DKYD-KABUM-06-CHA-028: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 7: Line 7:
|author=Mdo mkhyen brtse
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|authortib=མདོ་མཁྱེན་བརྩེ་
|citation=
|sourcerevealer=Mdo mkhyen brtse
|sourcerevealertib=མདོ་མཁྱེན་བརྩེ་
|terma=Yes
|language=Tibetan
|language=Tibetan
|volnumtib=༦
|volyigtib=ཆ
|pagestatus=Temporary stub only
|pagestatus=Temporary stub only
|volumenumber=06
|volumenumber=06

Revision as of 13:06, 27 June 2024

Wylie title
Location mdo mkhyen brtse bka' 'bum
Volume 6, Text 28, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre
[edit]
ཀྭཾཿ ཡུང་«གསང་ཐུགས་ཐིག་ཆ་ལག་ལསཿ ཕྱག་ན་པདྨའི་རྒྱུན་ཁྱེར་བཞུགས་སོཿ ན་མོ་ལོ་ཀི་ཤྭ་ར་ཡཿ ཕྱག་ན་པདྨ་བསྒྲུབ་པའི་ཐབསཿ སྤྲོས་མེད་ཨ་ཏི་ཡོ་གའི་ལུགསཿ རྒྱུན་གྱི་རྣལ་འབྱོར་བསྟན་པར་བྱཿ ན་མོ་བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ ཉི་»ཟླ«་པདྨའི་གདན་ལ་བཞུགསཿ བྱང་ཆུབ་བར་དུ་བདག་སྐྱབས་མཆིཿ སྨོན་འཇུག་དོན་དམ་བྱང་སེམས་བསྐྱེད»ཿ« གུས་པས་ཕྱག་འཚལ་མཆོད་པ་འབུལཿ ཉམས་ཆགས་མཐོལ་བཤགས་དགེར་ཡི་རངས»ཿ« ཆོ»ས«་འཁོར་བསྐོར་བ»སྐུ«ལ་བཞུགས་གསོལ་འདེབས»ཿ« དགེ་ཚོགས་བླ་མེད་བྱང་ཆུབ་བསྔོཿ» «དངོས་གཞི་ཉམས་ལེན་རིམ་པ་ནིཿ ཧྲཱིཿ ཆོས་ཉིད་སྟོང་ཞིང་བདག་མེད་ངང་༔ མ་རྟོགས་འགྲོ་ལ་སྙིང་རྗེ་ཤརཿ རིག་པ་ཧྲཱིཿཡིག་ཡོངས་གྱུར་ལསཿ རྒྱལ་ཀུན་སྙིང་རྗེའི་རང་གཟུགས་མཆོགཿ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགསཿ དཀར་གསལ་ཞལ་གཅིག་ཕྱག་གཉིས་པཿ མཛེས་འཛུམ་སྤྱན་གྱིས་འགྲོ་ལ་གཟིགསཿ ཕྱག་གཡས་མཆོད་སྦྱིན་ནོར་འཕྲེང་འདྲེནཿ གཡོན་པས་དཀོན་མཆོག་གསུམ་མཚོན་རྒྱསཿ པད་དཀར་ཡུ་བ་ཐུགས་ཀར་བསྣམསཿ ཞབས་གཉིས་འགྲོ་བའི་དོན་ལ་བཞེངསཿ རིན་ཆེན་རྒྱན་ཆ་དུ་མས་སྤྲསཿ དར་དཔྱང་སྨད་དཀྲིས་སྟོད་གཡོག་ཅནཿ ཐོར་ཚུགས་ཨ་མི་ཧེ་ཝ»ས«་བརྒྱནཿ ལོངས་སྤྱོ»ད«་»རྫོ«གས་སྐུའི་ཆ་ལུགས་རྫོགསཿ པདྨ་ཉི་ཟླའི་གདན་གྱི་»སྟེ«ང་ཿ ཁ་ས»ར་པ«་ཎི་རྒྱལ་བའི་ཡབ»ཿ« སྣང་ལ་རང་བཞིན་མེད་པར་གསལ»།« གནས་གསུམ་ཨོཾ་ཨཱཿ་ཧཱུྃ་གིས་མཚན»ཿ« ཐུགས་ཀའི་འོད་ཀྱིས་འཕྲོ་འདུས་ལསཿ ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་བསྟིམསཿ བཞུགས་གསོལ་ཕྱག་འཚལ་མཆོད་པ་འབུལཿ གསང་བ་གསུམ་ལ་གུས་པས་བསྟོདཿ ཐུགས་ཀར་ཉི་ཟླའི་གའུའི་དབུསཿ སྲོག་གི་སྙིང་པོ་ཡི་གེ ཧྲཱིཿ མཐའ་བསྐོར་ཡི་གེ་དྲུག་མས་བསྐོརཿ འོད་ཟེར་འཕྲོ་འདུས་དོན་གཉིས་བྱསཿ དབང་དང་བྱིན་རླབས་དངོས་གྲུབ་ཐོབཿ སྒོ་གསུམ་ལྷ་སྔགས་ཆོས་ཉིད་ངང་ཿ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ གསང་བའི་ཡང་སྙིང་འདི་ལ་འབདཿ རིགས་དྲུག་གནས་སྟོང་མྱ་ངན་འདའཿ མཐོང་ཐོས་དྲན་རིང་དག་ཞིང་འདྲེནཿ ཐེ་ཚོམ་མེད་པའི་གང་ཟག་ལཿ དངོས་གྲུབ་མྱུར་བར་སོམ་ཉི་བྲལ༔ ཕྱག་ན་པདྨའི་ཆོས་ཚན་ལསཿ གཏེར་སྨྱོན་ཁྲག་འཐུང་རྡོ་རྗེས་ཕབཿ རིག་པའི་ཡེ་ཤེས་ཀྱིས་བྲིས་པཿ འགྲོ་ཀུན་འདྲེན་པའི་དཔལ་དུ་ཤོགཿ