ཡང་གསང་ཐུགས་ཀྱི་ཆ་ལག་ལས༔ དམར་གསུར་ཤ་ཟ་དགྱེས་སྐོང་༔

From Khyentse Lineage - A Tsadra Foundation Project
Wylie title yang gsang thugs kyi cha lag las dmar gsur sha za dgyes skong
Location mdo mkhyen brtse bka' 'bum
Volume 6, Text 27, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Burnt Offerings - gsur mchod
Colophon

འདི་ཡི་ཕན་ཡོན་ནུས་པ་བརྗེད་ལས་ལསཿ བདེ་སྟིར་ཐུགས་ནི་ཆ་ལག་དཔའ་བོས་སྲསཿ ཆོས་ཀྱི་བདག་པོར་ཡི་གེའི་རིས་སུ་ཕབཿ དགེ་བས་སྐྱེ་འགྲོ་དཔག་མེད་སྲོག་ཐར་ཤོགཿ

'di yi phan yon nus pa brjod las 'das: bde ster thugs kyi cha lag dpa' bos smras: chos kyi bdag pos yi ge'i rigs su phab: dge bas skye 'gro dpag med srog thar shog:

[edit]
༁ྃཿ «ཡང་གསང་ཐུགས་ཀྱི་ཆ་ལག་ལས༔ དམར་གསུར་ཤ་ཟ་དགྱེས་སྐོང་བཞུགས༔ ཨཱྃཿ ཁྲག་འཐུང་ཧེ་རུ་ཀ་ལ་འདུདཿ སྲོག་དན་འཆི་བ་བསླུ་བ་དང་༔ དམར་ལ་རྔམས་པའི་འབྱུང་པོའི་ཚོགས༔ ཚིམ་ཕྱིར་དྲག་པོ་སྲོད་ཀྱི་དུསཿ དམར་ཀྱི་གསུར་བྱུང་ཆབ་ཀྱིས་བྲནཿ ཨོཾ་ཨཱཿ་ཧཱུྃཿལན་གསུམ་གྱིས་རླབས་ལཿ བདག་ཉིད་ཡི་དམ་ལྷ་ཡི་ཐུགས་ག་ནསཿ འ»ཕྲ«ོས་པའི་འོད་ཟེར་དམར་»གྱ«ི་དུད་པར་ཕོགཿ ཤ་ཁྲག་འདོད་ཡོན་དཔག་མེད་འཕྲོ་བ་ཡིས༔» «ཧཱུྃ མགྲོན་རིགས་མཉེས་པའི་དྲི་རོ་ནུས་ལྡན་གྱུར༔ རྩ་གསུམ་སྲིད་ཞུས་མགྲོན་ལ་ཤ་ལྔ་དང་༔ བདུད་»རྩི་«ལྔ་ཡི་རང་བཞིན་རྫས་སྤྲུལ་ཏེཿ འགྲོ་བའི་ཚོགས་རྫོགས་སྒྲིབ་པ་དག་ཕྱིར་འབུལཿ ཐུགས་རྗེ་བརྩེ་བ་ཆེན་པོའི་དགོངས་སུ་གསོལཿ ཡོན་ཏན་མགྲོན་ལ་དམ་རྫས་བདུད་རྩིའི་སྤྲིནཿ ཟག་མེད་ཐུགས་དམ་བསྐང་བའི་རྫས་སྤྲུལ་ཏེཿ ཆགས་ཆེ་ཉམས་ང་བྱད་ཕུར་བཟློག་ཕྱིར་འབུལཿ རྨི་ལྟས་མཚན་ངན་ནད་གདོན་དགྲ་ལ་བཟློགཿ སྙིང་རྗེའི་མགྲོན་ལ་འདོད་པའི་ལོངས་སྤྱོད་དང་ཿ རང་རང་ཡིད་མཐུན་མཁོ་དགུའི་དཔལ་དུ་སྦྱིནཿ སོ་སོའི་སྡུག་སེམས་སྡུག་བསྔལ་ཡོངས་བྲལ་ནསཿ སྦྱོར་སྒྲོལ་གསང་སྔགས་གདུལ་བྱ་འགྱུར་བར་ཤོགཿ ལན་ཆགས་མགྲོན་ལ་ཤ་ཁྲག་ཟས་གོ»ས«་སོགས༔ ཕམ་རྒྱལ་མེད་པར་རང་རང་མགུ་བར་སྦྱིནཿ འཁོར་བར་འཁོར་བའི་ཤ་མཁོན་བུ་ལོན་བྱང་ཿ ལན་ཆགས་དག་ནས་འཁོན་སེམས་ཞི་བར་ཤོགཿ ཁྱད་པར་ཤ་ལ་རྔམས་ཤིང་ཁྲག་ལ་གདུགཿ གདུག་སེམས་ལྡན་པའི་ གནོད་བྱེད་འབྱུང་པོ་དང་ཿ ཤ་ཟ་སྲིན་པོ་ཟ་འདྲེ་ཤི་གཤེད་རིགསཿ སྲོག་གཅོད་དབུགས་ལེན་ཚེ་ལེན་མདངས་འཕྲོག་ཅིང་ཿ གསོན་བདུད་གཤིན་ལྕག་ཐེའུ་རང་དྲི་ཟ་བཿ རྒྱལ་བསེན་གྲི་བོ་གྲི་མོ་ནད་རིམས་བདགཿ རང་རང་ཡིད་ལ་གང་དགོས་གསུར་དུ་སྤྲིནཿ ཤ་ཕྲག་རུས་ཚིལ་རྐང་ཞག་ཆར་འབེབ་པའིཿ འདོད་ཡོན་མཁོ་དགུའི་མི་ཟད་གཏེར་ཆེན་འདིཿ སྦྱིན་ནོ་ཐམས་ཅད་ངོམས་ཤིང་ཚིམ་དགྱིས་ལཿ བ»ཀྲེས«་པའི་ཟས་དང་སྐོམ་པ་རྣམས་ཀྱི་བཏུང་ཿ འཁྱག་པའི་གསོ་སོགས་གང་འདོད་ལོངས་སྤྱོ་ནསཿ གནོད་སེམས་གདུག་རྩུབ་འཁོན་སེམས་ཀུན་བྱང་ཞིང་ཿ བདག་དང་བསྲུང་བྱའི་ཚེ་སྲོག་བླ་བཀྲག་བསླུཿ སྟོང་ཉིད་བྱང་ཆུབ་སེམས་ཀྱི་ཧུད་གྲོལ་ཞིང་ཿ མཐར་ཐུགས་སྔགས་གསང་གདུལ་»བྱ«ར་འགྱུར་བར་ཤོགཿ སྦྱིན་པ་རྒྱ་ཆེན༴ འབྱུང་པོ་གང༴ ཆོས་དང་ཟང་ཟིང་༴ མགྲོན་རྣམས་སོ་སོ་རང་རང་གི་གནས་སུ་གཤ»ེ«གས་པར་གྱུརཿ རྗེས་ལ་བསྔོ་བ་བྱའོཿ འདི་ཡི་ཕན་ཡོན་ནུས་པ་བརྗེད་ལས་ལསཿ བདེ་སྟིར་ཐུགས་ནི་ཆ་ལག་དཔའ་བོས་སྲསཿ ཆོས་ཀྱི་བདག་པོར་ཡི་གེའི་རིས་སུ་ཕབཿ དགེ་བས་སྐྱེ་འགྲོ་དཔག་མེད་སྲོག་ཐར་ཤོགཿ