DKYD-KABUM-05-CA-030: Difference between revisions

From Khyentse Lineage - A Tsadra Foundation Project
(Imported new text files with Wyckibaat for processing)
 
No edit summary
 
(2 intermediate revisions by 2 users not shown)
Line 1: Line 1:
༄༅། །ཡང་གསང་མཁའ་འགྲོའི་སྙིང་བཅུད་ལས༔ གར་གྱི་ལྷ་མོའི་གསང་སྒྲུབ་བཞུགས༔ ༄༅། «།ཐབས་མཆོག་བདེ་ཆེན་དཔའ་བོ་ཧེ་རུ་ཀ། རྒྱུན་དུ་སེམས་དང་འབྲལ་མེད་མཛོད༔ རྗེ་བཙུན་དབང་གི་ལྷ་མོར་འདུདཿ འཕགས་མ་སྒྲོལ་མ་རྣལ་འབྱོར་ལཿ རྡོ་རྗེ་ཕག་མོ་གསང་བ་ལྟར༔ རིག་བྱེད་དབང་མོའི་གསང་བསྒྲུབ་བསྟན༔ སྟེགས་བུ་གྲུ་བཞི་མཛེས་པའི་ཁར༔ མེ་ཏོག་དམར་པོའི་ཚོམ་བུ་ནི༔ བདུན་བཀོད་དེ་སྟེང་ཐོད་པའི་ནང་ཿ བུར་ཆང་བདུད་རྩི་ལྔ་ལྡན་ཁར༔ མེ་ལོང་སིནྡྷུ་རས་བྱུགས་པར༔ ཆོས་འབྱུང་དབུས་སུ་ཧྲཱིཿཡིག་མཐར༔ སྔགས་ཀྱིས་བསྐོར་ཞིང་ཟུར་དྲུག་ཏུ༔ ཧ་རི་ནི་ས་ནྲི་ཛཿབཀོད༔ དཀར་དམར་གུར་ཕུབ་སྒྲུབ་གཏོར་དང་༔ སྨན་རཀ་ཉེར་སྤྱོད་མཐའ་བསྐོར་ཞིང་༔ དཔྲལ་པར་ལི་ཁྲིས་ཐིག་ལེ་བྱ༔ ལྟ་དགོངས་ཆོས་ཉིད་གདེངས་ལྡན་ཞིང་༔ སྣོད་བཅུད་དཀྱིལ་འཁོར་གསུམ་ལྡན་གྱིས༔ ལམ་ཁྱེར་གྲོལ་ཚད་ལྡན་པ་ལ༔ མཚན་བཅས་དཀྱིལ་འཁོར་སྤྲོས་པ་བྲལ༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ »ཧྲཱིཿ སྤྲོས་བྲལ་ཀ་དག་གདོད་མའི་མཁའ་ཀློང་ལས༔ ལྷུན་གྲུབ་དག་པ་རབ་འབྱམས་རོལ་རྩལ་གདངས༔ ཁམས་གསུམ་དབང་བསྒྱུར་འཕགས་མ་རིག་བྱེད་མར༔ མི་འབྲལ་བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ «གཉིས་སེམས་བསྐྱེད་པ་ནི༔ »མཁའ་མཉམ་འགྲོ་རྣམས་སྡུག་བསྔལ་རྒྱ་མཚོ་ལས༔ གྲོལ་ཞིང་ཡང་དག་རྫོགས་བྱང་མཆོག་ཐོབ་ནས༔ བདེ་ཆེན་དོན་གྱི་རྣལ་འབྱོར་བསྒྲུབ་པའི་ཕྱིར༔ གསང་བའི་ལྷ་མོ་སྒྲུབ་པར་སེམས་བསྐྱེད་དོ༔ «གསུམ་པ་ཡན་ལག་བདུན་པ་ནི༔ »ཧྲཱིཿམ་ཆགས་ཆགས་བྲལ་ཆགས་ཆེན་དབང་གི་ལྷར༔ བདེ་ཆེན་འདུ་འབྲལ་མེད་པའི་ཕྱག་འཚལ་ལོ༔ བཟང་ངན་གཙང་རྨེ་འཛིན་བྲལ་མཆོད་པ་འབུལ༔ བདག་འཛིན་བག་ཆགས་ཆོས་ཉིད་ཀློང་དུ་བཤགས༔ བདེ་བ་ཆེན་པོའི་ཆོས་འཁོར་བསྐོར་བར་བསྐུལ༔ དགའ་བཞིའི་ཡེ་ཤེས་ངང་དུ་བཞུགས་གསོལ་འདེབས༔ དགེ་རྩ་བྱང་ཆུབ་ཆེན་པོའི་རྒྱུར་བསྔོའོ༔ «བཞི་པ་བགེགས་ལ་བཀའ་བསྒོ་བ་ནི༔» ཧྲཱིཿ ང་ནི་བདེ་ཆེན་རྣལ་འབྱོར་ཁྲོ་མོའི་རྒྱལ༔ མ་རུང་ལོག་འདྲེན་འབྱུང་པོ་སྤྱི་དང་ནི༔ བྱེ་བྲག་གསང་སྔགས་བསྒྲུབ་ལ་བར་གཅོད་པའི༔ གདོན་བགེགས་མཆོད་སྦྱིན་གཏོར་མས་ཚིམ་གྱིས་ལ༔ གནས་འདིར་མ་འདུག་རྒྱ་མཚོའི་ཕ་མཐར་དེངསཿ གང་དག་མི་འགྲོ་ཡེ་ཤེས་མེ་ཡིས་སྲེགས༔ «ཧཱུྃ་བཞིའི་སྔགས་དང་ལྟ་བས་གཟིར༔ ལྔ་པ་སྲུང་འཁོར་སྒོམ་པ་ནི༔ »ཧཱུྃཿཕྱི་སྣོད་ཐམས་ཅད་བདེ་བ་ཆེན་པོའི་ཞིང་༔ ནང་བཅུད་ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་ཏེ༔ བགེགས་དང་ལོག་འདྲེན་བར་ཆད་མིང་ཡང་མེད༔ སྟོང་ཉིད་ཡེ་ཤེས་ཆེན་པོར་མཚམས་བཅད་དོ༔« དྲུག་པ་བྱིན་ཆེན་དབབ་པ་ནི༔ »ཧྲཱིཿ ཆོས་སྐུ་འདུ་འབྲལ་མེད་པའི་ཞིང་ཁམས་ནསཿ ཀུན་བཟང་བདེ་ཆེན་ཡུམ་གྱིས་བྱིན་ཕོབ་ཅིག༔ ལོངས་སྤྱོད་རྫོགས་པའི་གནས་མཆོག་ཉམས་དགའ་ནས༔ བརྗོད་བྲལ་དཔའ་བོ་དཔའ་མོ་བྱིན་ཕོབ་ཅིག༔ སྤྲུལ་སྐུའི་གནས་མཆོག་སུམ་ཅུ་སོ་གཉིས་དང་༔ དུར་ཁྲོད་བརྒྱད་དང་ཉི་ཤུ་རྩ་བཞིའི་ཡུལ༔ བདེ་ཆེན་རོལ་བའི་ཞིང་ཁམས་ཉམས་དགའ་ནས༔ རིག་འཛིན་དཔའ་བོ་རྣལ་འབྱོར་མ་ཚོགས་དང་༔ ཀུ་རུ་ཀུལླེའི་ལྷ་ཚོགས་བྱིན་ཕོབ་ཅིག༔ དཀྱིལ་འཁོར་སྒྲུབ་རྫས་འདི་ལ་བྱིན་ཆེན་ཕོབ༔ བདག་ཅག་སྒྲུབ་པ་པོ་ལ་དབང་བཞི་བསྐུར༔ སྣང་གསལ་མར་མེ་འདི་ལ་མདངས་ཅིག་ཕྱུང༔ གནས་ཁང་གཞལ་ཡས་འདི་ལ་བཀྲག་ཅིག་སྟོན༔ ཕྱི་ནང་མཆོད་རྫས་འདི་ལ་གཟི་བྱིན་བསྐྱེད༔ སྐུ་གསུང་ཐུགས་ཀྱི་བྱིན་ཆེན་དབབ་ཏུ་གསོལ༔ གུ་རུ་དྷེ་ཝ་ཌཱཀྐི་ནི་ཀུ་རུ་ཀུལླེ་སརྦ་ས་མ་ཡ་ཨ་བེ་ཤ་ཡ་ཕཻཾ་ཕཻཾ་ཕཻཾ༔« བདུན་པ་མཆོད་རྫས་བྱིན་རླབས་ནི༔ »ཧཱུྃཿཕྱི་སྣོད་ནང་བཅུད་ཀུན་བཟང་མཆོད་པའི་རྫས༔ ངོ་བོ་བདུད་རྩི་རྣམ་པ་དཀྱིལ་འཁོར་ལྷ༔ མཉེས་བྱེད་མཆོད་པའི་རྫས་སུ་བྱིན་བརླབས་ནས༔ དཔག་ཡས་རྒྱ་ཁྱོན་ནམ་མཁའི་མཐའ་ཀླས་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པུ་ཛ་མེ་གྷ་ས་མ་ཡ་ཧོ༔ «དེ་དག་སྔོན་འགྲོའི་རིམ་པའོ༔ ས་མ་ཡཱཿ གཉིས་པ་དངོས་གཞིའི་རིམ་པ་འདི་ལྟ་སྟེ༔ དངོས་པོ་དཀྱིལ་འཁོར་ལྷ་ཚོགས་བསྐྱེད་པ་ནི༔» ཧྲཱིཿ ཆོས་ཉིད་འདུས་མ་བྱས་པའི་ངང་མདངས་ལས༔ སྙིང་རྗེ་ཆེན་པོ་ཀུན་ཏུ་ཁྱབ་པར་འཕྲོས༔ རང་རིག་མ་བཅོས་ཧྲཱིཿཡིག་དམར་པོ་ལས༔ འོད་འཕྲོས་རྒྱལ་བ་མཆོད་ཅིང་བྱིན་ནུས་བསྡུས༔ འགྲོ་དྲུག་ལས་ཉོན་བག་ཆགས་ཀུན་སྦྱངས་ཤིང་༔ བཀྲག་མདངས་གཟི་བརྗིད་བསྡུས་ནས་ཧྲཱིཿལ་ཐིམ༔ ཕྱི་སྣོད་ཟླ་གམ་དབང་གི་ཕོ་བྲང་མཆོག༔ བརྒྱན་བཀོད་ཕུན་ཚོགས་འོག་མིན་སྤྲུལ་པའི་ཞིང་༔ ཡེ་ཤེས་ལྔ་ལྡན་འོད་ཀྱི་ཐིག་ལེའི་དབུས༔ དབང་གི་ཆོས་འབྱུང་ཟུར་དྲུག་ལྟེ་བ་རུ༔ ཆུ་སྐྱེས་གེ་སར་ཐབས་ཤེས་ཉི་ཟླའི་སྟེང་༔ རྒྱུ་ཡིག་ཡོངས་གྱུར་འཕགས་མ་རིག་བྱེད་མ༔ དམར་གསལ་པདྨ་རཱ་གའི་ལྷུན་པོ་ལ༔ འོད་ཟེར་སྟོང་ལྡན་འཁྱུད་པའི་གཟི་བྱིན་ཅན༔ ཞལ་གཅིག་ཞི་མ་ཁྲོ་ཚུལ་ཆགས་པའི་ཉམས༔ ཡེ་ཤེས་སྤྱན་དབུས་འཆི་མེད་ལམ་དབྱིངས་གཟིགས༔ ཐབས་ཤེས་སྤྱན་གཉིས་འདོད་པའི་ཟུར་མིག་གཡོ༔ ཅུང་ཟད་ཞལ་གདངས་མཆེ་གཅིག་རོ་འཛིན་བསྐྱོད༔ དབུ་སྐྲ་ཐོར་ཅོག་ལྷག་མས་སྐུ་རྒྱབ་ཁེབས༔ ལང་ཚོའི་གཟི་འབར་ནུ་འབུར་བྷ་ག་རྒྱས༔ ཚད་མེད་ཕྱག་བཞིར་ལྡན་པའི་དང་པོ་གཉིས༔ ཨུཏྤལ་དམར་པོའི་མདའ་གཞུ་རབ་འགེངས་བ༔ ཐུགས་རྗེས་དབང་བསྒྱུར་ཉི་མའི་མདིལ་གྱིས་བརྒྱན༔ གཡས་འོག་སྲིད་གསུམ་འགུགས་པའི་ལྕགས་ཀྱུ་ཕྱར༔ གཡོན་པས་འཆིང་བྱེད་འོད་ཀྱི་ཞགས་པ་དང་༔ དངོས་གྲུབ་སྟེར་མཛད་བདུད་རྩིའི་ཐོད་པ་བསྣམས༔ ཞབས་གཉིས་གཡས་བསྐུམ་རྟིང་པ་བྷ་གར་གཏད༔ གཡོན་བརྐྱང་གནོད་སྦྱིན་ཕོ་མོའི་སྙིང་ཁར་བརྫིས༔ ཐོད་སྐམ་ལྔ་སོགས་རུས་པའི་རྒྱན་དྲུག་དང་༔ མཛེས་པའི་མེ་ཏོག་རིན་པོ་ཆེ་ཡིས་བརྒྱན༔ སྟག་ཤམ་སྨད་དཀྲིས་དར་གྱི་སྟོད་གཡོགས་ཅན༔ ཐུགས་ཀར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ༔ མཐིང་ནག་གྲི་ཐོད་འཛིན་ཅིང་བརྐྱང་བསྐུམ་གར༔ རྒྱན་དྲུག་དར་དཔྱང་ཁ་ཊྭཱཾ་རྩེ་གསུམ་འཆང་༔ ཕག་ཞལ་ངུར་སྒྲས་རྒྱལ་བའི་ཐུགས་རྒྱུད་བསྐུལ༔ འོད་ཀྱིས་བྱིན་རླབས་བསྡུས་ནས་ཐུགས་ཀར་ཐིམ༔ ཤར་ལྷོ་ནུབ་བྱང་པད་ཉིའི་གདན་སྟེང་དུ༔ རིགས་བཞིའི་མཁའ་འགྲོ་དཀར་སེར་དམར་ལྗང་མདོག༔ ཁྲོ་མོའི་ཆས་རྫོགས་གྲི་གུག་ཐོད་ཁྲག་འཛིན༔ མཚམས་བཞིར་འགུགས་འཆིང་བསྡོམ་མྱོས་ལྷ་མོ་བཞི༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོགས་དྲིལ་བུ་དང་༔ རླུང་གི་འཁོར་ལོ་འོད་ཀྱི་དྲྭ་བ་བསྣམས༔ དེ་ཕྱིར་པད་ཉི་རུ་ཏྲ་བསྣོལ་བའི་སྟེང་༔ བར་ཆད་བདུད་འདུལ་དབང་ཆེན་རིགས་བཞི་པོ༔ ལས་བཞིའི་མདོག་ལྡན་ཐོད་དབྱུག་ཞགས་པ་འཛིན༔ རྟ་མགོ་ལྗང་ཞུར་རྟ་སྐད་ཕྱོགས་བཅུར་སྒྲོགས༔ ཁྲོ་གཏུམ་གར་དགུའི་ཉམས་ལྡན་རྔམས་སྟབས་བཞུགས༔ གཞན་ཡང་རིགས་སྔགས་ལྷ་མོ་བྱེ་བ་དང་༔ དམོད་པ་གྲུབ་པའི་དྲང་སྲོང་འབུམ་གྱིས་བསྐོར༔ གཙོ་བོའི་སྤྱི་མགྲིན་སྙིང་ཀར་འབྲུ་གསུམ་དང་༔ ཁྱད་པར་ཐུགས་སྲོག་ཧྲཱིཿལས་འོད་འཕྲོས་པས༔ རང་བཞིན་སྤྲུལ་པའི་གནས་མཆོག་དམ་པ་ནས༔ ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་གཉིས་མེད་བསྟིམས༔« གཉིས་པ་སྤྱན་འདྲེན་པ་ནི༔ གུས་ཤིང་གདུང་བའི་ང་རོས་འདི་ལྟར་འབོད༔ »ཧྲཱི༔ འོག་མིན་ཆོས་དབྱིངས་སྤྲོས་པའི་མཐའ་དང་བྲལ༔ བདེ་ཆེན་འབར་བ་དབང་གི་གནས་མཆོག་དང་༔ པོ་ཏ་ལ་ལྕང་ལོ་ཅན་གྱི་གནས༔ ལྷོ་ཕྱོགས་ཀུ་རུ་ཀུལླེའི་རི་ཕུགས་ནས༔ དབང་མཛད་མཁའ་འགྲོ་ལྷ་མོ་རིགས་བྱེད་མ༔ རྩ་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས༔ བརྩེ་ཆེན་ཐུགས་རྗེ་ཆེན་པོའི་རྗེས་དགོངས་ལ༔ འདིར་གཤེགས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་རློབས་ཤིག༔ གུ་རུ་དྷེ་ཝ་ཌཱཀྐི་ནི་ཀུ་རུ་ཀུལླེ་ཧྲིང་ཧྲིང་ཨེ་ཧྱ་ཧི་བཛྲ་ས་མ་ཡ་ཛ་ཛ༔ «གསུམ་པ་བཞུགས་སུ་གསོལ་བ་ནི༔» ཧྲཱིཿ རིག་རྩལ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ༔ རྩ་གསུམ་རྒྱལ་བ་རབ་འབྱམས་མ་ལུས་ཀུན༔ འཕགས་མ་ཀུ་རུ་ཀུལླེའི་རྣམ་པ་རུ༔ དམ་ཚིག་ཡེ་ཤེས་གཉིས་མེད་བརྟན་པར་བཞུགས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ ཛ་ཧཱུྃ་བཾ་ཧོ་ཏིཥྛ་ལྷན༔ «བཞི་པ་ཕྱག་འཚལ་བ་ནི༔» ཧྲཱིཿ དབང་བསྒྱུར་ལྷ་མོ་ཀུ་རུ་ཀུལླེ་མ༔ རྒྱལ་ཀུན་ཕྲིན་ལས་ཕོ་ཉ་གར་མཁན་མོ༔ བྱིན་རླབས་ཀུན་སྟེར་ལྷག་པའི་ལྷ་མཆོག་ལ༔ གདུང་ཤུགས་གུས་པའི་ཡིད་ཀྱིས་ཕྱག་བགྱིའོ༔ ཨ་ཏི་པུ་ཧོཿ པྲ་ཏིཙྪ་ཧོ༔ «ལྔ་པ་མཆོད་པ་འབུལ་བ་ནི༔ »ཨོཾ་ཨཱཿཧཱུཾ་ཕྱི་ནང་སྣོད་བཅུད་འདོད་ཡོན་ལོངས་སྤྱོད་མཆོག༔ དབང་པོ་དྲུག་གི་ཡུལ་དུ་དགྱེས་དགུའི་རྫས༔ ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་ལེགས་བཀོད་དེ༔ དཀྱིལ་འཁོར་ལྷ་ཚོགས་དགྱེས་པ་བསྐྱེད་ཕྱིར་འབུལ༔ ཨོཾ་བཛྲ་ཨརྒྷཾ་པ་དྱཾ་པུཥྤེ་དྷུཔྤེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཏེ་ཤཔྟ་པྲ་ཏིཙྪ་པུ་ཙ་ཧོ༔ «དྲུག་པ་ནང་མཆོད་འབུལ་པ་ནི༔ »ཧྲཱི༔ རྨད་བྱུང་ནང་གི་མཆོད་པའི་བྱེ་བྲག་མཆོག༔ རྩ་བ་བརྒྱད་ལ་ཡན་ལག་སྟོང་སྦྱར་སྨན༔ བཅུད་ལྡན་དམ་རྫས་བཱ་ལིང་གཏོར་མ་དང་༔ རྒྱུ་གཉིས་རྐྱེན་བཞིར་བསྒྲལ་བའི་རཀྟའི་བཅུད༔ འབུལ་ལོ་དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་༔ མ་ཧཱ་པཉྩ་རཀྟ་བ་ལིངྟ་པུ་ཙ་ཧོ༔ «བདུན་པ་གསང་མཆོད་འབུལ་བ་ནི༔» ཧྲཱིཿཤེས་རབ་ཆགས་པའི་གར་བསྒྱུར་མཛེས་ལྡན་མ༔ ཐབས་མཆོག་འདོད་ལྡན་བཛྲ་དཔའ་བོ་དང་༔ སྦྱོར་བར་ལེགས་བསྐུལ་དགའ་བཞིའི་བདེ་ཆེན་རོ༔ འཁོར་བ་དབྱིངས་སྒྲོལ་བློ་འདས་ཕྱག་རྒྱ་ཆེ༔ གསང་མཆོད་འབུལ་ལོ་གཟུང་འཛིན་དབྱིངས་དག་ནས༔ བདེ་བ་ཆེན་པོའི་དངོས་གྲུབ་སྩལ་དུ་གསོལ༔ ཛ་ཧཱུྃ་བཾ་ཧོ༔ ཏ་ན་ག་ན་མ་ཧཱ་སུ་ཁ་དྷརྨཱ་དྷརྟུ་པུ་ཙ་ཧོ༔ «ཞེས་མཆོད་ཅིང་བསྟོད་པ་ནི༔» ཧྲཱིཿ མ་ཆགས་ཆགས་བྲལ་བདེ་ཆེན་དབང་གི་ལྷ༔ སྐུ་ནི་མི་འགྱུར་བདེ་ཆེན་གཟི་འོད་འབར༔ གསུང་ནི་མི་འགགས་ཆོས་ཉིད་རང་སྒྲ་སྒྲོགས༔ ཐུགས་ནི་མི་འགྱུར་བྱམས་བརྩེའི་རང་གདངས་ལས༔ འགྲོ་ཀུན་འཁོར་བ་དབྱིངས་སུ་སྒྲོལ་མཛད་པ༔ རྗེ་བཙུན་དབང་མཛད་རྣལ་འབྱོར་མ་ལ་བསྟོད༔ ཀུན་འབྱུང་མ་རིག་འཁོར་བའི་སེམས་ཅན་ཀུན༔ རང་དབང་གཏན་པ་བྲལ་བར་དཔའ་བསྐོར་ཞིང་༔ མི་ལྡོག་བྱང་ཆུབ་ལམ་དུ་འགོད་མཛད་པ༔ ཁམས་གསུམ་དབང་བྱེད་ཀུ་རུ་ཀུལླེར་བསྟོད༔ དགའ་བཞིའི་བདེ་སྟེར་མཆོག་གི་མཛའ་ན་མོ༔ ཀུན་འབྱུང་མ་རིག་འཁོར་བའི་རྣམ་རྟོག་ཆོས༔ དག་པ་ཡེ་ཤེས་ཆེན་པོས་དབང་བསྒྱུར་བ༔ ལྷག་པའི་ལྷ་མཆོག་རིག་བྱེད་དབང་མོར་བསྟོད༔ རིགས་བཞིའི་དྲག་པོ་ལས་མཛད་མཁའ་འགྲོ་བཞི༔ འགུགས་འཆིང་སྡོམ་མྱོས་སྤྲུལ་པའི་ལས་མཁན་མོ༔ ལྷ་མོ་བྱེ་བ་དྲང་སྲོང་འབུམ་ཕྲག་བཅས༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ «དགུ་པ་བཤགས་པ་བྱ་བ་ནི༔ »ཐོག་མ་མེད་ནས་ད་ལ་ཐུག་གི་བར༔ སྒོ་གསུམ་དམ་ཚིག་ཉམས་འགལ་རལ་པ་དང་༔ རྡོ་རྗེ་སློབ་དཔོན་ཐུགས་དང་འགལ་བའི་ལས༔ མཁའ་འགྲོའི་བཀའ་ཆད་གནས་གྱུར་མཐོལ་ལོ་བཤགས༔ བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ༔ ས་མ་ཡ་ཤུདྡྷེ་ཨཱ༔ «ཅེས་བརྗོ»ད«་ཅིང་ཡིག་བརྒྱ་བཟླ༔ བཅུ་པ་འཛབ་བཟླས་བྱ་བ་ནི༔» ཡེ་ཤེས་སེམས་དཔའ་རྣལ་འབྱོར་མའི༔ ཐུགས་མཆོག་འོད་ལྔའི་ཐིག་ལེའི་དབུས༔ པདྨ་དམར་པོའི་ཟེའུ་འབྲུའི་སྟེང་༔ ཐབས་ཤེས་གའུ་ཁ་སྦྱོར་ནང་༔ སྲོག་གི་སྙིང་པོ་ཡི་གེ་ཧྲཱིཿ རིང་ཆ་ཚེག་དྲག་དང་ལྡན་པ༔ གཟི་བརྗིད་འོད་ཕུང་འབར་བ་ཡི༔ ཐ་མར་སྔགས་ཀྱི་ཕྲེང་བས་བསྐོར༔ རྒྱལ་བ་མཆོད་ཅིང་བྱིན་རླབས་བསྡུས༔ སླར་འཕྲོས་འགྲོ་དྲུག་ལས་ཉོན་བག་ཆགས་སྦྱང་༔ འཁོར་འདས་དྭངས་བཅུད་བཀྲག་མདངས་གཟི་བརྗིད་བསྡུས༔ སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུའི་ངང་༔ མ་འགྲུབ་བར་དུ་མི་གཏོང་སྒྲུབ་པར་བགྱི༔ «བསྙེན་པ་ནི༔» ཨོཾ་ཀུ་རུ་ཀུལླེ་ཧྲཱིཾཿསརྦ་སིདྡྷི་ཧྲཱི༔ «ཡེངས་མེད་འཛིན་བྲལ་ཏིང་འཛིན་གནད་ལྡན་པས༔ འབུམ་ལྔ་བཟླ་ཞིང་བསྒྲུབ་པའི་རིམ་པ་ནི༔» ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས༔ རིགས་བཞིའི་ལས་མཛད་ཐུགས་རྒྱུད་བསྐུལ༔ འོད་ཀྱིས་རྩ་གསུམ་དགྱེས་བསྐུལ་ཞིང་༔ དངོས་གྲུབ་འོད་ཀྱི་རྣམ་པ་རུ༔ གནས་བཞིར་ཐིམ་ནས་དབང་བཞི་ཐོབ༔ རིགས་བཞི་ཁྲོ་བོའི་རྒྱུད་བསྐུལ་བས༔ བགེགས་དཔུང་ལོག་འདྲེན་བར་ཆད་འདུལ༔ དྲང་སྲོང་འབུམ་གྱི་ཐུགས་རྒྱུད་བསྐུལ༔ ཕས་རྒོལ་རིགས་སྔགས་བྱད་ཕུར་དང་༔ སྡེ་བརྒྱད་རྦོད་གཏོང་ཀུན་བཟློག་ཅིང་༔ ལྷ་སྔགས་ཆོས་ཉིད་རོལ་པའི་ངང་༔ ཨོཾ་ཀུ་རུ་ཀུལླེ་ཧྲཱིང་ཧྲཱིང་ཛྙཱ་ན་བཛྲ་རཏྣ་པདྨ་ཀརྨ་ཌཱཀྐི་ནི་ཧྱ་གྷྲྀ་ཝ་སརྦ་ཡོ་གི་ནི་ཏྲང་དུ་ཏྲང་དུ་སརྦ་སིདྡྷི་ཝ་ཤང་ཀུ་རུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ «བསྒྲུབ་པ་བཅུད་དྲིལ་གསང་བའི་སྙིང་པོ་འདི༔ རྩ་གསུམ་བྱིན་རླབས་དངོས་གྲུབ་སྤྲིན་ཕུང་འདུ༔ འབུམ་ཕྲག་བཟླས་ཚེ་རིག་འཛིན་གྲལ་དུ་འཁོད༔ ཡེ་ཤེས་ལྔ་ལྡན་བདེ་ཆེན་ཞིང་དུ་གྲོལ༔ འཕགས་མ་ཡི་དམ་ལྷ་དང་གཉིས་སུ་མེད༔ བློ་འདས་འབྲས་བུ་ཐོབ་པར་གདོན་མི་ཟ༔ ས་མ་ཡཱ༔ ཁམས་གསུམ་དབང་བྱེད་ལས་སྦྱོར་རིམ་པ་ནི༔» རང་ཉིད་འཕགས་མ་ཀུ་རུ་ཀུལླེའི་སྐུ་རུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་མཐེབ་སྲིན་ཨུཏྤ་ལའི་ཁོང་གསེང་ནས་བརྒྱུད་མདིལ་རྩེའི་ཉི་དཀྱིལ་ལ་ཕོག༔ ལྕགས་ཀྱུ་ལྟ་བུའི་འོད་ཟེར་ཚ་ལ་རྩུབ་པ་དཔག་ཏུ་མེད་པ་འཕྲོས༔ ཁམས་གསུམ་སྲིད་གསུམ་ལྷ་འདྲེ་མི་གསུམ་ཟས་ནོར་ལོངས་སྤྱོད་ཚེ་བསོད་དཔལ་འབྱོར་བཀྲག་མདངས་གཟི་བྱིན་དངས་བཅུད་ཐམས་ཅད་འོད་ཀྱི་རྣམ་པར་བསྡུས་ནས་དྭངས་མ་ཐུགས་ཀའི་ཧྲཱིཿརུ་ཐིམ་པར་དམིགས་ལ༔ ཨོཾ་ཀུ་རུ་ཀུལླེ་ཧྲིང་ཧྲིང་སརྦ་ལོ་ཀ་བསྡུས་བསྡུས་ཝ་ཤཾ་ཀུ་རུ་ཧོ༔« ཅེས་བཟླ་གསང་བའི་དམིགས་གནད་ཞལ་ལ་ཤེས༔ ཁྲི་ལྔ་བཟླས་པས་ལས་ཀུན་ཐོགས་མེད་འགྲུབ༔ འཕགས་མའི་སྒྲུབ་ཐབས་སྙིང་པོའི་བཅུད་བསྡུས་གཏེར༔ བར་ཆད་ལས་རྒྱལ་དངོས་གྲུབ་ཀུན་འབྱུང་དཔལ༔ ཡང་གསང་བསྙེན་སྒྲུབ་རིམ་པ་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྗེས་ལ་འདོད་ཡོན་ཚོགས་ཀྱི་རིམ་པ་ནི༔ དཀར་གསུམ་མངར་གསུམ་ཚོགས་མཆོད་ཤ་ཆང་དང་༔ མེ་ཏོག་ཟས་སྣ་ལ་སོགས་འདོད་དགུའི་རྫས༔ སེར་སྣས་མ་སྦགས་མཁོ་དགུ་ཡོངས་བསྟར་ཞིང་༔ དང་པོ་བྱིན་གྱིས་བརླབས་པའི་རིམ་པ་ནི༔ »ཧཱུྃ་ཧྲཱི༔ ཕྱི་སྣོད་རྣམ་དག་བདེ་ཆེན་དབང་གི་ཞིང་༔ ནང་བཅུད་ཡེ་ནས་དཔའ་བོ་མཁའ་འགྲོའི་དལ༔ རང་གི་ཐུགས་ལས་ཡེ་ཤེས་མེ་རླུང་ཆུས༔ ཚོགས་གཏོར་མ་དག་ཉེས་སྐྱོན་བསྲེགས་གཏོར་བཀྲུས༔ རང་བྱུང་པདྨ་བྷནྡྷའི་སྣོད་མཆོག་ཏུ༔ ཟག་མེད་ཤ་ལྔ་བདུད་རྩི་ལྔའི་རང་བཞིན༔ ཕུད་རླངས་མཆོད་སྤྲིན་ནམ་མཁའ་གང་བར་གྱུར༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔« ལན་གསུམ༔ གཉིས་པ་སྤྱན་འདྲེན་པ་ནི༔» ཧྲཱི༔ རྣམ་དག་སྤྲོས་བྲལ་འོག་མིན་ཆོས་ཀྱི་དབྱིངས༔ ཕྱོགས་བཅུ་རབ་འབྱམས་རྒྱལ་བའི་ཞིང་ཁམས་དང་༔ འདུས་མ་བྱས་པ་སྐུ་གསུམ་ཕོ་བྲང་ཆེ༔ བདེ་ཆེན་འབར་བ་དབང་གི་གནས་མཆོག་དང་༔ ལྷོ་ཕྱོགས་ཀུ་རུ་ཀུལླེའི་རི་ཕུག་སོགས༔ རང་བཞིན་གནས་ནས་འཕགས་མ་རིག་བྱེད་མ༔ དབང་མཛད་ཀུ་རུ་ཀུལླེའི་ལྷ་ཚོགས་དང་༔ རྩ་གསུམ་དཔའ་བོ་མཁའ་འགྲོ་སྲུང་མར་བཅས༔ གནས་འདིར་ཚོགས་མཆོད་མགྲོན་དུ་སྤྱན་འདྲེན་གཤེགས༔ ཉམས་དགའི་གཞལ་ཡས་འདི་ནི་བྱིན་རེ་ཆགས༔ དམ་གཙང་རྣལ་འབྱོར་ཕོ་མོ་བག་རེ་དྲོ༔ ཚོགས་མཆོད་བདུད་རྩིའི་རྒྱ་མཚོ་རོ་ནུས་ལྡན༔ འདིར་གཤེགས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ བདེ་སྟོང་ཟག་མེད་རྟོགས་པ་མངོན་གྱུར་མཛོད༔ ཨོཾ་གུ་རུ་དྷེ་ཝ་ཌཱཀྐི་ནི་ཀུ་རུ་ཀུལླེ་ཧྲིང་ཧྲིང་བཛྲ་ཨ་བེ་ཤ་ཡ་ཕེམ་ཕེམ་བཛྲ་ས་མ་ཡ་ཛ་ཛ༔ «གསུམ་པ་ཚོགས་ཕུད་འབུལ་བ་ནི༔ ཚོགས་ཕུད་རིམ་པ་གསུམ་སྤྲོས་ལ༔» ཚོགས་མཆོད་བདུད་རྩིའི་རང་བཞིན་རྒྱ་མཚོ་ཆེར༔ ཕུད་རླངས་མཆོད་པའི་སྤྲིན་ཕུང་བསམ་མི་ཁྱབ༔ རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་དང་༔ རྗེ་བཙུན་འཕགས་མ་འཁོར་དང་བཅས་ལ་འབུལ༔ དགྱེས་པར་བཞེས་ལ་ཟག་མེད་བདེ་བ་བསྐྱེད༔ ག་ན་ཙཀྲ་སརྦ་པུ་ཙ་ཁཱ་ཧི༔ «བཞི་པ་བཤགས་པ་བྱ་བ་ནི༔» མ་རིག་འཐིབ་པོའི་དབང་གྱུར་ཉམས་ཐག་འགྲོ༔ བདག་ཅག་སྒོ་གསུམ་བག་མེད་རྐྱེན་དབང་གིས༔ བླ་མ་ལྷ་དང་དཀྱིལ་འཁོར་ལྷ་ཚོགས་ཀྱི༔ སྐུ་གསུང་ཐུགས་དང་འགལ་བའི་ལས་བགྱིས་པ༔ རྩ་བ་ཡན་ལག་དམ་ཚིག་ཉམས་ཆགས་ཀུན༔ ཚོགས་མཆོད་ཡེ་ཤེས་བདུད་རྩིའི་རྒྱ་མཚོ་འདིས༔ བཤགས་སོ་དག་ཚངས་ཆེན་པོའི་དངོས་གྲུབ་སྩོལ༔ ག་ན་ཙཀྲ་ས་མ་ཡ་ཤུདྡྷེ་ཨ༔ «ལྔ་པ་བསྒྲལ་བ་ནི༔» ཁམས་གསུམ་འཁོར་བའི་གནས་སུ་འཁྲིད་བྱེད་པའི༔ གཟུང་འཛིན་མ་རིག་རུ་ཏྲ་བསྒྲལ་བ་ཡིས༔ གཟུགས་ཕུང་ཚོགས་ཀྱི་ལོངས་སྤྱོད་རྒྱ་ཆེན་པོ༔ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ དགྱེས་པར་བཞེས་ལ་ལོག་རྟོག་དབྱིངས་སུ་སྒྲོལ༔ ཧ་ལ་པཉྩ་པུ་ཙ་ཁཱ་ཧི༔ «དྲུག་པ་འདོད་ཡོན་ཚོགས་ལ་རོལ༔ བདེ་བ་ཆེན་པོའི་མཆོད་པ་འབུལ༔ རྡོ་རྗེའི་གླུ་གར་དག་ལ་བརྩོན༔ བག་མེད་ཤགས་དང་རྩོད་པ་སྤང་ཿ མཉམ་ཉིད་དགའ་བཞིའི་ཡེ་ཤེས་ངང་༔ བདུན་པ་ལྷག་མ་བསྔོ་བ་ནི༔ དཀྱིལ་འཁོར་གཙོ་བོའི་ཁ་ཕྲུ་བཏབ༔ »བྷྱཽ༔ ཉི་ཤུ་རྩ་བཞིའི་གནས་ལ་སོགས༔ དཀྱིལ་འཁོར་མཐའ་སྐྱོང་ལྷག་ལ་དབང་༔ བདག་ཉིད་ས་འཛིན་ཆེན་མོ་དང་༔ འབར་མ་མ་མོ་དབང་ཕྱུག་སོགས༔ དུར་ཁྲོད་ཉུལ་ཞིང་གཡང་གཞི་གྱོན༔ བྷནྡྷ་ཐོགས་ཤིག་རོ་ལ་ཟ༔ སྒྲུབ་པ་པོ་ཡི་དྲོད་ཉུལ་ཞིང་༔ ཏིང་འཛིན་ལྡན་པའི་གྲོགས་མཛད་མ༔ འཁོར་བཅས་འདིར་གཤེགས་ལྷག་གཏོར་བཞེས༔ ཕམ་ཕབ་བཟང་པོ་འདིས་ཚིམ་ཞིང་༔ རྐྱེན་ངན་བཟློག་ལ་བར་ཆད་སོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ མ་མ་ཧྲིང་ཧྲིང་ཨུཥྩི་ཊ་བྷ་ལིངྟ་ཁཱ་ཧི༔ «ཅེས་ལྷག་མ་བསྔོ༔ བརྒྱད་པ་ཐུགས་དམ་བསྐུལ་བ་ནི༔ »ཧཱུྃ་བྷྱོ༔ ཆོས་དབྱིངས་རྣམ་དག་དོན་གྱི་ཕོ་བྲང་ནས༔ རྒྱལ་བ་སྲས་བཅས་མ་ལུས་ཐམས་ཅད་དང་༔ ཁྱད་པར་ཤར་ཕྱོགས་རི་བོ་པོ་ཊ་ལ༔ དེར་བཞུགས་འཕགས་མ་ལྷ་མོ་རིགས་བྱེད་མ༔ རིགས་བཞིའི་མཁའ་འགྲོ་མ་ཚོགས་དྲང་སྲོང་འབུམ༔ ཐུགས་དམ་རྒྱུད་བསྐུལ་ཆོས་ཀྱི་དབྱིངས་ནས་བཞེངས༔ འགྲོ་བ་ཉམས་ཐག་མགོན་མེད་སྐྱབས་མཛོད་ལ༔ བསྟན་འགྲོའི་བདེ་སྐྱིད་འཕྲོགས་པའི་གདུག་པ་ཅན༔ ཞིང་བཅུ་ཉམས་པ་བདུན་ལྡན་དགྲ་དཔུང་ཆོམས༔ རྒྱལ་བ་སེན་དམ་སྲི་སྡེ་བརྒྱད་འབྱུང་པོའི་ཚོགས༔ མ་རུང་ལོག་འདྲེན་བྱད་ཕུར་རྦོད་གཏོང་ཐུལ༔ མངོན་སྤྱོད་དྲག་པོ་རོལ་པའི་ཐུགས་རྗེའི་མཐུས༔ སྐྱེ་མེད་དབྱིངས་སུ་སྒྲོལ་བའི་ཕྲིན་ལས་མཛོད༔ «དགུ་པ་ཆད་ཐོ་ནི༔» ཧཱུྃ་རྣམ་དག་འོག་མིན་བདེ་ཆེན་འབར་བའི་གནས༔ ལྷུན་རྫོགས་གསང་བ་མཆོག་གི་དུར་ཁྲོད་དུ༔ ཀུན་བཟང་ཆེ་མཆོག་ཁྲག་འཐུང་ཧེ་རུ་ཀས༔ མཁའ་འགྲོའི་གཙོ་མོ་དབང་བསྒྱུར་གར་མཁན་མར༔ མཉམ་སྦྱོར་གསང་བ་ཆེན་པོའི་དབང་བསྐུར་ཚེ༔ མ་ཚོགས་ཌཱཀྐི་བསྟན་སྲུང་རྒྱ་མཚོ་ཡིས༔ ཁས་བླངས་དམ་བཅའི་ཐ་ཚིག་ཇི་བཞིན་དུ༔ དམ་རྫ་བཱ་ལིང་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་རེ་བ་སྐོང་ལ་འདོད་དོན་སྒྲུབས༔ གསང་ཆེན་བསྟན་པ་རྒྱས་པའི་ཕྲིན་ལས་མཛོད༔ ས་མ་ཡ་རཀྵནྟུ༔ བྷ་ལིང་ཏ་ཁཱ་ཧི༔ «བཅུ་པ་བསྟན་མ་ནི༔» བྷྱོཿ གངས་རིའི་ཡུལ་ལྗོངས་བོད་ཁམས་སྐྱོང་མཛད་མ༔ བརྟན་མ་བཅུ་གཉིས་གཞི་བདག་བྲན་གཡོག་བཅས༔ འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ པདྨ་འབྱུང་གནས་བཀའ་བསྒོས་ཐ་ཚིག་ལྟར༔ ཨ་ཏི་བླ་མེད་བསྟན་པ་རྒྱས་པ་དང་༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ མ་མ་སྲིང་འགྲོ་མ་བཱ་ལིང་ཏ་ཁཱ་ཧི༔ «བཅུ་གཅིག་པ་རྟ་བྲོ་ནི༔» མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་འདིར༔ རྒབ་འདྲེ་དམ་སྲི་འབྱུང་པོའི་ཚོགས༔ སྟོང་ཆེན་སྲིད་པ་རིམ་དགུའི་འོག༔ མནན་ནོ་ཐེག་པ་རིམ་དགུའི་རྒྱ༔ བདག་མེད་མཁའ་འགྲོའི་བྲོ་བརྡུང་ངོ་༔ ཨོཾ་སུམྦྷ་ནི་«སོགས་ཀྱི་མཐར་»སྟྭཾ་བྷ་ཡ་ནན་ནན༔ «བཅུ་གཉིས་ཡན་ལག་བདུན་པས་མཆོད༔ ཕྱག་འཚལ་ཉེར་གཅིག་ལན་བདུན་བརྗོད༔ བཅུ་གསུམ་དངོས་གྲུབ་ལེན་པ་ནི༔» ཧྲཱིཿ ལྷག་པའི་ལྷག་མཆོག་འཕགས་མ་རིག་བྱེད་མ༔ ཚེ་རབས་སྔོན་ནས་བསྒྲུབས་པའི་ཡི་དམ་ལྷ༔ བསྙེན་ཅིང་བསྒྲུབ་པའི་དམ་ཚིག་ད་ནང་ཐེམ༔ ཐུགས་དམ་ཞལ་བཞེས་དུས་ལ་ད་བབས་ན༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱིས༔ དངོས་གྲུབ་མཆོག་སྩོལ་དབང་བཞི་བདག་ལ་སྐུར༔ ཟག་མེད་བདེ་ཆེན་ཡེ་ཤེས་རྒྱས་པར་མཛོད༔ ཨོཾ་ཀུ་རུ་ཀུལླེ་ཧྲཱིཿཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ «ཅེས་བརྗོད་སྒྲུབ་རྫས་གནས་བཞིར་གཏུགས༔ བཅུད་མྱོང་དབང་བཞིའི་དག་པ་སྒོམས༔ བཅུ་བཞི་བཟོད་གསོལ་ནི༔ »མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་དུ༔ བསྙེན་བསྒྲུབ་མ་ཚངས་ཚོགས་མཆོད་ཆུང་༔ ཏིང་འཛིན་མ་གསལ་བག་མེད་སྤྱད༔ ཆོ་ག་ལྷག་ཆད་འགལ་འཁྲུལ་ཀུན༔ བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ༔ «ཡི་གེ་བརྒྱ་པ་ལན་གསུམ་བརྗོད༔ བཅོ་ལྔ་པ་བསྡུ་རིམ་ནི༔ »ཧྲཱིཿ སྣོད་བཅུད་འོད་ཞུ་དཀྱིལ་འཁོར་ལྷ་ལ་བསྡུ༔ རྟེན་ཉིད་བརྟེན་པ་འཁོར་རྣམས་གཙོ་བོ་ལ༔ གཙོ་བོ་ཐུགས་ཀའི་ས་བོན་ཧྲཱི༔ལ་བསྡུ༔ དེ་ཉིད་དམིགས་མེད་ཆོས་དབྱིངས་ཀློང་དུ་ཨ༔ «བཅུ་དྲུག་པ་ལྷར་ལྡང་བ་ནི༔» སླར་ཡང་དྲན་རིག་མ་བཅོས་སོ་མའི་ངང་༔ ཕྱི་སྣོད་འཇིག་རྟེན་རི་བོ་ཏ་ལའི་ཞིང་༔ ནང་བཅུད་སེམས་ཅན་རྗེ་བཙུན་སྒྲོལ་མའི་སྐུ༔ སྒྲ་གྲགས་ཐམས་ཅད་ཏཱ་རེའི་སྔགས་ཀྱི་སྒྲ༔ དྲན་རྟོག་སྟོང་ཉིད་སྙིང་རྗེ་ཆེན་པོའི་ངང་༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱ་ཧཱ༔ «རྗེས་ལ་དགེ་བ་བསྔོ་བ་ནི༔» འདིར་འབད་དགེ་འདིས་མཐའ་ཡས་འགྲོ་བའི་ཁམས༔ སྡུག་བསྔལ་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ནས༔ ཟག་མེད་སྐུ་གསུམ་གོ་འཕང་ཐོབ་ཕྱིར་བསྔོ༔ «སྨོན་ལམ་ནི༔ »གར་གྱི་དབང་ཕྱུག་ལྷ་མོ་རིག་བྱེད་མ༔ བསྙེན་ཅིང་བསྒྲུབས་པའི་ཐུགས་རྗེ་ནུས་པའི་མཐུས༔ དུས་འདིར་འཕགས་མའི་ཞལ་མཐོང་གསུང་ཐོས་ཤིང་༔ ཇི་སྲིད་ཁྱེད་དང་དགོངས་པ་མཉམ་ནས་ཀྱང་༔ ཕྲིན་ལས་འཇུག་པས་འགྲོ་ཀུན་སྒྲོལ་བར་ཤོག༔ ས་དང་ལམ་གྱིས་འགལ་རྐྱེན་བར་ཆད་ཚོགས༔ མི་མཐུན་ཉེས་པའི་ཚོགས་རྣམས་ཉེར་ཞི་ཞིང་༔ དགེ་ལེགས་ཡོན་ཏན་རྒྱ་མཚོའི་དཔལ་ཡོན་ལ༔ ལོངས་སུ་སྤྱོད་པའི་སྐལ་པ་མཆོག་ལྡན་ཤོག༔ ནམ་ཞིག་ཚེ་འདིའི་སྣང་བ་ནུབ་པའི་ཚེ༔ ཟག་བཅས་སྒྱུ་མའི་འདུ་ཕུང་འོད་སྐུར་གྲོལ༔ ཀུན་རྫོབ་ཆོས་ཅན་སྣང་བ་ཆོས་ཉིད་ཀློང་༔ ཡོངས་ཟད་གཞོན་ནུ་བུམ་སྐུར་གྲོལ་ནས་ཀྱང་༔ ཐུགས་རྗེས་འཁོར་བ་དང་ནས་སྤྲུག་གྱུར་ཅིག༔ «ཅེས་བརྗོད་བཀྲ་ཤིས་མཐའ་རྒྱས་བྱ༔ ཨྠིྀ། ཨེ་མཿ ཡང་གསང་མཐར་ཐུགས་བླ་མེད་སྙིང་པོའི་བཅུད༔ རྩ་གསུམ་སྒྲུབ་ཐབས་འོ་མའི་རྒྱ་མཚོ་ཡི༔ བཅུད་བསྡུས་མར་གྱི་སྙིང་པོའི་ཡང་ཞུན་བཅུད༔ ཨོ་རྒྱན་པདྨའི་ཐུགས་ཀྱི་ཟུངས་ཁྲག་འདི༔ བདག་འདྲ་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས༔ མཁའ་དབྱིངས་ཀློང་སྒྲོམ་བརྡ་རིས་ཆེན་མོར་བཀོད༔ མ་འོངས་ཁྲག་འཐུང་ལས་ཀྱི་དཔའ་བོ་དང་༔ འཕྲད་ཅིང་ལྷ་འདྲེ་མི་གསུམ་ཉི་འོག་ཞབས༔ དབང་བསྡུས་འབྲེལ་ཚད་རིག་འཛིན་ཞིང་དུ་འཁྲིད༔ འདི་ཉིད་ཉམས་སུ་ལེན་པའི་གང་ཟག་མཆོག༔ བདུན་ཕྲག་གསུམ་གྱིས་འཛིན་པ་རང་ཞིག་ནས༔ བློ་འདས་ཆོས་ཟད་ཆེན་པོར་གྲོལ་བར་ངེས༔ ཤིན་ཏུ་གསང་བས་རང་གིས་ཉམས་སུ་ལོངས༔ གཞན་ལ་མི་སྤེལ་མཁའ་འགྲོའི་དམ་ཚིག་རྒྱ༔ བཀའ་འདི་མ་མོ་ཨེ་ཀ་ཙ་ཏི་མ༔ གཟའ་མཆོག་རཱ་ཧུ་ལ་ཡིས་ཐུབ་པར་སྲུངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཁ་ཐིམ༔ གསང་རྒྱ༔ སྦས་རྒྱ༔ སྐུ་གསུང་ཐུགས་ཀྱི་རྒྱ༔ ཆུ་མོ་སྦྲུལ་གྱི་ལོར་བདེ་སྟེར་ཌཱཀྐིས་བསྐུལ་ངོར་ལྟར་ས་བསྐྱོད་རིག་འཛིན་མཁའ་འགྲོ་རྣམས་ཀྱིས་ཀྱང་ནན་ཏན་ཆེན་པོས་བསྐུལ་པ་ལྟར་ཁྲག་འཐུང་ལས་ཀྱི་དཔའ་བོའི་མཁའ་དབྱིངས་ཡང་གསང་ཙིཏྟའི་ཀློང་གུར་ནས་དག་པར་ཕབ་པ་ཟབ་པའི་མཐར་ཐུག་གི༔ ཁ་ཐཾཿརྒྱཿ  
{{Text
|classification=Tibetan Publications
|subclass=Tibetan Texts
|sectionheading=No
|fulltitletib=ཡང་གསང་མཁའ་འགྲོའི་སྙིང་བཅུད་ལས༔ གར་གྱི་ལྷ་མོའི་གསང་སྒྲུབ༔
|fulltitle=yang gsang mkha' 'gro'i snying bcud las gar gyi lha mo'i gsang sgrub
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=mdo mkhyen brtse bka' 'bum
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|sourcerevealer=Mdo mkhyen brtse
|sourcerevealertib=མདོ་མཁྱེན་བརྩེ་
|tibgenre=Sadhanas - Evocation Ritual - sgrub thabs
|terma=Yes
|cycle=yang gsang mkha' 'gro'i snying bcud
|cycletib=ཡང་གསང་མཁའ་འགྲོའི་སྙིང་བཅུད་
|language=Tibetan
|volumenumber=05
|volnumtib=༥
|volyigtib=ཅ
|totalvolumes=8
|textnuminvol=030
|multivolumework=No
|colophontib=ཆུ་མོ་སྦྲུལ་གྱི་ལོར་བདེ་སྟེར་ཌཱཀྐིས་བསྐུལ་ངོར་ལྟར་ས་བསྐྱོད་རིག་འཛིན་མཁའ་འགྲོ་རྣམས་ཀྱིས་ཀྱང་ནན་ཏན་ཆེན་པོས་བསྐུལ་པ་ལྟར་ཁྲག་འཐུང་ལས་ཀྱི་དཔའ་བོའི་མཁའ་དབྱིངས་ཡང་གསང་ཙིཏྟའི་ཀློང་གུར་ནས་དག་པར་ཕབ་པ་ཟབ་པའི་མཐར་ཐུག་གི༔ ཁ་ཐཾཿརྒྱཿ
|colophonwylie=chu mo sbrul gyi lor bde ster DAk+kis bskul ngor ltar sa bskyod rig 'dzin mkha' 'gro rnams kyis kyang nan tan chen pos bskul pa ltar khrag 'thung las kyi dpa' bo'i mkha' dbyings yang gsang tsit+ta'i klong gur nas dag par phab pa zab pa'i mthar thug gi:_kha thaM rgya:
|pdflink=File:DKYD-KABUM-05-CA-030.pdf
|volumeLetter=CA
|InitCategories=Khyentse Lineage Project; DKYD-KABUM-Volume-05-CA
}}
<h1>Tibetan Text</h1>
<onlyinclude>
{{TibP|༄༅། །ཡང་གསང་མཁའ་འགྲོའི་སྙིང་བཅུད་ལས༔ གར་གྱི་ལྷ་མོའི་གསང་སྒྲུབ་བཞུགས༔ ༄༅། «།ཐབས་མཆོག་བདེ་ཆེན་དཔའ་བོ་ཧེ་རུ་ཀ། རྒྱུན་དུ་སེམས་དང་འབྲལ་མེད་མཛོད༔ རྗེ་བཙུན་དབང་གི་ལྷ་མོར་འདུདཿ འཕགས་མ་སྒྲོལ་མ་རྣལ་འབྱོར་ལཿ རྡོ་རྗེ་ཕག་མོ་གསང་བ་ལྟར༔ རིག་བྱེད་དབང་མོའི་གསང་བསྒྲུབ་བསྟན༔ སྟེགས་བུ་གྲུ་བཞི་མཛེས་པའི་ཁར༔ མེ་ཏོག་དམར་པོའི་ཚོམ་བུ་ནི༔ བདུན་བཀོད་དེ་སྟེང་ཐོད་པའི་ནང་ཿ བུར་ཆང་བདུད་རྩི་ལྔ་ལྡན་ཁར༔ མེ་ལོང་སིནྡྷུ་རས་བྱུགས་པར༔ ཆོས་འབྱུང་དབུས་སུ་ཧྲཱིཿཡིག་མཐར༔ སྔགས་ཀྱིས་བསྐོར་ཞིང་ཟུར་དྲུག་ཏུ༔ ཧ་རི་ནི་ས་ནྲི་ཛཿབཀོད༔ དཀར་དམར་གུར་ཕུབ་སྒྲུབ་གཏོར་དང་༔ སྨན་རཀ་ཉེར་སྤྱོད་མཐའ་བསྐོར་ཞིང་༔ དཔྲལ་པར་ལི་ཁྲིས་ཐིག་ལེ་བྱ༔ ལྟ་དགོངས་ཆོས་ཉིད་གདེངས་ལྡན་ཞིང་༔ སྣོད་བཅུད་དཀྱིལ་འཁོར་གསུམ་ལྡན་གྱིས༔ ལམ་ཁྱེར་གྲོལ་ཚད་ལྡན་པ་ལ༔ མཚན་བཅས་དཀྱིལ་འཁོར་སྤྲོས་པ་བྲལ༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ »ཧྲཱིཿ སྤྲོས་བྲལ་ཀ་དག་གདོད་མའི་མཁའ་ཀློང་ལས༔ ལྷུན་གྲུབ་དག་པ་རབ་འབྱམས་རོལ་རྩལ་གདངས༔ ཁམས་གསུམ་དབང་བསྒྱུར་འཕགས་མ་རིག་བྱེད་མར༔ མི་འབྲལ་བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ «གཉིས་སེམས་བསྐྱེད་པ་ནི༔ »མཁའ་མཉམ་འགྲོ་རྣམས་སྡུག་བསྔལ་རྒྱ་མཚོ་ལས༔ གྲོལ་ཞིང་ཡང་དག་རྫོགས་བྱང་མཆོག་ཐོབ་ནས༔ བདེ་ཆེན་དོན་གྱི་རྣལ་འབྱོར་བསྒྲུབ་པའི་ཕྱིར༔ གསང་བའི་ལྷ་མོ་སྒྲུབ་པར་སེམས་བསྐྱེད་དོ༔ «གསུམ་པ་ཡན་ལག་བདུན་པ་ནི༔ »ཧྲཱིཿམ་ཆགས་ཆགས་བྲལ་ཆགས་ཆེན་དབང་གི་ལྷར༔ བདེ་ཆེན་འདུ་འབྲལ་མེད་པའི་ཕྱག་འཚལ་ལོ༔ བཟང་ངན་གཙང་རྨེ་འཛིན་བྲལ་མཆོད་པ་འབུལ༔ བདག་འཛིན་བག་ཆགས་ཆོས་ཉིད་ཀློང་དུ་བཤགས༔ བདེ་བ་ཆེན་པོའི་ཆོས་འཁོར་བསྐོར་བར་བསྐུལ༔ དགའ་བཞིའི་ཡེ་ཤེས་ངང་དུ་བཞུགས་གསོལ་འདེབས༔ དགེ་རྩ་བྱང་ཆུབ་ཆེན་པོའི་རྒྱུར་བསྔོའོ༔ «བཞི་པ་བགེགས་ལ་བཀའ་བསྒོ་བ་ནི༔» ཧྲཱིཿ ང་ནི་བདེ་ཆེན་རྣལ་འབྱོར་ཁྲོ་མོའི་རྒྱལ༔ མ་རུང་ལོག་འདྲེན་འབྱུང་པོ་སྤྱི་དང་ནི༔ བྱེ་བྲག་གསང་སྔགས་བསྒྲུབ་ལ་བར་གཅོད་པའི༔ གདོན་བགེགས་མཆོད་སྦྱིན་གཏོར་མས་ཚིམ་གྱིས་ལ༔ གནས་འདིར་མ་འདུག་རྒྱ་མཚོའི་ཕ་མཐར་དེངསཿ གང་དག་མི་འགྲོ་ཡེ་ཤེས་མེ་ཡིས་སྲེགས༔ «ཧཱུྃ་བཞིའི་སྔགས་དང་ལྟ་བས་གཟིར༔ ལྔ་པ་སྲུང་འཁོར་སྒོམ་པ་ནི༔ »ཧཱུྃཿཕྱི་སྣོད་ཐམས་ཅད་བདེ་བ་ཆེན་པོའི་ཞིང་༔ ནང་བཅུད་ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་ཏེ༔ བགེགས་དང་ལོག་འདྲེན་བར་ཆད་མིང་ཡང་མེད༔ སྟོང་ཉིད་ཡེ་ཤེས་ཆེན་པོར་མཚམས་བཅད་དོ༔« དྲུག་པ་བྱིན་ཆེན་དབབ་པ་ནི༔ »ཧྲཱིཿ ཆོས་སྐུ་འདུ་འབྲལ་མེད་པའི་ཞིང་ཁམས་ནསཿ ཀུན་བཟང་བདེ་ཆེན་ཡུམ་གྱིས་བྱིན་ཕོབ་ཅིག༔ ལོངས་སྤྱོད་རྫོགས་པའི་གནས་མཆོག་ཉམས་དགའ་ནས༔ བརྗོད་བྲལ་དཔའ་བོ་དཔའ་མོ་བྱིན་ཕོབ་ཅིག༔ སྤྲུལ་སྐུའི་གནས་མཆོག་སུམ་ཅུ་སོ་གཉིས་དང་༔ དུར་ཁྲོད་བརྒྱད་དང་ཉི་ཤུ་རྩ་བཞིའི་ཡུལ༔ བདེ་ཆེན་རོལ་བའི་ཞིང་ཁམས་ཉམས་དགའ་ནས༔ རིག་འཛིན་དཔའ་བོ་རྣལ་འབྱོར་མ་ཚོགས་དང་༔ ཀུ་རུ་ཀུལླེའི་ལྷ་ཚོགས་བྱིན་ཕོབ་ཅིག༔ དཀྱིལ་འཁོར་སྒྲུབ་རྫས་འདི་ལ་བྱིན་ཆེན་ཕོབ༔ བདག་ཅག་སྒྲུབ་པ་པོ་ལ་དབང་བཞི་བསྐུར༔ སྣང་གསལ་མར་མེ་འདི་ལ་མདངས་ཅིག་ཕྱུང༔ གནས་ཁང་གཞལ་ཡས་འདི་ལ་བཀྲག་ཅིག་སྟོན༔ ཕྱི་ནང་མཆོད་རྫས་འདི་ལ་གཟི་བྱིན་བསྐྱེད༔ སྐུ་གསུང་ཐུགས་ཀྱི་བྱིན་ཆེན་དབབ་ཏུ་གསོལ༔ གུ་རུ་དྷེ་ཝ་ཌཱཀྐི་ནི་ཀུ་རུ་ཀུལླེ་སརྦ་ས་མ་ཡ་ཨ་བེ་ཤ་ཡ་ཕཻཾ་ཕཻཾ་ཕཻཾ༔« བདུན་པ་མཆོད་རྫས་བྱིན་རླབས་ནི༔ »ཧཱུྃཿཕྱི་སྣོད་ནང་བཅུད་ཀུན་བཟང་མཆོད་པའི་རྫས༔ ངོ་བོ་བདུད་རྩི་རྣམ་པ་དཀྱིལ་འཁོར་ལྷ༔ མཉེས་བྱེད་མཆོད་པའི་རྫས་སུ་བྱིན་བརླབས་ནས༔ དཔག་ཡས་རྒྱ་ཁྱོན་ནམ་མཁའི་མཐའ་ཀླས་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པུ་ཛ་མེ་གྷ་ས་མ་ཡ་ཧོ༔ «དེ་དག་སྔོན་འགྲོའི་རིམ་པའོ༔ ས་མ་ཡཱཿ གཉིས་པ་དངོས་གཞིའི་རིམ་པ་འདི་ལྟ་སྟེ༔ དངོས་པོ་དཀྱིལ་འཁོར་ལྷ་ཚོགས་བསྐྱེད་པ་ནི༔» ཧྲཱིཿ ཆོས་ཉིད་འདུས་མ་བྱས་པའི་ངང་མདངས་ལས༔ སྙིང་རྗེ་ཆེན་པོ་ཀུན་ཏུ་ཁྱབ་པར་འཕྲོས༔ རང་རིག་མ་བཅོས་ཧྲཱིཿཡིག་དམར་པོ་ལས༔ འོད་འཕྲོས་རྒྱལ་བ་མཆོད་ཅིང་བྱིན་ནུས་བསྡུས༔ འགྲོ་དྲུག་ལས་ཉོན་བག་ཆགས་ཀུན་སྦྱངས་ཤིང་༔ བཀྲག་མདངས་གཟི་བརྗིད་བསྡུས་ནས་ཧྲཱིཿལ་ཐིམ༔ ཕྱི་སྣོད་ཟླ་གམ་དབང་གི་ཕོ་བྲང་མཆོག༔ བརྒྱན་བཀོད་ཕུན་ཚོགས་འོག་མིན་སྤྲུལ་པའི་ཞིང་༔ ཡེ་ཤེས་ལྔ་ལྡན་འོད་ཀྱི་ཐིག་ལེའི་དབུས༔ དབང་གི་ཆོས་འབྱུང་ཟུར་དྲུག་ལྟེ་བ་རུ༔ ཆུ་སྐྱེས་གེ་སར་ཐབས་ཤེས་ཉི་ཟླའི་སྟེང་༔ རྒྱུ་ཡིག་ཡོངས་གྱུར་འཕགས་མ་རིག་བྱེད་མ༔ དམར་གསལ་པདྨ་རཱ་གའི་ལྷུན་པོ་ལ༔ འོད་ཟེར་སྟོང་ལྡན་འཁྱུད་པའི་གཟི་བྱིན་ཅན༔ ཞལ་གཅིག་ཞི་མ་ཁྲོ་ཚུལ་ཆགས་པའི་ཉམས༔ ཡེ་ཤེས་སྤྱན་དབུས་འཆི་མེད་ལམ་དབྱིངས་གཟིགས༔ ཐབས་ཤེས་སྤྱན་གཉིས་འདོད་པའི་ཟུར་མིག་གཡོ༔ ཅུང་ཟད་ཞལ་གདངས་མཆེ་གཅིག་རོ་འཛིན་བསྐྱོད༔ དབུ་སྐྲ་ཐོར་ཅོག་ལྷག་མས་སྐུ་རྒྱབ་ཁེབས༔ ལང་ཚོའི་གཟི་འབར་ནུ་འབུར་བྷ་ག་རྒྱས༔ ཚད་མེད་ཕྱག་བཞིར་ལྡན་པའི་དང་པོ་གཉིས༔ ཨུཏྤལ་དམར་པོའི་མདའ་གཞུ་རབ་འགེངས་བ༔ ཐུགས་རྗེས་དབང་བསྒྱུར་ཉི་མའི་མདིལ་གྱིས་བརྒྱན༔ གཡས་འོག་སྲིད་གསུམ་འགུགས་པའི་ལྕགས་ཀྱུ་ཕྱར༔ གཡོན་པས་འཆིང་བྱེད་འོད་ཀྱི་ཞགས་པ་དང་༔ དངོས་གྲུབ་སྟེར་མཛད་བདུད་རྩིའི་ཐོད་པ་བསྣམས༔ ཞབས་གཉིས་གཡས་བསྐུམ་རྟིང་པ་བྷ་གར་གཏད༔ གཡོན་བརྐྱང་གནོད་སྦྱིན་ཕོ་མོའི་སྙིང་ཁར་བརྫིས༔ ཐོད་སྐམ་ལྔ་སོགས་རུས་པའི་རྒྱན་དྲུག་དང་༔ མཛེས་པའི་མེ་ཏོག་རིན་པོ་ཆེ་ཡིས་བརྒྱན༔ སྟག་ཤམ་སྨད་དཀྲིས་དར་གྱི་སྟོད་གཡོགས་ཅན༔ ཐུགས་ཀར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ༔ མཐིང་ནག་གྲི་ཐོད་འཛིན་ཅིང་བརྐྱང་བསྐུམ་གར༔ རྒྱན་དྲུག་དར་དཔྱང་ཁ་ཊྭཱཾ་རྩེ་གསུམ་འཆང་༔ ཕག་ཞལ་ངུར་སྒྲས་རྒྱལ་བའི་ཐུགས་རྒྱུད་བསྐུལ༔ འོད་ཀྱིས་བྱིན་རླབས་བསྡུས་ནས་ཐུགས་ཀར་ཐིམ༔ ཤར་ལྷོ་ནུབ་བྱང་པད་ཉིའི་གདན་སྟེང་དུ༔ རིགས་བཞིའི་མཁའ་འགྲོ་དཀར་སེར་དམར་ལྗང་མདོག༔ ཁྲོ་མོའི་ཆས་རྫོགས་གྲི་གུག་ཐོད་ཁྲག་འཛིན༔ མཚམས་བཞིར་འགུགས་འཆིང་བསྡོམ་མྱོས་ལྷ་མོ་བཞི༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོགས་དྲིལ་བུ་དང་༔ རླུང་གི་འཁོར་ལོ་འོད་ཀྱི་དྲྭ་བ་བསྣམས༔ དེ་ཕྱིར་པད་ཉི་རུ་ཏྲ་བསྣོལ་བའི་སྟེང་༔ བར་ཆད་བདུད་འདུལ་དབང་ཆེན་རིགས་བཞི་པོ༔ ལས་བཞིའི་མདོག་ལྡན་ཐོད་དབྱུག་ཞགས་པ་འཛིན༔ རྟ་མགོ་ལྗང་ཞུར་རྟ་སྐད་ཕྱོགས་བཅུར་སྒྲོགས༔ ཁྲོ་གཏུམ་གར་དགུའི་ཉམས་ལྡན་རྔམས་སྟབས་བཞུགས༔ གཞན་ཡང་རིགས་སྔགས་ལྷ་མོ་བྱེ་བ་དང་༔ དམོད་པ་གྲུབ་པའི་དྲང་སྲོང་འབུམ་གྱིས་བསྐོར༔ གཙོ་བོའི་སྤྱི་མགྲིན་སྙིང་ཀར་འབྲུ་གསུམ་དང་༔ ཁྱད་པར་ཐུགས་སྲོག་ཧྲཱིཿལས་འོད་འཕྲོས་པས༔ རང་བཞིན་སྤྲུལ་པའི་གནས་མཆོག་དམ་པ་ནས༔ ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་གཉིས་མེད་བསྟིམས༔« གཉིས་པ་སྤྱན་འདྲེན་པ་ནི༔ གུས་ཤིང་གདུང་བའི་ང་རོས་འདི་ལྟར་འབོད༔ »ཧྲཱི༔ འོག་མིན་ཆོས་དབྱིངས་སྤྲོས་པའི་མཐའ་དང་བྲལ༔ བདེ་ཆེན་འབར་བ་དབང་གི་གནས་མཆོག་དང་༔ པོ་ཏ་ལ་ལྕང་ལོ་ཅན་གྱི་གནས༔ ལྷོ་ཕྱོགས་ཀུ་རུ་ཀུལླེའི་རི་ཕུགས་ནས༔ དབང་མཛད་མཁའ་འགྲོ་ལྷ་མོ་རིགས་བྱེད་མ༔ རྩ་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས༔ བརྩེ་ཆེན་ཐུགས་རྗེ་ཆེན་པོའི་རྗེས་དགོངས་ལ༔ འདིར་གཤེགས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་རློབས་ཤིག༔ གུ་རུ་དྷེ་ཝ་ཌཱཀྐི་ནི་ཀུ་རུ་ཀུལླེ་ཧྲིང་ཧྲིང་ཨེ་ཧྱ་ཧི་བཛྲ་ས་མ་ཡ་ཛ་ཛ༔ «གསུམ་པ་བཞུགས་སུ་གསོལ་བ་ནི༔» ཧྲཱིཿ རིག་རྩལ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ༔ རྩ་གསུམ་རྒྱལ་བ་རབ་འབྱམས་མ་ལུས་ཀུན༔ འཕགས་མ་ཀུ་རུ་ཀུལླེའི་རྣམ་པ་རུ༔ དམ་ཚིག་ཡེ་ཤེས་གཉིས་མེད་བརྟན་པར་བཞུགས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ ཛ་ཧཱུྃ་བཾ་ཧོ་ཏིཥྛ་ལྷན༔ «བཞི་པ་ཕྱག་འཚལ་བ་ནི༔» ཧྲཱིཿ དབང་བསྒྱུར་ལྷ་མོ་ཀུ་རུ་ཀུལླེ་མ༔ རྒྱལ་ཀུན་ཕྲིན་ལས་ཕོ་ཉ་གར་མཁན་མོ༔ བྱིན་རླབས་ཀུན་སྟེར་ལྷག་པའི་ལྷ་མཆོག་ལ༔ གདུང་ཤུགས་གུས་པའི་ཡིད་ཀྱིས་ཕྱག་བགྱིའོ༔ ཨ་ཏི་པུ་ཧོཿ པྲ་ཏིཙྪ་ཧོ༔ «ལྔ་པ་མཆོད་པ་འབུལ་བ་ནི༔ »ཨོཾ་ཨཱཿཧཱུཾ་ཕྱི་ནང་སྣོད་བཅུད་འདོད་ཡོན་ལོངས་སྤྱོད་མཆོག༔ དབང་པོ་དྲུག་གི་ཡུལ་དུ་དགྱེས་དགུའི་རྫས༔ ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་ལེགས་བཀོད་དེ༔ དཀྱིལ་འཁོར་ལྷ་ཚོགས་དགྱེས་པ་བསྐྱེད་ཕྱིར་འབུལ༔ ཨོཾ་བཛྲ་ཨརྒྷཾ་པ་དྱཾ་པུཥྤེ་དྷུཔྤེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཏེ་ཤཔྟ་པྲ་ཏིཙྪ་པུ་ཙ་ཧོ༔ «དྲུག་པ་ནང་མཆོད་འབུལ་པ་ནི༔ »ཧྲཱི༔ རྨད་བྱུང་ནང་གི་མཆོད་པའི་བྱེ་བྲག་མཆོག༔ རྩ་བ་བརྒྱད་ལ་ཡན་ལག་སྟོང་སྦྱར་སྨན༔ བཅུད་ལྡན་དམ་རྫས་བཱ་ལིང་གཏོར་མ་དང་༔ རྒྱུ་གཉིས་རྐྱེན་བཞིར་བསྒྲལ་བའི་རཀྟའི་བཅུད༔ འབུལ་ལོ་དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་༔ མ་ཧཱ་པཉྩ་རཀྟ་བ་ལིངྟ་པུ་ཙ་ཧོ༔ «བདུན་པ་གསང་མཆོད་འབུལ་བ་ནི༔» ཧྲཱིཿཤེས་རབ་ཆགས་པའི་གར་བསྒྱུར་མཛེས་ལྡན་མ༔ ཐབས་མཆོག་འདོད་ལྡན་བཛྲ་དཔའ་བོ་དང་༔ སྦྱོར་བར་ལེགས་བསྐུལ་དགའ་བཞིའི་བདེ་ཆེན་རོ༔ འཁོར་བ་དབྱིངས་སྒྲོལ་བློ་འདས་ཕྱག་རྒྱ་ཆེ༔ གསང་མཆོད་འབུལ་ལོ་གཟུང་འཛིན་དབྱིངས་དག་ནས༔ བདེ་བ་ཆེན་པོའི་དངོས་གྲུབ་སྩལ་དུ་གསོལ༔ ཛ་ཧཱུྃ་བཾ་ཧོ༔ ཏ་ན་ག་ན་མ་ཧཱ་སུ་ཁ་དྷརྨཱ་དྷརྟུ་པུ་ཙ་ཧོ༔ «ཞེས་མཆོད་ཅིང་བསྟོད་པ་ནི༔» ཧྲཱིཿ མ་ཆགས་ཆགས་བྲལ་བདེ་ཆེན་དབང་གི་ལྷ༔ སྐུ་ནི་མི་འགྱུར་བདེ་ཆེན་གཟི་འོད་འབར༔ གསུང་ནི་མི་འགགས་ཆོས་ཉིད་རང་སྒྲ་སྒྲོགས༔ ཐུགས་ནི་མི་འགྱུར་བྱམས་བརྩེའི་རང་གདངས་ལས༔ འགྲོ་ཀུན་འཁོར་བ་དབྱིངས་སུ་སྒྲོལ་མཛད་པ༔ རྗེ་བཙུན་དབང་མཛད་རྣལ་འབྱོར་མ་ལ་བསྟོད༔ ཀུན་འབྱུང་མ་རིག་འཁོར་བའི་སེམས་ཅན་ཀུན༔ རང་དབང་གཏན་པ་བྲལ་བར་དཔའ་བསྐོར་ཞིང་༔ མི་ལྡོག་བྱང་ཆུབ་ལམ་དུ་འགོད་མཛད་པ༔ ཁམས་གསུམ་དབང་བྱེད་ཀུ་རུ་ཀུལླེར་བསྟོད༔ དགའ་བཞིའི་བདེ་སྟེར་མཆོག་གི་མཛའ་ན་མོ༔ ཀུན་འབྱུང་མ་རིག་འཁོར་བའི་རྣམ་རྟོག་ཆོས༔ དག་པ་ཡེ་ཤེས་ཆེན་པོས་དབང་བསྒྱུར་བ༔ ལྷག་པའི་ལྷ་མཆོག་རིག་བྱེད་དབང་མོར་བསྟོད༔ རིགས་བཞིའི་དྲག་པོ་ལས་མཛད་མཁའ་འགྲོ་བཞི༔ འགུགས་འཆིང་སྡོམ་མྱོས་སྤྲུལ་པའི་ལས་མཁན་མོ༔ ལྷ་མོ་བྱེ་བ་དྲང་སྲོང་འབུམ་ཕྲག་བཅས༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ «དགུ་པ་བཤགས་པ་བྱ་བ་ནི༔ »ཐོག་མ་མེད་ནས་ད་ལ་ཐུག་གི་བར༔ སྒོ་གསུམ་དམ་ཚིག་ཉམས་འགལ་རལ་པ་དང་༔ རྡོ་རྗེ་སློབ་དཔོན་ཐུགས་དང་འགལ་བའི་ལས༔ མཁའ་འགྲོའི་བཀའ་ཆད་གནས་གྱུར་མཐོལ་ལོ་བཤགས༔ བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ༔ ས་མ་ཡ་ཤུདྡྷེ་ཨཱ༔ «ཅེས་བརྗོ»ད«་ཅིང་ཡིག་བརྒྱ་བཟླ༔ བཅུ་པ་འཛབ་བཟླས་བྱ་བ་ནི༔» ཡེ་ཤེས་སེམས་དཔའ་རྣལ་འབྱོར་མའི༔ ཐུགས་མཆོག་འོད་ལྔའི་ཐིག་ལེའི་དབུས༔ པདྨ་དམར་པོའི་ཟེའུ་འབྲུའི་སྟེང་༔ ཐབས་ཤེས་གའུ་ཁ་སྦྱོར་ནང་༔ སྲོག་གི་སྙིང་པོ་ཡི་གེ་ཧྲཱིཿ རིང་ཆ་ཚེག་དྲག་དང་ལྡན་པ༔ གཟི་བརྗིད་འོད་ཕུང་འབར་བ་ཡི༔ ཐ་མར་སྔགས་ཀྱི་ཕྲེང་བས་བསྐོར༔ རྒྱལ་བ་མཆོད་ཅིང་བྱིན་རླབས་བསྡུས༔ སླར་འཕྲོས་འགྲོ་དྲུག་ལས་ཉོན་བག་ཆགས་སྦྱང་༔ འཁོར་འདས་དྭངས་བཅུད་བཀྲག་མདངས་གཟི་བརྗིད་བསྡུས༔ སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུའི་ངང་༔ མ་འགྲུབ་བར་དུ་མི་གཏོང་སྒྲུབ་པར་བགྱི༔ «བསྙེན་པ་ནི༔» ཨོཾ་ཀུ་རུ་ཀུལླེ་ཧྲཱིཾཿསརྦ་སིདྡྷི་ཧྲཱི༔ «ཡེངས་མེད་འཛིན་བྲལ་ཏིང་འཛིན་གནད་ལྡན་པས༔ འབུམ་ལྔ་བཟླ་ཞིང་བསྒྲུབ་པའི་རིམ་པ་ནི༔» ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས༔ རིགས་བཞིའི་ལས་མཛད་ཐུགས་རྒྱུད་བསྐུལ༔ འོད་ཀྱིས་རྩ་གསུམ་དགྱེས་བསྐུལ་ཞིང་༔ དངོས་གྲུབ་འོད་ཀྱི་རྣམ་པ་རུ༔ གནས་བཞིར་ཐིམ་ནས་དབང་བཞི་ཐོབ༔ རིགས་བཞི་ཁྲོ་བོའི་རྒྱུད་བསྐུལ་བས༔ བགེགས་དཔུང་ལོག་འདྲེན་བར་ཆད་འདུལ༔ དྲང་སྲོང་འབུམ་གྱི་ཐུགས་རྒྱུད་བསྐུལ༔ ཕས་རྒོལ་རིགས་སྔགས་བྱད་ཕུར་དང་༔ སྡེ་བརྒྱད་རྦོད་གཏོང་ཀུན་བཟློག་ཅིང་༔ ལྷ་སྔགས་ཆོས་ཉིད་རོལ་པའི་ངང་༔ ཨོཾ་ཀུ་རུ་ཀུལླེ་ཧྲཱིང་ཧྲཱིང་ཛྙཱ་ན་བཛྲ་རཏྣ་པདྨ་ཀརྨ་ཌཱཀྐི་ནི་ཧྱ་གྷྲྀ་ཝ་སརྦ་ཡོ་གི་ནི་ཏྲང་དུ་ཏྲང་དུ་སརྦ་སིདྡྷི་ཝ་ཤང་ཀུ་རུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ «བསྒྲུབ་པ་བཅུད་དྲིལ་གསང་བའི་སྙིང་པོ་འདི༔ རྩ་གསུམ་བྱིན་རླབས་དངོས་གྲུབ་སྤྲིན་ཕུང་འདུ༔ འབུམ་ཕྲག་བཟླས་ཚེ་རིག་འཛིན་གྲལ་དུ་འཁོད༔ ཡེ་ཤེས་ལྔ་ལྡན་བདེ་ཆེན་ཞིང་དུ་གྲོལ༔ འཕགས་མ་ཡི་དམ་ལྷ་དང་གཉིས་སུ་མེད༔ བློ་འདས་འབྲས་བུ་ཐོབ་པར་གདོན་མི་ཟ༔ ས་མ་ཡཱ༔ ཁམས་གསུམ་དབང་བྱེད་ལས་སྦྱོར་རིམ་པ་ནི༔» རང་ཉིད་འཕགས་མ་ཀུ་རུ་ཀུལླེའི་སྐུ་རུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་མཐེབ་སྲིན་ཨུཏྤ་ལའི་ཁོང་གསེང་ནས་བརྒྱུད་མདིལ་རྩེའི་ཉི་དཀྱིལ་ལ་ཕོག༔ ལྕགས་ཀྱུ་ལྟ་བུའི་འོད་ཟེར་ཚ་ལ་རྩུབ་པ་དཔག་ཏུ་མེད་པ་འཕྲོས༔ ཁམས་གསུམ་སྲིད་གསུམ་ལྷ་འདྲེ་མི་གསུམ་ཟས་ནོར་ལོངས་སྤྱོད་ཚེ་བསོད་དཔལ་འབྱོར་བཀྲག་མདངས་གཟི་བྱིན་དངས་བཅུད་ཐམས་ཅད་འོད་ཀྱི་རྣམ་པར་བསྡུས་ནས་དྭངས་མ་ཐུགས་ཀའི་ཧྲཱིཿརུ་ཐིམ་པར་དམིགས་ལ༔ ཨོཾ་ཀུ་རུ་ཀུལླེ་ཧྲིང་ཧྲིང་སརྦ་ལོ་ཀ་བསྡུས་བསྡུས་ཝ་ཤཾ་ཀུ་རུ་ཧོ༔« ཅེས་བཟླ་གསང་བའི་དམིགས་གནད་ཞལ་ལ་ཤེས༔ ཁྲི་ལྔ་བཟླས་པས་ལས་ཀུན་ཐོགས་མེད་འགྲུབ༔ འཕགས་མའི་སྒྲུབ་ཐབས་སྙིང་པོའི་བཅུད་བསྡུས་གཏེར༔ བར་ཆད་ལས་རྒྱལ་དངོས་གྲུབ་ཀུན་འབྱུང་དཔལ༔ ཡང་གསང་བསྙེན་སྒྲུབ་རིམ་པ་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྗེས་ལ་འདོད་ཡོན་ཚོགས་ཀྱི་རིམ་པ་ནི༔ དཀར་གསུམ་མངར་གསུམ་ཚོགས་མཆོད་ཤ་ཆང་དང་༔ མེ་ཏོག་ཟས་སྣ་ལ་སོགས་འདོད་དགུའི་རྫས༔ སེར་སྣས་མ་སྦགས་མཁོ་དགུ་ཡོངས་བསྟར་ཞིང་༔ དང་པོ་བྱིན་གྱིས་བརླབས་པའི་རིམ་པ་ནི༔ »ཧཱུྃ་ཧྲཱི༔ ཕྱི་སྣོད་རྣམ་དག་བདེ་ཆེན་དབང་གི་ཞིང་༔ ནང་བཅུད་ཡེ་ནས་དཔའ་བོ་མཁའ་འགྲོའི་དལ༔ རང་གི་ཐུགས་ལས་ཡེ་ཤེས་མེ་རླུང་ཆུས༔ ཚོགས་གཏོར་མ་དག་ཉེས་སྐྱོན་བསྲེགས་གཏོར་བཀྲུས༔ རང་བྱུང་པདྨ་བྷནྡྷའི་སྣོད་མཆོག་ཏུ༔ ཟག་མེད་ཤ་ལྔ་བདུད་རྩི་ལྔའི་རང་བཞིན༔ ཕུད་རླངས་མཆོད་སྤྲིན་ནམ་མཁའ་གང་བར་གྱུར༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔« ལན་གསུམ༔ གཉིས་པ་སྤྱན་འདྲེན་པ་ནི༔» ཧྲཱི༔ རྣམ་དག་སྤྲོས་བྲལ་འོག་མིན་ཆོས་ཀྱི་དབྱིངས༔ ཕྱོགས་བཅུ་རབ་འབྱམས་རྒྱལ་བའི་ཞིང་ཁམས་དང་༔ འདུས་མ་བྱས་པ་སྐུ་གསུམ་ཕོ་བྲང་ཆེ༔ བདེ་ཆེན་འབར་བ་དབང་གི་གནས་མཆོག་དང་༔ ལྷོ་ཕྱོགས་ཀུ་རུ་ཀུལླེའི་རི་ཕུག་སོགས༔ རང་བཞིན་གནས་ནས་འཕགས་མ་རིག་བྱེད་མ༔ དབང་མཛད་ཀུ་རུ་ཀུལླེའི་ལྷ་ཚོགས་དང་༔ རྩ་གསུམ་དཔའ་བོ་མཁའ་འགྲོ་སྲུང་མར་བཅས༔ གནས་འདིར་ཚོགས་མཆོད་མགྲོན་དུ་སྤྱན་འདྲེན་གཤེགས༔ ཉམས་དགའི་གཞལ་ཡས་འདི་ནི་བྱིན་རེ་ཆགས༔ དམ་གཙང་རྣལ་འབྱོར་ཕོ་མོ་བག་རེ་དྲོ༔ ཚོགས་མཆོད་བདུད་རྩིའི་རྒྱ་མཚོ་རོ་ནུས་ལྡན༔ འདིར་གཤེགས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ བདེ་སྟོང་ཟག་མེད་རྟོགས་པ་མངོན་གྱུར་མཛོད༔ ཨོཾ་གུ་རུ་དྷེ་ཝ་ཌཱཀྐི་ནི་ཀུ་རུ་ཀུལླེ་ཧྲིང་ཧྲིང་བཛྲ་ཨ་བེ་ཤ་ཡ་ཕེམ་ཕེམ་བཛྲ་ས་མ་ཡ་ཛ་ཛ༔ «གསུམ་པ་ཚོགས་ཕུད་འབུལ་བ་ནི༔ ཚོགས་ཕུད་རིམ་པ་གསུམ་སྤྲོས་ལ༔» ཚོགས་མཆོད་བདུད་རྩིའི་རང་བཞིན་རྒྱ་མཚོ་ཆེར༔ ཕུད་རླངས་མཆོད་པའི་སྤྲིན་ཕུང་བསམ་མི་ཁྱབ༔ རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་དང་༔ རྗེ་བཙུན་འཕགས་མ་འཁོར་དང་བཅས་ལ་འབུལ༔ དགྱེས་པར་བཞེས་ལ་ཟག་མེད་བདེ་བ་བསྐྱེད༔ ག་ན་ཙཀྲ་སརྦ་པུ་ཙ་ཁཱ་ཧི༔ «བཞི་པ་བཤགས་པ་བྱ་བ་ནི༔» མ་རིག་འཐིབ་པོའི་དབང་གྱུར་ཉམས་ཐག་འགྲོ༔ བདག་ཅག་སྒོ་གསུམ་བག་མེད་རྐྱེན་དབང་གིས༔ བླ་མ་ལྷ་དང་དཀྱིལ་འཁོར་ལྷ་ཚོགས་ཀྱི༔ སྐུ་གསུང་ཐུགས་དང་འགལ་བའི་ལས་བགྱིས་པ༔ རྩ་བ་ཡན་ལག་དམ་ཚིག་ཉམས་ཆགས་ཀུན༔ ཚོགས་མཆོད་ཡེ་ཤེས་བདུད་རྩིའི་རྒྱ་མཚོ་འདིས༔ བཤགས་སོ་དག་ཚངས་ཆེན་པོའི་དངོས་གྲུབ་སྩོལ༔ ག་ན་ཙཀྲ་ས་མ་ཡ་ཤུདྡྷེ་ཨ༔ «ལྔ་པ་བསྒྲལ་བ་ནི༔» ཁམས་གསུམ་འཁོར་བའི་གནས་སུ་འཁྲིད་བྱེད་པའི༔ གཟུང་འཛིན་མ་རིག་རུ་ཏྲ་བསྒྲལ་བ་ཡིས༔ གཟུགས་ཕུང་ཚོགས་ཀྱི་ལོངས་སྤྱོད་རྒྱ་ཆེན་པོ༔ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ དགྱེས་པར་བཞེས་ལ་ལོག་རྟོག་དབྱིངས་སུ་སྒྲོལ༔ ཧ་ལ་པཉྩ་པུ་ཙ་ཁཱ་ཧི༔ «དྲུག་པ་འདོད་ཡོན་ཚོགས་ལ་རོལ༔ བདེ་བ་ཆེན་པོའི་མཆོད་པ་འབུལ༔ རྡོ་རྗེའི་གླུ་གར་དག་ལ་བརྩོན༔ བག་མེད་ཤགས་དང་རྩོད་པ་སྤང་ཿ མཉམ་ཉིད་དགའ་བཞིའི་ཡེ་ཤེས་ངང་༔ བདུན་པ་ལྷག་མ་བསྔོ་བ་ནི༔ དཀྱིལ་འཁོར་གཙོ་བོའི་ཁ་ཕྲུ་བཏབ༔ »བྷྱཽ༔ ཉི་ཤུ་རྩ་བཞིའི་གནས་ལ་སོགས༔ དཀྱིལ་འཁོར་མཐའ་སྐྱོང་ལྷག་ལ་དབང་༔ བདག་ཉིད་ས་འཛིན་ཆེན་མོ་དང་༔ འབར་མ་མ་མོ་དབང་ཕྱུག་སོགས༔ དུར་ཁྲོད་ཉུལ་ཞིང་གཡང་གཞི་གྱོན༔ བྷནྡྷ་ཐོགས་ཤིག་རོ་ལ་ཟ༔ སྒྲུབ་པ་པོ་ཡི་དྲོད་ཉུལ་ཞིང་༔ ཏིང་འཛིན་ལྡན་པའི་གྲོགས་མཛད་མ༔ འཁོར་བཅས་འདིར་གཤེགས་ལྷག་གཏོར་བཞེས༔ ཕམ་ཕབ་བཟང་པོ་འདིས་ཚིམ་ཞིང་༔ རྐྱེན་ངན་བཟློག་ལ་བར་ཆད་སོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ མ་མ་ཧྲིང་ཧྲིང་ཨུཥྩི་ཊ་བྷ་ལིངྟ་ཁཱ་ཧི༔ «ཅེས་ལྷག་མ་བསྔོ༔ བརྒྱད་པ་ཐུགས་དམ་བསྐུལ་བ་ནི༔ »ཧཱུྃ་བྷྱོ༔ ཆོས་དབྱིངས་རྣམ་དག་དོན་གྱི་ཕོ་བྲང་ནས༔ རྒྱལ་བ་སྲས་བཅས་མ་ལུས་ཐམས་ཅད་དང་༔ ཁྱད་པར་ཤར་ཕྱོགས་རི་བོ་པོ་ཊ་ལ༔ དེར་བཞུགས་འཕགས་མ་ལྷ་མོ་རིགས་བྱེད་མ༔ རིགས་བཞིའི་མཁའ་འགྲོ་མ་ཚོགས་དྲང་སྲོང་འབུམ༔ ཐུགས་དམ་རྒྱུད་བསྐུལ་ཆོས་ཀྱི་དབྱིངས་ནས་བཞེངས༔ འགྲོ་བ་ཉམས་ཐག་མགོན་མེད་སྐྱབས་མཛོད་ལ༔ བསྟན་འགྲོའི་བདེ་སྐྱིད་འཕྲོགས་པའི་གདུག་པ་ཅན༔ ཞིང་བཅུ་ཉམས་པ་བདུན་ལྡན་དགྲ་དཔུང་ཆོམས༔ རྒྱལ་བ་སེན་དམ་སྲི་སྡེ་བརྒྱད་འབྱུང་པོའི་ཚོགས༔ མ་རུང་ལོག་འདྲེན་བྱད་ཕུར་རྦོད་གཏོང་ཐུལ༔ མངོན་སྤྱོད་དྲག་པོ་རོལ་པའི་ཐུགས་རྗེའི་མཐུས༔ སྐྱེ་མེད་དབྱིངས་སུ་སྒྲོལ་བའི་ཕྲིན་ལས་མཛོད༔ «དགུ་པ་ཆད་ཐོ་ནི༔» ཧཱུྃ་རྣམ་དག་འོག་མིན་བདེ་ཆེན་འབར་བའི་གནས༔ ལྷུན་རྫོགས་གསང་བ་མཆོག་གི་དུར་ཁྲོད་དུ༔ ཀུན་བཟང་ཆེ་མཆོག་ཁྲག་འཐུང་ཧེ་རུ་ཀས༔ མཁའ་འགྲོའི་གཙོ་མོ་དབང་བསྒྱུར་གར་མཁན་མར༔ མཉམ་སྦྱོར་གསང་བ་ཆེན་པོའི་དབང་བསྐུར་ཚེ༔ མ་ཚོགས་ཌཱཀྐི་བསྟན་སྲུང་རྒྱ་མཚོ་ཡིས༔ ཁས་བླངས་དམ་བཅའི་ཐ་ཚིག་ཇི་བཞིན་དུ༔ དམ་རྫ་བཱ་ལིང་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་རེ་བ་སྐོང་ལ་འདོད་དོན་སྒྲུབས༔ གསང་ཆེན་བསྟན་པ་རྒྱས་པའི་ཕྲིན་ལས་མཛོད༔ ས་མ་ཡ་རཀྵནྟུ༔ བྷ་ལིང་ཏ་ཁཱ་ཧི༔ «བཅུ་པ་བསྟན་མ་ནི༔» བྷྱོཿ གངས་རིའི་ཡུལ་ལྗོངས་བོད་ཁམས་སྐྱོང་མཛད་མ༔ བརྟན་མ་བཅུ་གཉིས་གཞི་བདག་བྲན་གཡོག་བཅས༔ འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ པདྨ་འབྱུང་གནས་བཀའ་བསྒོས་ཐ་ཚིག་ལྟར༔ ཨ་ཏི་བླ་མེད་བསྟན་པ་རྒྱས་པ་དང་༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ མ་མ་སྲིང་འགྲོ་མ་བཱ་ལིང་ཏ་ཁཱ་ཧི༔ «བཅུ་གཅིག་པ་རྟ་བྲོ་ནི༔» མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་འདིར༔ རྒབ་འདྲེ་དམ་སྲི་འབྱུང་པོའི་ཚོགས༔ སྟོང་ཆེན་སྲིད་པ་རིམ་དགུའི་འོག༔ མནན་ནོ་ཐེག་པ་རིམ་དགུའི་རྒྱ༔ བདག་མེད་མཁའ་འགྲོའི་བྲོ་བརྡུང་ངོ་༔ ཨོཾ་སུམྦྷ་ནི་«སོགས་ཀྱི་མཐར་»སྟྭཾ་བྷ་ཡ་ནན་ནན༔ «བཅུ་གཉིས་ཡན་ལག་བདུན་པས་མཆོད༔ ཕྱག་འཚལ་ཉེར་གཅིག་ལན་བདུན་བརྗོད༔ བཅུ་གསུམ་དངོས་གྲུབ་ལེན་པ་ནི༔» ཧྲཱིཿ ལྷག་པའི་ལྷག་མཆོག་འཕགས་མ་རིག་བྱེད་མ༔ ཚེ་རབས་སྔོན་ནས་བསྒྲུབས་པའི་ཡི་དམ་ལྷ༔ བསྙེན་ཅིང་བསྒྲུབ་པའི་དམ་ཚིག་ད་ནང་ཐེམ༔ ཐུགས་དམ་ཞལ་བཞེས་དུས་ལ་ད་བབས་ན༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱིས༔ དངོས་གྲུབ་མཆོག་སྩོལ་དབང་བཞི་བདག་ལ་སྐུར༔ ཟག་མེད་བདེ་ཆེན་ཡེ་ཤེས་རྒྱས་པར་མཛོད༔ ཨོཾ་ཀུ་རུ་ཀུལླེ་ཧྲཱིཿཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ «ཅེས་བརྗོད་སྒྲུབ་རྫས་གནས་བཞིར་གཏུགས༔ བཅུད་མྱོང་དབང་བཞིའི་དག་པ་སྒོམས༔ བཅུ་བཞི་བཟོད་གསོལ་ནི༔ »མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་དུ༔ བསྙེན་བསྒྲུབ་མ་ཚངས་ཚོགས་མཆོད་ཆུང་༔ ཏིང་འཛིན་མ་གསལ་བག་མེད་སྤྱད༔ ཆོ་ག་ལྷག་ཆད་འགལ་འཁྲུལ་ཀུན༔ བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ༔ «ཡི་གེ་བརྒྱ་པ་ལན་གསུམ་བརྗོད༔ བཅོ་ལྔ་པ་བསྡུ་རིམ་ནི༔ »ཧྲཱིཿ སྣོད་བཅུད་འོད་ཞུ་དཀྱིལ་འཁོར་ལྷ་ལ་བསྡུ༔ རྟེན་ཉིད་བརྟེན་པ་འཁོར་རྣམས་གཙོ་བོ་ལ༔ གཙོ་བོ་ཐུགས་ཀའི་ས་བོན་ཧྲཱི༔ལ་བསྡུ༔ དེ་ཉིད་དམིགས་མེད་ཆོས་དབྱིངས་ཀློང་དུ་ཨ༔ «བཅུ་དྲུག་པ་ལྷར་ལྡང་བ་ནི༔» སླར་ཡང་དྲན་རིག་མ་བཅོས་སོ་མའི་ངང་༔ ཕྱི་སྣོད་འཇིག་རྟེན་རི་བོ་ཏ་ལའི་ཞིང་༔ ནང་བཅུད་སེམས་ཅན་རྗེ་བཙུན་སྒྲོལ་མའི་སྐུ༔ སྒྲ་གྲགས་ཐམས་ཅད་ཏཱ་རེའི་སྔགས་ཀྱི་སྒྲ༔ དྲན་རྟོག་སྟོང་ཉིད་སྙིང་རྗེ་ཆེན་པོའི་ངང་༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱ་ཧཱ༔ «རྗེས་ལ་དགེ་བ་བསྔོ་བ་ནི༔» འདིར་འབད་དགེ་འདིས་མཐའ་ཡས་འགྲོ་བའི་ཁམས༔ སྡུག་བསྔལ་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ནས༔ ཟག་མེད་སྐུ་གསུམ་གོ་འཕང་ཐོབ་ཕྱིར་བསྔོ༔ «སྨོན་ལམ་ནི༔ »གར་གྱི་དབང་ཕྱུག་ལྷ་མོ་རིག་བྱེད་མ༔ བསྙེན་ཅིང་བསྒྲུབས་པའི་ཐུགས་རྗེ་ནུས་པའི་མཐུས༔ དུས་འདིར་འཕགས་མའི་ཞལ་མཐོང་གསུང་ཐོས་ཤིང་༔ ཇི་སྲིད་ཁྱེད་དང་དགོངས་པ་མཉམ་ནས་ཀྱང་༔ ཕྲིན་ལས་འཇུག་པས་འགྲོ་ཀུན་སྒྲོལ་བར་ཤོག༔ ས་དང་ལམ་གྱིས་འགལ་རྐྱེན་བར་ཆད་ཚོགས༔ མི་མཐུན་ཉེས་པའི་ཚོགས་རྣམས་ཉེར་ཞི་ཞིང་༔ དགེ་ལེགས་ཡོན་ཏན་རྒྱ་མཚོའི་དཔལ་ཡོན་ལ༔ ལོངས་སུ་སྤྱོད་པའི་སྐལ་པ་མཆོག་ལྡན་ཤོག༔ ནམ་ཞིག་ཚེ་འདིའི་སྣང་བ་ནུབ་པའི་ཚེ༔ ཟག་བཅས་སྒྱུ་མའི་འདུ་ཕུང་འོད་སྐུར་གྲོལ༔ ཀུན་རྫོབ་ཆོས་ཅན་སྣང་བ་ཆོས་ཉིད་ཀློང་༔ ཡོངས་ཟད་གཞོན་ནུ་བུམ་སྐུར་གྲོལ་ནས་ཀྱང་༔ ཐུགས་རྗེས་འཁོར་བ་དང་ནས་སྤྲུག་གྱུར་ཅིག༔ «ཅེས་བརྗོད་བཀྲ་ཤིས་མཐའ་རྒྱས་བྱ༔ ཨྠིྀ། ཨེ་མཿ ཡང་གསང་མཐར་ཐུགས་བླ་མེད་སྙིང་པོའི་བཅུད༔ རྩ་གསུམ་སྒྲུབ་ཐབས་འོ་མའི་རྒྱ་མཚོ་ཡི༔ བཅུད་བསྡུས་མར་གྱི་སྙིང་པོའི་ཡང་ཞུན་བཅུད༔ ཨོ་རྒྱན་པདྨའི་ཐུགས་ཀྱི་ཟུངས་ཁྲག་འདི༔ བདག་འདྲ་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས༔ མཁའ་དབྱིངས་ཀློང་སྒྲོམ་བརྡ་རིས་ཆེན་མོར་བཀོད༔ མ་འོངས་ཁྲག་འཐུང་ལས་ཀྱི་དཔའ་བོ་དང་༔ འཕྲད་ཅིང་ལྷ་འདྲེ་མི་གསུམ་ཉི་འོག་ཞབས༔ དབང་བསྡུས་འབྲེལ་ཚད་རིག་འཛིན་ཞིང་དུ་འཁྲིད༔ འདི་ཉིད་ཉམས་སུ་ལེན་པའི་གང་ཟག་མཆོག༔ བདུན་ཕྲག་གསུམ་གྱིས་འཛིན་པ་རང་ཞིག་ནས༔ བློ་འདས་ཆོས་ཟད་ཆེན་པོར་གྲོལ་བར་ངེས༔ ཤིན་ཏུ་གསང་བས་རང་གིས་ཉམས་སུ་ལོངས༔ གཞན་ལ་མི་སྤེལ་མཁའ་འགྲོའི་དམ་ཚིག་རྒྱ༔ བཀའ་འདི་མ་མོ་ཨེ་ཀ་ཙ་ཏི་མ༔ གཟའ་མཆོག་རཱ་ཧུ་ལ་ཡིས་ཐུབ་པར་སྲུངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཁ་ཐིམ༔ གསང་རྒྱ༔ སྦས་རྒྱ༔ སྐུ་གསུང་ཐུགས་ཀྱི་རྒྱ༔ ཆུ་མོ་སྦྲུལ་གྱི་ལོར་བདེ་སྟེར་ཌཱཀྐིས་བསྐུལ་ངོར་ལྟར་ས་བསྐྱོད་རིག་འཛིན་མཁའ་འགྲོ་རྣམས་ཀྱིས་ཀྱང་ནན་ཏན་ཆེན་པོས་བསྐུལ་པ་ལྟར་ཁྲག་འཐུང་ལས་ཀྱི་དཔའ་བོའི་མཁའ་དབྱིངས་ཡང་གསང་ཙིཏྟའི་ཀློང་གུར་ནས་དག་པར་ཕབ་པ་ཟབ་པའི་མཐར་ཐུག་གི༔ ཁ་ཐཾཿརྒྱཿ  

[[Category:Wyckibaat]]
}}
</onlyinclude>
{{TsagliCall}}
<headertabs/>

Latest revision as of 10:42, 27 June 2024

Wylie title yang gsang mkha' 'gro'i snying bcud las gar gyi lha mo'i gsang sgrub
Location mdo mkhyen brtse bka' 'bum
Volume 5, Text 30, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Sadhanas - Evocation Ritual - sgrub thabs
Cycle ཡང་གསང་མཁའ་འགྲོའི་སྙིང་བཅུད་ (yang gsang mkha' 'gro'i snying bcud)
Colophon

ཆུ་མོ་སྦྲུལ་གྱི་ལོར་བདེ་སྟེར་ཌཱཀྐིས་བསྐུལ་ངོར་ལྟར་ས་བསྐྱོད་རིག་འཛིན་མཁའ་འགྲོ་རྣམས་ཀྱིས་ཀྱང་ནན་ཏན་ཆེན་པོས་བསྐུལ་པ་ལྟར་ཁྲག་འཐུང་ལས་ཀྱི་དཔའ་བོའི་མཁའ་དབྱིངས་ཡང་གསང་ཙིཏྟའི་ཀློང་གུར་ནས་དག་པར་ཕབ་པ་ཟབ་པའི་མཐར་ཐུག་གི༔ ཁ་ཐཾཿརྒྱཿ

chu mo sbrul gyi lor bde ster DAk+kis bskul ngor ltar sa bskyod rig 'dzin mkha' 'gro rnams kyis kyang nan tan chen pos bskul pa ltar khrag 'thung las kyi dpa' bo'i mkha' dbyings yang gsang tsit+ta'i klong gur nas dag par phab pa zab pa'i mthar thug gi:_kha thaM rgya:

[edit]