DKYD-KABUM-07-JA-029: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 7: Line 7:
|author=Mdo mkhyen brtse
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|authortib=མདོ་མཁྱེན་བརྩེ་
|citation=
|sourcerevealer=Mdo mkhyen brtse
|sourcerevealertib=མདོ་མཁྱེན་བརྩེ་
|tibgenre=Protector Rituals - gsol mchod
|terma=Yes
|language=Tibetan
|language=Tibetan
|pagestatus=Temporary stub only
|volumenumber=07
|volumenumber=07
|volnumtib=ཇ
|volyigtib=༧
|volumeLetter=JA
|volumeLetter=JA
|textnuminvol=029
|textnuminvol=029

Revision as of 09:49, 28 June 2024

Wylie title
Location mdo mkhyen brtse bka' 'bum
Volume 7, Text 29, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Protector Rituals - gsol mchod
[edit]
༄༅། །ཡུལ་ལྷའི་བསང་མཆོད་ཕྲིན་ལས་མྱུར་འགྲུབ་ཅེས་བྱ་བ་བཞུགས།

«བླ་མ་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཡུལ་སྤྱིའི་བསང་མཆོད་བྱ་བར་འདོད་པས་ཅི་འབྱོར་བའི་ཡོ་བྱད་བཤམས་ལ་བསང་སྦྱངས།» སྟོང་པའི་ངང་ལས་ཏིང་ངེ་འཛིན་གྱི་བྱེད་ལས་ཀྱིས་ཕྱི་ནང་གསང་བའི་མཆོད་རྫས་རྣམས་འདོད་པའི་ཡོན་ཏན་ལྔའི་བཞེད་དགུའི་ལོངས་སྤྱོད་མི་ཟད་པའི་གཏེར་ཆེན་པོར་གྱུར། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། ཀྱཻ། སྔོན་ཚེ་པདྨ་འབྱུང་གནས་ཀྱིས། །བཀའ་དང་དམ་ལ་བཞག་པ་ཡི། །ཡུལ་འདིར་གནས་པའི་གཞི་བདག་རྣམས། །མཆོད་སྦྱིན་བསང་གི་མགྲོན་དུ་གཤེགས། །དངོས་བཤམས་བསང་གསུར་ཇ་ཆང་སྐྱེམས། །ལ་སོགས་བཞེད་དགུའི་ལོངས་སྤྱོད་དང༌། །ཡིད་སྤྲུལ་ཀུན་བཟང་མཆོད་པའི་སྤྲིན། །འཛད་མེད་ནམ་མཁའི་མཛོད་ཀྱི་གཏེར། །བཞེས་ལ་པདྨའི་ཐ་ཚིག་བཞིན། །སྔ་འགྱུར་བསྟན་དང་བསྟན་འཛིན་སྡེ། །འཛིན་མའི་གར་ཁྱབ་སྤེལ་བ་ཡི། །ཕྲིན་ལས་གཡེལ་མེད་སྒྲུབ་པ་དང༌། །ཁྱད་པར་བདག་སོགས་ལྟོས་བཅས་ལ། །འཇིགས་པ་བརྒྱད་སོགས་མི་མཐུན་ཕྱོགས། །ཞི་བའི་ཕྲིན་ལས་འོད་བརྒྱའི་གཟིས། །བ་མོ་བཞུས་པ་ཇི་བཞིན་དུ། །མིང་ཙམ་མེད་པར་ཞི་བ་དང༌། །ཚེ་དང་བསོད་ནམས་དཔལ་འབྱོར་སྟོབས། །མངའ་ཐང་ལོངས་སྤྱོད་མ་ལུས་པ། །རྒྱས་པའི་ཕྲིན་ལས་ནོར་བུ་ལ། །གསོལ་བ་བཏབ་བཞིན་སྤེལ་བ་དང༌། །རྣམ་གསུམ་འདུ་བ་ལྕགས་ཀྱི་ཁམས། །མ་ལུས་དབང་གི་ཕྲིན་ལས་ཀྱིས། །ཁབ་ལེན་རྡོ་ཡི་མཆིལ་མ་ཡིས། །སྐད་ཅིག་དབང་དུ་བྱེད་པ་དང༌། འགལ་སྦྱོར་རྩོམ་པའི་ནག་ཕྱོགས་ཀྱི། །དགྲ་དང་བགེགས་ཀྱི་དཔུང་ཚོགས་ཀུན། །དྲག་པོའི་ཕྲིན་ལས་མེ་ཆར་གྱིས། །མྱུར་བ་ཉིད་དུ་བརླག་པ་དང༌། །མདོར་ན་བསམ་པའི་དོན་རྣམས་ཀུན། །འབད་མེད་ལྷུན་གྱིས་གྲུབ་པར་མཛོད། «།ཅེས་པའི་བསང་མཆོད་ཕྲིན་ལས་མྱུར་འགྲུབ་ཅེས་བྱ་བ་ཡབ་བསོད་ནམས་འཕན་གྱིས་བསྐུལ་ངོར། སྤྲང་སྨྱོན་ཡེ་ཤེས་རྡོ་རྗེས་བྲིས་པ་དགེའོ། །མངྒ་ལཾ། །