DKYD-KABUM-06-CHA-019: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 7: Line 7:
|author=Mdo mkhyen brtse
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|authortib=མདོ་མཁྱེན་བརྩེ་
|citation=
|sourcerevealer=Mdo mkhyen brtse
|sourcerevealertib=མདོ་མཁྱེན་བརྩེ་
|terma=Yes
|language=Tibetan
|language=Tibetan
|volnumtib=༦
|volyigtib=ཆ
|pagestatus=Temporary stub only
|pagestatus=Temporary stub only
|volumenumber=06
|volumenumber=06

Revision as of 12:01, 27 June 2024

Wylie title
Location mdo mkhyen brtse bka' 'bum
Volume 6, Text 19, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre
[edit]
༄༅། །ཡང་གསང་ཐུགས་ཐིག་ཆ་ལག་ལསཿ འགྲོ་དོན་ཕྱག་ན་པདྨ་ཡིཿ གསལ་བྱེད་གདམས་པ་ཟབ་མོ་ནིཿ ཧྲཱིཿ རང་རིག་སྐད་ཅིག་དྲན་རྫོགས་སུཿ པད་དཀར་ཉི་མ་ཟླ་བའི་གདནཿ སྙིང་རྗེའི་རང་གཟུགས་སྤྱན་རས་གཟིགསཿ དྲི་མེད་དུང་མདོག་ཞལ་གཅིག་ཞིཿ ཕྱག་གཉིས་ཐལ་སྦྱར་མིག་འབྱེད་ཀྱིཿ ནོར་བུ་བསྣམ་ཞིང་འོད་ཟེར་འཕྲོཿ ཞབས་གཉིས་སྐྱིལ་མོ་ཀྲུང་གིས་བཞུགསཿ རིན་ཆེན་རྒྱན་ལྡན་དར་གོས་གསོལཿ སྤྱི་གཙུག་སྣང་བ་མཐའ་ཡས་ཀྱིཿ ཕྱག་གི་བུམ་པའི་ཆུ་རྒྱུན་གྱིསཿ ཁྲུས་མཛད་བདག་དང་ལྷ་སྲུང་གིཿ མི་གཙང་ཉམས་གྲིབ་ཀུན་སྦྱང་བཀྲུསཿ ཐུགས་ཀར་ཟླ་སྟེང་ཧྲཱིཿ་ཡིག་མཐརཿ སྔགས་ཀྱིས་བསྐོར་བའི་འོད་བྱིན་རླབསཿ ཡིད་བཞིན་ནོར་བུའི་ནུས་སྟོབས་ཀྱིསཿ ནད་གདོན་མི་གཙང་གྲིབ་རྐྱེན་ལསཿ མིག་སྐྱོན་སྒྲིབ་བྱེད་ཀུན་བསལ་ནསཿ རྣོ་གསལ་ཡེ་ཤེས་སྤྱན་རྒྱས་པརཿ བྱིན་རློབས་བླ་མ་སྤྱན་རས་གཟིགསཿ ཨོཾ་པདྨེ་པདྨེ་མ་ཎི་ཙཀྵུ་མེ་ཊི་ཤ་ཏྲཱུ་ན་ཡེ་སྭཱ་ཧཱཿ ཅི་ནུས་བཟླ་ཞིང་མིག་དྲོད་གསོཿ ཐོ་རངས་་དུས་སུ་སྔགས་ཆུ་བྱུགཿ མིག་འབྱེད་གདམས་པ་མང་མོད་ཀྱང་ཿ འདི་ལས་ཟབ་པ་ཡོད་རེ་ཀནཿ ཁྲག་འཐུང་དཔའ་བོའི་ཁྱད་ཆོས་སོཿ ས་མ་ཡཿ