་བརྒྱུད་པ་འཛིན་ལས་ཁྱབ་གདལ་དུཿ མ་སྤེལ་དམ་ཚིག་སྲོག་གི་བཀའ་རྒྱ་ཡོདཿ ཡི་གེའི་འདུ་བྱེད་ལྷ་འདིར་མོས་པའི་བུཿ རིག་པའི་ཡེ་ཤེས་ཞེས་བྱས་འགྱིས་པ་སྟེཿ ཕྲིན་ལས་མྱུར་འགྲུབ་བསྟན་དགྲ་ཚར་ཆོད་ཤོགཿ ས་མ་ཡཿ གུ་ཧྱཿ སྐུ་གསུང་ཐུགས་ཀྱི་རྒྱཿ དགེའོཿ | |||
}} | }} |
Latest revision as of 13:38, 28 June 2024
Wylie title | gsang rgyud dug mtsho khol ma las gza' bdud rlung ltar sgrub pa | |
---|---|---|
Location | mdo mkhyen brtse bka' 'bum Volume 7, Text 44, Pages (Folios to ) | |
Author | མདོ་མཁྱེན་བརྩེ་ | |
Less details More details | ||
Tertön | མདོ་མཁྱེན་བརྩེ་ (Mdo mkhyen brtse) | |
Citation | ||
Genre | Protector Rituals - gsol mchod · Sadhanas - Evocation Ritual - sgrub thabs | |
Colophon |
གཟའ་མཆོག་མཆོད་སྒྲུབ་ཡང་ཞུན་ནོར་བུ་འདིཿ དྲི་མ་མེད་པའི་ཐུགས་ཀྱི་ཀློང་རུམ་ནསཿ ངོ་མཚར་གསང་བའི་བརྡ་རིས་ཤར་བ་བཞིནཿ ཡང་གསང་ནམ་མཁའ་མཛོད་ཀྱི་གཏེར་མཛོད་ལཿ དབང་སྒྱུར་གཏེར་སྨྱོན་ཁྲག་འཐུང་རྡོ་རྗེས་ཕབཿ ཡང་གསང་བླ་ན་མེད་པའི་ལྷ་མཆོག་འདིཿ སྙིང་འདྲའི་བརྒྱུད་པ་འཛིན་ལས་ཁྱབ་གདལ་དུཿ མ་སྤེལ་དམ་ཚིག་སྲོག་གི་བཀའ་རྒྱ་ཡོདཿ ཡི་གེའི་འདུ་བྱེད་ལྷ་འདིར་མོས་པའི་བུཿ རིག་པའི་ཡེ་ཤེས་ཞེས་བྱས་འགྱིས་པ་སྟེཿ ཕྲིན་ལས་མྱུར་འགྲུབ་བསྟན་དགྲ་ཚར་ཆོད་ཤོགཿ ས་མ་ཡཿ གུ་ཧྱཿ སྐུ་གསུང་ཐུགས་ཀྱི་རྒྱཿ དགེའོཿ | |
gza' mchog mchod sgrub yang zhun nor bu 'di: dri ma med pa'i thugs kyi klong rum nas: ngo mtshar gsang ba'i brda ris shar ba bzhin: yang gsang nam mkha' mdzod kyi gter mdzod la: dbang sgyur gter smyon khrag 'thung rdo rjes phab: yang gsang bla na med pa'i lha mchog 'di: snying 'dra'i brgyud pa 'dzin las khyab gdal du: ma spel dam tshig srog gi bka' rgya yod: yi ge'i 'du byed lha 'dir mos pa'i bu: rig pa'i ye shes zhes byas bgyis pa ste: phrin las myur 'grub bstan dgra tshar chod shog: sa ma yA: gu h+ya: sku gsung thugs kyi rgya: dge'o: |