DKYD-KABUM-04-NGA-009: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 7: Line 7:
|author=Mdo mkhyen brtse
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|authortib=མདོ་མཁྱེན་བརྩེ་
|citation=
|sourcerevealer=Mdo mkhyen brtse
|sourcerevealertib=མདོ་མཁྱེན་བརྩེ་
|terma=Yes
|language=Tibetan
|language=Tibetan
|volnumtib=༣
|volyigtib=ང
|pagestatus=Temporary stub only
|pagestatus=Temporary stub only
|volumenumber=04
|volumenumber=04

Revision as of 10:29, 24 June 2024

Wylie title
Location mdo mkhyen brtse bka' 'bum
Volume 4, Text 9, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre
[edit]
གུད་དུ་སྦས་པའི་མན་ངག་ནིཿ གི་ཝཾ་ལི་ཁྲི་ཙནྡན་དམརཿ གླ་རྩི་གུར་གུམ་མཚལ་དག་ནིཿ པི་པི་མེ་ཏོག་ཁབ་ལེན་རྡོཿ ར་མཉེ་ཉེ་ཤིང་ཐོ་མཚམས་བཅདཿ དབང་ལག་ཀ་ར་སྦྲང་དཀར་གྱིསཿ ཁྲུས་ནས་སྦྲུས་ལ་རིལ་བུར་བསྒྲིལཿ ཡུལ་ཁམས་དབང་དུ་སྡུད་བྱེད་ནཿ གཙོ་བོའི་ཐུགས་ལས་འོད་དམར་འཕྲོསཿ ལྷ་མོ་བཞི་ལ་ཕོག་པ་ཡིསཿ སོ་སོའི་ཐུགས་ལས་འོད་ཟེར་འཕྲོསཿ འགུགས་འཆིངས་སྡོམ་ཕྱོགས་ནུས་པའི་བཅུདཿ རྫས་ལ་ཐིམ་པས་དབང་བསྡུས་གྱུརཿ རྩ་སྔགས་ཤམ་བུར་འདི་བཞིན་གདབཿ སརྦ་པཉྩ་ཧཱུྃ་བསྡུས་བསྡུས་ན་ན་ཁ་དྷི་སྭཱ་ཧཱཿ རྒྱལ་པོ་དབང་དུ་སྡུད་བྱེད་ནཿ གོང་མཚལ་བསྲེ་ལ་སྔགས་གོང་ཤམཿ ཆྒཻ་མོ་ཝ་ཤཾ་ཀུ་རུ་ཧོཿ སྐྱེ་བོ་དབང་དུ་སྡུད་འདོད་ནཿ མཛུབ་མཚལ་བསྲེས་ལ་སྔགས་གོང་ཤམཿ ཆྒཻ་མོ་ཝ་ཤཾ་ཀུ་རུ་སྡུས་སྡུས་སྭཱ་ཧཱཿ བུད་མེད་དབང་དུ་སྡུད་འདོད་ནཿ ཆུང་མཚལ་ནས་ཟན་ཀླད་པ་བསྲེསཿ པདྨ་རྒྱལ་པོའི་ཐུགས་ཀ་ནསཿ འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་འཕྲོཿ གང་དམིགས་བཀུགས་ལ་འདུད་པར་མོསཿ རྩ་སྔགས་གོང་ཤམ་བུར་འདི་ལྟར་གདབཿ ན་རི་སརྦ་སམྦྷ་སྡུས་སྡུས་སྭཱ་ཧཱཿ ཅེས་ཀྱང་ཁུག་པར་མ་གྱུར་ནཿ གཙོ་བོའི་ཐུགས་ལས་འོད་ཟེར་གྱིསཿ ལས་བྱེད་ཐུགས་རྒྱུད་བསྐུལ་པ་ཡིསཿ སོ་སོའི་ཐུགས་ལས་འོད་དམར་པོཿ ལྕགས་ཀྱུའི་དབྱིབས་ཅན་འཕྲོས་པ་ཡིསཿ གང་དམིགས་དབང་མེད་བཀུགས་པར་གྱུརཿ ཅེས་དམིགས་སྔགས་བཟླས་མྱུར་དུ་འགུགསཿ ཁྱད་པར་དམིགས་བསམ་ཡུལ་གྱུར་ལཿ སྲིན་མཚལ་ག་བུར་ཤིང་མངར་བསྲེཿ རྫས་སྒྲུབ་དམིགས་པ་དངོས་འཇུག་ལཿ རང་ཉིད་པདྨ་རྒྱལ་པོ་ཡིཿ ཐུགས་ཀའི་འོད་ཀྱིས་ལས་བྱེད་བསྐུལཿ དམིགས་བྱ་མདུན་དུ་བཀུགས་པ་ཉིདཿ དགའ་གདུང་གུས་བྱས་གནས་པར་མོསཿ སླར་ཡང་ཆོས་ཉིད་གཅིག་བསྲེས་ཏེཿ ས་ཧག་ཚ་གཉར་ཞག་བ་ཝ་ཅ་ཙ་རྫ་ཝཀ་ཤཿ རྩ་སྔགས་ཤམ་བུར་རྒྱན་འདི་གདབཿ ཆྒཻ་མོ་བླ་ཡིད་སྡུས་སྡུས་ཁོལ་ཁོལ་ཝ་ཤཾ་ཀུ་རུ་སྭཱ་ཧཱཿ ཞེས་བཟླས་སླར་ཡང་ཡ་རག་ན་ན་ངར་ཤཿ ཝར་ཡང་ཧ་ཞིག་ཆགས་པར་བསམཿ བླ་ཡིད་འོད་ཞུ་རྡོ་རྗེར་དྲངསཿ རང་གི་སེམས་དང་གཉིས་མེད་བསྒོམཿ རླུང་གི་དམིགས་པ་དྲག་ཏུ་གཅུནཿ དེ་ནས་དབང་ཕྱུག་ཡིན་ཡང་འགུགསཿ སྲིད་གསུམ་དཀོན་པའི་གདམས་པའོཿ