DKYD-KABUM-07-JA-010: Difference between revisions

From Khyentse Lineage - A Tsadra Foundation Project
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
྅྅྅ ཐིག་ལེ་སྐོར་གསུམ་ཆ་ལག་ལསཿ གཏེར་སྲུང་སྐུ་ལྷའི་བསང་མཆོད་བཞུགས་སོཿ«ཀུན་བཟང་གདུལ་དཀའ་འདུལ་བའི་གཤེདཿ ཆེ་མཆོག་ཧེ་རུ་ཀ་ལ་འདུདཿ སྲིད་པ་གསུམ་ལ་དབང་བསྒྱུར་བསཿ དགྲ་བླ་གནོད་སྦྱིན་མཆོད་པའི་ཐབསཿ རྣལ་འབྱོར་སྲོག་གི་ཀ་བ་བསྟནཿ ཤིང་རྩི་འབྲུ་སྨན་ཟས་སྣ་དངཿ ཕྱེ་མར་དར་ཟབ་རིན་ཆེན་བསྲེགསཿ འབྲུ་བཅུད་རྒྱ་ཇ་འོ་ཞོ་སོགསཿ བཏུང་བའི་བྱེ་བྲག་སྐྱེམས་ཕུད་བཤམསཿ ཧེ་རུ་ཀ་ཡི་ང་རྒྱལ་གྱིསཿ» ཨོཾ་བཛྲ་མ་ཧཱ་ཤྲི་ཧེ་རུ་ཀ་ཧཱུྃ་ཕཊཿ རང་གི་ཐུགས་ཀ་ནས་ཡི་གེ་རཾ་འཕྲོས་མ་དག་པའི་ཉེས་སྐྱོན་ཐམས་ཅད་བསྲེགས་ཡཾ་འཕྲོས་མི་གཙང་བའི་ཉེས་གྲིབ་ཐམས་ཅད་གཏོར་ཁཾ་འཕྲོས་གཟུང་འཛིན་གྱི་དྲི་མ་བཀྲུསཿ རཾ་ཡཾ་ཁཾཿ«ལན་གསུམཿ» སླར་ཡང་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་འོད་དུ་ཞུ་བ་ལས་བྱུང་བའི་བསང་མཆོད་འདོད་ཡོན་གྱི་སྤྲིན་ཕུང་འཇའ་ཚོན་ལྔ་ཡི་ཟེར་ལས་བསྒྲུབ་རྫས་བསྐང་རྫས་མཆོད་རྫས་དགོས་འདོད་ཀུན་འབྱུང་ཆར་ལྟར་འབེབ་པའི་སྤྲིན་ཆེན་པོ་གཅིག་ཏུ་གྱུརཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ« ལན་བདུནཿ» ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ་བྷི་ཤྭ་མི་ཥེ་བྷྱཿ སརྦ་ཏཏྑང་ཨུཏྒ་ཏེ་སྥ་ར་ཎ་ཧི་མམ་ག་ག་ན་ཁཾ་སྭཱ་ཧཱཿ «ལན་གསུམ་བརྗོད་ཅིང་བྱིན་གྱིས་རླབས་ལ་འདི་སྐད་དོཿ »ཧཱུྃཿ འཇིག་རྟེན་དབང་ཕྱུག་པདྨ་རྒྱལ་པོ་ཞེསཿ རིགས་ནི་རྟ་ཕག་ཡབ་ཡུམ་རྒྱུད་དུ་འཁྲུངསཿ ཨུ་རྒྱན་རྒྱལ་པོས་སྲས་ཀྱི་སྐལ་བ་མཛདཿ རྒྱ་གར་ཡུལ་ནས་ཆོས་ཀྱི་སྒྲོ་འདོགས་བཅདཿ ཁ་བ་ཅན་དུ་སངས་རྒྱས་བསྟན་པ་སྤེལཿ འཛམ་གླིང་དྲེགས་ཚོགས་ཡོངས་ཀྱི་རྒྱན་གཅིག་པུཿ པདྨ་ཐོད་ཕྲེང་རྩལ་གྱི་དམ་ལ་འདུསཿ ཧཱུྃ་ཧཱུྃ་ཧཱུྃཿཧྲཱིཿསྲིད་པ་གསུམ་ལ་དབང་བསྒྱུར་མཐུ་བོ་ཆེཿ སྐྱེད་རྒྱུད་བདག་པོའི་སྤྲུལ་པའི་གར་བསྒྱུར་བཿ སྟོང་གསུམ་དྲེགས་ཚོགས་ཡོངས་ཀྱི་གཙུག་ན་དཔའཿ གཉན་གྱི་རྒྱལ་པོ་དྲག་རྩལ་ཐོགས་མེད་རྩལཿ ཡུམ་ཆེན་ཁམས་གསུམ་དབང་བསྒྱུར་མཐུ་མོ་ཆེཿ རིགས་སྲས་སྟོབས་ལྡན་གནོད་སྦྱིན་མཆེད་གཉིས་དངཿ སྤྲུལ་པའི་ཡང་སྲས་ཞིང་ཁམས་དབང་བསྒྱུར་གསུམཿ སྲས་མོ་ཌཱཀྐི་མཆེད་ལྔ་མ་མོའི་སྡེཿ ཡང་སྲས་ཕྱི་ནང་གསང་བས་གཉེར་འཛིན་བློནཿ བཀའ་འཁོར་སྣང་སྲིད་སྡེ་བརྒྱད་དྲེགས་པའི་ཚོགསཿ དད་པ་དང་ནི་དམ་ཚིག་དྲན་གྱིས་ལཿ རྫུ་འཕྲུལ་གློག་ལྟར་མྱུར་བར་གཤེགས་སུ་གསོལཿ མ་ཧཱ་དཱེ་ཝ་ཡཀྴ་སརྦ་ས་མ་ཡ་ཙིཏྟ་ཧྲིང་ཧྲིང་ཛཿ རང་སྣང་སྤྲུལ་པའི་གཞལ་ཡས་ཆེན་པོ་འདིརཿ རིན་ཆེན་མཛེས་པའི་ཁྲི་ལ་དགྱེས་པར་བཞུགསཿ ཁྱོད་དང་རྡོ་རྗེ་དམ་ཚིག་གཅིག་པའི་ཕྱིརཿ དད་སྤྲོ་གུས་པས་ཡིད་ཀྱི་བདག་ཕྱག་འཚལཿ རྡོ་རྗེ་ཐ་ཚིག་གཉན་པོ་གཅིག་ཏུ་བསྲེཿ སྟོང་གསུམ་དྲེགས་པའི་བླ་རུ་མངའ་གསོལ་ལོཿ ཕྲིན་ལས་གློག་ལྟར་མྱུར་བར་བདག་བསྟོད་དོཿ དབྱིངས་ཕྱུག་མ་ཡི་མཁའ་ཀློང་ཡངས་པོ་རུཿ སངས་རྒྱས་སྤྱན་མའི་རུམ་ལས་བྱུང་བ་ཡིཿ ལྷ་ཤིང་སྣ་ཚོགས་འབྲུ་སྣ་སྨན་གྱི་རིགསཿ བཟའ་བའི་བྱེ་བྲག་བཏུང་བས་རིགས་རྣམས་དངཿ རྩི་བཅུད་འབྲུ་བཅུད་དཀར་གསུམ་མངར་གསུམ་དངཿ སྦྱར་བ་གོས་དཀར་མོ་ཡི་མཁའ་ཀློང་བསྲེགས༔ དམ་ཚིག་སྒྲོལ་མའི་འདོད་པའི་ཤུགས་ཀྱིས་བསྐྱོདཿ མ་མཱ་ཀི་ཡི་འདོད་ཆུས་བྲན་པ་ཡིཿ བསང་དུད་ག་བུར་རྡུལ་བརྩེགས་གངས་རིས་མདངསཿ འཇའ་ཚོན་འོད་ཀྱི་འཁྱུད་དེ་གཟུགས་མཛེས་པརཿ སྣ་ཚོགས་སྙན་པའི་སྒྲ་ཡི་སྟོང་གསུམ་འགེངསཿ ཡིད་འཕྲོག་དྲི་བཟང་དུད་པའི་འཇིག་རྟེན་ཁྱབཿ རོ་བརྒྱ་ནུས་པ་སྟོང་ལྡན་ཟས་ཆར་འབེབསཿ རེག་འཇམ་ཡིད་འོང་རྒྱན་གོས་སྐར་ལྟར་འཕྲོསཿ སྤྲུལ་པའི་ལྷ་མོས་བསྒྲུབ་རྫས་བསྐང་རྫས་དངཿ མཆོད་རྫས་བྱེ་བྲག་མ་ཚང་མེད་པ་དངཿ གང་ལ་གང་འདོད་དགོས་དགུའི་སྲིད་ཞི་ཡིསཿ དཔལ་འབྱོར་ནམ་མཁའ་གང་བར་བཀོད་པ་འདིསཿ རྩ་གསུམ་རྒྱལ་བ་རབ་འབྱམས་ཚོགས་རྣམས་དངཿ སྟོང་གསུམ་བདག་པོ་གཉན་ཆེན་ཐོག་རྒོད་རྩལཿ ཡུམ་ཆེན་ཁམས་གསུམ་དབང་བསྒྱུར་མཐུ་མོ་ཆེཿ བསང་ངོ་གསོལ་ལོ་མཆོད་དོ་ཐུགས་དམ་བསྐངསཿ སྲས་མཆོག་སྐུ་ལྷ་གཉན་པོ་གཡུ་རྩེ་དངཿ གནོད་སྦྱིན་སྲོག་བདག་དབང་བསྒྱུར་མཐུ་བོ་ཆེཿ བཙུན་མོ་དགྱེས་སྡེ་ཡབ་ཡུམ་བཅས་པ་ཀུནཿ བསང་ངོ་གསོལ་ལོ་མཆོད་དོ་ཐུགས་དམ་བསྐངཿ ཡང་སྲས་འཇིག་རྟེན་མ་རུང་དྲེགས་པའི་ཚུལཿ གསང་བའི་བློན་ཆེན་བཞི་དང་ནང་བློན་བརྒྱདཿ གནོད་སྦྱིན་མཆེད་བདུན་ཤན་པ་སྡེ་དྲུག་སོགསཿ བསང་ངོ་གསོལ་ལོ་མཆོད་དོ་ཐུགས་དམ་བསྐངཿ གཉན་མོ་སུམ་ཅུ་ཀླུ་མོ་ཉི་ཤུ་ལྔཿ བདུད་མོ་མཆེད་བཞི་སྲིན་མོའི་གཙོ་མོ་དགུཿ ཕྱི་བློན་བརྒྱ་དང་ཉི་ཤུ་གྲོགས་དང་བཅསཿ བསང་ངོ་གསོལ་ལོ་མཆོད་དོ་ཐུགས་དམ་བསྐངཿ ལྷ་དང་གཤིན་རྗེ་ཀླུ་དང་གནོད་སྦྱིན་ཆེཿ མ་མོ་གཟའ་དང་རྒྱལ་པོ་བདུད་ཀྱི་རིགསཿ འཛམ་གླིང་དབང་བསྒྱུར་སྡེ་བརྒྱད་དྲེགས་པའི་ཚོགསཿ བསང་ངོ་གསོལ་ལོ་མཆོད་དོ་ཐུགས་དམ་བསྐངཿ གཞན་ཡང་བཀའ་ཡི་འཁོར་དུ་གཏོགས་པ་ཡིཿ དཀར་ཕྱོགས་སྐྱོང་དང་ནག་ཕྱོགས་དམ་ལ་འདུཿ སྤྲུལ་བ་ཡང་སྤྲུལ་ཐེར་འབུམ་ཐེར་འབུམ་ཚོགསཿ བསང་ངོ་གསོལ་ལོ་མཆོད་དོ་ཐུགས་དམ་བསྐངཿ མཐུ་ལྡན་གཉན་ཆེན་དྲེགས་པའི་གཙོ་མཆོག་རྣམསཿ ཐུགས་ཀྱི་བཞེད་དོན་མ་ལུས་ཡོངས་བསྐང་ཞིངཿ བདག་ཅག་མ་རིག་རྨོངས་པའི་དབང་གྱུར་པའིཿ འགལ་འཁྲུལ་ཉམས་ཆགས་ཅི་མཆིས་བཟོད་པར་གསོལཿ རྡོ་རྗེ་སློབ་དཔོན་ལོག་ལྟ་དམ་ཉམས་ཤོརཿ ཡི་དམ་ལྷ་ལ་དམ་བཅའ་རིས་སུ་བོརཿ མ་དང་མཁའ་འགྲོའི་གསང་བའི་དམ་ཚིག་འཆོལཿ བསྟན་བསྲུང་མཐུ་ལྡན་ཁྱོད་ལ་ཁྱད་དུ་བསདཿ གསང་སྔགས་ནང་གི་ལྟ་སྤྱོད་ལོག་པར་བལྟསཿ དམ་ལྡན་གཟུང་མ་མཆེད་ལྕམ་ལ་སྡང་བཿ དམ་ཚིག་བདག་པོ་ཁྱོད་ལ་མཐོལ་ལོ་བཤགསཿ ཁྱེད་ནི་དམ་བཅའ་བཞི་ལྡན་ངང་ཉིད་ལཿ མི་འཇིགས་རྡོ་རྗེ་བཙན་རྫོགས་གོ་བགོས་ཀྱངཿ ཀུན་ཏུ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིཿ གསང་སྔགས་དམ་ཉམས་རང་རྒྱུད་ཕ་མ་གསོདཿ ལས་ངན་མཛེ་བོས་གྲིབ་ཀྱིས་ཕོག་པ་ཀུནཿ རྟེན་འབྲེལ་འཇའ་ཚོན་འོད་ཀྱི་སྦྱངས་གྱུར་ཅིགཿ དྲི་ཞིམ་བསང་གི་དུད་པས་སངས་གྱུར་ཅིགཿ ཡེ་ཤེས་བདུད་རྩིའི་ཆར་གྱིས་དག་གྱུར་ཅིགཿ རྩི་བཅུད་འོ་ཞོ་འབྲུ་བཅུད་བདུད་རྩིའི་ཆངཿ རྒྱ་ཇ་ཕུད་རྒོད་གསེར་སྐྱེམས་གཡུ་སྐྱེམས་སོགསཿ བཏུང་བས་བྱེ་བྲག་བླ་ན་མེད་པ་ཡིཿ གསོལ་ལོ་འབུལ་ལོ་མཆོད་དོ་དགྱེས་པར་རོལཿ མངའ་གསོལ་བྱས་སོ་དབུ་འཕངས་གཉན་པོ་བསྟོདཿ བཀྲག་མདངས་གཟི་བྱིན་བསྐྱེད་ལ་རྫུ་འཕྲུལ་ངོམཿ རྣལ་འབྱོར་འདོད་པའི་དོན་ཀུན་འགྲུབ་པ་དངཿ བླ་མེད་ཐིག་ལེ་སྐོར་གསུམ་བསྟན་པ་བསྲུངསཿ རྡོ་རྗེ་སློབ་དཔོན་ཡབ་ཡུམ་མཛད་འཕྲིན་སྤེལཿ དམ་ལྡན་རྒྱུད་འཛིན་ཕོ་མོས་སྡོང་གྲོགས་མཛོདཿ དད་ལྡན་སྦྱིན་བདག་ཚོགས་ཀྱི་བར་ཆད་སོལཿ སློབ་བུ་དམ་ལོག་བྲན་གཡོགས་ངོ་ལོག་དངཿ བསམ་ངན་བྱད་མ་བདག་ལ་སྡང་བའི་དགྲཿ དོ་བསྡོ་ཕོད་བཙུགས་བསམ་ངན་སྦྱོར་རྩུབ་རིགསཿ ལོ་ཟླར་མ་བཞག་སྲོག་དབུགས་ཟས་སུ་ཟོཿ གསར་བྱུང་དམ་སྲི་རྒྱལ་འགོང་གདུག་པ་ཅནཿ གཟུགས་མེད་ཤི་འདྲེ་མོ་གདོན་གཉན་ཐེའུ་རང་ཿ ནག་ཕྱོགས་ལོག་འདྲེན་འབྱུང་པོས་ཚོགས་རྣམས་ཀུནཿ ཁྱོད་ཀྱི་མཐུ་སྟོབས་ནུས་པས་ཚར་ཆོད་ཅིགཿ འཛམ་གླིང་སྐྱེ་འགྲོའི་བསོད་ནམས་བདེ་སྐྱིད་ཚོགསཿ རྫོགས་ལྡན་གསར་བའི་དགའ་སྟོན་དཔལ་སྤྱོད་ཅིངཿ བཀྲ་ཤིས་དཔལ་འབར་མི་མཐུན་ཉེས་ཚོགས་བྲལཿ ཕྱོགས་ལས་རྣམ་རྒྱལ་ལས་བཞི་ལྷུན་འགྲུབ་ཤོགཿ དགྲ་བླའི་ངོ་སོ་བསྟོད་དོ་ལྷ་རྒྱལ་ལོཿ «སྐུ་ལྷའི་བསང་མཆོད་བསྟན་དགྲ་ཚར་གཅོད་ཅེསཿ ཌཱཀྐི་གཡུ་འོད་འབར་མའི་དུས་ཀྱི་ཚེཿ ཁྲག་འཐུང་ཨ་ཙར་དམར་པོས་བསྐུལ་བ་བཞིནཿ དྲི་མ་མེད་པ་རིག་པའི་རྩལ་ལས་ཤརཿ ཡུམ་ཆེན་རྡོ་རྗེ་ཕག་མོས་བརྡས་བསྐུལ་ལོཿ བཀའ་འདི་དམ་མེད་དག་གིས་ཉམས་བླངས་ནཿ གནོད་སྦྱིན་ཆེན་པོས་སྙིང་ཁྲག་ཐང་དུ་འཕོསཿ ས་མ་ཡཱཿ ཙིཏྟ་རཀྟ་ཁ་ཐམཿ གུ་ཧྱཿ རྒྱ་རྒྱ་རྒྱཿ ཀ་ཀོང་སེང་གེ་ཡང་རྫོང་པདྨའི་སྒྲུབ་གནས་ནས་ཕབ་བཞིནཿ ཡི་གེའི་འདུ་བྱེད་སློབ་བུ་རིག་འཛིན་དཔལ་འབྱོར་གྱིས་བགྱིས་པཿ ཤིན་དུ་གསང་བའི་སྡེ་ཚན་བཀའ་བཙན་ནོཿ  
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=mdo mkhyen brtse bka' 'bum
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=8
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|citation=
|language=Tibetan
|pagestatus=Temporary stub only
|volumenumber=07
|volumeLetter=JA
|textnuminvol=010
|pdflink=File:DKYD-KABUM-07-JA-010.pdf
|InitCategories=Khyentse Lineage Project; DKYD-KABUM-Volume-07-JA
}}
<h1>Tibetan Text</h1>
<onlyinclude>
{{TibP|྅྅྅ ཐིག་ལེ་སྐོར་གསུམ་ཆ་ལག་ལསཿ གཏེར་སྲུང་སྐུ་ལྷའི་བསང་མཆོད་བཞུགས་སོཿ«ཀུན་བཟང་གདུལ་དཀའ་འདུལ་བའི་གཤེདཿ ཆེ་མཆོག་ཧེ་རུ་ཀ་ལ་འདུདཿ སྲིད་པ་གསུམ་ལ་དབང་བསྒྱུར་བསཿ དགྲ་བླ་གནོད་སྦྱིན་མཆོད་པའི་ཐབསཿ རྣལ་འབྱོར་སྲོག་གི་ཀ་བ་བསྟནཿ ཤིང་རྩི་འབྲུ་སྨན་ཟས་སྣ་དངཿ ཕྱེ་མར་དར་ཟབ་རིན་ཆེན་བསྲེགསཿ འབྲུ་བཅུད་རྒྱ་ཇ་འོ་ཞོ་སོགསཿ བཏུང་བའི་བྱེ་བྲག་སྐྱེམས་ཕུད་བཤམསཿ ཧེ་རུ་ཀ་ཡི་ང་རྒྱལ་གྱིསཿ» ཨོཾ་བཛྲ་མ་ཧཱ་ཤྲི་ཧེ་རུ་ཀ་ཧཱུྃ་ཕཊཿ རང་གི་ཐུགས་ཀ་ནས་ཡི་གེ་རཾ་འཕྲོས་མ་དག་པའི་ཉེས་སྐྱོན་ཐམས་ཅད་བསྲེགས་ཡཾ་འཕྲོས་མི་གཙང་བའི་ཉེས་གྲིབ་ཐམས་ཅད་གཏོར་ཁཾ་འཕྲོས་གཟུང་འཛིན་གྱི་དྲི་མ་བཀྲུསཿ རཾ་ཡཾ་ཁཾཿ«ལན་གསུམཿ» སླར་ཡང་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་འོད་དུ་ཞུ་བ་ལས་བྱུང་བའི་བསང་མཆོད་འདོད་ཡོན་གྱི་སྤྲིན་ཕུང་འཇའ་ཚོན་ལྔ་ཡི་ཟེར་ལས་བསྒྲུབ་རྫས་བསྐང་རྫས་མཆོད་རྫས་དགོས་འདོད་ཀུན་འབྱུང་ཆར་ལྟར་འབེབ་པའི་སྤྲིན་ཆེན་པོ་གཅིག་ཏུ་གྱུརཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ« ལན་བདུནཿ» ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ་བྷི་ཤྭ་མི་ཥེ་བྷྱཿ སརྦ་ཏཏྑང་ཨུཏྒ་ཏེ་སྥ་ར་ཎ་ཧི་མམ་ག་ག་ན་ཁཾ་སྭཱ་ཧཱཿ «ལན་གསུམ་བརྗོད་ཅིང་བྱིན་གྱིས་རླབས་ལ་འདི་སྐད་དོཿ »ཧཱུྃཿ འཇིག་རྟེན་དབང་ཕྱུག་པདྨ་རྒྱལ་པོ་ཞེསཿ རིགས་ནི་རྟ་ཕག་ཡབ་ཡུམ་རྒྱུད་དུ་འཁྲུངསཿ ཨུ་རྒྱན་རྒྱལ་པོས་སྲས་ཀྱི་སྐལ་བ་མཛདཿ རྒྱ་གར་ཡུལ་ནས་ཆོས་ཀྱི་སྒྲོ་འདོགས་བཅདཿ ཁ་བ་ཅན་དུ་སངས་རྒྱས་བསྟན་པ་སྤེལཿ འཛམ་གླིང་དྲེགས་ཚོགས་ཡོངས་ཀྱི་རྒྱན་གཅིག་པུཿ པདྨ་ཐོད་ཕྲེང་རྩལ་གྱི་དམ་ལ་འདུསཿ ཧཱུྃ་ཧཱུྃ་ཧཱུྃཿཧྲཱིཿསྲིད་པ་གསུམ་ལ་དབང་བསྒྱུར་མཐུ་བོ་ཆེཿ སྐྱེད་རྒྱུད་བདག་པོའི་སྤྲུལ་པའི་གར་བསྒྱུར་བཿ སྟོང་གསུམ་དྲེགས་ཚོགས་ཡོངས་ཀྱི་གཙུག་ན་དཔའཿ གཉན་གྱི་རྒྱལ་པོ་དྲག་རྩལ་ཐོགས་མེད་རྩལཿ ཡུམ་ཆེན་ཁམས་གསུམ་དབང་བསྒྱུར་མཐུ་མོ་ཆེཿ རིགས་སྲས་སྟོབས་ལྡན་གནོད་སྦྱིན་མཆེད་གཉིས་དངཿ སྤྲུལ་པའི་ཡང་སྲས་ཞིང་ཁམས་དབང་བསྒྱུར་གསུམཿ སྲས་མོ་ཌཱཀྐི་མཆེད་ལྔ་མ་མོའི་སྡེཿ ཡང་སྲས་ཕྱི་ནང་གསང་བས་གཉེར་འཛིན་བློནཿ བཀའ་འཁོར་སྣང་སྲིད་སྡེ་བརྒྱད་དྲེགས་པའི་ཚོགསཿ དད་པ་དང་ནི་དམ་ཚིག་དྲན་གྱིས་ལཿ རྫུ་འཕྲུལ་གློག་ལྟར་མྱུར་བར་གཤེགས་སུ་གསོལཿ མ་ཧཱ་དཱེ་ཝ་ཡཀྴ་སརྦ་ས་མ་ཡ་ཙིཏྟ་ཧྲིང་ཧྲིང་ཛཿ རང་སྣང་སྤྲུལ་པའི་གཞལ་ཡས་ཆེན་པོ་འདིརཿ རིན་ཆེན་མཛེས་པའི་ཁྲི་ལ་དགྱེས་པར་བཞུགསཿ ཁྱོད་དང་རྡོ་རྗེ་དམ་ཚིག་གཅིག་པའི་ཕྱིརཿ དད་སྤྲོ་གུས་པས་ཡིད་ཀྱི་བདག་ཕྱག་འཚལཿ རྡོ་རྗེ་ཐ་ཚིག་གཉན་པོ་གཅིག་ཏུ་བསྲེཿ སྟོང་གསུམ་དྲེགས་པའི་བླ་རུ་མངའ་གསོལ་ལོཿ ཕྲིན་ལས་གློག་ལྟར་མྱུར་བར་བདག་བསྟོད་དོཿ དབྱིངས་ཕྱུག་མ་ཡི་མཁའ་ཀློང་ཡངས་པོ་རུཿ སངས་རྒྱས་སྤྱན་མའི་རུམ་ལས་བྱུང་བ་ཡིཿ ལྷ་ཤིང་སྣ་ཚོགས་འབྲུ་སྣ་སྨན་གྱི་རིགསཿ བཟའ་བའི་བྱེ་བྲག་བཏུང་བས་རིགས་རྣམས་དངཿ རྩི་བཅུད་འབྲུ་བཅུད་དཀར་གསུམ་མངར་གསུམ་དངཿ སྦྱར་བ་གོས་དཀར་མོ་ཡི་མཁའ་ཀློང་བསྲེགས༔ དམ་ཚིག་སྒྲོལ་མའི་འདོད་པའི་ཤུགས་ཀྱིས་བསྐྱོདཿ མ་མཱ་ཀི་ཡི་འདོད་ཆུས་བྲན་པ་ཡིཿ བསང་དུད་ག་བུར་རྡུལ་བརྩེགས་གངས་རིས་མདངསཿ འཇའ་ཚོན་འོད་ཀྱི་འཁྱུད་དེ་གཟུགས་མཛེས་པརཿ སྣ་ཚོགས་སྙན་པའི་སྒྲ་ཡི་སྟོང་གསུམ་འགེངསཿ ཡིད་འཕྲོག་དྲི་བཟང་དུད་པའི་འཇིག་རྟེན་ཁྱབཿ རོ་བརྒྱ་ནུས་པ་སྟོང་ལྡན་ཟས་ཆར་འབེབསཿ རེག་འཇམ་ཡིད་འོང་རྒྱན་གོས་སྐར་ལྟར་འཕྲོསཿ སྤྲུལ་པའི་ལྷ་མོས་བསྒྲུབ་རྫས་བསྐང་རྫས་དངཿ མཆོད་རྫས་བྱེ་བྲག་མ་ཚང་མེད་པ་དངཿ གང་ལ་གང་འདོད་དགོས་དགུའི་སྲིད་ཞི་ཡིསཿ དཔལ་འབྱོར་ནམ་མཁའ་གང་བར་བཀོད་པ་འདིསཿ རྩ་གསུམ་རྒྱལ་བ་རབ་འབྱམས་ཚོགས་རྣམས་དངཿ སྟོང་གསུམ་བདག་པོ་གཉན་ཆེན་ཐོག་རྒོད་རྩལཿ ཡུམ་ཆེན་ཁམས་གསུམ་དབང་བསྒྱུར་མཐུ་མོ་ཆེཿ བསང་ངོ་གསོལ་ལོ་མཆོད་དོ་ཐུགས་དམ་བསྐངསཿ སྲས་མཆོག་སྐུ་ལྷ་གཉན་པོ་གཡུ་རྩེ་དངཿ གནོད་སྦྱིན་སྲོག་བདག་དབང་བསྒྱུར་མཐུ་བོ་ཆེཿ བཙུན་མོ་དགྱེས་སྡེ་ཡབ་ཡུམ་བཅས་པ་ཀུནཿ བསང་ངོ་གསོལ་ལོ་མཆོད་དོ་ཐུགས་དམ་བསྐངཿ ཡང་སྲས་འཇིག་རྟེན་མ་རུང་དྲེགས་པའི་ཚུལཿ གསང་བའི་བློན་ཆེན་བཞི་དང་ནང་བློན་བརྒྱདཿ གནོད་སྦྱིན་མཆེད་བདུན་ཤན་པ་སྡེ་དྲུག་སོགསཿ བསང་ངོ་གསོལ་ལོ་མཆོད་དོ་ཐུགས་དམ་བསྐངཿ གཉན་མོ་སུམ་ཅུ་ཀླུ་མོ་ཉི་ཤུ་ལྔཿ བདུད་མོ་མཆེད་བཞི་སྲིན་མོའི་གཙོ་མོ་དགུཿ ཕྱི་བློན་བརྒྱ་དང་ཉི་ཤུ་གྲོགས་དང་བཅསཿ བསང་ངོ་གསོལ་ལོ་མཆོད་དོ་ཐུགས་དམ་བསྐངཿ ལྷ་དང་གཤིན་རྗེ་ཀླུ་དང་གནོད་སྦྱིན་ཆེཿ མ་མོ་གཟའ་དང་རྒྱལ་པོ་བདུད་ཀྱི་རིགསཿ འཛམ་གླིང་དབང་བསྒྱུར་སྡེ་བརྒྱད་དྲེགས་པའི་ཚོགསཿ བསང་ངོ་གསོལ་ལོ་མཆོད་དོ་ཐུགས་དམ་བསྐངཿ གཞན་ཡང་བཀའ་ཡི་འཁོར་དུ་གཏོགས་པ་ཡིཿ དཀར་ཕྱོགས་སྐྱོང་དང་ནག་ཕྱོགས་དམ་ལ་འདུཿ སྤྲུལ་བ་ཡང་སྤྲུལ་ཐེར་འབུམ་ཐེར་འབུམ་ཚོགསཿ བསང་ངོ་གསོལ་ལོ་མཆོད་དོ་ཐུགས་དམ་བསྐངཿ མཐུ་ལྡན་གཉན་ཆེན་དྲེགས་པའི་གཙོ་མཆོག་རྣམསཿ ཐུགས་ཀྱི་བཞེད་དོན་མ་ལུས་ཡོངས་བསྐང་ཞིངཿ བདག་ཅག་མ་རིག་རྨོངས་པའི་དབང་གྱུར་པའིཿ འགལ་འཁྲུལ་ཉམས་ཆགས་ཅི་མཆིས་བཟོད་པར་གསོལཿ རྡོ་རྗེ་སློབ་དཔོན་ལོག་ལྟ་དམ་ཉམས་ཤོརཿ ཡི་དམ་ལྷ་ལ་དམ་བཅའ་རིས་སུ་བོརཿ མ་དང་མཁའ་འགྲོའི་གསང་བའི་དམ་ཚིག་འཆོལཿ བསྟན་བསྲུང་མཐུ་ལྡན་ཁྱོད་ལ་ཁྱད་དུ་བསདཿ གསང་སྔགས་ནང་གི་ལྟ་སྤྱོད་ལོག་པར་བལྟསཿ དམ་ལྡན་གཟུང་མ་མཆེད་ལྕམ་ལ་སྡང་བཿ དམ་ཚིག་བདག་པོ་ཁྱོད་ལ་མཐོལ་ལོ་བཤགསཿ ཁྱེད་ནི་དམ་བཅའ་བཞི་ལྡན་ངང་ཉིད་ལཿ མི་འཇིགས་རྡོ་རྗེ་བཙན་རྫོགས་གོ་བགོས་ཀྱངཿ ཀུན་ཏུ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིཿ གསང་སྔགས་དམ་ཉམས་རང་རྒྱུད་ཕ་མ་གསོདཿ ལས་ངན་མཛེ་བོས་གྲིབ་ཀྱིས་ཕོག་པ་ཀུནཿ རྟེན་འབྲེལ་འཇའ་ཚོན་འོད་ཀྱི་སྦྱངས་གྱུར་ཅིགཿ དྲི་ཞིམ་བསང་གི་དུད་པས་སངས་གྱུར་ཅིགཿ ཡེ་ཤེས་བདུད་རྩིའི་ཆར་གྱིས་དག་གྱུར་ཅིགཿ རྩི་བཅུད་འོ་ཞོ་འབྲུ་བཅུད་བདུད་རྩིའི་ཆངཿ རྒྱ་ཇ་ཕུད་རྒོད་གསེར་སྐྱེམས་གཡུ་སྐྱེམས་སོགསཿ བཏུང་བས་བྱེ་བྲག་བླ་ན་མེད་པ་ཡིཿ གསོལ་ལོ་འབུལ་ལོ་མཆོད་དོ་དགྱེས་པར་རོལཿ མངའ་གསོལ་བྱས་སོ་དབུ་འཕངས་གཉན་པོ་བསྟོདཿ བཀྲག་མདངས་གཟི་བྱིན་བསྐྱེད་ལ་རྫུ་འཕྲུལ་ངོམཿ རྣལ་འབྱོར་འདོད་པའི་དོན་ཀུན་འགྲུབ་པ་དངཿ བླ་མེད་ཐིག་ལེ་སྐོར་གསུམ་བསྟན་པ་བསྲུངསཿ རྡོ་རྗེ་སློབ་དཔོན་ཡབ་ཡུམ་མཛད་འཕྲིན་སྤེལཿ དམ་ལྡན་རྒྱུད་འཛིན་ཕོ་མོས་སྡོང་གྲོགས་མཛོདཿ དད་ལྡན་སྦྱིན་བདག་ཚོགས་ཀྱི་བར་ཆད་སོལཿ སློབ་བུ་དམ་ལོག་བྲན་གཡོགས་ངོ་ལོག་དངཿ བསམ་ངན་བྱད་མ་བདག་ལ་སྡང་བའི་དགྲཿ དོ་བསྡོ་ཕོད་བཙུགས་བསམ་ངན་སྦྱོར་རྩུབ་རིགསཿ ལོ་ཟླར་མ་བཞག་སྲོག་དབུགས་ཟས་སུ་ཟོཿ གསར་བྱུང་དམ་སྲི་རྒྱལ་འགོང་གདུག་པ་ཅནཿ གཟུགས་མེད་ཤི་འདྲེ་མོ་གདོན་གཉན་ཐེའུ་རང་ཿ ནག་ཕྱོགས་ལོག་འདྲེན་འབྱུང་པོས་ཚོགས་རྣམས་ཀུནཿ ཁྱོད་ཀྱི་མཐུ་སྟོབས་ནུས་པས་ཚར་ཆོད་ཅིགཿ འཛམ་གླིང་སྐྱེ་འགྲོའི་བསོད་ནམས་བདེ་སྐྱིད་ཚོགསཿ རྫོགས་ལྡན་གསར་བའི་དགའ་སྟོན་དཔལ་སྤྱོད་ཅིངཿ བཀྲ་ཤིས་དཔལ་འབར་མི་མཐུན་ཉེས་ཚོགས་བྲལཿ ཕྱོགས་ལས་རྣམ་རྒྱལ་ལས་བཞི་ལྷུན་འགྲུབ་ཤོགཿ དགྲ་བླའི་ངོ་སོ་བསྟོད་དོ་ལྷ་རྒྱལ་ལོཿ «སྐུ་ལྷའི་བསང་མཆོད་བསྟན་དགྲ་ཚར་གཅོད་ཅེསཿ ཌཱཀྐི་གཡུ་འོད་འབར་མའི་དུས་ཀྱི་ཚེཿ ཁྲག་འཐུང་ཨ་ཙར་དམར་པོས་བསྐུལ་བ་བཞིནཿ དྲི་མ་མེད་པ་རིག་པའི་རྩལ་ལས་ཤརཿ ཡུམ་ཆེན་རྡོ་རྗེ་ཕག་མོས་བརྡས་བསྐུལ་ལོཿ བཀའ་འདི་དམ་མེད་དག་གིས་ཉམས་བླངས་ནཿ གནོད་སྦྱིན་ཆེན་པོས་སྙིང་ཁྲག་ཐང་དུ་འཕོསཿ ས་མ་ཡཱཿ ཙིཏྟ་རཀྟ་ཁ་ཐམཿ གུ་ཧྱཿ རྒྱ་རྒྱ་རྒྱཿ ཀ་ཀོང་སེང་གེ་ཡང་རྫོང་པདྨའི་སྒྲུབ་གནས་ནས་ཕབ་བཞིནཿ ཡི་གེའི་འདུ་བྱེད་སློབ་བུ་རིག་འཛིན་དཔལ་འབྱོར་གྱིས་བགྱིས་པཿ ཤིན་དུ་གསང་བའི་སྡེ་ཚན་བཀའ་བཙན་ནོཿ  

[[Category:Wyckibaat]]
}}
</onlyinclude>
{{TsagliCall}}
<headertabs/>

Revision as of 08:46, 2 June 2024

Wylie title
Location mdo mkhyen brtse bka' 'bum
Volume 7, Text 10, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Citation
Genre
[edit]