DKYD-KABUM-03-GA-032: Difference between revisions

From Khyentse Lineage - A Tsadra Foundation Project
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
༄༅། ཞབས་བརྟན་དྲང་སྲོང་བདེན་ཚིག་བཞུགས། ཨོཾ་སྭ་སྟི། གཞི་དབྱིངས་སྤྲོས་པ་བྲལ་བ་ཀུན་ཏུ་བཟངཿ མ་འགགས་ཡེ་ཤེས་ལྔ་ལྡན་ལོངས་སྤྱོད་རྫོགསཿ སྤྲུལ་པའི་གར་སྒྱུར་ཞི་ཆགས་ཁྲོ་བོ་ཤརཿ སྐུ་གསུམ་རྒྱལ་བས་འཆི་མེད་བྱིན་ཆེན་ཕོབསཿ ཚེ་ལ་དབང་སྒྱུར་རིག་འཛིན་པདྨ་སྐྱེསཿ རྒྱལ་བའི་ཞལ་སྐྱེན་རྒྱ་གར་བོད་ཡུལ་དུཿ མདོ་སྔགས་ཆོས་ཀྱི་སྒྲོན་མེ་རབ་སྦར་ནསཿ སྣོད་བཅུད་སྒྲུབ་གནས་སྐལ་ལྡན་བྱིན་རླབས་ཅིངཿ ལང་ཀའི་ཡུལ་གྱི་སྲིན་པོའི་འགྲོ་དོན་མཛད༔ སླར་ཡང་ཐུགས་བསྐྱེད་སྤྲུལ་པས་གར་སྒྱུར་པ༔ འགྲོ་བའི་དོན་དུ་གྲུབ་པའི་དབང་ཕྱུག་ཚུལཿ འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་མིའི་སེང་གེཿ སྐྱབས་གནས་གཅིག་ཆོག་རིན་ཆེན་བླ་མ་རྗེཿ ཧེ་རུ་ཀ་དཔལ་དཀྱིལ་འཁོར་ཀུན་ཀྱི་གཙོཿ ཡེ་ཤེས་དབྱིངས་ཀྱི་ཌཱཀྐིའི་མེས་པོ་སྟེཿ བདག་སོགས་ཉམས་ཐག་འགྲོ་བའི་མགོན་གཅིག་པུཿ འགྱུར་མེད་བསྐལ་པ་རྒྱ་མཚོར་ཞབས་བརྟན་གསོལ༔ འཆི་མེད་ལྷ་དང་རིག་འཛིན་དྲང་སྲོང་སྡེཿ རྩ་གསུམ་བྱིན་རླབས་ཐུགས་རྗེའི་འོད་ཕུང་འཁྲིགས༔ བདེ་སྟོང་དགའ་བཞིའི་ཕོ་ཉར་གར་མཁན་མས༔ འབྱུང་ལྔའི་དྭངས་མ་རྩ་བཅུད་བྱང་ཆུབ་སེམས༔ ཁ་ཁ་མུ་ཁའི་ལམ་ནས་རབ་བརྒྱུད་དེ༔ ཁྲོ་གཉེར་ལྡན་མཛད་ཁྲོ་རྒྱལ་རབ་མཆོད་ཅིང༔ བདེ་སྐྱོང་སྤྲུལ་པའི་འཁོར་ལོ་ནས་བརྒྱུད་དེ༔ ཆོས་དང་ལོངས་སྤྱོད་བདེ་ཆེན་འཁོར་ལོའི་བར༔ ཞུ་བདེའི་འགྲོས་ཀྱི་དྲངས་བའི་བདུད་རྩིའི་གང༔ ཚེ་དབང་རིག་འཛིན་འགྲུབ་པའི་རྟེན་འབྲེལ་འགྲིགས༔ གཞོམ་གཞིག་བྲལ་བ་རྡོ་རྗེའི་ཆོས་བདུན་ངོར༔ ཇི་སྲིད་བསྐལ་བ་རྒྱ་མཚོར་ཞབས་བརྟན་གསོལ༔ འཁོར་འདས་གཟུང་འཛིན་བྲལ་བ་གདོད་མའི་གཤིས༔ དུས་གསུམ་འཕོ་འགྱུར་མེད་པ་རིག་པའི་གདངས༔ སྒྲོན་མ་བཞི་ཡི་འོད་སྣང་དྲྭ་བས་བཅིང༔ ཅེས་ཀྱང་མི་ཤིགས་རྡོ་རྗེའི་གོ་ཆ་བགོས༔ འཕོ་བ་ཆེན་པོ་ཟག་མེད་སྐུ་འགྲུབ་པའི༔ བདག་སོགས་གདུལ་བྱའི་འགྲོ་ཁམས་ལ་གྲོལ་བར༔ ཚེ་མཐའ་ཡས་པའི་ངོ་བོར་ཞབས་བརྟན་ཞིང༔ ཟབ་གསང་ཆོས་ཀྱི་འཁོར་ལོར་བསྐོར་དུ་གསོལ༔ རིག་འཛིན་ལྷ་དང་དཔའ་བོ་ཌཱཀྐི་ལ༔ བདེན་ཚིག་གྲུབ་པའི་དྲང་སྲོང་ཚེ་ཡི་ལྷ༔ ཆོས་ཉིད་མི་འགྱུར་ཆོས་ཅན་བསླུ་བ་མེད༔ བདག་གི་ལྷག་བསམ་རྣམ་དག་དད་པའི་མཐུས༔ དཔལ་མགོན་བླ་མ་བསྐལ་བརྒྱར་ཞབས་བརྟན་ཞིང༔ གསང་སྔགས་བླ་མེད་མཛད་པ་རྨད་བྱུང་གི༔ མཛད་འཕྲིན་ཕྱོགས་དུས་ཀུན་ཏུ་དར་རྒྱས་པའི༔ སྨོན་པ་འདི་དག་ཡིད་བཞིན་འགྲུབ་པར་ཤོག༔ ཅེས་པའང་མེ་ཕོ་རྟ་ཡི་ལོ་གྲུབ་དབང་བླ་མའི་ཟབ་གཏེར་སྒོ་འབྱེད་ཀྱི་རྟེན་འབྲེལ་ཆེན་མོའི་སྐབས་ཁྲུམས་སྟོད་ཟླ་བའི་ཡར་ཚེས་དགེ་བར་ཆོས་ཀྱི་བདག་མོའི་མིང་འཛིན་བློ་གསལ་དབང་པོའི་ལྷག་བསམ་རྣམ་དག་གིས་གསོལ་བ་བཏབས་པས་ཞབས་བརྟན་ཞལ་བཞེས་མ་ལེགས་སོ།། །།
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=mdo mkhyen brtse bka' 'bum
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=8
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|citation=
|language=Tibetan
|pagestatus=Temporary stub only
|volumenumber=03
|volumeLetter=GA
|textnuminvol=032
|pdflink=File:DKYD-KABUM-03-GA-032.pdf
|InitCategories=Khyentse Lineage Project; DKYD-KABUM-Volume-03-GA
}}
<h1>Tibetan Text</h1>
<onlyinclude>
{{TibP|༄༅། ཞབས་བརྟན་དྲང་སྲོང་བདེན་ཚིག་བཞུགས། ཨོཾ་སྭ་སྟི། གཞི་དབྱིངས་སྤྲོས་པ་བྲལ་བ་ཀུན་ཏུ་བཟངཿ མ་འགགས་ཡེ་ཤེས་ལྔ་ལྡན་ལོངས་སྤྱོད་རྫོགསཿ སྤྲུལ་པའི་གར་སྒྱུར་ཞི་ཆགས་ཁྲོ་བོ་ཤརཿ སྐུ་གསུམ་རྒྱལ་བས་འཆི་མེད་བྱིན་ཆེན་ཕོབསཿ ཚེ་ལ་དབང་སྒྱུར་རིག་འཛིན་པདྨ་སྐྱེསཿ རྒྱལ་བའི་ཞལ་སྐྱེན་རྒྱ་གར་བོད་ཡུལ་དུཿ མདོ་སྔགས་ཆོས་ཀྱི་སྒྲོན་མེ་རབ་སྦར་ནསཿ སྣོད་བཅུད་སྒྲུབ་གནས་སྐལ་ལྡན་བྱིན་རླབས་ཅིངཿ ལང་ཀའི་ཡུལ་གྱི་སྲིན་པོའི་འགྲོ་དོན་མཛད༔ སླར་ཡང་ཐུགས་བསྐྱེད་སྤྲུལ་པས་གར་སྒྱུར་པ༔ འགྲོ་བའི་དོན་དུ་གྲུབ་པའི་དབང་ཕྱུག་ཚུལཿ འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་མིའི་སེང་གེཿ སྐྱབས་གནས་གཅིག་ཆོག་རིན་ཆེན་བླ་མ་རྗེཿ ཧེ་རུ་ཀ་དཔལ་དཀྱིལ་འཁོར་ཀུན་ཀྱི་གཙོཿ ཡེ་ཤེས་དབྱིངས་ཀྱི་ཌཱཀྐིའི་མེས་པོ་སྟེཿ བདག་སོགས་ཉམས་ཐག་འགྲོ་བའི་མགོན་གཅིག་པུཿ འགྱུར་མེད་བསྐལ་པ་རྒྱ་མཚོར་ཞབས་བརྟན་གསོལ༔ འཆི་མེད་ལྷ་དང་རིག་འཛིན་དྲང་སྲོང་སྡེཿ རྩ་གསུམ་བྱིན་རླབས་ཐུགས་རྗེའི་འོད་ཕུང་འཁྲིགས༔ བདེ་སྟོང་དགའ་བཞིའི་ཕོ་ཉར་གར་མཁན་མས༔ འབྱུང་ལྔའི་དྭངས་མ་རྩ་བཅུད་བྱང་ཆུབ་སེམས༔ ཁ་ཁ་མུ་ཁའི་ལམ་ནས་རབ་བརྒྱུད་དེ༔ ཁྲོ་གཉེར་ལྡན་མཛད་ཁྲོ་རྒྱལ་རབ་མཆོད་ཅིང༔ བདེ་སྐྱོང་སྤྲུལ་པའི་འཁོར་ལོ་ནས་བརྒྱུད་དེ༔ ཆོས་དང་ལོངས་སྤྱོད་བདེ་ཆེན་འཁོར་ལོའི་བར༔ ཞུ་བདེའི་འགྲོས་ཀྱི་དྲངས་བའི་བདུད་རྩིའི་གང༔ ཚེ་དབང་རིག་འཛིན་འགྲུབ་པའི་རྟེན་འབྲེལ་འགྲིགས༔ གཞོམ་གཞིག་བྲལ་བ་རྡོ་རྗེའི་ཆོས་བདུན་ངོར༔ ཇི་སྲིད་བསྐལ་བ་རྒྱ་མཚོར་ཞབས་བརྟན་གསོལ༔ འཁོར་འདས་གཟུང་འཛིན་བྲལ་བ་གདོད་མའི་གཤིས༔ དུས་གསུམ་འཕོ་འགྱུར་མེད་པ་རིག་པའི་གདངས༔ སྒྲོན་མ་བཞི་ཡི་འོད་སྣང་དྲྭ་བས་བཅིང༔ ཅེས་ཀྱང་མི་ཤིགས་རྡོ་རྗེའི་གོ་ཆ་བགོས༔ འཕོ་བ་ཆེན་པོ་ཟག་མེད་སྐུ་འགྲུབ་པའི༔ བདག་སོགས་གདུལ་བྱའི་འགྲོ་ཁམས་ལ་གྲོལ་བར༔ ཚེ་མཐའ་ཡས་པའི་ངོ་བོར་ཞབས་བརྟན་ཞིང༔ ཟབ་གསང་ཆོས་ཀྱི་འཁོར་ལོར་བསྐོར་དུ་གསོལ༔ རིག་འཛིན་ལྷ་དང་དཔའ་བོ་ཌཱཀྐི་ལ༔ བདེན་ཚིག་གྲུབ་པའི་དྲང་སྲོང་ཚེ་ཡི་ལྷ༔ ཆོས་ཉིད་མི་འགྱུར་ཆོས་ཅན་བསླུ་བ་མེད༔ བདག་གི་ལྷག་བསམ་རྣམ་དག་དད་པའི་མཐུས༔ དཔལ་མགོན་བླ་མ་བསྐལ་བརྒྱར་ཞབས་བརྟན་ཞིང༔ གསང་སྔགས་བླ་མེད་མཛད་པ་རྨད་བྱུང་གི༔ མཛད་འཕྲིན་ཕྱོགས་དུས་ཀུན་ཏུ་དར་རྒྱས་པའི༔ སྨོན་པ་འདི་དག་ཡིད་བཞིན་འགྲུབ་པར་ཤོག༔ ཅེས་པའང་མེ་ཕོ་རྟ་ཡི་ལོ་གྲུབ་དབང་བླ་མའི་ཟབ་གཏེར་སྒོ་འབྱེད་ཀྱི་རྟེན་འབྲེལ་ཆེན་མོའི་སྐབས་ཁྲུམས་སྟོད་ཟླ་བའི་ཡར་ཚེས་དགེ་བར་ཆོས་ཀྱི་བདག་མོའི་མིང་འཛིན་བློ་གསལ་དབང་པོའི་ལྷག་བསམ་རྣམ་དག་གིས་གསོལ་བ་བཏབས་པས་ཞབས་བརྟན་ཞལ་བཞེས་མ་ལེགས་སོ།། །།

[[Category:Wyckibaat]]
}}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:46, 2 June 2024

Wylie title
Location mdo mkhyen brtse bka' 'bum
Volume 3, Text 32, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Citation
Genre
[edit]