DKYD-KABUM-07-JA-036: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
 
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|sectionheading=No
|fulltitletib=ཡང་གསང་ཐུགས་ཀྱི་ཐིག་ལེ་ལསཿ གསང་བའི་གཉེར་འཛིན་མཆོད་ཐབས་ཡིད་བཞིན་དབང་རྒྱལ་བཞུགསཿ
|fulltitle=yang gsang thugs kyi thig le las gsang ba'i gnyer 'dzin mchod thabs yid bzhin dbang rgyal
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=mdo mkhyen brtse bka' 'bum
|collectiontitle=mdo mkhyen brtse bka' 'bum
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=8
|author=Mdo mkhyen brtse
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|authortib=མདོ་མཁྱེན་བརྩེ་
Line 15: Line 17:
|volnumtib=ཇ
|volnumtib=ཇ
|volyigtib=༧
|volyigtib=༧
|volumeLetter=JA
|totalvolumes=8
|textnuminvol=036
|textnuminvol=036
|multivolumework=No
|colophontib=ཨེ་མ་ཟབ་པ་ལས་ཀྱང་ཆེས་ཟབ་པཿ གསང་བ་ལས་ཀྱང་ཆེས་གསང་བཿ ཡང་གསང་བླ་ན་མེད་པ་ཡིཿ གཉེར་འཛིན་བཀའ་སྲུང་མཆོད་ཐབས་འདིཿ དམ་ལྡན་གོ་བགོས་མཚོན་ཐོགས་པཿ སྨན་ཟོས་ནོར་བུ་ཐོད་བཅིངས་འདྲཿ དམ་མེད་དུག་འཐུང་མེར་མཆོང་ཞིངཿ རང་མཚོན་རང་ལ་བརྒྱབ་པ་འདྲཿ ཡི་དམ་ཉམས་སུ་ལེན་པ་ལསཿ གཞན་གྱི་ལག་ཏུ་མ་ཤོར་ཅིགཿ ཡོན་ཏན་འབྲས་བུ་བརྗོད་མི་དགོསཿ འདུད་མོ་ཁམས་གསུམ་ཟ་བྱེད་མསཿ དུས་ཀུན་གཡེལ་བ་མེད་པར་སྲུངསཿ ཡུམ་ཆེན་ཡེ་ཤེས་ཌཱཀྐི་མསཿ བརྡ་གྲོལ་སྲིད་མེའི་བརྡ་རིས་ལསཿ ཁྲག་འཐུང་བདེ་བའི་རྡོ་རྗེས་ཕབཿ ཉེ་གནས་རིག་འཛིན་མིང་ཅན་གྱིསཿ ཡི་གེའི་རིས་སུ་བྲིས་པ་སྟེཿ ཡུམ་ཆེན་སྐུ་ཚེ་མཐར་ཕྱིན་ཞིངཿ འགྲོ་དོན་ཉི་འོག་ཁྱབ་པར་ཤོགཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ གུ་ཧྱཿ ཁ་ཐཾཿ ཨྠིྀཿ ཨ་ལ་ལཿ ཨེ་མ་ཧོཿ སྭཱ་སྟི་ས་ར་ཡཿ
|colophonwylie=e ma zab pa las kyang ches zab pa: gsang ba las kyang ches gsang ba: yang gsang bla na med pa yi: gnyer 'dzin bka' srung mchod thabs 'di: dam ldan go bgos mtshon thogs pa: sman zos nor bu thod cing 'dra: dam med dug 'thung mer mchong zhing: rang mtshon rang la brgyab pa 'dra: yi dam nyams su len pa las: gzhan gyi lag tu ma shor cig:yon tan 'bras bu brjod mi dgos: 'dud mo khams gsum za byed mas: dus kun g.yel bar med par srungs: yum chen ye shes DAk+ki mas: brda grol srid me'i brda ris las: khrag 'thung bde ba'i rdo rjes phab: nye gnas rig 'dzin ming can gyis: yi ge'i rigs su bris pa ste: yum chen sku tshe mthar phyin zhing: 'gro don nyi 'og khyab par shog: sa ma yA: rgya rgya rgya: gu h+ya:_kha thaM:_a+thi+-i:_a la la:_e ma ho:_swA sti sa ra ya:
|pdflink=File:DKYD-KABUM-07-JA-036.pdf
|pdflink=File:DKYD-KABUM-07-JA-036.pdf
|volumeLetter=JA
|InitCategories=Khyentse Lineage Project; DKYD-KABUM-Volume-07-JA
|InitCategories=Khyentse Lineage Project; DKYD-KABUM-Volume-07-JA
}}
}}
<h1>Tibetan Text</h1>
<h1>Tibetan Text</h1>
<onlyinclude>
<onlyinclude>
{{TibP|྅྅྅ ཡང་གསང་ཐུགས་ཀྱི་ཐིག་ལེ་ལསཿ གསང་བའི་གཉེར་འཛིན་མཆོད་ཐབས་ཡིད་བཞིན་དབང་རྒྱལ་བཞུགསཿ ྅྅྅ དབང་སྒྱུར་ཡི་དམ་ལྷག་པའི་ལྷཿ དབྱངས་ཅན་ལྷ་མོར་གུས་བཏུད་ནསཿ བཀའ་སྲུང་གཉེར་འཛིན་མཆོད་པའི་ཐབསཿ ཡིད་བཞིན་དབང་གི་རྒྱལ་པོ་བསྟནཿ གཙང་མའི་སྣོད་དུ་བཤོས་བུ་དངཿ ཟས་སྣ་སྐྱེམས་ཕུད་གང་འབྱོར་བཤམསཿ ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམཿ ཧྲཱིཿ མདུན་དུ་དབང་ཕྱུག་ལྷ་ཆེན་པོཿ སྲིད་པ་གསུམ་གྱི་བདག་པོ་ནིཿ དམར་གསལ་བྱུ་རུ་སྣུམ་བྱུག་མདོགཿ ཞལ་གཅིག་ཞི་ཆགས་བརྗིད་པའི་ཉམསཿ ཕྱག་གཡས་དབང་སྡུད་ལྕགས་ཀྱུ་དངཿ གཡོན་པས་ཀ་ཏྲའི་ཞགས་པ་འཛིནཿ ཞབས་གཉིས་ནོར་བདག་ཕོ་མོ་བརྫིསཿ རིན་ཆེན་དར་གྱི་རྒྱན་ཆས་སྤྲསཿ ནོར་བུ་སྲིད་མེ་གྱེན་དུ་འབརཿ བཀྲག་མདངས་གཟི་བརྗིད་འོད་ཟེར་འཕྲོཿ ཐོར་གཙུག་ཟླ་བ་ནོར་བུས་བརྒྱནཿ མཆན་གཡོན་ལྷ་མོ་ཨུུ་མ་ནིཿ དམར་སྐྱ་མཛེས་འཛུམ་ཆགས་པའི་ཉམསཿ གཡས་པའི་དབང་སྡུད་མེ་ལོང་དངཿ གཡོན་པའི་གླིང་བུའི་སྒྲ་དབྱངས་སྒྲོགཿ ཞབས་གཉིས་ཆགས་པའི་གར་སྟབས་བསྒྱུརཿ སྤྱན་ཐུང་གཡོ་ཞིང་པདྨ་འཛུམཿ གཡས་སུ་སྲས་མཆོག་གླང་པོའི་གདོངཿ གསེར་མདོར་སྨན་གདོང་ནོར་བུ་བསྣམསཿ དར་ཆེན་ན་བཟའ་ལྷབ་ལྷུབ་གསོལཿ སྟོང་ཆེན་མི་མཇེད་ཞིང་ཁམས་ཀྱིཿ ཚེ་གཡང་བསོད་ནམས་ལོངས་སྤྱོད་སྤེལཿ ཞིང་གཞན་བྱེ་བ་ཕྲག་འབུམ་གྱིཿ དཔལ་ཡོན་དྭངས་མ་བཅུད་དུ་ལེནཿ ཡབ་ཡུམ་སྲས་བཅས་སྤྱན་འདྲེན་ནོཿ དྷེ་བ་དྷེ་བི་མཉྫུ་ཙིཏྟ་དུང་དུང་ས་མ་ཡ་ཛ་ཛཿ ཞེས་བསྐྱེད་ཅིང་སྤྱན་དྲངས་ལཿ ཀྱཻཿ ཟ་འོག་འབོལ་བརྩེགས་དར་འཇམ་གྱིཿ གདན་ལ་བཞུགས་ཤིང་དགྱེས་པ་བསྐྱེདཿ ལྷ་ཡི་ཞལ་ཟས་རོ་བརྒྱ་ལྡནཿ དཀར་མངར་ཤ་ཁྲག་ཟས་སྣ་དངཿ ཞིམ་འཇམ་རོ་ལྡན་བཏུང་བའི་སྐྱེམསཿ སྤྱན་གཟིགས་དཀོར་ནོར་ལོངས་སྤྱོད་ཚོགསཿ གཟུགས་སྒྲ་དྲི་རོ་རེག་བྱ་ཆོསཿ མཆོད་པ་འབུལ་ལོ་བཞེས་སུ་གསོལཿ ཡབ་ཡུམ་བདེ་བ་ཆེན་པོར་རོལཿ དགྱེས་པ་སྐྱེད་ལ་ཐུགས་དམ་བསྐང་ཿ ཕྲིན་ལས་སྒྲུབས་ལ་དངོས་གྲུབ་སྩོལཿ ཡི་དམ་ལྷ་ཡི་བྱིན་རླབས་ཀྱིསཿ ཁྱོད་ཀྱི་མཐུ་སྟོབས་རྩལ་འབར་སྤོརཿ ཅེས་མཆོདཿ བསྟོད་ཅིང་ཕྲིན་བཅོལ་ནིཿ ཧྲཱིཿ དགའ་ལྡན་གནས་སུ་མངོན་པར་བྱང་ཆུབ་ཀྱངཿ དུས་ལ་བབ་ཚེ་ལྷ་མོས་བརྡས་བསྐུལ་ཞིངཿ འགྲོ་བའི་དོན་དུ་ཆགས་པ་ཆེན་པོ་གཡོསཿ འཇམ་དཔལ་ཡབ་ཡུམ་དྲུང་ནས་དབང་བཞི་ཐོབཿ སྟོང་ཆེན་མི་མཇེད་ཁམས་ཀྱི་བདག་པོ་རུཿ མངའ་གསོལ་གཞན་འཕྲུལ་དབང་བྱེད་གནས་བཅས་ཤིངཿ རྫུ་འཕྲུལ་ལུས་ཀྱིས་འཇིག་རྟེན་ཁས་གསུམ་ཁྱབཿ མཐུ་སྟོབས་རྫུ་འཕྲུལ་བསོད་ནམས་ཡོན་ཏན་དཔལཿ ཚེ་གཡང་དངོས་གྲུབ་བདེན་ཚིག་སྨོན་ལམ་སྟོབསཿ རྒྱལ་བའི་རྡོ་རྗེའི་ལྗགས་ཀྱིས་བརྗོད་མི་ནུསཿ ཡུམ་ནི་དབང་གི་ལྷ་མོ་ཙན་ཏྲི་ཀཿ སྲས་ནི་གཞོན་ནུ་སྟོབས་ལྡན་རྫུ་འཕྲུལ་ཅནཿ སྔགས་སྲུང་ལ་སོགས་སྟོབས་ལྡན་དྲེགས་པའི་ཚོགསཿ ཁྱོད་ཀྱི་སྲས་དང་སྲས་མོར་མ་གྱུར་མེདཿ བླ་མེད་ཨ་ཏི་ཡོ་གའི་གཉེར་དམ་འཛིནཿ མུ་སྟེགས་ཚུལ་འཛིན་མུ་སྟེགས་འདུལ་བའི་གཤེདཿ བདུད་ཀྱི་ཚུལ་འཛིན་བདུད་ཀྱི་གཉེན་པོ་ཆེཿ ལྷ་ཡི་ཚུལ་འཛིན་ལྷ་རྣམས་ཡོངས་ཀྱི་གཙོཿ སྦྱོར་སྒྲོལ་ཉམས་སུ་ལེན་པའི་མགོན་གཅིག་པུཿ སྐྱེ་རྒྱུད་བདག་པོ་ཡབ་ཡུམ་སྲས་གསུམ་ལཿ བདག་གི་དད་པ་དང་ནི་དམ་ཚིག་གིསཿ ཡོན་ཏན་དྲན་ཞིང་གདུང་བ་དྲག་པོས་བསྟོདཿ དུས་གསུམ་རྒྱལ་བའི་ཡབ་གཅིག་འཇམ་པའི་དབྱངསཿ སྐུ་གསུམ་ཞིང་ལ་དབང་བསྒྱུར་དབྱངས་ཅན་མཿ གསང་བདག་དཔའ་བོ་པདྨ་ཐོད་ཕྲེང་སོགསཿ བཀའ་བསྒོས་གཉེར་གཏད་ཞལ་བཞེས་ཐ་ཚིག་དགོངསཿ དེང་དུས་ལྔ་ཕྲག་ཐ་མའི་འགྲོ་བ་རྣམསཿ ཉོན་མོངས་ཤུགས་དྲག་སྡུག་བསྔལ་སྟོབས་ཆེ་ཞིང་ཿ བསོད་ནམས་དམན་ཞིང་ལག་པའི་ལམ་ཞུགས་པསཿ གཞན་གྱི་འདུལ་དཀའ་ཁྱོད་ཀྱིས་འདུལ་བར་མཛོདཿ གཞན་གྱི་སྐྱོབ་དཀའ་ཁྱོད་ཀྱིས་སྐྱོབ་པར་མཛོདཿ དམ་ཉམས་སྨོན་ལམ་ལོག་ཅིང་ཐུགས་རྒྱུད་དཀྲུགསཿ གསང་སྔགས་ཁྱད་གསོད་བླ་མར་ལོག་པར་བལྟཿ ཉམ་ཆུང་ཉེས་མེད་སྡུག་ལ་སྤྱོད་བྱེད་པའིཿ གཟུགས་ཅན་གཟུགས་མེད་སྐད་ཅིག་མྱུར་དུ་སྒྲོལཿ ལས་ཀྱི་སྡུག་བསྔལ་ཉམས་སུ་མྱོང་བར་མཛོདཿ ལས་སྨོན་དག་པའི་བསྲུང་བྱར་གྱུར་བ་ཀུནཿ ནད་གདོན་དུག་མཚོན་ལོ་ཉེས་ནོར་གོད་ཞིཿ ཚེ་བསོད་ལོངས་སྤྱོད་མངའ་ཐང་སྙན་གྲགས་རྒྱསཿ སྲིད་གསུམ་ཕ་རོལ་ཆེ་དགུ་དབང་དུ་འདུསཿ བདུད་དགྲ་ལོག་འདྲེན་འབྱུང་པོ་འདྲེ་རྒོད་གཞོམཿ བདུད་དགྲ་ལོག་འདྲེན་འབྱུང་པོ་འདྲེ་རྒོད་གཞོམཿ བདག་ཅག་རྫོགས་པ་ཆེན་པོའི་རྣལ་འབྱོར་པཿ སྦྱོར་སྒྲོལ་མཐར་ཕྱིན་རིག་པའི་བཙན་ས་ཟིནཿ སྣ་ཚོགས་ཐབས་ཀྱིས་འགྲོན་དོན་སྤྱོད་པ་རྣམསཿ འཚོ་སྐྱོང་ཡོན་བདག་མེལ་ཚེ་བྱ་ར་དངཿ ལེགས་སྤེལ་ཉེས་སྲུང་མགོན་སྐྱབས་ཁྱོད་ཀྱིས་མཛོདཿ འགྲོ་ཀུན་རྫོགས་ལྡན་གསར་པའི་བདེ་སྐྱིད་ལཿ ལོངས་སུ་སྤྱོད་པའི་བཀྲ་ཤིས་ཨེ་མ་ཧོཿ ཨེ་མ་ཟབ་པ་ལས་ཀྱང་ཆེས་ཟབ་པཿ གསང་བ་ལས་ཀྱང་ཆེས་གསང་བཿ ཡང་གསང་བླ་ན་མེད་པ་ཡིཿ གཉེར་འཛིན་བཀའ་སྲུང་མཆོད་ཐབས་འདིཿ དམ་ལྡན་གོ་བགོས་མཚོན་ཐོགས་པཿ སྨན་ཟོས་ནོར་བུ་ཐོད་བཅིངས་འདྲཿ དམ་མེད་དུག་འཐུང་མེར་མཆོང་ཞིངཿ རང་མཚོན་རང་ལ་བརྒྱབ་པ་འདྲཿ ཡི་དམ་ཉམས་སུ་ལེན་པ་ལསཿ གཞན་གྱི་ལག་ཏུ་མ་ཤོར་ཅིགཿ ཡོན་ཏན་འབྲས་བུ་བརྗོད་མི་དགོསཿ འདུད་མོ་ཁམས་གསུམ་ཟ་བྱེད་མསཿ དུས་ཀུན་གཡེལ་བ་མེད་པར་སྲུངསཿ ཡུམ་ཆེན་ཡེ་ཤེས་ཌཱཀྐི་མསཿ བརྡ་གྲོལ་སྲིད་མེའི་བརྡ་རིས་ལསཿ ཁྲག་འཐུང་བདེ་བའི་རྡོ་རྗེས་ཕབཿ ཉེ་གནས་རིག་འཛིན་མིང་ཅན་གྱིསཿ ཡི་གེའི་རིས་སུ་བྲིས་པ་སྟེཿ ཡུམ་ཆེན་སྐུ་ཚེ་མཐར་ཕྱིན་ཞིངཿ འགྲོ་དོན་ཉི་འོག་ཁྱབ་པར་ཤོགཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ གུ་ཧྱཿ ཁ་ཐཾཿ ཨྠིྀཿ ཨ་ལ་ལཿ ཨེ་མ་ཧོཿ སྭཱ་སྟི་ས་ར་ཡཿ  
{{TibP|ཡང་གསང་ཐུགས་ཀྱི་ཐིག་ལེ་ལསཿ གསང་བའི་གཉེར་འཛིན་མཆོད་ཐབས་ཡིད་བཞིན་དབང་རྒྱལ་བཞུགསཿ  
དབང་སྒྱུར་ཡི་དམ་ལྷག་པའི་ལྷཿ དབྱངས་ཅན་ལྷ་མོར་གུས་བཏུད་ནསཿ བཀའ་སྲུང་གཉེར་འཛིན་མཆོད་པའི་ཐབསཿ ཡིད་བཞིན་དབང་གི་རྒྱལ་པོ་བསྟནཿ གཙང་མའི་སྣོད་དུ་བཤོས་བུ་དངཿ ཟས་སྣ་སྐྱེམས་ཕུད་གང་འབྱོར་བཤམསཿ ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམཿ ཧྲཱིཿ མདུན་དུ་དབང་ཕྱུག་ལྷ་ཆེན་པོཿ སྲིད་པ་གསུམ་གྱི་བདག་པོ་ནིཿ དམར་གསལ་བྱུ་རུ་སྣུམ་བྱུག་མདོགཿ ཞལ་གཅིག་ཞི་ཆགས་བརྗིད་པའི་ཉམསཿ ཕྱག་གཡས་དབང་སྡུད་ལྕགས་ཀྱུ་དངཿ གཡོན་པས་ཀ་ཏྲའི་ཞགས་པ་འཛིནཿ ཞབས་གཉིས་ནོར་བདག་ཕོ་མོ་བརྫིསཿ རིན་ཆེན་དར་གྱི་རྒྱན་ཆས་སྤྲསཿ ནོར་བུ་སྲིད་མེ་གྱེན་དུ་འབརཿ བཀྲག་མདངས་གཟི་བརྗིད་འོད་ཟེར་འཕྲོཿ ཐོར་གཙུག་ཟླ་བ་ནོར་བུས་བརྒྱནཿ མཆན་གཡོན་ལྷ་མོ་ཨུུ་མ་ནིཿ དམར་སྐྱ་མཛེས་འཛུམ་ཆགས་པའི་ཉམསཿ གཡས་པའི་དབང་སྡུད་མེ་ལོང་དངཿ གཡོན་པའི་གླིང་བུའི་སྒྲ་དབྱངས་སྒྲོགཿ ཞབས་གཉིས་ཆགས་པའི་གར་སྟབས་བསྒྱུརཿ སྤྱན་ཐུང་གཡོ་ཞིང་པདྨ་འཛུམཿ གཡས་སུ་སྲས་མཆོག་གླང་པོའི་གདོངཿ གསེར་མདོར་སྨན་གདོང་ནོར་བུ་བསྣམསཿ དར་ཆེན་ན་བཟའ་ལྷབ་ལྷུབ་གསོལཿ སྟོང་ཆེན་མི་མཇེད་ཞིང་ཁམས་ཀྱིཿ ཚེ་གཡང་བསོད་ནམས་ལོངས་སྤྱོད་སྤེལཿ ཞིང་གཞན་བྱེ་བ་ཕྲག་འབུམ་གྱིཿ དཔལ་ཡོན་དྭངས་མ་བཅུད་དུ་ལེནཿ ཡབ་ཡུམ་སྲས་བཅས་སྤྱན་འདྲེན་ནོཿ དྷེ་བ་དྷེ་བི་མཉྫུ་ཙིཏྟ་དུང་དུང་ས་མ་ཡ་ཛ་ཛཿ ཞེས་བསྐྱེད་ཅིང་སྤྱན་དྲངས་ལཿ ཀྱཻཿ ཟ་འོག་འབོལ་བརྩེགས་དར་འཇམ་གྱིཿ གདན་ལ་བཞུགས་ཤིང་དགྱེས་པ་བསྐྱེདཿ ལྷ་ཡི་ཞལ་ཟས་རོ་བརྒྱ་ལྡནཿ དཀར་མངར་ཤ་ཁྲག་ཟས་སྣ་དངཿ ཞིམ་འཇམ་རོ་ལྡན་བཏུང་བའི་སྐྱེམསཿ སྤྱན་གཟིགས་དཀོར་ནོར་ལོངས་སྤྱོད་ཚོགསཿ གཟུགས་སྒྲ་དྲི་རོ་རེག་བྱ་ཆོསཿ མཆོད་པ་འབུལ་ལོ་བཞེས་སུ་གསོལཿ ཡབ་ཡུམ་བདེ་བ་ཆེན་པོར་རོལཿ དགྱེས་པ་སྐྱེད་ལ་ཐུགས་དམ་བསྐང་ཿ ཕྲིན་ལས་སྒྲུབས་ལ་དངོས་གྲུབ་སྩོལཿ ཡི་དམ་ལྷ་ཡི་བྱིན་རླབས་ཀྱིསཿ ཁྱོད་ཀྱི་མཐུ་སྟོབས་རྩལ་འབར་སྤོརཿ ཅེས་མཆོདཿ བསྟོད་ཅིང་ཕྲིན་བཅོལ་ནིཿ ཧྲཱིཿ དགའ་ལྡན་གནས་སུ་མངོན་པར་བྱང་ཆུབ་ཀྱངཿ དུས་ལ་བབ་ཚེ་ལྷ་མོས་བརྡས་བསྐུལ་ཞིངཿ འགྲོ་བའི་དོན་དུ་ཆགས་པ་ཆེན་པོ་གཡོསཿ འཇམ་དཔལ་ཡབ་ཡུམ་དྲུང་ནས་དབང་བཞི་ཐོབཿ སྟོང་ཆེན་མི་མཇེད་ཁམས་ཀྱི་བདག་པོ་རུཿ མངའ་གསོལ་གཞན་འཕྲུལ་དབང་བྱེད་གནས་བཅས་ཤིངཿ རྫུ་འཕྲུལ་ལུས་ཀྱིས་འཇིག་རྟེན་ཁས་གསུམ་ཁྱབཿ མཐུ་སྟོབས་རྫུ་འཕྲུལ་བསོད་ནམས་ཡོན་ཏན་དཔལཿ ཚེ་གཡང་དངོས་གྲུབ་བདེན་ཚིག་སྨོན་ལམ་སྟོབསཿ རྒྱལ་བའི་རྡོ་རྗེའི་ལྗགས་ཀྱིས་བརྗོད་མི་ནུསཿ ཡུམ་ནི་དབང་གི་ལྷ་མོ་ཙན་ཏྲི་ཀཿ སྲས་ནི་གཞོན་ནུ་སྟོབས་ལྡན་རྫུ་འཕྲུལ་ཅནཿ སྔགས་སྲུང་ལ་སོགས་སྟོབས་ལྡན་དྲེགས་པའི་ཚོགསཿ ཁྱོད་ཀྱི་སྲས་དང་སྲས་མོར་མ་གྱུར་མེདཿ བླ་མེད་ཨ་ཏི་ཡོ་གའི་གཉེར་དམ་འཛིནཿ མུ་སྟེགས་ཚུལ་འཛིན་མུ་སྟེགས་འདུལ་བའི་གཤེདཿ བདུད་ཀྱི་ཚུལ་འཛིན་བདུད་ཀྱི་གཉེན་པོ་ཆེཿ ལྷ་ཡི་ཚུལ་འཛིན་ལྷ་རྣམས་ཡོངས་ཀྱི་གཙོཿ སྦྱོར་སྒྲོལ་ཉམས་སུ་ལེན་པའི་མགོན་གཅིག་པུཿ སྐྱེ་རྒྱུད་བདག་པོ་ཡབ་ཡུམ་སྲས་གསུམ་ལཿ བདག་གི་དད་པ་དང་ནི་དམ་ཚིག་གིསཿ ཡོན་ཏན་དྲན་ཞིང་གདུང་བ་དྲག་པོས་བསྟོདཿ དུས་གསུམ་རྒྱལ་བའི་ཡབ་གཅིག་འཇམ་པའི་དབྱངསཿ སྐུ་གསུམ་ཞིང་ལ་དབང་བསྒྱུར་དབྱངས་ཅན་མཿ གསང་བདག་དཔའ་བོ་པདྨ་ཐོད་ཕྲེང་སོགསཿ བཀའ་བསྒོས་གཉེར་གཏད་ཞལ་བཞེས་ཐ་ཚིག་དགོངསཿ དེང་དུས་ལྔ་ཕྲག་ཐ་མའི་འགྲོ་བ་རྣམསཿ ཉོན་མོངས་ཤུགས་དྲག་སྡུག་བསྔལ་སྟོབས་ཆེ་ཞིང་ཿ བསོད་ནམས་དམན་ཞིང་ལག་པའི་ལམ་ཞུགས་པསཿ གཞན་གྱི་འདུལ་དཀའ་ཁྱོད་ཀྱིས་འདུལ་བར་མཛོདཿ གཞན་གྱི་སྐྱོབ་དཀའ་ཁྱོད་ཀྱིས་སྐྱོབ་པར་མཛོདཿ དམ་ཉམས་སྨོན་ལམ་ལོག་ཅིང་ཐུགས་རྒྱུད་དཀྲུགསཿ གསང་སྔགས་ཁྱད་གསོད་བླ་མར་ལོག་པར་བལྟཿ ཉམ་ཆུང་ཉེས་མེད་སྡུག་ལ་སྤྱོད་བྱེད་པའིཿ གཟུགས་ཅན་གཟུགས་མེད་སྐད་ཅིག་མྱུར་དུ་སྒྲོལཿ ལས་ཀྱི་སྡུག་བསྔལ་ཉམས་སུ་མྱོང་བར་མཛོདཿ ལས་སྨོན་དག་པའི་བསྲུང་བྱར་གྱུར་བ་ཀུནཿ ནད་གདོན་དུག་མཚོན་ལོ་ཉེས་ནོར་གོད་ཞིཿ ཚེ་བསོད་ལོངས་སྤྱོད་མངའ་ཐང་སྙན་གྲགས་རྒྱསཿ སྲིད་གསུམ་ཕ་རོལ་ཆེ་དགུ་དབང་དུ་འདུསཿ བདུད་དགྲ་ལོག་འདྲེན་འབྱུང་པོ་འདྲེ་རྒོད་གཞོམཿ བདུད་དགྲ་ལོག་འདྲེན་འབྱུང་པོ་འདྲེ་རྒོད་གཞོམཿ བདག་ཅག་རྫོགས་པ་ཆེན་པོའི་རྣལ་འབྱོར་པཿ སྦྱོར་སྒྲོལ་མཐར་ཕྱིན་རིག་པའི་བཙན་ས་ཟིནཿ སྣ་ཚོགས་ཐབས་ཀྱིས་འགྲོན་དོན་སྤྱོད་པ་རྣམསཿ འཚོ་སྐྱོང་ཡོན་བདག་མེལ་ཚེ་བྱ་ར་དངཿ ལེགས་སྤེལ་ཉེས་སྲུང་མགོན་སྐྱབས་ཁྱོད་ཀྱིས་མཛོདཿ འགྲོ་ཀུན་རྫོགས་ལྡན་གསར་པའི་བདེ་སྐྱིད་ལཿ ལོངས་སུ་སྤྱོད་པའི་བཀྲ་ཤིས་ཨེ་མ་ཧོཿ ཨེ་མ་ཟབ་པ་ལས་ཀྱང་ཆེས་ཟབ་པཿ གསང་བ་ལས་ཀྱང་ཆེས་གསང་བཿ ཡང་གསང་བླ་ན་མེད་པ་ཡིཿ གཉེར་འཛིན་བཀའ་སྲུང་མཆོད་ཐབས་འདིཿ དམ་ལྡན་གོ་བགོས་མཚོན་ཐོགས་པཿ སྨན་ཟོས་ནོར་བུ་ཐོད་བཅིངས་འདྲཿ དམ་མེད་དུག་འཐུང་མེར་མཆོང་ཞིངཿ རང་མཚོན་རང་ལ་བརྒྱབ་པ་འདྲཿ ཡི་དམ་ཉམས་སུ་ལེན་པ་ལསཿ གཞན་གྱི་ལག་ཏུ་མ་ཤོར་ཅིགཿ ཡོན་ཏན་འབྲས་བུ་བརྗོད་མི་དགོསཿ འདུད་མོ་ཁམས་གསུམ་ཟ་བྱེད་མསཿ དུས་ཀུན་གཡེལ་བ་མེད་པར་སྲུངསཿ ཡུམ་ཆེན་ཡེ་ཤེས་ཌཱཀྐི་མསཿ བརྡ་གྲོལ་སྲིད་མེའི་བརྡ་རིས་ལསཿ ཁྲག་འཐུང་བདེ་བའི་རྡོ་རྗེས་ཕབཿ ཉེ་གནས་རིག་འཛིན་མིང་ཅན་གྱིསཿ ཡི་གེའི་རིས་སུ་བྲིས་པ་སྟེཿ ཡུམ་ཆེན་སྐུ་ཚེ་མཐར་ཕྱིན་ཞིངཿ འགྲོ་དོན་ཉི་འོག་ཁྱབ་པར་ཤོགཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ གུ་ཧྱཿ ཁ་ཐཾཿ ཨྠིྀཿ ཨ་ལ་ལཿ ཨེ་མ་ཧོཿ སྭཱ་སྟི་ས་ར་ཡཿ  

}}
}}

Latest revision as of 12:55, 28 June 2024

Wylie title yang gsang thugs kyi thig le las gsang ba'i gnyer 'dzin mchod thabs yid bzhin dbang rgyal
Location mdo mkhyen brtse bka' 'bum
Volume 7, Text 36, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Protector Rituals - gsol mchod
Colophon

ཨེ་མ་ཟབ་པ་ལས་ཀྱང་ཆེས་ཟབ་པཿ གསང་བ་ལས་ཀྱང་ཆེས་གསང་བཿ ཡང་གསང་བླ་ན་མེད་པ་ཡིཿ གཉེར་འཛིན་བཀའ་སྲུང་མཆོད་ཐབས་འདིཿ དམ་ལྡན་གོ་བགོས་མཚོན་ཐོགས་པཿ སྨན་ཟོས་ནོར་བུ་ཐོད་བཅིངས་འདྲཿ དམ་མེད་དུག་འཐུང་མེར་མཆོང་ཞིངཿ རང་མཚོན་རང་ལ་བརྒྱབ་པ་འདྲཿ ཡི་དམ་ཉམས་སུ་ལེན་པ་ལསཿ གཞན་གྱི་ལག་ཏུ་མ་ཤོར་ཅིགཿ ཡོན་ཏན་འབྲས་བུ་བརྗོད་མི་དགོསཿ འདུད་མོ་ཁམས་གསུམ་ཟ་བྱེད་མསཿ དུས་ཀུན་གཡེལ་བ་མེད་པར་སྲུངསཿ ཡུམ་ཆེན་ཡེ་ཤེས་ཌཱཀྐི་མསཿ བརྡ་གྲོལ་སྲིད་མེའི་བརྡ་རིས་ལསཿ ཁྲག་འཐུང་བདེ་བའི་རྡོ་རྗེས་ཕབཿ ཉེ་གནས་རིག་འཛིན་མིང་ཅན་གྱིསཿ ཡི་གེའི་རིས་སུ་བྲིས་པ་སྟེཿ ཡུམ་ཆེན་སྐུ་ཚེ་མཐར་ཕྱིན་ཞིངཿ འགྲོ་དོན་ཉི་འོག་ཁྱབ་པར་ཤོགཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ གུ་ཧྱཿ ཁ་ཐཾཿ ཨྠིྀཿ ཨ་ལ་ལཿ ཨེ་མ་ཧོཿ སྭཱ་སྟི་ས་ར་ཡཿ

e ma zab pa las kyang ches zab pa: gsang ba las kyang ches gsang ba: yang gsang bla na med pa yi: gnyer 'dzin bka' srung mchod thabs 'di: dam ldan go bgos mtshon thogs pa: sman zos nor bu thod cing 'dra: dam med dug 'thung mer mchong zhing: rang mtshon rang la brgyab pa 'dra: yi dam nyams su len pa las: gzhan gyi lag tu ma shor cig:yon tan 'bras bu brjod mi dgos: 'dud mo khams gsum za byed mas: dus kun g.yel bar med par srungs: yum chen ye shes DAk+ki mas: brda grol srid me'i brda ris las: khrag 'thung bde ba'i rdo rjes phab: nye gnas rig 'dzin ming can gyis: yi ge'i rigs su bris pa ste: yum chen sku tshe mthar phyin zhing: 'gro don nyi 'og khyab par shog: sa ma yA: rgya rgya rgya: gu h+ya:_kha thaM:_a+thi+-i:_a la la:_e ma ho:_swA sti sa ra ya:

[edit]
ཡང་གསང་ཐུགས་ཀྱི་ཐིག་ལེ་ལསཿ གསང་བའི་གཉེར་འཛིན་མཆོད་ཐབས་ཡིད་བཞིན་དབང་རྒྱལ་བཞུགསཿ