ཡང་གསང་ཐུགས་ཐིག་ཆ་ལག་ལསཿ གཏེར་སྲུང་དགྲ་བླའི་བསང་མཆོད་གནམ་ལྕགས་ཐོག་རྒོད་བཞུགསཿ

From Khyentse Lineage - A Tsadra Foundation Project
Wylie title yang gsang thugs thig cha lag las gter srung dgra bla'i bsang mchod gnam lcags thog rgod
Location mdo mkhyen brtse bka' 'bum
Volume 7, Text 9, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Smoke Offerings - bsangs mchod - lha bsang
Deity ge sar
Colophon

པདྨ་ཀཱ་རའི་གཉེར་འཛིན་ཆེཿ ཁྲག་འཐུང་དཔའ་པོའི་དགྲ་ལྷའི་རྒྱལཿ རྡོ་རྗེ་ཕག་མོའི་ཕོ་ཉ་བཿ གསང་བའི་བཀའ་སྲུང་མཆོད་པའི་ཐབསཿ ཁྲག་འཐུང་ལས་ཀྱི་དཔའ་བོ་ཡིཿ ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལསཿ ཌཱཀྐིའི་དགྱེས་པ་སྐོང་ཕྱིར་ཕུལཿ ཿདམ་མེད་ལག་ཏུ་ཤོར་ར་རེཿ རྣོ་མྱུར་གནས་ལུགས་ཐོག་དང་འདྲཿ ཐིག་ལེ་སྐོར་གསུམ་ཆོས་འདི་ལཿ ཉིན་རེ་ལན་བདུན་འཁོར་བར་ངེསཿ ཡི་གེའི་རིག་པའི་ཡེ་ཤེས་བགྱིསཿ ཞལ་དྲོས་ཕྲག་ཡངས་ལས་མྱུར་རོ། དགེའོ། །།

pad+ma kA ra'i gnyer 'dzin che: khrag 'thung dpa' bo'i dgra lha'i rgyal: rdo rje phag mo'i pho nya ba: gsang ba'i bka' srung mchod pa'i thabs: khrag 'thung las kyi dpa' bo yis: nam mkha' mdzod kyi chos sde las: DAk+ki'i dgyes pa skong phyir phul: dam med lag tu shor ra re: rno myur gnas lugs thog dang 'dra: thig le skor gsum chos 'di la: nyin re lan bdun 'khor bar nges: yi ge'i rig pa ye shes bgyis: zhal dros phrag yangs las myur ro/_dge'o/_//

[edit]
ཡང་གསང་ཐུགས་ཐིག་ཆ་ལག་ལསཿ གཏེར་སྲུང་དགྲ་བླའི་བསང་མཆོད་གནམ་ལྕགས་ཐོག་རྒོད་བཞུགསཿ ྅྅྅ ཁྲག་འཐུང་ཧེ་རུ་ཀ་ལ་འདུདཿ ཡང་གསང་ཐིག་ལེ་སྐོར་གསུམ་གྱིཿ གསང་བའི་བཀའ་སྲུང་གཉེར་འཛིན་ཆེཿ དྲག་རྩལ་ཐོགས་མེད་མཆོད་པའི་ཐབསཿ ཕྱེ་མར་ཟས་སྣ་ཤིང་རྩི་བསངཿ འབྲུ་སྣ་ཕྱེ་ཕུད་ལེགས་པས་བཤམསཿ རཾ་ཡཾ་ཁཾཿ ལན་གསུམཿ རང་ཉིད་ལྷ་ཡི་ཐུགས་ཀ་ནསཿ མེ་རླུང་ཆུ་ཡིས་དངོས་འཛིན་སྦྱངསཿ སླར་ཡང་འབྲུ་གསུམ་འཕྲོས་པ་ལསཿ འདོད་ཡོན་ལོངས་སྤྱོད་སྤེལ་བའི་གཏེརཿ མི་ཟད་ནམ་མཁའི་དབྱིངས་ཀུན་ཁྱབཿ ཡེ་ཤེས་བདུད་རྩིའི་རྒྱ་མཚོར་གྱུརཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་བདུན་ནམ་གསུམ་བརྗོདཿ ཀྱེ་ཀྱེཿ སྔོན་གྱི་བསྐལ་པའི་དང་པོ་ལཿ མཆོད་བསྟོད་དྲེགས་པའི་དཀྱིལ་འཁོར་དུཿ བཀའ་བསྒོས་སྟོབས་ལྡན་ནག་པོའི་སྲསཿ འཛམ་གླིང་ཟོ་དོར་ཀུན་ཀྱི་གཙོཿ སླར་ཡང་པདྨ་ཐོད་ཕྲེང་གིསཿ ཧེ་རུ་ཀ་ཡི་དཀྱིལ་འཁོར་དུཿ དབང་བསྐུར་རྡོ་རྗེའི་དམ་ཚིག་ནོདཿ ཡང་གསང་ཐིག་ལེ་སྐོར་གསུམ་གྱིཿ གསང་བའི་བཀའ་སྲུང་ཆེན་པོ་རུཿ གཉེར་གཏད་ཁས་བླང་དམ་བཅས་པའིཿ རྡོ་རྗེ་དྲག་རྩལ་མཐུ་བོ་ཆེཿ ཆ་ལུགས་རྣམ་འགྱུར་ཅིར་ཡང་སྟོནཿ ཡུམ་སྲས་ཕྱི་ནང་གསང་བློན་འཁོརཿ བདག་དང་ལས་ཀྱིས་འབྲེལ་པའི་ཕྱིརཿ དད་པ་དང་ནི་དམ་ཚིག་གིསཿ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལཿ རང་བྱུང་སྤྲུལ་པའི་གདན་ལ་བཞུགསཿ དགྱེས་པ་བསྐྱེད་ལ་དམ་ཚིག་སྡེཿ སངས་རྒྱས་སྤྱན་མའི་མཁའ་ཀློང་ལསཿ བྱུང་བའི་ཤིང་རྩི་འབྲུ་སྣ་ཟསཿ འབྲུ་མར་སྤོས་སྨན་གོས་དཀར་མོའིཿ ཀློང་དུ་སྦྱངས་པའི་དུད་སྤྲྀན་འཁྲིགསཿ མཱ་མ་ཀི་ཡི་ཟེག་མས་སྦྱངསཿ དམ་ཚིག་སྒྲོལ་མའི་བརྟུལ་ཞུགས་ཀྱིསཿ བསྐྱེད་པའི་དྭངས་མ་ཟེར་ལྔའི་སྤྲིནཿ འདོད་པའི་ཡོན་ཏན་རྣམ་པ་ལྔཿ གཞན་ཡང་སྲིད་ཞིའི་དཔལ་འབྱོར་ཀུནཿ ཆར་ལྟར་བབ་པའི་བསང་མཆོད་འདིསཿ བླ་མ་ཡི་དམ་མཁའ་འགྲོ་བསངཿ ཁྱད་པར་སྣང་སྲིད་དྲེགས་པའི་གཙོཿ ཕྲིན་ལས་ཐོགས་མེད་དྲག་པོ་རྩལཿ དྲི་ཞིམ་དུད་པས་མ་དག་བསངཿ འདོད་ཡོན་མཆོད་པས་ཐུགས་དམ་བསྐངཿ སྲིད་ཞིའི་འབྱོར་བས་དགྱེས་པ་བསྐྱེདཿ གཙང་མ་གསེར་སྐྱེམས་ཕུད་ཀྱིས་མཆོདཿ ཡུམ་སྲས་གསང་བ་ཕྱི་ནང་བློནཿ བཀའ་འཁོར་དུང་ཕྱུར་གྲངས་མེད་བཅསཿ དྲི་ཞིམ་དུད་པས་བསང་གྱུར་ཅིགཿ གང་འདོད་འདོད་ཡོན་ཆར་འབེབས་པསཿ སོ་སོར་ཚིམ་ཞིང་དགའ་མགུར་རངསཿ བདུད་རྩི་བཏུང་བའི་ཆར་བབ་པསཿ ངོམས་ཞིང་ཀུན་ཀྱང་སྟོབས་ལྡན་གྱུརཿ ཧྲཱིཿ མཐུ་ལྡན་རྡོ་རྗེ་དྲག་པོ་རྩལཿ སྲིད་གསུམ་འདི་ན་འགྲན་ཟླ་བྲལཿ རྫུ་འཕྲུལ་སྟོབས་ཤུགས་རླུང་ལྟར་མྱུརཿ ཞིང་ཁམས་སྤྲུལ་པས་འགྲོ་དོན་བྱེདཿ ཁྱེད་ལ་རྩེ་གཅིག་གུས་པས་བསྟོདཿ སྔོན་གྱི་ལས་སྨོན་བག་ཆགས་མཐུསཿ བྱད་མ་རྒྱལ་བསེན་འདུལ་བའི་གཤེདཿ སྔོན་ཚེ་ཁྲག་འཐུང་ཧེ་རུ་ཀའིཿ དྲུང་དུ་ཁས་བླངས་དམ་ཚིག་དགོངསཿ བར་དུ་པདྨ་ཐོད་ཕྲེང་གིསཿ བཀའ་བསྒོས་རྗེས་སུ་དྲན་པར་མཛོདཿ ཐ་མ་ཁྲག་འཐུང་ཧེ་རུ་ཀསཿ རང་སྣང་སྤྲུལ་པའི་དུར་ཁྲོད་དུཿ བདེ་བ་ཆེན་པོའི་དབང་བཞི་བསྐུརཿ ཐིག་ལེ་སྐོར་གསུམ་གཉེར་གཏད་ཚེཿ ཁྱོད་ཀྱི་ཐ་ཚིག་ཇི་བཞིན་དུཿ རྡོ་རྗེ་སློབ་དཔོན་སྐུ་ཚེ་བསྲིངཿ བདག་གི་ནད་གདོན་བར་ཆད་སོལཿ ཚེ་ཆོས་མཐའ་རུ་ཕྱིན་པ་དངཿ ཡིད་ལ་འདོད་པའི་དོན་ཀུན་འགྲུབཿ དམ་ལྡན་རྣམས་ཀྱི་སྡོང་གྲོགས་མཛོདཿ དམ་མེད་ལོག་པར་ལྟ་བ་དངཿ བཀའ་འགལ་ཐུགས་དཀྲུགས་ལོག་སྦྱོར་ཤོམཿ སྐུར་འདེབས་བསམ་ངན་འཆང་བ་ཀུནཿ སྲོག་གཅོད་དབུགས་ལོངས་ཚེ་བསོད་རོལཿ མངའ་ཐང་ལོངས་སྤྱོད་གནད་དུ་ལོངསཿ བྱད་ཕུར་རྦོད་གཏོང་རང་གཤེད་ཕོབཿ རྒྱལ་འགོང་དམ་སྲི་ནད་གདོན་རིགསཿ གསར་བྱུང་རྒྱ་འདྲེ་འབྱུང་པོའི་ཚོགསཿ ཐམས་ཅད་ཐལ་བའི་རྡུལ་དུ་རློགཿ མིང་གི་ལྷག་མ་མེད་པར་མཛོདཿ ཆོས་ལྡན་རྒྱལ་པོའི་རྒྱལ་སྲིད་སྐྱོངཿ དད་ལྡན་སྦྱིན་བདག་ཚེ་བསོད་དངཿ མངའ་ཐང་སྙན་གྲགས་འབྱོར་པ་སྤེལཿ ཡང་གསང་ཐིག་ལེ་སྐོར་གསུམ་གྱིཿ བསྟན་པ་ཉི་འོག་ཀུན་ཁྱབ་ཅིངཿ ཕྱོགས་ལས་རྣམ་པར་རྒྱལ་བ་ཡིཿ རྒྱལ་མཚན་ཕྱོགས་བརྒྱར་འཛུགས་པར་མཛོདཿ གསེར་སྐྱེམས་ཕྱོགས་བཅུར་འཐོར་བར་བྱཿ པདྨ་ཀཱ་རའི་གཉེར་འཛིན་ཆེཿ ཁྲག་འཐུང་དཔའ་པོའི་དགྲ་ལྷའི་རྒྱལཿ རྡོ་རྗེ་ཕག་མོའི་ཕོ་ཉ་བཿ གསང་བའི་བཀའ་སྲུང་མཆོད་པའི་ཐབསཿ ཁྲག་འཐུང་ལས་ཀྱི་དཔའ་བོ་ཡིཿ ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལསཿ ཌཱཀྐིའི་དགྱེས་པ་སྐོང་ཕྱིར་ཕུལཿ ཿདམ་མེད་ལག་ཏུ་ཤོར་ར་རེཿ རྣོ་མྱུར་གནས་ལུགས་ཐོག་དང་འདྲཿ ཐིག་ལེ་སྐོར་གསུམ་ཆོས་འདི་ལཿ ཉིན་རེ་ལན་བདུན་འཁོར་བར་ངེསཿ ཡི་གེའི་རིག་པའི་ཡེ་ཤེས་བགྱིསཿ ཞལ་དྲོས་ཕྲག་ཡངས་ལས་མྱུར་རོ། དགེའོ། །།