DKR-KABUM-17-TSA-017: Difference between revisions

From Khyentse Lineage - A Tsadra Foundation Project
DKR-KABUM-17-TSA-017
No edit summary
m (Text replacement - "Khyentse Metadata" to "Text")
 
(One intermediate revision by one other user not shown)
Line 1: Line 1:
{{Khyentse Metadata
{{Text
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|fulltitletib=
|sectionheading=No
|fulltitle=
|fulltitletib=རྩ་གསུམ་ཚོགས་བསྡུས་གྲངས་གསོག་བྱ་ཚུལ་སོགས།
|citation=[[Khyentse, Dilgo]]. ''''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 17: . Delhi: Shechen Publications, 1994.
|fulltitle=rtsa gsum tshogs bsdus grangs gsog bya tshul sogs
|citation=[['jam dbyangs mkhyen brtse'i dbang po]]. ''Rtsa gsum tshogs bsdus grangs gsog bya tshul sogs''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 17: 73-75. Delhi: Shechen Publications, 1994.
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=dil mgo mkhyen brtse bka' 'bum
|collectiontitle=dil mgo mkhyen brtse bka' 'bum
|author=Khyentse, Dilgo
|author='jam dbyangs mkhyen brtse'i dbang po
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|authortib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
|sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|tibgenre=Feast Offering - tshogs mchod - tshogs kyi 'khor lo
|sourcerevealer=Khyentse, Dilgo
|sourceauthor=
|sourceauthortib=
|associatedpeople=
|associatedpeopletib=
|tibgenre=Sadhanas - Evocation Ritual - sgrub thabs
|terma=Yes
|terma=Yes
|dkroutline=Six
|dkroutline=Six
|language=Tibetan
|language=Tibetan
|deity=
|cycle=rang byung pad+ma snying thig
|cycletib=རང་བྱུང་པདྨ་སྙིང་ཐིག་
|parentcycle=
|parentcycletib=
|volumenumber=017
|volumenumber=017
|volnumtib=༡༧
|volnumtib=༡༧
|volyigtib=ཙ་
|volyigtib=ཙ་
|totalvolumes=25
|totalvolumes=25
|beginfolioline=1a
|textnuminvol=017
|rectonotes=
|pagenumbers=73-75
|totalpages=6
|beginfolioline=1a1
|endfolioline=3b3
|totalfolios=3
|multivolumework=No
|rectonotes=tshogs mchod
|versonotes=rang byung pad+ma snying thig
|versonotes=rang byung pad+ma snying thig
|textnuminvol=017
|archivistnotes=There are five short works included under this title.
|pdflink=File:DKR-KABUM-17-TSA-017.pdf
|pdflink=File:DKR-KABUM-17-TSA-017.pdf
}}
}}

Latest revision as of 08:10, 1 June 2024

Wylie title rtsa gsum tshogs bsdus grangs gsog bya tshul sogs DKR-KABUM-17-TSA-017.pdf
Location dil mgo mkhyen brtse bka' 'bum
Volume 17, Text 17, Pages 73-75 (Folios 1a1 to 3b3)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. Rtsa gsum tshogs bsdus grangs gsog bya tshul sogs. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 17: 73-75. Delhi: Shechen Publications, 1994.
Genre Feast Offering - tshogs mchod - tshogs kyi 'khor lo
Notes There are five short works included under this title.
[edit]
༄༅། རྩ་གསུམ་ཚོགས་བསྡུས་གྲངས་གསོག་བྱ་ཚུལ་བཞུགས་སོ། ན་མ་སྟྲི་མཱུ་ལ་ཡ། བླ་མ་གསང་འདུས་ཚོགས་ཁྲི་འབུམ་གྲངས་གསོག་སྐབས། ཚོགས་རྫས་བདུད་རྩིས་བྲན། རྃ་ཡྃ་ཁྃ་གིས་བསང ༌། ཨོཾ་ཨཱཿཧཱུྃ་ཧྲཱིཿས་བརླབ། ཧཱུྃ། བླ་མ་ཡི་དམ་མཁའ་འགྲོ་ལ། ཞལ་རྫས་ཚོགས་ཀྱི་མཆོད་པ་འབུལ༔ དམ་ཚིག་ཉམས་ཆག་ཉེས་ལྟུང་བཤགས༔ དགྲ་བགེགས་བཀུག་བསྒྲལ་ཞལ་དུ་བསྟབ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ བཛྲ་ས་མ་ཡ་ཨཱཿ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ལ་ཁ་རཾ་ཁཱ་ཧི༔ བྷིནྡྷ་ཡ་བྷིནྡྷ་ཡ་ཧཱུྃ་ཕཊ༔ ཅེས་མཆོད་བཤགས་བསྒྲལ་གསུམ་དུས་གཅིག་ཏུ་ཕུལ། ལྷག་མ། པཉྩ་ཨ་མྲྀ་ཏ་ཧཱུྃ་ཧ་ཧོ་ཧྲཱིཿས་བརླབ། ཧཱུྃ༔ བཅོམ་ལྡན་པདྨ་ཧེ་རུ་ཀའི༔ བཀའ་ཡི་ལྷག་སྡུད་ཚོགས་རྣམས་ཀུན༔ འདིར་བྱོན་བཀའ་ཡི་ལྷག་གཏོར་བཞེས༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ ཅེས་སམ། ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧིས་བསྔོས་ལ་སྨོན་ལམ་ཡང་གདབ་བོ། ༈ ཡི་དམ་བཀའ་བརྒྱད་བདེ་གཤེགས་འདུས་པའི་ཚོགས། རྃ་ཡྃ་ཁྃ་གིས་བསང་སྦྱང༌། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བརླབ། ཧཱུྃ། །ཞི་ཁྲོ་བཀའ་བརྒྱད་ལྷ་ཚོགས་སྤྱན་འདྲེན་གཤེགས། །འདོད་ཡོན་མཆོད་འབུལ་དམ་བསྐང་དངོས་གྲུབ་སྩོལ། །དགྲ་བགེགས་བཀུག་བསྒྲལ་ཤ་ཁྲག་རུས་པའི་ཚོགས། །ཟག་མེད་བདུད་རྩི་དགྱེས་པ་ཆེན་པོར་བཞེས། ཨོཾ་ག་ཎ་ཙཀྲ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱ་ཧཱ། བཛྲ་ས་མ་ཡ་ཨཱཿ སརྦ་ཤ་ཏྲཱུན་བིགྷྣཱན་ཛཿཧཱུྃ་བཾ་ཧོཿམཱ་ར་ཡ་རྦད༔ ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་བརྗོད་ཅིང་བསྒྲལ་བསྟབ་བྱ། ལྷག་མ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧ་ཧོ་ཧྲཱིཿ ཨེ་ཨཱ་རལླི་ཧྲཱིཾ་ཛཿས་ལྷག་སྡུད་སྤྱན་དྲངས་ལ། ཧཱུྃ། མཁའ་འགྲོ་གིང་ལང་དབང་ཕྱུག་མ། །མ་སྲིང་འབར་མ་ཕོ་ཉའི་ཚོགས། །དཔལ་གྱི་ཕམ་ཕབས་འདི་ལོངས་ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། ཨོཾ་ཨུཙྪི་ཥྚ་བ་ལིཾ་ཏ་བྷཀྵ་སཱི་སྭཱ་ཧཱ། ཞེས་བསྔོ་བ་སྨོན་ལམ་ཡང་གདབ་བོ། ༈ ཉང་གཏེར་མཁའ་འགྲོ་ཁྲོས་ནག་གི་ཚོགས་གྲངས་བསག་སྐབས། ཚོགས་རྫས་རྃ་ཡྃ་ཁྃ་གིས་བསང་སྦྱང༌། ཨོཾ་ཨཱཿཧཱུྃ་ག་ཎ་ཙཀྲ་པཱུ་ཛ་ཧཱུྃ་གིས་བརླབ། ཧཱུྃ། རྡོ་རྗེ་མཁའ་འགྲོ་ཕག་མོ་ཡུམ༔ མཁའ་འགྲོ་མ་ཡི་ཚོགས་ཀྱིས་བསྐོར༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ རྣལ་འབྱོར་བདག་ལ་དངོས་གྲུབ་སྩོལ༔ ཕེཾ་ཕེཾ་ཕེཾ༔ ཨོཾ་ཤྲཱི་བཛྲ་ཝཱ་ར་ཧི་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་ག་ཎ་ཙཀྲ་པཱུ་ཛ་ཧཱུྃ་གིས་ཕུད་དང༌། ཧཱུྃ༔ མཁའ་འགྲོ་གིང་ལང་དབང་ཕྱུག་མ༔ ཕོ་ཉ་ལ་སོགས་ལྷག་སྡུད་ཚོགས༔ མཆོད་སྦྱིན་བཟང་པོ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་མཛོད༔ ཨོཾ་ཨུཙྪི་ཥྚ་སརྦ་ཌཱ་ཀི་ནི་པྲ་ཏཱིཙྪ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱཧི༔ ཞེས་ལྷག་མ་ཕུལ། སྨོན་ལམ་ཡང་གདབ་བོ། ༈ ལྷག་པའི་ལྷ་སྤྱི་ལ་འཇུག་པའི་བསྐང་བཤགས་བསྡུས་པ་རྩ་གསུམ་དགྱེས་པའི་རོལ་མོ་ཞེས་བྱ་བ་བཞུགས་སོ། ན་མཿཤྲཱི་གུ་རུ་བེ། དེ་ལ་འདིར་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ཐུགས་དམ་བསྐང་བར་འདོད་པས། ཐོག་མར་སྐོང་རྫས་རྣམས། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་གནས་ཁང་བྷྲཱུྃ་ལས་ཐར་པ་ཆེན་པོའི་གཞལ་ཡས་ཁང་གི་ནང་དུ་བསྐང་རྫས་རྣམས་འདོད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ནམ་མཁའ་མཛོད་ཀྱི་སྤྲིན་ཆེན་པོར་གྱུར། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ། དེ་ནས་བསྐང་བ་དངོས་ལ་འཇུག་པ་ནི། ཧཱུྃ་ཧྲཱིཿ །འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །ཐོག་མའི་མགོན་པོ་འོད་མཐའ་ཡས། །ཡེ་ཤེས་རང་སྣང་འཁོར་གྱིས་བསྐོར། །ཆོས་སྐུའི་ལྷ་ཚོགས་ཐུགས་དམ་བསྐང༌། །ངེས་པ་ལྔ་ལྡན་ཕོ་བྲང་ནས། །བདེ་སྟོང་ཁ་སྦྱོར་རིགས་མཆོག་ལྔ། །ས་བཅུའི་བྱང་སེམས་འཁོར་གྱིས་བསྐོར། །ལོངས་སྐུའི་ལྷ་ཚོགས་ཐུགས་དམ་བསྐང༌། །པདྨ་འོད་ཀྱི་ཕོ་བྲང་ནས། །འཆི་མེད་པདྨ་ཐོད་ཕྲེང་རྩལ། རྩ་གསུམ་རྒྱ་མཚོའི་འཁོར་གྱིས་བསྐོར། །སྤྲུལ་སྐུའི་ལྷ་ཚོགས༴ །བྱིན་རླབས་རྨད་བྱུང་ཕོ་བྲང་ནས། །རྣམ་བཞིའི་རིག་འཛིན་གྲུབ་པའི་དཔྱིད། དགོངས་བརྡ་སྙན་ནས་བརྒྱུད་པ་ཡི། རྩ་བརྒྱུད་བླ་མའི༴ དངོས་གྲུབ་ཆར་འབེབས་ཕོ་བྲང་ནས། །ཞི་ཆགས་ཁྲོ་བོའི་རྣམ་རོལ་ཅན། །ཕྱི་ནང་རྒྱུད་སྡེ་རྒྱ་མཚོ་ཡི། །ཡི་དམ་ལྷ་ཚོགས༴ །གནས་ཡུལ་དུར་ཁྲོད་ཞིང་རྣམས་ནས། །རྣམ་ཀུན་མཆོག་ལྡན་སྒྱུ་མའི་གར། །ཞིང་སྔགས་ལྷན་ཅིག་སྐྱེས་པ་ཡི། །དཔའ་བོ་མཁའ་འགྲོའི༴ །སྒྱུ་འཕྲུལ་རྡོ་རྗེའི་ཕོ་བྲང་ནས། །སངས་རྒྱས་བསྟན་པ་སྲུང་བ་དང༌། །རྣམ་བཞིའི་ཕྲིན་ལས་སྒྲུབ་མཛད་པ། །ཆོས་སྲུང་ནོར་ལྷའི་ཐུགས་དམ་བསྐང༌། ཧཱུྃ་ཧྲཱིཿ །ཐུགས་དམ་བསྐང་བའི་དམ་རྫས་ནི། མེ་ཏོག་བདུག་སྤོས་མར་མེ་དང༌། །དྲི་ཆབ་ཞལ་ཟས་རོལ་མོ་སོགས། །ལྷ་རྫས་ཕྱི་ཡི་མཆོད་པས་བསྐང༌། །ཚོགས་དྲུག་དབུ་མར་ཐིམ་པ་ལས། །བྱུང་བའི་ཡེ་ཤེས་བླ་མེད་པ། །གཟུགས་སྒྲ་དྲི་རོ་རེག་བྱ་སོགས། །རང་བྱུང་ནང་གི་མཆོད་པས་བསྐང༌། །བདུད་རྩི་སྨན་དང་བ་ལིཾ་ཏ། །དམར་ཆེན་རཀྟ་ལ་སོགས་པ། །སྦྱོར་སྒྲོལ་བརྟུལ་ཞུགས་གྲུབ་པའི་དཔྱིད། །ལྷན་སྐྱེས་གསང་བའི་མཆོད་པས་བསྐང༌། །ཀ་དག་རིག་སྟོང་གཉུག་མའི་ཀློང༌། །ལྷུན་གྲུབ་འོད་གསལ་སྣང་བཞིའི་སྤྲིན། །ཟུང་འཇུག་འཁོར་གསུམ་ལས་འདས་པའི། །བླ་མེད་མཆོག་གི་མཆོད་པས་བསྐང༌། །སོ་ཐར་བྱང་སེམས་གསང་སྔགས་ཀྱི། །སྡོམ་དང་དམ་ཚིག་ཉམས་པ་སོགས། །རང་བཞིན་བཅས་པའི་ཉེས་ལྟུང་ཀུན། །རྩ་གསུམ་ལྷ་ཚོགས་སྤྱན་སྔར་བཤགས། །དེ་ལྟར་བསྐང་ཞིང་བཤགས་པའི་མཐུས། །གནས་སྐབས་རྣམ་བཞིའི་ཕྲིན་ལས་དང༌། །གྲུབ་ཆེན་བརྒྱད་དང་དབང་བཅུ་སོགས། །ཕན་བདེའི་འདོད་དགུ་ལྷུན་གྲུབ་མཛོད། །མཐར་ཐུག་བདག་གཞན་འགྲོ་བ་ཀུན། །སྐུ་དང་ཡེ་ཤེས་དབྱེར་མེད་པའི། །རྩ་གསུམ་དཀྱིལ་འཁོར་མངོན་གྱུར་ནས། །ཕྲིན་ལས་རྒྱུན་མི་ཆད་པར་ཤོག །ཅེས་པའང་རིག་པ་འཛིན་པ་འཇིགས་པ་མེད་པའི་སྡེས་སྦྱར་བའོ། ༈ རྩ་གསུམ་སྐོང་བཤགས་ཉེར་བསྡུས་ཀུན་བཟང་མཆོད་སྤྲིན་བཞུགས། སྐོང་རྫས་རྣམས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས། ཧཱུྃ་ཧྲཱིཿ སྣོད་བཅུད་རྣམ་དག་རྡོ་རྗེའི་འོག་མིན་ཆེར། །དངོས་སུ་བཤམས་དང་ཡིད་ལས་བྱུང་བ་ཡི། །ཕྱི་ནང་གསང་བ་བླ་མེད་དེ་ཁོ་ནའི། །ཀུན་བཟང་རྣམ་འཕྲུལ་མཆོད་སྤྲིན་རྒྱ་མཚོ་འདིས། །རིག་འཛིན་རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང༌། །ཡི་དམ་ཞི་ཁྲོའི་ལྷ་ཚོགས་ཐུགས་དམ་བསྐང༌། །གནས་གསུམ་དཔའ་བོ་མཁའ་འགྲོའི་ཐུགས་དམ་བསྐང༌། །ཆོས་སྲུང་ནོར་ལྷ་རྒྱ་མཚོའི་ཐུགས་དམ་བསྐང༌། །སྣང་སྲིད་དག་པ་རབ་འབྱམས་ཆེན་པོར་བསྐང༌། །ཐུགས་དམ་བསྐང་ཞིང་ཉམས་ཆག་མཐོལ་བཤགས་ན། །སྒྲིབ་མེད་ཚངས་པའི་དངོས་གྲུབ་བསྩལ་ནས་ཀྱང༌། །མཆོག་ཐུན་ཕྲིན་ལས་ཡིད་བཞིན་འགྲུབ་པར་མཛོད། ཅེས་པའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་ཀྱི་བློ་མཚོ་ལས་ཕྱུང་བའོ།། །།

Footnotes

Other Information