DKYD-KABUM-07-JA-015: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 7: Line 7:
|author=Mdo mkhyen brtse
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|authortib=མདོ་མཁྱེན་བརྩེ་
|citation=
|sourcerevealer=Mdo mkhyen brtse
|sourcerevealertib=མདོ་མཁྱེན་བརྩེ་
|tibgenre=Smoke Offerings - bsangs mchod - lha bsang
|terma=Yes
|language=Tibetan
|language=Tibetan
|pagestatus=Temporary stub only
|volumenumber=07
|volumenumber=07
|volnumtib=ཇ
|volyigtib=༧
|volumeLetter=JA
|volumeLetter=JA
|textnuminvol=015
|textnuminvol=015

Revision as of 09:29, 28 June 2024

Wylie title
Location mdo mkhyen brtse bka' 'bum
Volume 7, Text 15, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Smoke Offerings - bsangs mchod - lha bsang
[edit]
༄༅། །གཡུ་རྩེའི་བསང་བསྡུས་ནི། ཀྱེ་ཀྱེཿ ཕྱོགས་ཕྱོགས་དེ་ནི་ཕ་ཀི་ན། །རྨ་སྨར་གཉིས་ཀྱི་ས་མཚམས་ནས། །འཛམ་བུ་གླིང་གི་མངའ་བདག་པོ། །ཟོ་དོར་དགེ་བསྙེན་མཐུ་བོ་ཆེ། །གཉན་པོ་གཡུ་རྩེ་ཡབ་ཡུམ་སྲས། །བཙུན་མོ་བློན་ཆེན་དྲེགས་པའི་སྡེ། །བཀའ་ཉན་ལས་བྱེད་སྤྲུལ་འཁོར་བཅས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །དགྱེས་པར་བཞུགས་ལ་གུས་པས་འདུད། །ཕྱེ་མར་ཟས་སྣ་དར་ཟབ་དང༌། །འབྲུ་སྨན་ཤིང་རྩི་སྣ་ཚོགས་ཀྱི། །དྲི་ཞིམ་བསང་གི་དུད་པས་བསང༌། །མི་གཙང་མནོལ་ཞིང་བཙོག་པ་དང༌། །རྨུགས་བྱིང་འཐིབ་པ་ཐམས་ཅད་བསང༌། །མཁོན་གཞོབ་རོ་བག་ལ་སོགས་པའི། །བག་མེད་ལས་བགྱིས་ཐམས་ཅད་བསང༌། །གསེར་སྐྱེམས་གཡུ་སྐྱེམས་ཕུད་ཀྱིས་མཆོད། །ཁྱེད་ཀྱི་ཐུགས་དང་འགལ་བགྱིས་བཤགས། །བདག་ཅག་ཚེ་བསྲིང་ནད་ཡམས་ཞི། །ནོར་སྤེལ་དམིགས་བྱ་དབང་དུ་བསྡུས། །སྡང་བའི་དགྲ་སོད་བགེགས་དཔུང་གཞོམས། །བསམ་པའི་དོན་དང་གཉེར་བའི་ལས། །ཐེ་ཚོམ་མེད་པར་མྱུར་འགྲུབ་མཛོད། །ཀྭི་ཀྭི་ལྷ་རྒྱལ་ངོ་སོ་བསྟོད། །ཅེས་པའང་སྔོ་མཚོའི་འགྲམ་ནས་ཁྲག་འཐུང་དཔའ་བོས་སྨྲས་སོ།