DKYD-KABUM-05-CA-016: Difference between revisions

From Khyentse Lineage - A Tsadra Foundation Project
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
༄༅། །རྗེ་བཙུན་ཨཱརྱ་ཏཱ་རེ་མཿ སྒྲུབ་ཐབས་ཕྲིན་ལས་མྱུར་འགྲུབ་བཞུགསཿ
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=mdo mkhyen brtse bka' 'bum
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=8
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|citation=
|language=Tibetan
|pagestatus=Temporary stub only
|volumenumber=05
|volumeLetter=CA
|textnuminvol=016
|pdflink=File:DKYD-KABUM-05-CA-016.pdf
|InitCategories=Khyentse Lineage Project; DKYD-KABUM-Volume-05-CA
}}
<h1>Tibetan Text</h1>
<onlyinclude>
{{TibP|༄༅། །རྗེ་བཙུན་ཨཱརྱ་ཏཱ་རེ་མཿ སྒྲུབ་ཐབས་ཕྲིན་ལས་མྱུར་འགྲུབ་བཞུགསཿ
༄༅།« །རྗེ་བཙུན་མ་ཧཱ་གུ་རུ་ཡིསཿ རྗེས་འཇུག་འགྲོ་བའི་དོན་སྙིང་དུཿ རྗེ་བཙུན་ཨརྱ་ཏཱ་རེ་ཡིཿ སྒྲུབ་ཐབས་ཕྲིན་ལས་མྱུར་འགྲུབ་བསྟནཿ དཀྱིལ་འཁོར་གཏོར་མ་སྒྲུབ་རྫས་སྤྲོས་པ་བྲལཿ རང་ལུས་རྟེན་དང་ཕྱི་སྣོད་གཞལ་ཡས་ཁང་ཿ དབང་པོ་ལྔ་ཡི་འདོད་ཡོན་མཆོད་པའི་རྫསཿ འདི་ཉིད་སྒྲུབ་པའི་རྣལ་འབྱོར་གང་ཞིག་གིསཿ ལྷ་དང་བླ་མར་དམ་ཚིག་མ་ཉམས་དགོསཿ ཐོག་མར་སྐྱབས་སེམས་ཡན་ལག་བདུན་པ་ནིཿ »གཏན་གྱི་སྐྱབས་གནས་འཕགས་མར་སྐྱབས་སུ་མཆིཿ འགྲོ་རྣམས་བྱང་ཆུབ་ཐོབ་པར་སེམས་བསྐྱེད་དོཿ ལུས་སྒྲིབ་དག་ཕྱིར་གུས་པས་ཕྱག་འཚལ་ལོཿ ཚོགས་གཉིས་རྫོགས་ཕྱིར་བསམ་འདས་མཆོད་པ་འབུལཿ ལུས་ངག་ཡིད་ཀྱི་སྡིག་ལྟུང་ཉམས་པ་བཤགསཿ དུས་གསུམ་སྦྱང་བསགས་དགེ་ཚོགས་ཡི་རང་ངོཿ སྲས་བཅས་རྒྱལ་བར་ཆོས་འཁོར་བསྐོར་བར་བསྐུལཿ འགྲོ་དོན་མཛད་ཀུན་བཞུགས་པར་གསོལ་བ་འདེབསཿ དགེ་ཚོགས་འགྲོ་རྣམས་བྱང་ཆུབ་ཐོབ་ཕྱིར་བསྔོ༔ སྟོང་པའི་ངང་ལས་པདྨ་ཟླ་བའི་སྟེངཿ རང་གི་རྣམ་ཤེས་ཏཱཾ་ཡིག་ལྗང་གུས་མཚནཿ དེ་ལས་འོད་ཟེར་འཕྲོ་འདུས་དོན་གཉིས་བྱསཿ ཚུར་འདུས་རྗེ་བཙུན་འཕགས་མ་སྐུ་མདོག་ལྗང་ཿ ཞལ་གཅིག་ཕྱག་གཉིས་སེམས་མའི་སྐྱིལ་ཀྲུང་བཞུགསཿ གཡས་པས་སྐྱབས་སྦྱིན་གཡོན་པས་མཆོག་སྦྱིན་གྱིསཿ ཨུཏྤ་ལ་འཛིན་ནུ་འབུར་ཟུང་གི་མཛེསཿ དབུ་སྐྲ་ཐོར་ཅོག་རིན་ཆེན་སྲོག་ཞུ་གསོལཿ དར་ལྗང་སྟོད་གཡོགས་སྔོན་པོས་སྨད་དཀྲིས་ཅནཿ ཐུགས་ཀར་ཏཱཾ་ཡིག་བཀྲགས་མདངས་གཟི་བརྗིད་ཅནཿ དེ་ལས་འོད་འཕྲོས་རི་བོ་པོ་ཏ་ལཿ དེར་བཞུགས་རྒྱལ་བ་སྲས་དང་བཅས་པ་ཀུནཿ རྣམ་པ་རྗེ་བཙུན་འཕགས་མའི་བརྟུལ་ཞུགས་ཀྱིསཿ སྤྱན་དྲངས་རང་ཉིད་རྟེན་དག་གཉིས་མེད་བསམཿ ཨོཾ་པོ་ཏ་ལ་ཡི་གནས་མཆོག་ནསཿ ཏཱཾ་ཡིག་ལྗང་གུ་ལས་འཁྲུངས་ཤིངཿ འོད་དཔག་མེད་པས་དབུ་ལ་བརྒྱནཿ དུས་གསུམ་སངས་རྒྱས་ཕྲིན་ལས་མཿ སྒྲོལ་མ་འཁོར་བཅས་གཤེགས་སུ་གསོལཿ པདྨ་ཉི་ཟླ་བརྩེགས་པའི་སྟེངཿ དགྱེས་ཤིང་མི་གཡོ་བརྟན་པར་བཞུགསཿ ལྷ་དང་ལྷ་མིན་ཅོད་པཎ་གྱིསཿ ཞབས་ཀྱི་པདྨོ་ལ་བཏུད་དེཿ ཕོངས་པ་ཀུན་ལས་སྒྲོལ་མཛད་མཿ སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོཿ འདོད་ཡོན་ལྔ་ཡི་མཆོད་པ་དང་ཿ དབང་པོ་ལྔ་ལ་མཁོ་དགུ་ཡིཿ དཔལ་དང་ལོངས་སྤྱོད་མ་ལུས་ཀུནཿ བློ་ཡིས་བླངས་ནས་འཕགས་མར་འབུལཿ ཐུགས་རྗེའི་དབང་གིས་བཞེས་སུ་གསོལཿ བདག་གི་སྒོ་གསུམ་གུས་པ་ཡིཿ འཕགས་མ་ཁྱོད་ལ་བསྟོད་པར་བགྱིཿ «བསྙེན་པའི་དོན་དུ་བསྟོད་པ་ནིཿ ཕྱག་འཚལ་ཉེར་གཅིག་ཅི་ནུས་མཐརཿ »ཐུགས་ཀར་ཟླ་གདན་ཏཱཾ་ཡིག་ལྗང་གུའི་མཐརཿ གཡུ་ཡི་སྔགས་ཕྲེང་ལྗང་གུ་གཡོན་དུ་འཁོརཿ དེ་ལས་འོད་འཕྲོས་གཡུ་ལོ་བཀོད་པ་ནསཿ རྗེ་བཙུན་འཕགས་མ་སྒྲོལ་མའི་ཐུགས་རྒྱུད་བསྐུལཿ ཐུགས་རྗེ་བྱིན་རླབས་འོད་ཀྱི་རྣམ་པར་བསྡུསཿ བདག་དང་འཕགས་མའི་བྱིན་ནུས་མཉམ་པར་གྱུརཿ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱཿ« ཨ་འཐས་ཐེར་ཟུགས་ལྷ་རུ་མི་སྒོམ་པརཿ སྣང་སྟོང་མེ་ལོང་གཟུགས་བརྙན་ཇི་བཞིན་དུཿ སྒྲ་གྲགས་སྔགས་ལ་དྲན་རྟོག་ཐུགས་སུ་བསྒོམཿ སྔགས་ཀྱི་བསྙེན་པ་ཅི་ནུས་བཟླས་པའི་མཐརཿ སླར་ཡང་ཡན་ལག་བདུན་པ་འདི་ལྟར་བརྗོདཿ» རྗེ་བཙུན་འཕགས་མ་སྒྲོལ་མ་དངཿ ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡིཿ རྒྱལ་བ་སྲས་བཅས་ཐམས་ཅད་ལཿ ཀུན་ནས་དངས་པས་ཕྱག་བགྱིའོཿ མེ་ཏོག་བདུག་སྤོས་མར་མེ་དྲིཿ ཞལ་ཟས་རོལ་མོ་ལ་སོགས་པཿ དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལཿ འཕགས་མའི་ཚོགས་ཀྱིས་བཞེས་སུ་གསོལཿ ཐོག་མ་མེད་ནས་ད་ལྟའི་བརཿ མི་དགེ་བཅུ་དང་མཚམས་མེད་ལྔཿ སེམས་ནི་ཉོན་མོངས་དབང་གྱུར་པའིཿ སྡིག་པ་ཐམས་ཅད་བཤགས་པར་བགྱིཿ ཉན་ཐོས་རང་རྒྱལ་བྱང་ཆུབ་སེམསཿ སོ་སོ་སྐྱེ་བོ་ལ་སོགས་པསཿ དུས་གསུམ་དགེ་བ་ཅི་བསགས་པཿ བསོད་ནམས་ལ་ནིབདག་ཡི་རང་ཿ སེམས་རྣམས་ཀྱི་བསམ་པ་དང་ཿ བློ་ཡི་བྱེ་བྲག་ཇི་ལྟ་བརཿ ཆེ་ཆུང་ཐུན་མོང་ཐེག་པ་ཡིཿ ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལཿ འཁོར་བ་ཇི་སྲིད་མ་སྟོང་བརཿ མྱ་ངན་མི་འདའ་ཐུགས་རྗེ་ཡིསཿ སྡུག་བསྔལ་རྒྱ་མཚོར་བྱིང་པ་ཡིཿ སེམས་ཅན་རྣམས་ལ་གཟིགས་སུ་གསོལཿ བདག་གིས་བསོད་ནམས་ཅི་བསགས་པཿ ཐམས་ཅད་བྱང་ཆུབ་རྒྱུར་གྱུར་ནསཿ རིང་པོར་མི་ཐོགས་འགྲོ་བ་ཡིཿ འདྲེན་པའི་དཔལ་དུ་བདག་གྱུར་ཅིགཿ «དེ་ནས་ཕུར་ཚུགས་ཡིད་ཀྱིས་དད་པ་ཡིསཿ ཕྱག་འཚལ་ཉེར་གཅིག་ཅི་ནུས་བཟླས་པའི་མཐརཿ འདོད་དོན་གསོལ་བ་འདེབས་པ་འདི་ལྟར་རོ༔ »རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅནཿ བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱིསཿ སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་མྱུར་རྫོགས་ནསཿ རྫོགས་པའི་སངས་རྒྱས་ཐོབ་པར་མཛད་དུ་གསོལཿ དེ་མ་ཐོབ་ཀྱི་ཚེ་རབས་ཀུན་ཏུ་ཡངཿ ལྷ་དང་མི་ཡི་བདེ་བ་མཆོག་ཐོབ་ནསཿ ཐམས་ཅད་མཁྱེན་པ་སྒྲུབ་པར་བྱེད་པ་ལཿ བར་གཅོད་གདོན་བགེགས་རིམས་དང་ནད་ལ་སོགསཿ དུས་མིན་འཆི་བར་གྱུར་བའི་ནད་རྣམས་དངཿ རྨི་ལམ་ངན་དང་མཚན་མ་ངན་པ་དངཿ འཇིགས་པ་བརྒྱད་སོགས་ཉེ་བར་འཚེ་བ་རྣམསཿ མྱུར་དུ་ཞི་ཞིང་མེད་པར་མཛད་དུ་གསོལཿ འཇིག་རྟེན་འཇིག་རྟེན་ལས་ནི་འདས་པ་ཡིཿ བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་རྣམསཿ འཕེལ་ཞིང་རྒྱས་པའི་དོན་རྣམས་མ་ལུས་ཀུནཿ འབད་མེད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལཿ སྒྲུབ་ལ་བརྩོན་ཞིང་དམ་ཆོས་འཕེལ་བ་དང༌། རྟག་ཏུ་ཁྱོད་བསྒྲུབ་ཞལ་མཆོག་མཐོང་བ་དང་ཿ སྟོང་ཉིད་དོན་རྟོགས་བྱང་སེམས་རིན་པོ་ཆེཿ ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོདཿ རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེརཿ པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེསཿ སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུཿ ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོགཿ བདག་གིས་ཚེ་རབས་ཀུན་ཏུ་བསྒྲུབ་པའི་ལྷཿ དུས་གསུམ་སངས་རྒྱས་ཀུན་ཀྱི་ཕྲིན་ལས་མ། །སྔོ་ལྗང་ཞལ་གཅིག་ཕྱག་གཉིས་མྱུར་ཞི་དཔལཿ ཡུམ་གྱུར་ཨུཏྤལ་བསྣམས་པའི་བཀྲ་ཤིས་ཤོགཿ རྒྱལ་ཡུམ་སྒྲོལ་མ་ཁྱེད་སྐུ་ཅི་འདྲ་བཿ འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་ཿ ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བཿ དེ་འདྲ་ཁོ་ནར་བདག་ཀྱང་འགྱུར་བར་ཤོགཿ ལྷག་པའི་ལྷ་མཆོག་འཕགས་མ་སྒྲོལ་མ་ཡིསཿ ཚེ་རབས་ཀུན་ཏུ་བདག་ཉིད་རྗེས་བཟུང་ཞིང་ཿ རྟག་ཏུ་ཞལ་མཐོང་དངོས་གྲུབ་ཐོབ་པ་དང་ཿ ཆོས་ཉིད་ཟབ་མོའི་དོན་ཀུན་རྟོགས་འགྱུར་ཞིངཿ འཆི་ཁར་འཕགས་མའི་ཞལ་མཐོང་ལུང་བསྟན་ནསཿ འཆི་སྲིད་ཆོས་སྐུའི་འོད་གསལ་ངོ་འཕྲོད་ཅིངཿ བར་དོར་ལོངས་སྤྱོད་རྫོགས་སྐུར་གྲོལ་བ་དངཿ པོ་ཏ་ལའམ་གཡུ་ལོ་བཀོད་པའི་ཞིངཿ སྐྱེས་ནས་འཕགས་མའི་གོ་འཕང་མངོན་གྱུར་ཤོགཿ ཁྱོད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུསཿ བདག་སོགས་གང་དུ་གནས་པའི་ས་ཕྱོགས་དེརཿ ནད་དང་དབུལ་ཕོངས་འཐབ་རྩོད་ཞི་བ་དངཿ ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལཿ ལྷ་མོ་ལ་གུས་ཡང་དག་ལྡན་པའིཿ བློ་ལྡན་གང་གིས་རབ་ཏུ་བརྗོད་དེཿ སྲོད་དང་ཐོ་རངས་ལངས་པར་བྱས་ཏེཿ དྲན་པས་མི་འཇིགས་ཐམས་ཅད་རབ་སྟེར༔ སྡིག་པ་ཐམས་ཅད་རབ་ཏུ་ཞི་བཿ ངན་འགྲོ་ཐམས་ཅད་འཇོམས་པ་ཉིད་དོཿ རྒྱལ་བ་བྱེ་བ་ཕྲག་བདུན་རྣམས་ཀྱིསཿ མྱུར་དུ་དབང་ནི་བསྐུར་བར་འགྱུར་ལཿ འདི་ལས་ཆེ་བ་ཉིད་ནི་འཐོབ་ཅིངཿ སངས་རྒྱས་གོ་འཕང་མཐར་ཐུགས་དེར་འགྲོཿ དེ་ཡི་དུག་ནི་དྲག་པོ་ཆེན་པོཿ བརྟན་གནས་པའམ་གཞན་ཡང་འགྲོ་བཿ ཟོས་པ་དང་ནི་འཐུང་བ་ཉིད་ཀྱང་ཿ དྲན་པས་རབ་ཏུ་སེལ་བ་ཉིད་འཐོབཿ གདོན་དང་རོ་ལངས་དུག་གིས་གཟིར་བསཿ སྡུག་བསྔལ་ཚོགས་ནི་རྣམ་པར་སྤོང་སྟེཿ སེམས་ཅན་གཞན་པ་རྣམས་ལ་ཡང་ངོཿ གཉིས་གསུམ་བདུན་དུ་མངོན་པར་བརྗོད་ནཿ བུ་འདོད་པས་ནི་བུ་ཐོབ་གྱུར་ཞིངཿ ནོར་འདོད་པས་ནི་ནོར་རྣམས་ཉིད་འཐོབཿ འདོད་པ་ཐམས་ཅད་ཐོབ་པར་འགྱུར་ཏེཿ བགེགས་རྣམས་མེད་ཅིང་སོ་སོར་འཇོམས་གྱུརཿ «དེ་ལྟར་འཕགས་མ་སྒྲོལ་མ་ཡིཿ སྒྲུབ་ཐབས་ཕྲིན་ལས་མྱུར་འགྲུབ་འདིཿ ཡེ་ཤེས་མཁའ་འགྲོའི་བརྡས་བསྐུལ་བཞིནཿ མཐུ་སྟོབས་དཔའ་བོས་ཕབ་པའོཿ ས་མ་ཡཱ༔ རྒྱ་རྒྱ་རྒྱཿ དགེའོ། །དགེའོ། །དགེའོཿ  

[[Category:Wyckibaat]]
}}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:46, 2 June 2024

Wylie title
Location mdo mkhyen brtse bka' 'bum
Volume 5, Text 16, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Citation
Genre
[edit]