DKYD-KABUM-03-GA-011: Difference between revisions
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=པད་འབྱུང་ཐུགས་ཐིག་ཆ་ལག་ལས༔ བླ་མ་གཅིག་ཆོག་སྒྲུབ་པ༔ | |||
|fulltitle=pad 'byung thugs thig cha lag las bla ma gcig chog sgrub pa | |||
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=mdo mkhyen brtse bka' 'bum | |collectiontitle=mdo mkhyen brtse bka' 'bum | ||
|author=Mdo mkhyen brtse | |author=Mdo mkhyen brtse | ||
|authortib=མདོ་མཁྱེན་བརྩེ་ | |authortib=མདོ་མཁྱེན་བརྩེ་ | ||
|sourcerevealer=Mdo mkhyen brtse | |sourcerevealer=Mdo mkhyen brtse | ||
|sourcerevealertib=མདོ་མཁྱེན་བརྩེ་ | |sourcerevealertib=མདོ་མཁྱེན་བརྩེ་ | ||
|tibgenre=Sadhanas - Evocation Ritual - sgrub thabs | |||
|terma=Yes | |terma=Yes | ||
|language=Tibetan | |language=Tibetan | ||
|volumenumber=03 | |volumenumber=03 | ||
|volnumtib=༣ | |volnumtib=༣ | ||
|volyigtib=ག | |volyigtib=ག | ||
| | |totalvolumes=8 | ||
|textnuminvol=011 | |textnuminvol=011 | ||
|multivolumework=No | |||
|colophontib=དུས་མཐའི་གཏེར་སྟོན་འཇའ་ལུས་རྡོ་རྗེ་ཡིསཿ མཁའ་དབྱིངས་ཀློང་སྒྲོམ་སྨུག་པོའི་བརྡ་རིས་ལསཿ ཕབ་འདི་སྐལ་བ་ཅན་གྱི་སྤྱོད་ཡུལ་ཏེཿ རིག་པའི་ཡེ་ཤེས་ཡི་གེའི་འདུ་བྱེད་སྤེལཿ བསྟན་དང་འགྲོ་ལ་ཕན་པའི་རྒྱུར་གྱུར་ཅིགཿ དགེའོ། །དགེའོ། །དགེའོ། ། | |||
|colophonwylie=dus mtha'i gter ston 'ja' lus rdo rje yisaH_mkha' dbyings klong sgrom smug po'i brda ris lasaH_phab 'di skal ba can gyi spyod yul teH_rig pa'i ye shes yi ge'i 'du byed spelaH_bstan dang 'gro la phan pa'i rgyur gyur cig:_dge'o/_/dge'o/_/dge'o/_/ | |||
|pdflink=File:DKYD-KABUM-03-GA-011.pdf | |pdflink=File:DKYD-KABUM-03-GA-011.pdf | ||
|volumeLetter=GA | |||
|InitCategories=Khyentse Lineage Project; DKYD-KABUM-Volume-03-GA | |InitCategories=Khyentse Lineage Project; DKYD-KABUM-Volume-03-GA | ||
}} | }} | ||
Line 23: | Line 29: | ||
<onlyinclude> | <onlyinclude> | ||
{{TibP|༄༅༔ པད་འབྱུང་ཐུགས་ཐིག་ཆ་ལག་ལས༔ བླ་མ་གཅིག་ཆོག་སྒྲུབ་པ་བཞུགས༔ | {{TibP|༄༅༔ པད་འབྱུང་ཐུགས་ཐིག་ཆ་ལག་ལས༔ བླ་མ་གཅིག་ཆོག་སྒྲུབ་པ་བཞུགས༔ | ||
«༄༅༔ རིགས་བརྒྱ་རིག་ལྔ་གསང་ཆེན་རིགས་གཅིག་དཔལ༔ སྐུ་ལྔ་རྩ་གསུམ་འདུས་པའི་ངོ་བོ་ཉིད༔ རྡོ་རྗེ་སློབ་དཔོན་གུ་རུ་པདྨ་འབྱུང༔ གཅིག་ཆོག་ནོར་བུའི་ལུགས་སུ་བསྒྲུབ་པ་བསྟན༔ མ་འོངས་ལྔ་ཕྲག་ཐ་མར་ཐུག་པའི་དུས༔ འགྲོ་རྣམས་སྡུག་བསྔལ་དཔག་ཏུ་མེད་པས་མནར༔ དུག་ལྔའི་བསྐྱེད་པའི་རང་གི་རང་བརླག་ཤིང༔ ནད་མཚོན་དུག་དང་འདྲེ་གདོན་གནོད་པའི་མཐུས༔ གློ་བུར་ཡེ་འདྲོག་སྲོག་ལ་ཧུར་ཐུམ་འབྱུང༔ དེ་ཚེ་ང་ཉིད་གཅིག་པུའི་སྐྱོབས་པ་སྟེ༔ ཐེ་ཚོམ་མེད་པར་གསོལ་འདེབས་འདི་ལ་འབུངས༔ »ན་མོ༔ སངས་རྒྱས་ཀུན་འདུས་པདྨ་ཀཱ་ར་ལཿ རྣམ་གསུམ་རྩེ་གཅིག་དད་པས་སྐྱབས་སུ་མཆི༔ མ་གྱུར་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀུན༔ བླ་མ་བྱང་ཆུབ་ཐོབ་པར་སེམས་བསྐྱེད་དོཿ ཕྱི་སྣོད་པདྨ་འོད་ཀྱི་གཞལ་ཡས་ཁང༔ ངོ་མཚར་བརྡའ་རྟགས་མཚན་ཉིད་རྫོགས་པའི་དབུསཿ རང་ཉིད་ཌཱཀྐི་དཀར་མོ་གྲི་ཐོད་འཛིན༔ རིན་པོ་ཆེའི་བརྒྱན་དར་གྱི་ཤམ་ཐབས་ཅནཿ སྤྱན་ཟུང་མཁར་གཟིགས་སྟོང་གསལ་འོད་ཀྱི་ལུསཿ བྱང་ཆུབ་སེམས་ལྡན་མོས་གུས་མཆི་མ་འཁྲུགསཿ སྤྱི་བོར་རྒྱལ་ཀུན་འདུས་ཞལ་པདྨ་འབྱུངཿ ཕོད་ཁ་ཆོས་གོས་ཟབ་བེར་པད་ཞུ་གསོལཿ ཕྱག་གཡས་གསེར་གྱི་རྡོ་རྗེ་སྡིག་པའི་ཚུལཿ གཡོན་པས་བུམ་ཐོད་མཆན་ཁུང་ཁ་ཊྭཱྃ་འཁྱུདཿ རྒྱལ་པོའི་རོལ་སྟབས་པདྨ་ཉི་སྟེང་བཞུགས༔ སྐུ་མདོག་དཀར་དམར་ཞི་མ་ཁྲོ་ཡི་ཉམས༔ ཐུགས་རྗེའི་སྤྱན་གྱིས་བདག་ལ་བརྩེ་བར་གཟིགསཿ འཇའ་ཚོན་འོད་འཁྱིལ་དཔའ་བོ་མཁའ་འགྲོས་བསྐོར༔ ཧཱུྃཿ སྔོན་གྱི་བསྐལ་པའི་དང་པོ་ལཿ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམསཿ དྷ་ན་ཀོ་ཤའི་མཚོ་གླིང་དབུསཿ པདྨ་གེ་སར་སྡོང་པོ་ལཿ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགསཿ ད་ལྟ་སྲིན་པོའི་ཁ་གནོན་མཛདཿ ཐུགས་རྗེ་གདོང་དམར་བོད་དུ་གཟིགསཿ དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོརཿ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིཿ སྔོན་གྱི་ཐུགས་དམ་ཞལ་བཞེས་བཞིནཿ བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལཿ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལཿ ཨེ་མ་ཧོཿ ངོ་མཚར་རྨད་བྱུང་རྗེ་བཙུན་པདྨ་འབྱུངཿ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལཿ འོག་མིན་གནས་སུ་གསང་སྔགས་བྱོན་པའི་ཚེཿ རྫོགས་ཆེན་སྟོན་པ་འོད་མི་འགྱུར་བ་ཡིཿ སྲས་ཀྱི་ཐུ་བོ་བདེ་བའི་རྡོ་རྗེ་མཆོགཿ ཐུགས་བསྐྱེད་སྨོན་ལམ་དུས་བབས་སྒྲོན་བསྐལ་འདིརཿ རྟ་ཕག་ཡབ་ཡུམ་མཉམ་སྦྱོར་དྭངས་མ་ལསཿ མཚོ་དབུས་པདྨའི་སྦུབས་སུ་སྐུ་སྤྲུལ་ཞིངཿ མཚན་མཆོག་བརྒྱད་ཀྱི་བརྟུལ་ཞུགས་མཐར་ཕྱིན་མཛདཿ དུར་ཁྲོད་བརྒྱད་དུ་གྲུབ་པ་མངོན་གྱུར་ཞིངཿ ཏ་ན་གྷ་ནའི་མཆོག་གི་དངོས་གྲུབ་བརྙེསཿ རྡོ་རྗེ་དྲག་པོ་རྩལ་ལ་གསོལ་བ་འདེབསཿ མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས༔ ཀུན་བཟང་རྡོར་སེམས་སྤྲུལ་པའི་གར་སྒྱུར་བཿ སྟོན་པ་སངས་རྒྱས་དྲི་མ་མེད་པ་དངཿ སློབ་དཔོན་དགའ་རབ་རྡོ་རྗེ་ཤྲི་སིངཿ འཇམ་དཔལ་བཤེས་གཉེན་ལ་སོགས་བླ་མའི་དྲུངཿ དགོངས་བརྡ་སྙན་བརྒྱུད་གདམས་པ་མ་ལུས་རྫོགསཿ ཡེ་ཤེས་མཁའ་འགྲོར་དབང་བཞི་ཡོངས་རྫོགས་ཐོབཿ རྟོགས་གྲོལ་དུས་མཉམ་དགོངས་པ་མངོན་དུ་གྱུར༔ འོད་ཀྱི་ལུས་ལ་ཡེ་ཤེས་སྙིང་པོ་ཅནཿ ལྷ་ལྕམ་ལ་སོགས་གསང་བའི་སྒྲུབ་སྡེ་མོརཿ སྦྱོར་བའི་དགའ་བཞིའི་ཞུ་བདེའི་རྩལ་ཕྱུངས་ཀྱིསཿ ཉམས་རྟོགས་རྩལ་འབར་གྲུབ་རྟགས་མངོན་དུ་གྱུརཿ པདྨ་འབྱུང་གནས་མཆོག་ལ་གསོལ༴ མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབསཿ འཕགས་ཡུལ་ཕྲིན་ལས་བཞི་ཡིས་འགྲོ་དོན་མཛདཿ རྒྱ་བལ་མཚམས་སུ་འགྲོ་དོན་གསང་སྔགས་སྤེལཿ བལ་ཡུལ་ལྷ་སྲིན་སྡེ་བརྒྱད་དམ་ལ་བཏགསཿ ནང་རྒྱུད་ཡོ་ག་གསུམ་གྱི་བཅུད་བསྡུས་ནསཿ དབྱིངས་ཀྱི་མཁའ་འགྲོའི་ཐུགས་ཀྱི་ཀློང་དུ་སྦསཿ ཨོ་རྒྱན་སྤྲིན་ནག་འདུས་པའི་དུར་ཁྲོད་དུཿ ཞིང་སྐྱོང་མ་མོ་མཁའ་འགྲོ་དབང་བསྡུས་ནསཿ བསྐྱེད་རིམ་སྣང་བ་སྒྱུ་མར་རྟོགས་པ་དང༌། རྫོགས་དང་འབྱུང་ལྔ་རྩ་རླུང་ཐིག་ལེའི་ཁམསཿ ཡེ་ཤེས་ལྔར་སྦྱང་སྐུ་གསུམ་འབྲས་བུ་བསྒྲུབསཿ མཁའ་སྤྱོད་འོག་མིན་སྤྲུལ་པའི་ཞིང་དུ་བསྒྱུརཿ པདྨ་ཐོད་ཕྲེང་རྩལ་ལ་གསོལ་བ་འདེབསཿ མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབསཿ སྔོན་སྨོན་མཐུས་བསྐྱེད་མཐའ་འཁོབ་བོད་ཀྱི་ཡུལཿ མངའ་བདག་ཐུགས་དགོངས་གཙུག་ལག་ཁང་བཞེངས་ཤིངཿ མ་རུང་གདུག་པའི་ལྷ་སྲིན་སྡེ་བརྒྱད་ཀུནཿ དབང་བསྡུས་བྲན་བཀོལ་བཀའ་རྟགས་ཕྱག་རྒྱས་བཅིངསཿ སྐྱེ་དགུ་བསོད་ནམས་བསགས་པའི་རྟེན་མང་མཛདཿ རྫུ་འཕྲུལ་བཀོད་པས་གཞན་རྒོལ་ཚར་བཅད་ཅིངཿ ཡོ་ག་གསུམ་གྱི་བསྟན་པ་རྒྱས་པར་མཛདཿ རྟོག་གྲོལ་དུས་མཉམ་རྗེ་འབངས་ཉི་ཤུ་ལྔཿ སྦས་མི་བདུན་དང་གྲུབ་པ་མཆོག་བརྙེས་ལྔཿ ཡང་གསང་བླ་མེད་ཨ་ཏི་ཡོ་ག་ཡིཿ སྨིན་གྲོལ་གདམས་པའི་བཅུད་ཀྱི་ལེགས་གཏམས་ཤིངཿ ཆོས་སྐུའི་ཞིང་དུ་མཁའ་ལྡིང་འཆི་མེད་ལམཿ བསྒྲོད་བཞིན་མངོན་འཚང་རྒྱ་བའི་དེད་དཔོན་མཆོགཿ པདྨ་འབྱུང་གནས་མཆོག་ལ༴ མཆོག་ཐུན་དངོས་གྲུབ་ཐོབ་པར༴ མ་འོངས་ལྔ་བརྒྱ་ཐ་མའི་འགྲོ་བ་རྣམསཿ ལས་ཉོན་སྡུག་བསྔལ་དྲག་པོས་གཟིར་བའི་ཚེཿ སྐྱོབས་ཕྱིར་མདོ་སྔགས་ཆོས་ཀྱི་བཅུད་དྲིལ་བཿ དུས་རྟགས་དང་མཚུངས་རྗེ་འབངས་རང་རང་གི་ཿ འགྲོ་དོན་དུས་བབས་སྐབས་དང་མཚུངས་པ་ཡིཿ ཟབ་མོའི་གཏེར་ཁ་བརྒྱ་དང་ཉེར་ལྔའི་བརཿ རྫུ་འཕྲུལ་ཤུགས་ཀྱིས་མཐའ་དབུས་ཁམས་གསུམ་དུཿ ཟབ་མོའི་གཏེར་ཁ་སྦས་ཤིང་སྨོན་ལམ་བཏབཿ དབང་རབ་དོན་དུ་རྫོགས་ཆེན་མན་ངག་སྡེཿ སྐོར་ཚོ་རྣམ་གསུམ་མཁའ་འགྲོའི་ཐུགས་སུ་སྦསཿ ལས་སྨོན་རྟེན་འབྲེལ་ཤུགས་ཀྱིས་འདྲེན་མཛད་པའིཿ པདྨ་འབྱུང་གནས་ཞབས་ལ༴ མཆོགཐུན་དངོས༴ ཆོས་རྒྱལ་ཡབ་སྲས་འདོད་དོན་ཡོངས་རྫོགས་ནསཿ ལྷོ་ནུབ་ཟ་བྱེད་སྲིན་པོ་འབུམ་བརྡལ་གྲོགསཿ རི་མཆོག་ཙིཏྟ་གནམ་དུ་ལངས་འདྲའི་དབུསཿ སྲིན་རྒྱལ་རཀྴ་ཐོད་ཕྲེང་སྐུར་བཞེངས་ནསཿ སྦྱོར་སྒྲོལ་རྨད་བྱུང་གསང་སྔགས་སྤྱོད་པ་མཛདཿ སྲིན་ཡུལ་རྣམ་དག་སྤྲུལ་སྐུའི་ཞིང་དུ་སྒྱུརཿ འོག་ཁང་ཚོགས་ཆེན་འདུས་པའི་གཞལ་ཡས་ཁངཿ བར་ཁང་ཞི་བ་རྡོར་དབྱིངས་ལོངས་སྐུའི་ཞིངཿ སྟེང་ཁང་ཆོས་དབྱིངས་འོག་མིན་སྟུག་པོ་བཀོདཿ སྐུ་གསུམ་ཞིང་དུ་སྟོན་པ་གཙོ་བོ་ལསཿ འཁོར་ཚོགས་རང་རང་སྐལ་བ་དང་མཐུན་པརཿ ཐེག་གསུམ་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོརཿ པདྨ་ཐོད་ཕྲེང་རྩལ༴ མཆོག་ཐུན་དངོས་གྲུབ་ཐོབ༴ ད་ལྟ་ཟ་བྱེད་སྲིན་པོའི་ཁ་གནོན་མཛདཿ ཐུགས་རྗེ་རྒྱུན་ཆད་མེད་པར་བོད་ཡུལ་སྐྱོངསཿ སྤྲུལ་པ་བྱེ་བ་ཕྲག་བརྒྱའི་དོན་མཛད་ཅིངཿ དད་པ་ཅན་ལ་དངོས་སུ་ཞལ་གཟིགས་ནསཿ དབང་བསྐུར་ལུང་བསྟན་དབུགས་དབྱུངས་གཟེངས་བསྟོད་ཅིངཿ སྐལ་ལྡན་ལས་ཅན་སྐྱེས་བུ་དམ་ཚིག་ཅནཿ སྨོན་ལམ་དབང་གིས་མཐའ་འཁོབ་གདུལ་བྱའི་དོནཿ སྤྱོད་པས་སྐྱེས་བུ་རིག་འཛིན་ཕོ་མོ་ལཿ འབྲལ་མེད་སྒོ་གསུམ་བྱིན་རློབས་གདམས་ངག་སྟོནཿ ཕ་ཕོག་སྟེར་ཞིང་འབྲེལ་ཚད་དོན་ལྡན་མཛདཿ གསང་སྔགས་བསྟན་པ་དུས་མཐར་རྒྱས་སྤེལ་རྗེཿ པདྨ་འབྱུང་གནས་ཞབས་ལ༴ མཆོག་ཐུན་དངོས་གྲུབ་ཐོབ་པར༴ ཐུགས་རྗེ་ལྡན་པའི་གུ་རུ་རིན་པོ་ཆེཿ བདག་ནི་སྙིགས་མ་ལྔ་ཡི་མཐར་ལྷུང་ཞིངཿ བདེ་བར་འདོད་ཀྱང་སྡུག་བསྔལ་ཁོ་ནར་སྤྱོདཿ འཁོར་བའི་རྒྱ་མཚོ་གཏིང་དཔག་དཀའ་བར་བྱིངསཿ འདི་ལ་མགོན་པོ་ཁྱོད་ཀྱི་ཐུགས་རྗེས་གཟིགས༔ རླུང་མཁྲིས་བད་ཀན་འདུ་བའི་ནད་རིགས་དངཿ ལྷོག་གག་རྨ་སྐྲང་ཕོལ་མིག་མཛེ་ཡི་རིགསཿ ཚ་གྲང་འགོ་བའི་ནད་རིམ་གློ་བུར་ཅནཿ གཉན་རིམ་དོན་སྣོད་ཤ་རུས་ལྤགས་རུས་ནདཿ གུ་རུ་སྨན་པའི་རྒྱལ་པོའི་ཐུགས་རྗེས་སྐྱོབསཿ གཟའ་དང་རྒྱུ་སྐར་གནམ་ཐེལ་རྒྱལ་བསེན་དངཿ གྲི་བོ་གྲི་མོ་ས་བདག་གཉན་བདུད་ཀླུཿ རྒྱ་འདྲེ་འབྱུང་པོ་དམ་སྲི་གློ་བུར་གདོནཿ འཇིག་རྟེན་མཁའ་འགྲོ་མ་མོ་ཀུན་རྒྱུ་མཿ པདྨ་འབྱུང་གནས་ཐུགས་རྗེ་ཤུགས་ཀྱིས་སྒྲོལཿ བསྲེགས་བྱེད་མི་དང་གཏོར་བ་རླུང་གི་ཁམསཿ འཐུམ་གནོན་ས་དང་གཡོ་བཤིགས་ཆུ་ཡི་དགྲཿ དེ་ལས་བསྐྱེད་པའི་འབྱུང་བཞིའི་གཡོ་འཁྲུག་གིསཿ མ་དག་སྒྱུ་མའི་གཡར་ཁར་འཇིག་ཉེའི་ཚེཿ པདྨ་འབྱུང་གནས་ཐུགས་རྗེའི་ཤུགས་ཀྱིས་སྐྱོབསཿ མི་རྒོད་དུག་སྦྲུལ་གཅན་ཟན་མཆེ་བ་ཅནཿ རྒྱལ་པོའི་ཆད་པ་བརྣག་སེམས་དུག་སྦྱོར་གཡོཿ བསམ་ངན་སྦྱོར་རྩུབ་མཐོ་གནོན་དམས་བརྙེས་དངཿ མཚོན་ཆ་གདུག་པའི་དཔལ་གྱིས་སྲོག་འཕྲོག་སོགསཿ རྡོ་རྗེ་དྲག་པོ་རྩལ་གྱི་ཐུགས་རྗེས་སྐྱོབསཿ ཟག་བཅས་སྒྱུ་མ་ལུས་ཀྱི་གཡར་ཁང་འདིཿ གཏན་གྱི་བདེ་བའི་དམ་ཆོས་སྒྲུབ་པ་ལཿ སྔོན་ལས་ཚེ་ཡི་འཕེན་པ་ཟད་པའི་ཚེཿ གུ་རུའི་ཐུགས་རྗེས་བརྟན་གཡོའི་ཚེ་བཅུད་བསྡུསཿ ཚེ་དབང་རིག་འཛིན་འཆི་མེད་་དངོས་གྲུབ་སྩོལཿ ད་ལྟའི་ལུས་རྟེན་དོན་ལྡན་སྒྲུབ་བྱའི་ཕྱིརཿ དད་དང་སྙིང་རྗེ་ཟབ་མོའི་ཏིང་འཛིན་ལཿ རྣམ་པར་གཡེང་བའི་རྣམ་རྟོག་བདུད་ཀྱིས་བསླུསཿ ལོག་ལྟ་དམ་ཉམས་རྐྱེན་ངན་དབང་གྱུར་ཚེཿ པད་འབྱུང་ཐུགས་རྗེས་བདག་བློ་ཆོས་ལ་སྒྱུརཿ མདོར་ན་དུས་ཀུན་གཡེལ་བ་མེད་པ་རུཿ རྩེ་གཅིག་མོས་གུས་གདུང་བས་གསོལ་འདེབས་ནཿ གུ་རུའི་ཐུགས་དམ་ཞལ་བཞེས་དུས་དགོངས་ལཿ བདག་སོགས་ལས་ཉོན་དབང་དུ་མ་བཏང་བརཿ ཁྱེད་ཀྱི་སྲས་ཀྱི་ཐུ་བོ་དབུགས་དབྱུང་གསོལཿ ནམ་ཞིག་སྒྱུ་མའི་གཡར་ཁང་ཞིག་པའི་ཚེཿ སྙིང་དབུས་ཨཱཿདཀར་མི་ཤིགས་ཐིག་ལེའི་ཁམསཿ དྭངས་མ་ལྔ་འདུས་འོད་ཀྱི་ཐིག་ལེ་དེཿ སྐར་མདའ་ཆད་བཞིན་བླ་མའི་ཐུགས་ཀར་འཕོཿ བདེ་ཆེན་པདྨ་འོད་ཀྱི་ཕོ་བྲང་དུཿ འདྲེན་པའི་དེད་དཔོན་མཛོད་ཅིག་པདྨ་འབྱུངཿ ཆོས་མེད་བདག་ལ་སྐྱབས་གནས་ཁྱེད་ལས་མེདཿ རྣམ་གསུམ་དད་པའིལྷང་ལྷང་འབོད་ལགས་ནཿ མ་ཧཱ་གུ་རུའི་ཐུགས་རྗེས་བརྩེར་དགོངས་ལཿ སྒྲིབ་པ་བཞི་སྦྱོང་དབང་བཞི་ཡོངས་རྫོགས་སྩོལཿ སྐུ་བཞི་ཡེ་ཤེས་ལྔ་ཡི་ས་བོན་ཐོབཿ རིག་འཛིན་རྣམ་བཞིའི་འབྲས་བུ་མངོན་གྱུར་ནསཿ གཞོན་ནུ་བུམ་སྐུའི་ཀློང་དུ་འཚང་རྒྱ་ཤོགཿ «ཅེས་གསོལ་བ་བཏབ་མཐརཿ »ཨོཾ་ཨཱཿཧཱུྃཿ བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ «བླ་མ་མོས་གུས་རྩེ་གཅིག་ངང་ནས་བཟླཿ འགྲོ་ལ་དམིགས་པའི་སྙིང་རྗེ་ཆེན་པོ་བསྒོམཿ »གུ་རུའི་སྐུ་ལས་འོད་ཟེར་སྣ་ཚོགས་བྱུངཿ བདག་ལ་ཐིམ་པས་དབང་དང་དངོས་གྲུབ་ཐོབཿ སྒོ་གསུམ་སྒྲིབ་དག་འོད་ལུས་སྒྱུ་མའི་སྐུཿ སྣང་སྟོང་མེ་ལོང་གཟུགས་བརྙན་ལྟ་བུར་གསལཿ «རྣམ་རྟོག་ཁ་ཡན་མི་གཏོང་རང་སར་ལྷོདཿ ངང་མདངས་སྐྱོང་ནས་ཆོས་སྐུའི་རྒྱལ་ས་ཟིནཿ ཆོས་ཉིད་དོན་ལ་ཐེ་ཚོམ་མེད་པ་ནིཿ དངོས་གྲུབ་མཆོག་ཐོབ་ང་ཡི་ཐུགས་ཀློང་འདྲེསཿ ཡང་ན་བླུན་པོ་དད་པ་བརྟན་པོས་འགྲུབཿ ཐེ་ཚོམ་ཅན་ལ་དངོས་གྲུབ་རིང་དུ་འགྱུརཿ དེ་ཕྱིར་ལས་སྐལ་ལྡན་པས་ཉམས་སུ་ལོངསཿ ཐུན་མཐར་ཚེ་ཡི་སྒྲུབ་པ་ནིཿ »རིགས་བདག་བླ་མའི་ལྷ་ཚོགས་འོད་དུ་ཞུཿ རང་ལུས་ཨོ་རྒྱན་ཚེ་དཔག་མེད་པའི་སྐུཿ སྐུ་གསུམ་རིགས་འདུས་དམར་གསལ་ལོངས་སྐུའི་ཆསཿ སྐྱིལ་ཀྲུང་མཉམ་བཞག་བདུད་རྩིའི་བུམ་པ་བསྣམསཿ ཐུགས་ཀར་ཉི་ཟླའི་གའུ་ཁ་སྦྱོར་དབུསཿ ཧྲཱིཿཡིག་བཀྲག་མདངས་གཟི་བརྗིད་ལྡན་པར་གསལཿ སྔགས་ཀྱིས་བསྐོར་ལས་འོད་འཕྲོས་ཞིང་ཁམས་མཆོདཿ དབང་དང་དངོས་གྲུབ་བྱིན་རླབས་བསྡུས་ཤིང་འཕྲོསཿ འགྲོ་དྲུག་ལས་ཉོན་བག་ཆགས་སྡིག་སྒྲིབ་སྦྱངཿ བརྟན་གཡོའི་ཚེ་བསོད་ཡོན་ཏན་དང་བཅུད་བསྡུསཿ བཀྲག་མདངས་གཟི་བྱིན་ཚེ་བསོད་ཉམས་རྟོགས་རྒྱསཿ ཚེ་དབང་རིག་འཛིན་དགོངས་པ་མཉམ་པར་དམིགསཿ ཨོཾ་ཨཱཿཧཱུྃཿ བཛྲ་གུ་རུ་པདྨ་ཨ་ཡུརྫྙཱ་ན་པུཎྱེ་སིདྡྷི་བྷྲཱུྃཿ« སྟོང་ཉིད་ངང་ནས་ཐུགས་སྲོག་སྙིང་པོ་ཧྲཱིཿ ཅི་རིགས་བཟླས་མཐར་འོད་ཟེར་གོ་ཆ་བགོསཿ སྲིད་ཞི་བསྡུས་ནས་དམིགས་མེད་ངང་ལ་བཞགཿ ཚེ་ཡི་འགལ་རྐྱེན་བཟློག་ཅིང་འཆི་བ་བསླུཿ ཟད་པ་གསོ་ཞིང་ཆད་པ་མཐུད་ནས་སྤེལཿ དངོས་གྲུབ་དུས་སུ་སྨིན་པར་འགྱུརཿ ཐུན་མཐར་སྟོང་ཚིག་མཆོད་བསྟོད་བསྔོ་སྨོན་བྱཿ བླ་མའི་སྒྲུབ་པ་གཅིག་ཆོག་ནོར་བུའི་ལུགསཿ ཡང་གསང་པདྨ་ཐུགས་ཐིག་ཆ་ལག་ཏུཿ རྒྱ་གར་གྲུབ་བརྙེས་ཨ་ཙར་དམར་པོ་ཡིཿ ལྷ་ལྕམ་མུ་སྟེགས་རྗེས་སུ་འཛིན་ཕྱིར་གདམསཿ མ་འོངས་ལས་ཅན་བུ་དང་འཕྲད་པར་ཤོགཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ དུས་མཐའི་གཏེར་སྟོན་འཇའ་ལུས་རྡོ་རྗེ་ཡིསཿ མཁའ་དབྱིངས་ཀློང་སྒྲོམ་སྨུག་པོའི་བརྡ་རིས་ལསཿ ཕབ་འདི་སྐལ་བ་ཅན་གྱི་སྤྱོད་ཡུལ་ཏེཿ རིག་པའི་ཡེ་ཤེས་ཡི་གེའི་འདུ་བྱེད་སྤེལཿ བསྟན་དང་འགྲོ་ལ་ཕན་པའི་རྒྱུར་གྱུར་ཅིགཿ དགེའོ། །དགེའོ། །དགེའོ། ། | «༄༅༔ རིགས་བརྒྱ་རིག་ལྔ་གསང་ཆེན་རིགས་གཅིག་དཔལ༔ སྐུ་ལྔ་རྩ་གསུམ་འདུས་པའི་ངོ་བོ་ཉིད༔ རྡོ་རྗེ་སློབ་དཔོན་གུ་རུ་པདྨ་འབྱུང༔ གཅིག་ཆོག་ནོར་བུའི་ལུགས་སུ་བསྒྲུབ་པ་བསྟན༔ མ་འོངས་ལྔ་ཕྲག་ཐ་མར་ཐུག་པའི་དུས༔ འགྲོ་རྣམས་སྡུག་བསྔལ་དཔག་ཏུ་མེད་པས་མནར༔ དུག་ལྔའི་བསྐྱེད་པའི་རང་གི་རང་བརླག་ཤིང༔ ནད་མཚོན་དུག་དང་འདྲེ་གདོན་གནོད་པའི་མཐུས༔ གློ་བུར་ཡེ་འདྲོག་སྲོག་ལ་ཧུར་ཐུམ་འབྱུང༔ དེ་ཚེ་ང་ཉིད་གཅིག་པུའི་སྐྱོབས་པ་སྟེ༔ ཐེ་ཚོམ་མེད་པར་གསོལ་འདེབས་འདི་ལ་འབུངས༔ »ན་མོ༔ སངས་རྒྱས་ཀུན་འདུས་པདྨ་ཀཱ་ར་ལཿ རྣམ་གསུམ་རྩེ་གཅིག་དད་པས་སྐྱབས་སུ་མཆི༔ མ་གྱུར་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀུན༔ བླ་མ་བྱང་ཆུབ་ཐོབ་པར་སེམས་བསྐྱེད་དོཿ ཕྱི་སྣོད་པདྨ་འོད་ཀྱི་གཞལ་ཡས་ཁང༔ ངོ་མཚར་བརྡའ་རྟགས་མཚན་ཉིད་རྫོགས་པའི་དབུསཿ རང་ཉིད་ཌཱཀྐི་དཀར་མོ་གྲི་ཐོད་འཛིན༔ རིན་པོ་ཆེའི་བརྒྱན་དར་གྱི་ཤམ་ཐབས་ཅནཿ སྤྱན་ཟུང་མཁར་གཟིགས་སྟོང་གསལ་འོད་ཀྱི་ལུསཿ བྱང་ཆུབ་སེམས་ལྡན་མོས་གུས་མཆི་མ་འཁྲུགསཿ སྤྱི་བོར་རྒྱལ་ཀུན་འདུས་ཞལ་པདྨ་འབྱུངཿ ཕོད་ཁ་ཆོས་གོས་ཟབ་བེར་པད་ཞུ་གསོལཿ ཕྱག་གཡས་གསེར་གྱི་རྡོ་རྗེ་སྡིག་པའི་ཚུལཿ གཡོན་པས་བུམ་ཐོད་མཆན་ཁུང་ཁ་ཊྭཱྃ་འཁྱུདཿ རྒྱལ་པོའི་རོལ་སྟབས་པདྨ་ཉི་སྟེང་བཞུགས༔ སྐུ་མདོག་དཀར་དམར་ཞི་མ་ཁྲོ་ཡི་ཉམས༔ ཐུགས་རྗེའི་སྤྱན་གྱིས་བདག་ལ་བརྩེ་བར་གཟིགསཿ འཇའ་ཚོན་འོད་འཁྱིལ་དཔའ་བོ་མཁའ་འགྲོས་བསྐོར༔ ཧཱུྃཿ སྔོན་གྱི་བསྐལ་པའི་དང་པོ་ལཿ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམསཿ དྷ་ན་ཀོ་ཤའི་མཚོ་གླིང་དབུསཿ པདྨ་གེ་སར་སྡོང་པོ་ལཿ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགསཿ ད་ལྟ་སྲིན་པོའི་ཁ་གནོན་མཛདཿ ཐུགས་རྗེ་གདོང་དམར་བོད་དུ་གཟིགསཿ དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོརཿ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིཿ སྔོན་གྱི་ཐུགས་དམ་ཞལ་བཞེས་བཞིནཿ བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལཿ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལཿ ཨེ་མ་ཧོཿ ངོ་མཚར་རྨད་བྱུང་རྗེ་བཙུན་པདྨ་འབྱུངཿ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལཿ འོག་མིན་གནས་སུ་གསང་སྔགས་བྱོན་པའི་ཚེཿ རྫོགས་ཆེན་སྟོན་པ་འོད་མི་འགྱུར་བ་ཡིཿ སྲས་ཀྱི་ཐུ་བོ་བདེ་བའི་རྡོ་རྗེ་མཆོགཿ ཐུགས་བསྐྱེད་སྨོན་ལམ་དུས་བབས་སྒྲོན་བསྐལ་འདིརཿ རྟ་ཕག་ཡབ་ཡུམ་མཉམ་སྦྱོར་དྭངས་མ་ལསཿ མཚོ་དབུས་པདྨའི་སྦུབས་སུ་སྐུ་སྤྲུལ་ཞིངཿ མཚན་མཆོག་བརྒྱད་ཀྱི་བརྟུལ་ཞུགས་མཐར་ཕྱིན་མཛདཿ དུར་ཁྲོད་བརྒྱད་དུ་གྲུབ་པ་མངོན་གྱུར་ཞིངཿ ཏ་ན་གྷ་ནའི་མཆོག་གི་དངོས་གྲུབ་བརྙེསཿ རྡོ་རྗེ་དྲག་པོ་རྩལ་ལ་གསོལ་བ་འདེབསཿ མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས༔ ཀུན་བཟང་རྡོར་སེམས་སྤྲུལ་པའི་གར་སྒྱུར་བཿ སྟོན་པ་སངས་རྒྱས་དྲི་མ་མེད་པ་དངཿ སློབ་དཔོན་དགའ་རབ་རྡོ་རྗེ་ཤྲི་སིངཿ འཇམ་དཔལ་བཤེས་གཉེན་ལ་སོགས་བླ་མའི་དྲུངཿ དགོངས་བརྡ་སྙན་བརྒྱུད་གདམས་པ་མ་ལུས་རྫོགསཿ ཡེ་ཤེས་མཁའ་འགྲོར་དབང་བཞི་ཡོངས་རྫོགས་ཐོབཿ རྟོགས་གྲོལ་དུས་མཉམ་དགོངས་པ་མངོན་དུ་གྱུར༔ འོད་ཀྱི་ལུས་ལ་ཡེ་ཤེས་སྙིང་པོ་ཅནཿ ལྷ་ལྕམ་ལ་སོགས་གསང་བའི་སྒྲུབ་སྡེ་མོརཿ སྦྱོར་བའི་དགའ་བཞིའི་ཞུ་བདེའི་རྩལ་ཕྱུངས་ཀྱིསཿ ཉམས་རྟོགས་རྩལ་འབར་གྲུབ་རྟགས་མངོན་དུ་གྱུརཿ པདྨ་འབྱུང་གནས་མཆོག་ལ་གསོལ༴ མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབསཿ འཕགས་ཡུལ་ཕྲིན་ལས་བཞི་ཡིས་འགྲོ་དོན་མཛདཿ རྒྱ་བལ་མཚམས་སུ་འགྲོ་དོན་གསང་སྔགས་སྤེལཿ བལ་ཡུལ་ལྷ་སྲིན་སྡེ་བརྒྱད་དམ་ལ་བཏགསཿ ནང་རྒྱུད་ཡོ་ག་གསུམ་གྱི་བཅུད་བསྡུས་ནསཿ དབྱིངས་ཀྱི་མཁའ་འགྲོའི་ཐུགས་ཀྱི་ཀློང་དུ་སྦསཿ ཨོ་རྒྱན་སྤྲིན་ནག་འདུས་པའི་དུར་ཁྲོད་དུཿ ཞིང་སྐྱོང་མ་མོ་མཁའ་འགྲོ་དབང་བསྡུས་ནསཿ བསྐྱེད་རིམ་སྣང་བ་སྒྱུ་མར་རྟོགས་པ་དང༌། རྫོགས་དང་འབྱུང་ལྔ་རྩ་རླུང་ཐིག་ལེའི་ཁམསཿ ཡེ་ཤེས་ལྔར་སྦྱང་སྐུ་གསུམ་འབྲས་བུ་བསྒྲུབསཿ མཁའ་སྤྱོད་འོག་མིན་སྤྲུལ་པའི་ཞིང་དུ་བསྒྱུརཿ པདྨ་ཐོད་ཕྲེང་རྩལ་ལ་གསོལ་བ་འདེབསཿ མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབསཿ སྔོན་སྨོན་མཐུས་བསྐྱེད་མཐའ་འཁོབ་བོད་ཀྱི་ཡུལཿ མངའ་བདག་ཐུགས་དགོངས་གཙུག་ལག་ཁང་བཞེངས་ཤིངཿ མ་རུང་གདུག་པའི་ལྷ་སྲིན་སྡེ་བརྒྱད་ཀུནཿ དབང་བསྡུས་བྲན་བཀོལ་བཀའ་རྟགས་ཕྱག་རྒྱས་བཅིངསཿ སྐྱེ་དགུ་བསོད་ནམས་བསགས་པའི་རྟེན་མང་མཛདཿ རྫུ་འཕྲུལ་བཀོད་པས་གཞན་རྒོལ་ཚར་བཅད་ཅིངཿ ཡོ་ག་གསུམ་གྱི་བསྟན་པ་རྒྱས་པར་མཛདཿ རྟོག་གྲོལ་དུས་མཉམ་རྗེ་འབངས་ཉི་ཤུ་ལྔཿ སྦས་མི་བདུན་དང་གྲུབ་པ་མཆོག་བརྙེས་ལྔཿ ཡང་གསང་བླ་མེད་ཨ་ཏི་ཡོ་ག་ཡིཿ སྨིན་གྲོལ་གདམས་པའི་བཅུད་ཀྱི་ལེགས་གཏམས་ཤིངཿ ཆོས་སྐུའི་ཞིང་དུ་མཁའ་ལྡིང་འཆི་མེད་ལམཿ བསྒྲོད་བཞིན་མངོན་འཚང་རྒྱ་བའི་དེད་དཔོན་མཆོགཿ པདྨ་འབྱུང་གནས་མཆོག་ལ༴ མཆོག་ཐུན་དངོས་གྲུབ་ཐོབ་པར༴ མ་འོངས་ལྔ་བརྒྱ་ཐ་མའི་འགྲོ་བ་རྣམསཿ ལས་ཉོན་སྡུག་བསྔལ་དྲག་པོས་གཟིར་བའི་ཚེཿ སྐྱོབས་ཕྱིར་མདོ་སྔགས་ཆོས་ཀྱི་བཅུད་དྲིལ་བཿ དུས་རྟགས་དང་མཚུངས་རྗེ་འབངས་རང་རང་གི་ཿ འགྲོ་དོན་དུས་བབས་སྐབས་དང་མཚུངས་པ་ཡིཿ ཟབ་མོའི་གཏེར་ཁ་བརྒྱ་དང་ཉེར་ལྔའི་བརཿ རྫུ་འཕྲུལ་ཤུགས་ཀྱིས་མཐའ་དབུས་ཁམས་གསུམ་དུཿ ཟབ་མོའི་གཏེར་ཁ་སྦས་ཤིང་སྨོན་ལམ་བཏབཿ དབང་རབ་དོན་དུ་རྫོགས་ཆེན་མན་ངག་སྡེཿ སྐོར་ཚོ་རྣམ་གསུམ་མཁའ་འགྲོའི་ཐུགས་སུ་སྦསཿ ལས་སྨོན་རྟེན་འབྲེལ་ཤུགས་ཀྱིས་འདྲེན་མཛད་པའིཿ པདྨ་འབྱུང་གནས་ཞབས་ལ༴ མཆོགཐུན་དངོས༴ ཆོས་རྒྱལ་ཡབ་སྲས་འདོད་དོན་ཡོངས་རྫོགས་ནསཿ ལྷོ་ནུབ་ཟ་བྱེད་སྲིན་པོ་འབུམ་བརྡལ་གྲོགསཿ རི་མཆོག་ཙིཏྟ་གནམ་དུ་ལངས་འདྲའི་དབུསཿ སྲིན་རྒྱལ་རཀྴ་ཐོད་ཕྲེང་སྐུར་བཞེངས་ནསཿ སྦྱོར་སྒྲོལ་རྨད་བྱུང་གསང་སྔགས་སྤྱོད་པ་མཛདཿ སྲིན་ཡུལ་རྣམ་དག་སྤྲུལ་སྐུའི་ཞིང་དུ་སྒྱུརཿ འོག་ཁང་ཚོགས་ཆེན་འདུས་པའི་གཞལ་ཡས་ཁངཿ བར་ཁང་ཞི་བ་རྡོར་དབྱིངས་ལོངས་སྐུའི་ཞིངཿ སྟེང་ཁང་ཆོས་དབྱིངས་འོག་མིན་སྟུག་པོ་བཀོདཿ སྐུ་གསུམ་ཞིང་དུ་སྟོན་པ་གཙོ་བོ་ལསཿ འཁོར་ཚོགས་རང་རང་སྐལ་བ་དང་མཐུན་པརཿ ཐེག་གསུམ་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོརཿ པདྨ་ཐོད་ཕྲེང་རྩལ༴ མཆོག་ཐུན་དངོས་གྲུབ་ཐོབ༴ ད་ལྟ་ཟ་བྱེད་སྲིན་པོའི་ཁ་གནོན་མཛདཿ ཐུགས་རྗེ་རྒྱུན་ཆད་མེད་པར་བོད་ཡུལ་སྐྱོངསཿ སྤྲུལ་པ་བྱེ་བ་ཕྲག་བརྒྱའི་དོན་མཛད་ཅིངཿ དད་པ་ཅན་ལ་དངོས་སུ་ཞལ་གཟིགས་ནསཿ དབང་བསྐུར་ལུང་བསྟན་དབུགས་དབྱུངས་གཟེངས་བསྟོད་ཅིངཿ སྐལ་ལྡན་ལས་ཅན་སྐྱེས་བུ་དམ་ཚིག་ཅནཿ སྨོན་ལམ་དབང་གིས་མཐའ་འཁོབ་གདུལ་བྱའི་དོནཿ སྤྱོད་པས་སྐྱེས་བུ་རིག་འཛིན་ཕོ་མོ་ལཿ འབྲལ་མེད་སྒོ་གསུམ་བྱིན་རློབས་གདམས་ངག་སྟོནཿ ཕ་ཕོག་སྟེར་ཞིང་འབྲེལ་ཚད་དོན་ལྡན་མཛདཿ གསང་སྔགས་བསྟན་པ་དུས་མཐར་རྒྱས་སྤེལ་རྗེཿ པདྨ་འབྱུང་གནས་ཞབས་ལ༴ མཆོག་ཐུན་དངོས་གྲུབ་ཐོབ་པར༴ ཐུགས་རྗེ་ལྡན་པའི་གུ་རུ་རིན་པོ་ཆེཿ བདག་ནི་སྙིགས་མ་ལྔ་ཡི་མཐར་ལྷུང་ཞིངཿ བདེ་བར་འདོད་ཀྱང་སྡུག་བསྔལ་ཁོ་ནར་སྤྱོདཿ འཁོར་བའི་རྒྱ་མཚོ་གཏིང་དཔག་དཀའ་བར་བྱིངསཿ འདི་ལ་མགོན་པོ་ཁྱོད་ཀྱི་ཐུགས་རྗེས་གཟིགས༔ རླུང་མཁྲིས་བད་ཀན་འདུ་བའི་ནད་རིགས་དངཿ ལྷོག་གག་རྨ་སྐྲང་ཕོལ་མིག་མཛེ་ཡི་རིགསཿ ཚ་གྲང་འགོ་བའི་ནད་རིམ་གློ་བུར་ཅནཿ གཉན་རིམ་དོན་སྣོད་ཤ་རུས་ལྤགས་རུས་ནདཿ གུ་རུ་སྨན་པའི་རྒྱལ་པོའི་ཐུགས་རྗེས་སྐྱོབསཿ གཟའ་དང་རྒྱུ་སྐར་གནམ་ཐེལ་རྒྱལ་བསེན་དངཿ གྲི་བོ་གྲི་མོ་ས་བདག་གཉན་བདུད་ཀླུཿ རྒྱ་འདྲེ་འབྱུང་པོ་དམ་སྲི་གློ་བུར་གདོནཿ འཇིག་རྟེན་མཁའ་འགྲོ་མ་མོ་ཀུན་རྒྱུ་མཿ པདྨ་འབྱུང་གནས་ཐུགས་རྗེ་ཤུགས་ཀྱིས་སྒྲོལཿ བསྲེགས་བྱེད་མི་དང་གཏོར་བ་རླུང་གི་ཁམསཿ འཐུམ་གནོན་ས་དང་གཡོ་བཤིགས་ཆུ་ཡི་དགྲཿ དེ་ལས་བསྐྱེད་པའི་འབྱུང་བཞིའི་གཡོ་འཁྲུག་གིསཿ མ་དག་སྒྱུ་མའི་གཡར་ཁར་འཇིག་ཉེའི་ཚེཿ པདྨ་འབྱུང་གནས་ཐུགས་རྗེའི་ཤུགས་ཀྱིས་སྐྱོབསཿ མི་རྒོད་དུག་སྦྲུལ་གཅན་ཟན་མཆེ་བ་ཅནཿ རྒྱལ་པོའི་ཆད་པ་བརྣག་སེམས་དུག་སྦྱོར་གཡོཿ བསམ་ངན་སྦྱོར་རྩུབ་མཐོ་གནོན་དམས་བརྙེས་དངཿ མཚོན་ཆ་གདུག་པའི་དཔལ་གྱིས་སྲོག་འཕྲོག་སོགསཿ རྡོ་རྗེ་དྲག་པོ་རྩལ་གྱི་ཐུགས་རྗེས་སྐྱོབསཿ ཟག་བཅས་སྒྱུ་མ་ལུས་ཀྱི་གཡར་ཁང་འདིཿ གཏན་གྱི་བདེ་བའི་དམ་ཆོས་སྒྲུབ་པ་ལཿ སྔོན་ལས་ཚེ་ཡི་འཕེན་པ་ཟད་པའི་ཚེཿ གུ་རུའི་ཐུགས་རྗེས་བརྟན་གཡོའི་ཚེ་བཅུད་བསྡུསཿ ཚེ་དབང་རིག་འཛིན་འཆི་མེད་་དངོས་གྲུབ་སྩོལཿ ད་ལྟའི་ལུས་རྟེན་དོན་ལྡན་སྒྲུབ་བྱའི་ཕྱིརཿ དད་དང་སྙིང་རྗེ་ཟབ་མོའི་ཏིང་འཛིན་ལཿ རྣམ་པར་གཡེང་བའི་རྣམ་རྟོག་བདུད་ཀྱིས་བསླུསཿ ལོག་ལྟ་དམ་ཉམས་རྐྱེན་ངན་དབང་གྱུར་ཚེཿ པད་འབྱུང་ཐུགས་རྗེས་བདག་བློ་ཆོས་ལ་སྒྱུརཿ མདོར་ན་དུས་ཀུན་གཡེལ་བ་མེད་པ་རུཿ རྩེ་གཅིག་མོས་གུས་གདུང་བས་གསོལ་འདེབས་ནཿ གུ་རུའི་ཐུགས་དམ་ཞལ་བཞེས་དུས་དགོངས་ལཿ བདག་སོགས་ལས་ཉོན་དབང་དུ་མ་བཏང་བརཿ ཁྱེད་ཀྱི་སྲས་ཀྱི་ཐུ་བོ་དབུགས་དབྱུང་གསོལཿ ནམ་ཞིག་སྒྱུ་མའི་གཡར་ཁང་ཞིག་པའི་ཚེཿ སྙིང་དབུས་ཨཱཿདཀར་མི་ཤིགས་ཐིག་ལེའི་ཁམསཿ དྭངས་མ་ལྔ་འདུས་འོད་ཀྱི་ཐིག་ལེ་དེཿ སྐར་མདའ་ཆད་བཞིན་བླ་མའི་ཐུགས་ཀར་འཕོཿ བདེ་ཆེན་པདྨ་འོད་ཀྱི་ཕོ་བྲང་དུཿ འདྲེན་པའི་དེད་དཔོན་མཛོད་ཅིག་པདྨ་འབྱུངཿ ཆོས་མེད་བདག་ལ་སྐྱབས་གནས་ཁྱེད་ལས་མེདཿ རྣམ་གསུམ་དད་པའིལྷང་ལྷང་འབོད་ལགས་ནཿ མ་ཧཱ་གུ་རུའི་ཐུགས་རྗེས་བརྩེར་དགོངས་ལཿ སྒྲིབ་པ་བཞི་སྦྱོང་དབང་བཞི་ཡོངས་རྫོགས་སྩོལཿ སྐུ་བཞི་ཡེ་ཤེས་ལྔ་ཡི་ས་བོན་ཐོབཿ རིག་འཛིན་རྣམ་བཞིའི་འབྲས་བུ་མངོན་གྱུར་ནསཿ གཞོན་ནུ་བུམ་སྐུའི་ཀློང་དུ་འཚང་རྒྱ་ཤོགཿ «ཅེས་གསོལ་བ་བཏབ་མཐརཿ »ཨོཾ་ཨཱཿཧཱུྃཿ བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ «བླ་མ་མོས་གུས་རྩེ་གཅིག་ངང་ནས་བཟླཿ འགྲོ་ལ་དམིགས་པའི་སྙིང་རྗེ་ཆེན་པོ་བསྒོམཿ »གུ་རུའི་སྐུ་ལས་འོད་ཟེར་སྣ་ཚོགས་བྱུངཿ བདག་ལ་ཐིམ་པས་དབང་དང་དངོས་གྲུབ་ཐོབཿ སྒོ་གསུམ་སྒྲིབ་དག་འོད་ལུས་སྒྱུ་མའི་སྐུཿ སྣང་སྟོང་མེ་ལོང་གཟུགས་བརྙན་ལྟ་བུར་གསལཿ «རྣམ་རྟོག་ཁ་ཡན་མི་གཏོང་རང་སར་ལྷོདཿ ངང་མདངས་སྐྱོང་ནས་ཆོས་སྐུའི་རྒྱལ་ས་ཟིནཿ ཆོས་ཉིད་དོན་ལ་ཐེ་ཚོམ་མེད་པ་ནིཿ དངོས་གྲུབ་མཆོག་ཐོབ་ང་ཡི་ཐུགས་ཀློང་འདྲེསཿ ཡང་ན་བླུན་པོ་དད་པ་བརྟན་པོས་འགྲུབཿ ཐེ་ཚོམ་ཅན་ལ་དངོས་གྲུབ་རིང་དུ་འགྱུརཿ དེ་ཕྱིར་ལས་སྐལ་ལྡན་པས་ཉམས་སུ་ལོངསཿ ཐུན་མཐར་ཚེ་ཡི་སྒྲུབ་པ་ནིཿ »རིགས་བདག་བླ་མའི་ལྷ་ཚོགས་འོད་དུ་ཞུཿ རང་ལུས་ཨོ་རྒྱན་ཚེ་དཔག་མེད་པའི་སྐུཿ སྐུ་གསུམ་རིགས་འདུས་དམར་གསལ་ལོངས་སྐུའི་ཆསཿ སྐྱིལ་ཀྲུང་མཉམ་བཞག་བདུད་རྩིའི་བུམ་པ་བསྣམསཿ ཐུགས་ཀར་ཉི་ཟླའི་གའུ་ཁ་སྦྱོར་དབུསཿ ཧྲཱིཿཡིག་བཀྲག་མདངས་གཟི་བརྗིད་ལྡན་པར་གསལཿ སྔགས་ཀྱིས་བསྐོར་ལས་འོད་འཕྲོས་ཞིང་ཁམས་མཆོདཿ དབང་དང་དངོས་གྲུབ་བྱིན་རླབས་བསྡུས་ཤིང་འཕྲོསཿ འགྲོ་དྲུག་ལས་ཉོན་བག་ཆགས་སྡིག་སྒྲིབ་སྦྱངཿ བརྟན་གཡོའི་ཚེ་བསོད་ཡོན་ཏན་དང་བཅུད་བསྡུསཿ བཀྲག་མདངས་གཟི་བྱིན་ཚེ་བསོད་ཉམས་རྟོགས་རྒྱསཿ ཚེ་དབང་རིག་འཛིན་དགོངས་པ་མཉམ་པར་དམིགསཿ ཨོཾ་ཨཱཿཧཱུྃཿ བཛྲ་གུ་རུ་པདྨ་ཨ་ཡུརྫྙཱ་ན་པུཎྱེ་སིདྡྷི་བྷྲཱུྃཿ« སྟོང་ཉིད་ངང་ནས་ཐུགས་སྲོག་སྙིང་པོ་ཧྲཱིཿ ཅི་རིགས་བཟླས་མཐར་འོད་ཟེར་གོ་ཆ་བགོསཿ སྲིད་ཞི་བསྡུས་ནས་དམིགས་མེད་ངང་ལ་བཞགཿ ཚེ་ཡི་འགལ་རྐྱེན་བཟློག་ཅིང་འཆི་བ་བསླུཿ ཟད་པ་གསོ་ཞིང་ཆད་པ་མཐུད་ནས་སྤེལཿ དངོས་གྲུབ་དུས་སུ་སྨིན་པར་འགྱུརཿ ཐུན་མཐར་སྟོང་ཚིག་མཆོད་བསྟོད་བསྔོ་སྨོན་བྱཿ བླ་མའི་སྒྲུབ་པ་གཅིག་ཆོག་ནོར་བུའི་ལུགསཿ ཡང་གསང་པདྨ་ཐུགས་ཐིག་ཆ་ལག་ཏུཿ རྒྱ་གར་གྲུབ་བརྙེས་ཨ་ཙར་དམར་པོ་ཡིཿ ལྷ་ལྕམ་མུ་སྟེགས་རྗེས་སུ་འཛིན་ཕྱིར་གདམསཿ མ་འོངས་ལས་ཅན་བུ་དང་འཕྲད་པར་ཤོགཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ དུས་མཐའི་གཏེར་སྟོན་འཇའ་ལུས་རྡོ་རྗེ་ཡིསཿ མཁའ་དབྱིངས་ཀློང་སྒྲོམ་སྨུག་པོའི་བརྡ་རིས་ལསཿ ཕབ་འདི་སྐལ་བ་ཅན་གྱི་སྤྱོད་ཡུལ་ཏེཿ རིག་པའི་ཡེ་ཤེས་ཡི་གེའི་འདུ་བྱེད་སྤེལཿ བསྟན་དང་འགྲོ་ལ་ཕན་པའི་རྒྱུར་གྱུར་ཅིགཿ དགེའོ། །དགེའོ། །དགེའོ། ། | ||
Revision as of 09:00, 21 June 2024
Wylie title | pad 'byung thugs thig cha lag las bla ma gcig chog sgrub pa | |
---|---|---|
Location | mdo mkhyen brtse bka' 'bum Volume 3, Text 11, Pages (Folios to ) | |
Author | མདོ་མཁྱེན་བརྩེ་ | |
Less details More details | ||
Tertön | མདོ་མཁྱེན་བརྩེ་ (Mdo mkhyen brtse) | |
Citation | ||
Genre | Sadhanas - Evocation Ritual - sgrub thabs | |
Colophon |
དུས་མཐའི་གཏེར་སྟོན་འཇའ་ལུས་རྡོ་རྗེ་ཡིསཿ མཁའ་དབྱིངས་ཀློང་སྒྲོམ་སྨུག་པོའི་བརྡ་རིས་ལསཿ ཕབ་འདི་སྐལ་བ་ཅན་གྱི་སྤྱོད་ཡུལ་ཏེཿ རིག་པའི་ཡེ་ཤེས་ཡི་གེའི་འདུ་བྱེད་སྤེལཿ བསྟན་དང་འགྲོ་ལ་ཕན་པའི་རྒྱུར་གྱུར་ཅིགཿ དགེའོ། །དགེའོ། །དགེའོ། ། | |
dus mtha'i gter ston 'ja' lus rdo rje yisaH_mkha' dbyings klong sgrom smug po'i brda ris lasaH_phab 'di skal ba can gyi spyod yul teH_rig pa'i ye shes yi ge'i 'du byed spelaH_bstan dang 'gro la phan pa'i rgyur gyur cig:_dge'o/_/dge'o/_/dge'o/_/ |