DKR-KABUM-15-BA-009: Difference between revisions
WikiBot2015 (talk | contribs) No edit summary |
m (Text replacement - "Khyentse Metadata" to "Text") |
||
(3 intermediate revisions by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=སྨོན་ལམ་རྡོ་རྗེའི་རྒྱ་མདུད་ཀྱི་འགྲེལ་པ་ཟབ་དོན་པད་ཚལ་བཞད་པའི་ཉིན་བྱེད། | |||
|fulltitle=smon lam rdo rje'i rgya mdud kyi 'grel pa zab don pad tshal bzhad pa'i nyin byed | |||
|citation=[[Khyentse, Dilgo]]. ''Smon lam rdo rje'i rgya mdud kyi 'grel pa zab don pad tshal bzhad pa'i nyin byed''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 15: 321-330. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer='jam dbyangs mkhyen brtse'i dbang po | |||
|sourcerevealertib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |||
|sourceauthor=gter bdag gling pa 'gyur med rdo rje | |||
|sourceauthortib=གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ | |||
|tibgenre=Commentaries - 'grel pa, Prayers - smon lam | |||
|terma=No | |||
|dkroutline=Five | |||
|language=Tibetan | |language=Tibetan | ||
| | |volumenumber=015 | ||
| | |volnumtib=༡༥ | ||
|volyigtib=བ་ | |||
|totalvolumes=25 | |||
|textnuminvol=009 | |textnuminvol=009 | ||
|pagenumbers=321-330 | |||
|totalpages=20 | |||
|beginfolioline=1a | |||
|endfolioline=10b1 | |||
|totalfolios=10 | |||
|multivolumework=No | |||
|rectonotes='grel pa | |||
|versonotes=smon lam rdo rje'i rgya mdud | |||
|colophontib=།ཅེས་འཇིག་རྟེན་མིག་གཅིག་ལོ་ཆེན་བཻ་རོའི་རྣམ་འཕྲུལ་སྔ་འགྱུར་བསྟན་པའི་ཤིང་རྟ་གཅིག་པུ་རིག་འཛིན་འགྱུར་མེད་རྡོ་རྗེའི་གསུང་སྨོན་ལམ་རྡོ་རྗེ་རྒྱ་མདུད་ལ་འགྲེལ་པ་ཞིག་བྲིས་ཤིག་ཅེས་འབྲི་གུང་གཡུང་དྲུང་དགོན་གྱི་དགེ་སློང་ཕུན་ཚོགས་རབ་བརྟན་ནས་བསྐུལ་ངོར་དོན་བསྡུས་སྙིང་པོའི་ཚུལ་དུ་སྔ་འགྱུར་པའི་བསྟན་པའི་ཞབས་སུ་སྐྱེས་པའི་མདོ་ཁམས་ཞེ་ཆེན་པ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་འཕགས་ཡུལ་རྡོ་རྗེ་གདན་དུ་བྲིས་པ་དགེའོ།། | |||
|colophonwylie=/ces 'jig rten mig gcig lo chen bai ro'i rnam 'phrul snga 'gyur bstan pa'i shing rta gcig pu rig 'dzin 'gyur med rdo rje'i gsung smon lam rdo rje rgya mdud la 'grel pa zhig bris shig ces 'bri gung g.yung drung dgon gyi dge slong phun tshogs rab brtan nas bskul ngor don bsdus snying po'i tshul du snga 'gyur pa'i bstan pa'i zhabs su skyes pa'i mdo khams zhe chen pa 'gyur med theg mchog bstan pa'i rgyal mtshan gyis 'phags yul rdo rje gdan du bris pa dge'o// | |||
|pdflink=File:DKR-KABUM-15-BA-009.pdf | |pdflink=File:DKR-KABUM-15-BA-009.pdf | ||
}} | }} | ||
Line 17: | Line 39: | ||
<onlyinclude> | <onlyinclude> | ||
{{TibP|༄༅། །སྨོན་ལམ་རྡོ་རྗེའི་རྒྱ་མདུད་ཀྱི་འགྲེལ་པ་ཟབ་དོན་པད་ཚལ་བཞད་པའི་ཉིན་བྱེད་ཅེས་བྱ་བ་བཞུགས་སོ།། | {{TibP|༄༅། །སྨོན་ལམ་རྡོ་རྗེའི་རྒྱ་མདུད་ཀྱི་འགྲེལ་པ་ཟབ་དོན་པད་ཚལ་བཞད་པའི་ཉིན་བྱེད་ཅེས་བྱ་བ་བཞུགས་སོ།། | ||
<br> | |||
༄༅། །ན་མོ་གུ་ར་ཝེ། །རྡོ་རྗེ་བདེ་ཆེན་དགྱེས་པའི་ཉིན་མོར་བྱེད། །སྲིད་ཞི་བརྟན་གཡོ་ཁྱབ་བརྡལ་སྒྱུ་འཕྲུལ་སྤྲིན། །རིགས་ཀུན་ཁྱབ་བདག་ཨོ་རྒྱན་གཏེར་བདག་གླིང༌། །གུས་བཏུད་དེའི་གསུང་ཟབ་དོན་ཅི་ནུས་འཆད། །དེ་ལ་འདིར་སྨོན་ལམ་རྡོ་རྗེའི་ཚིག་གི་རྒྱ་མདུད་ཀྱི་ཚིག་འགྲེལ་མདོར་བསྡུས་སུ་འཆད་པ་ལ། །སྨོན་ལམ་གདབ་པའི་ཡུལ་དཔང་པོར་གསོལ་བ། སྨོན་ལམ་འགྲུབ་པའི་རྒྱུ་བསྔོ་བ། སྨོན་ལམ་དངོས་གསུམ་ལས། །དང་པོ་ནི། དེ་ཡང་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་མཆོག་ཐུན་གྱི་དངོས་གྲུབ་བསྒྲུབ་པའི་རྩ་བ་ནི་གསུམ་སྟེ། གཏེར་གཞུང་རྡོ་རྗེའི་ཚིག་རྐང་ལས། །བརྒྱུད་པའི་རྩ་བ་བླ་མ་རྗེ༔ དངོས་གྲུབ་འབྱུང་གནས་ཡི་དམ་ལྷ༔ ལེགས་པར་བྱིན་རློབས་མཁའ་འགྲོ་མ༔ རྩ་བ་གསུམ་ལ་སྐྱབས་སུ་མཆི༔ ཞེས་གསུངས་པ་ལྟར་དགོངས་བརྡ་སྙན་བརྒྱུད་ཀྱི་རིག་འཛིན་བླྃ་མྃ་ནི་བྱིན་རླབས་ཀྱི་རྩ་བ། བྱ་སྤྱོད་རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེའི་ཡིྃ་དམྃ་གྱི་ལྷྃ་ནི་མཆོག་ཐུན་དངོས་གྲུབ་ཀྱི་རྩ་བ། ཡེ་ཤེས་ལས་དང་འཇིག་རྟེན་གྱི་མཁའ་འགྲོའི་ལྷ་ཚོགས་ཀྱི་ཐུན་མོང་ཁྱད་པར་གྱི་ཕྲིན་ལས་ཐམས་ཅད་དེའི་དགོངྃས་པའི་རྩལ་དང་མཛད་པའི་ཕྲིན་ལས་ཀྱི་བྱིན་རླབས་ལས་འབྱུང་བས་ཕྲིན་ལས་ཀྱི་རྩ་བ་སྟེ། དེ་ནི་མདོ་ལྟར་ན་དཀོན་མཆོག་གསུམ་ཡང་ཡིན་ཏེ། ཡི་དམ་གྱི་ལྷ་ནི་སངས་རྒྱས་དེའི་ཐུགས་རྒྱུད་དུ་བཞུགས་པ་རྟོགས་པའི་ཆོས་དང་ཞལ་ནས་གསུངས་པའི་ལུང་གི་ཆོས། འཁོར་བྱང་སེམས་ཉན་རང་མཁའ་འགྲོ་ཆོས་སྐྱོང་རྣམས་དགེ་འདུན། བླ་མ་ནི་དཀོན་མཆོག་ཀུན་འདུས། དེ་ཐམས་ཅད་སྐུ་གསུམ་གྱི་ཡོན་ཏན་ལྷུན་རྫོགས་སུ་བཞུགས་པས་ན། ཕྱོགས་དུས་ཀྱི་སྐྱབས་གནས་ཐམས་ཅད་དེར་མ་འདུས་པ་མེད་པས་དེ་དག་ཐམས་ཅད་བདག་གི་ལྷག་བསམ་གྱི་སྨོན་ལམ་འགྲུབ་པའི་དཔང་པོའི་ཚུལ་དུ་མཁྱེན་བརྩེ་ནུས་པའི་ཡེ་ཤེས་ཐོགས་པ་མེད་པས་ན་གསོྃལ་བ་འདེབས་པ་པོ་དེངྃ་གི་དུས་སྐབས་འདིྃར་སྒོ་གསུམ་རྩེ་གཅིག་གུས་རྟག་གི་བརྩོྃན་པསྃ་སྒྲུབྃ་བཞིན་པའིྃ་དགེྃ་བའི་བྱ་བྃ་འདིས་མཚོན་བྱེད་བྱས་ན་ད་ལྟ་མངོན་གྱུར་གྱི་རྣམ་པར་དཀར་བའི་ལས་ཡིན་པ་དང༌། སྐྱེ་བ་ཐོག་མེད་འདས་པའི་དུས་ནས་བྱས་ཟིན་པ་དངྃ༌། མ་འོངས་པར་བྱེད་འགྱུར་གྱི་བསམ་པའི་འདུན་པ་ཡོད་པའི་དགེ་བ་སྟེ། དུསྃ་གསུྃམ་གྱི་དགེ་རྩ་ཐམས་ཅད་གཞན་དོན་དུ་བསྔོས་ན་བསམ་པའི་ཁྱད་པར་གྱིས་ཁྱབ་པས་དངོས་བརྒྱུད་ནས་གཞན་ཕན་དང་བྱང་ཆུབ་ཀྱི་རྒྱུར་འགྱུར་བ་ཡིན་པས། མདོར་ན་དུས་གསུམ་གྱི་ལས་དཀར་པོའི་ཆ་བསྃགས་པ་དངྃ་མ་ཉམས་པ་ཀུན་གཞིའི་ཁམས་ལ་ཡོདྃ་པའིྃ་སྒོ་གསུམ་གྱི་དགེྃ་བྃའི་རྒྱུན་རྣམྃས་ཕྱོགས་གཅིག་ཏུ་བསྡོམྃས་ཏེྃ་བདག་གཞན་མཁའ་ཁྱབ་ཀྱི་འགྲོ་བ་མཐའ་དག་གོ་འཕང་བླྃ་ན་མེྃད་པ་ཡང་དག་པར་རྫོགས་པའི་བྱངྃ་ཆུབྃ་ཆེནྃ་པོྃར་ཐོབ་པའི་ཆེད་དུ་རྒྱལ་བ་སྲས་བཅས་ཀྱིས་འཁོར་གསུམ་ཡོངས་དག་གི་བསྔོ་བ་ཆེན་པོ་ཇི་ལྟར་མཛད་པའི་རྗེས་སུ་སློབ་སྟེ་བསྔོ་བར་བགྱིའོ། །གཉིས་པ་སྨོན་ལམ་དངོས་ལ། ཐུན་མོང་དང༌། ཐུན་མིན་ལམ་གྱི་རྒྱུ་འབྲས་ལ་སྨོན་པའོ། །དང་པོ་ཐེག་པ་ཐུན་མོང་གི་ལམ་གྱི་སྣོད་རུང་དུ་སྨོན་པ་ནི། དུས་དེངྃ་ནྃས་ཇི་སྲིད་མཐར་འབྲས་བླ་མེད་རྫོགས་པའི་བྱངྃ་ཆུབྃ་ཆེན་པོའི་དབྱིངས་སུ་མངོན་པར་སངས་རྒྱས་ཏེ་སྙིངྃ་པོརྃ་བདེ་བར་གཤེགས་པའི་ཁམས་ལ་བཞུགས་པའི་སྐུ་དང་ཡེ་ཤེས་ཀྱི་ཆོས་ཁམས་རྒྱ་མཚོ་ལྟ་བུ་ལ་མངོན་གྱུར་དུ་དབང་བསྒྱུར་བར་འབྲས་བུའི་སར་མཆིས་ཀྱི་བར་སློབ་པ་ལམ་གྱི་ཚེ་གང་དུ་སྐྱེས་ཀྱང་ལེགས་སྨོན་གྱི་དཔལ་ལ་འདུན་ཞིང་སྤྱོད་ཅིང༌། བརྟན་དུལ་བློ་ཡངས་པ་སོགས་རང་གཤིས་བཟང་པོ་ཡོན་ཏན་མཆོག་དང་ལྡན་པའི་ཡ་རབས་ཐེག་ཆེན་བྱང་ཆུབ་སེམས་དཔའི་རིགྃས་བཟྃང་བ་ལ་དལ་འབྱོར་གྱི་རྟེན་ཐོབ། ཐོས་བསམ་སྒོམ་པའི་ཤེས་རབ་ཕུན་སུམ་ཚོགས་པའི་བློྃ་གྲོས་གསྃལ་བས་བླང་དོར་གྱི་མིག་འབྱེད་མཁས་བཙུན་བཟང་སོགས་དམ་པའི་ཡོན་ཏན་གྱིས་ཇི་ཙམ་འབྱོར་བཞིན་ཆོག་མི་ཤེས་ཤིང༌། ཡོན་ཏན་སྐྱེ་བའི་གེགས་ངྃ་རྒྱལྃ་གྱི་རློམ་སེམས་དང་མཆོག་འཛིན་མེདྃ་པྃ་དངྃ༌། ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་མ་ནོར་བ་རྟག་ཏུ་སེམས་ཅན་མི་འདོར་བའི་སྙིངྃ་རྗེྃ་ཆེནྃ་པོ་རང་བཞིན་དུ་ཡོད་པའི་སེམས་རྒྱུད་དང་ལྡན་ཞིངྃ་སྤྱིར་ཐར་ལམ་དང་སྒོས་གསང་སྔགས་ཀྱི་དངོས་གྲུབ་ཀྱི་རྩ་བ་བླྃ་མྃ་ལྃ་དྭངས་འདོད་ཡིད་ཆེས་ཕྱིར་མི་ལྡོག་པའི་དད་པའི་ཉེར་ལེན་གྱི་མོས་གུསྃ་དང་ལྡནྃ་ཞིང༌། ཆོས་ཀྱི་སྣོད་རུང་གི་ཡོན་ཏན་རྫོགས་པས་རྒྱུ་མཚན་ཉིད་ཐེག་པ་ཆེ་ཆུང་གིས་ལམ་གྱི་གཞུང་བསྲང༌། ཁྱད་པར་ཚེ་གཅིག་ཟུང་འཇུག་གི་ས་ལ་སྦྱོར་བྱེད་ལྟ་སྒོམ་སྤྱོད་པའི་ཁྱད་ཆོས་དུ་མའི་དཔྃལ་དང་ལྡནྃ་ཞིང༌། གཞི་ལམ་འབྲས་གསུམ་གྱི་ཆོས་ཐམས་ཅད་བདེ་སྟོང་རྡོྃ་རྗེྃ་སེམས་དཔའི་གསང་སྔགས་ཀྱི་ཐེགྃ་པ་ལ་ངེྃས་པ་རྙེད་ཅིང་དེའི་ལམ་འབྲས་ཡང་དག་གི་ས་ལ་འཇུག་སྟེ་ཚུལ་བཞིན་སྤྱོད་པའི་ལམ་ལས་མི་འདའ་བར་གནྃས་པར་ཤོགྃ་ཅིག །གཉིས་པ་ཐུན་མིན་ལམ་གྱི་རྒྱུ་གཞི་ལམ་འབྲས་བུའི་གནས་ལ་སྨོན་པ་དང་གསུམ་ལས། དང་པོ། གཞི་དག་པ་དམ་ཚིག་ལ་གནས་པས་ལམ་མཆོག་ལ་འཇུག་པར་སྨོན་པས་མདོར་བསྟན་པ་ནི། དཔལ་སྒྱུ་འཕྲུལ་དྲྭ་བ་རྩ་བའི་རྒྱུད་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང༌། །དབང་རྣམས་ཐོབ་པར་མ་བྱས་པར། །ཉན་པ་ལ་སོགས་འཆོས་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཞེས་པ་ལྟར། གསང་སྔགས་སྤྱིའི་ལམ་ལ་འཇུག་པ་ལ་ཐོག་མར་དབྃང་གིྃས་མ་སྨིན་པར་ཆོས་ཉན་པ་ལྟ་ཅི་དཔེ་བལྟ་བ་ཙམ་ཡང་མི་རུང་ཞིང༌། དབང་ལའང་རྒྱུད་དང་སྒྲུབ་སྡེའི་རྣམ་བཞག་དབྱེ་བསྡུ་མི་འདྲ་བ་མང་དུ་མཆིས་ཀྱང༌། སྤྱི་ལ་ཁྱབ་པའི་དབང་དུ་བྱས་ནས་མཚན་ཉིད་དང་ལྡན་པའི་སློབ་དཔོན་གྱིས་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་དཀྱིལ་འཁོར་དུ་བུམ་གསང་ཤེར་ཡེ་བཞི་པ་ཚིག་གི་དབང་བཞིས་སློབ་མ་མཚན་ལྡན་གྱིས་སྒོ་གསུམ་གྱི་རྟེན་རྩ་རླུང་ཐིག་ལེ་སེམས་དང་བཅས་པའི་རྒྱུད་རྡོ་རྗེ་བཞིའི་ངོ་བོར་སད་པས་ལམ་དང་འབྲས་བུ་ཐོབ་རུང་དུ་བྱས་པས་སྨིནྃ་ཅིངྃ༌། དབང་གི་ཡེ་ཤེས་ཀྱི་ནུས་པའི་སྲོག་མི་ཉམས་པ་འཛིན་པ་དམྃ་ཚིགྃ་ཡིན་པས་དེ་ཡང་ཡོན་ཏན་སྒྲུབ་པའི་ཐབས་རྩ་བ་ཡན་ལག་གི་དམ་ཚིག་མ་ཉམས་པར་རྒྱུད་དྲན་ཤེས་ཀྱིས་སྡོམྃ་པ་ཉམ་ཆག་ཀྱི་སྐྱོན་གྱིས་མ་གོས་པར་རྣམ་པརྃ་དག་པ་ལྡནྃ་པས་གཞི་བཟུང་ནས། ཡང་སྙིང་པོའི་རྒྱུད་ལས། ཤེས་འཇུག་མཚན་ཉིད་འབྱོར་བའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་པ་ལྟར། རྒྱུ་ཤེས་པའི་མཚན་ཉིད་དག་མཉམ་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོའི་ལྟ་བས་གཞི་བཟུང༌། རྐྱེན་འཇུག་པའི་མཚན་ཉིད་བསྐྱེད་པ་དང་རྫོགས་པའི་རིམྃ་པ་ཟུང་འཇུག་གི་ཏིང་འཛིན་གཉིྃས་ཀྱིས་ལམྃ་ལྃ་བརྩོན་པས་ལམ་གྱུར་གྱི་བསྙེནྃ་སྒྲུབྃ་ཡན་ལག་བཞི་ལྡན་གྱི་རྣལ་འབྱོར་མཐྃར་ཕྱིནྃ་ཏེྃ། རྡོ་རྗེ་ཐེག་པ་ནི་ཐབས་མང་དཀྃའ་བྃ་མེྃད་པྃར་དབང་པོ་རྣོན་པོར་བསྟན་བྱར་གྱུར་པ་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་ཚུལ་བཞིན་ཉམས་འོག་ཏུ་ཆུད་པས་རྣམ་སྨིན་ཚེ་དབང་ཕྱག་ཆེན་ལྷུན་གྲུབ་རིགྃ་འཛིྃན་བཞིའི་གོྃ་འཕྃང་ཚེ་གཅིག་སྟེང་བགྲོད་ནས་ས་ལམ་གྱི་ཡོན་ཏན་ལ་དབང་ཐོབ་ནས་མཆོག་དང་ཐུན་མོང་གི་དངོྃས་གྲུབྃ་རྣམྃ་པ་གཉིསྃ་ཇི་ལྟར་འདོད་པ་བྃདེ་བླགྃ་ཏུ་འགྲུབྃ་པར་གྱུརྃ་ཅིྃག །གཉིས་པ་ལམ་རྒྱས་པར་བཤད་པ་ལ། བསྐྱེད་རྫོགས་རྫོགས་པ་ཆེན་པོ་གསུམ་གྱི་ལམ་སོ་སོར་སྨོན་པ་ལས། དང་པོ་གཞི་མ་ཧཱ་ཡོ་གའི་ལམ་བསྐྱེད་རིམ་མཐར་ཕྱིན་པར་སྨོན་པ་ནི། ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱང་མི་བརྙེས་སོ། །ཞེས་པ་ལྟར། ཕྱི་ནང་སྣོད་བཅུད་ཀྱི་དངོས་པོའི་ཆོས་ཐམས་ཅད་མ་ལུས་ཅིྃ་སྣངྃ་ཡང་དོན་ལ་མ་དག་ཐ་མལ་སྡུག་ཀུན་གྱི་རང་བཞིན་རྡུལ་ཙམ་ཡང་མེད་པ་ཐབས་སྒྱུྃ་མ་རྡོ་རྗེ་བཙན་པོའི་ཆོ་འཕྲུལྃ་རྒྱལ་བ་རིགས་ལྔ་དང་ཤེས་རབ་དབྱིངས་ཀྱི་དྲྭ་བྃ་ཡུམ་ལྔའི་དཀྱིལ་འཁོར་དང༌། གདོད་ནས་ཐབས་ཤེས་འདུ་འབྲལ་མེད་པའི་གསང་བ་མི་ཟད་རྒྱན་གྱི་འཁོར་ལོའི་ཡེ་ཤེས་ཀྱི་གནས་ལུགས་དབྱིངས་ཡེ་གཉིས་སུ་མེད་པའི་མཉམ་པ་དེ་ཁོ་ན་ཉིད་མངོན་དུ་གྱུར་ཏེ་དོན་ལ་གནས་སྣང་གཉིས་ཀ་སྐུ་དང་ཡེ་ཤེས་ཆེན་པོ་འདུ་འབྲལ་མེད་པའི་གདན་གསུམ་ལྷ་ཡི་འཁོྃར་ལོརྃ་གདོད་ནས་ལྷུན་རྫོགྃས་སུ་བཞུགས་པའི་དེ་ཉིད་མངོན་དུ་གྱུར་པས་སྣང་བ་ལྷའི་འཁོར་ལོར་ཤར་བ་དང༌། ཡང་གསུང་གཅིག་དཀྱིལ་འཁོར་ཡན་ལག་ནི། །བསམ་གྱིས་མི་ཁྱབ་ཀུན་ཏུ་ཁྱབ། །སྒྲ་དང་མིང་ཚིག་སོ་སོར་གྲགས། །ཐམས་ཅད་གསུང་ནི་ཕྱག་རྒྱའི་མཆོག །ཞེས་པ་ལྟར། བརྟན་གཡོའི་སྒྲ་གྲགྃས་པྃ་ཐམྃས་ཅྃད་ཆོས་དབྱིངས་སྐྱེ་མེད་བརྗོྃད་བྲལྃ་ཆོས་སྐུའི་གསུང་ནཱ་དའི་དབྱངས་གཅིག་པུའི་རང་སྒྲ་ཡེ་ནས་དག་པས་སྒྲ་ཀུན་དོན་ལ་ཨ་ཡིག་གཅིག་ལས་མ་འདས་པས་ངོ་བོ་སྐྱེ་མེད་ཡུམ་གྱི་རང་བཞིན། ཨ་ཉིད་སྒྲ་སྐད་སྣ་ཚོགས་པའི་བརྗོད་པའི་གདངས་དབྱངས་གསལ་ཡི་གེའི་རྣམ་པར་ཐ་སྙད་སོ་སོར་གྲགས་ཤིང་དོན་བསྟན་པས་ཤེས་བྱའི་ཆོས་ཐམས་ཅད་སྣང་ཞིང་གསལ་བར་བྱེད་པས་རོལ་པ་འགགས་མེད་ཡབ་ཀྱི་ངོ་བོ། དེ་གཉིས་དབྱེར་མེད་འདུ་འབྲལ་མེད་པ་ཚད་དང་མཉམ་པའི་དོན་གྱི་བདེན་པ་མཐོང་ན་ཕྱོགས་དུས་སངས་རྒྱས་ཀུན་གྱི་གསུང་རྡོ་རྗེ་གསང་བ་སྔགྃས་ཀྱིྃ་རང་སྒྲྃ་དོན་གྱི་ཡིན་ལུགས་མཐར་ཐུག་པ་བསམ་གྱིས་མི་ཁྱབ་པའི་ཟབ་རྒྱས་ཀྱི་བདག་ཉིད་སྟེ་དེ་ནི་དེ་བཞིན་གཤེགས་པའི་གསུང་རྣམ་པ་ཐམས་ཅད་པའི་བདག་ཉིད་དག་པའི་དོན་ཤེས་པས་དངོས་གྲུབ་རྣམ་གཉིས་བདེ་བླག་ཏུ་འགྲུབ་པར་བྱེད་ནུས་པས་སྒྲ་གྲགས་གསུང་གི་དཀྱིལ་འཁོར་དུ་འཆར་བ་དང༌། །གང་གིས་གླང་ཆེན་མྱོས་འདྲའི་སེམས། །མཉམ་པར་བཞག་པས་བརྟུལ་ནས་སུ། །སྔགས་དང་ཕྱག་རྒྱ་རབ་བརྟན་ན། །དངོས་གྲུབ་ཡ་མཚན་ཆེན་པོ་འབྱུང༌། །ཞེས་པ་ལྟར། ཀུན་བརྟགས་གློ་བུར་གྱི་རྟོག་པའི་གཟུང་འཛིན་གྱི་འཁྲུལ་སྣང་སེམྃས་ཀྱིྃ་འྃགྱུ་བྃ་ཐམས་ཅད་སྐྱེ་འགགས་གནས་མི་དམིགས་འགྲོ་འོང་དང་བྲལ་བའི་དབྱིངས་སྟོང་ཉིད་ཀྱི་གནས་ལུགས་འོད་གསལ་སོ་སོར་རངྃ་རིགྃ་པའི་ཡེ་ཤེས་ཀྱིས་མངོན་སུམ་ཉིད་དུ་རྟོགས་ན་དེ་ནི་སངས་རྒྱས་ཀུན་གྱི་གསང་བ་མི་ཟད་རྒྱན་གྱི་འཁོར་ལོའི་འཕྲོ་གཞི་དོན་དམ་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་ཅིང༌། གནས་ལུགས་དེའི་རང་བཞིན་རྟག་ཏུ་འཕེལ་འགྲིབ་མེད་པའི་འོད་གསལ་འདུསྃ་མྃ་བྱྃས་པའི་ཆོས་ཉིད་རྟག་པ་དམ་པ་དེ་ཉིད་འཁོར་འདས་བརྟན་གཡོའི་དངོས་པོ་ཀུན་ལ་ཁྱབ་པའི་དོན་མངོན་སུམ་དུ་རྟོགས་པ་ནི་དྲན་རིག་ཐུགས་ཡེ་ཤེས་ཀྱི་རྡོ་རྗེ་གསུམ་དུ་ཡེ་ནས་གནས་པ་མངོན་དུ་གྱུར་པའི་རྣལ་འབྱོར་པ་དེ་ལ། མ་དག་སྡུག་བསྔལ་ཀུན་གྱི་མིང་ཡང་མེད་པ་སྣང་གྲགས་རྟོགས་པའི་ཆོས་ཀུན་མཆོག་ཏུ་མི་འགྱུར་བའི་བདེྃ་བ་ཆེནྃ་པོའི་དབྱིངས་གདངས་སྐད་ཅིག་གཅིག་ཀྱང་འྃདུ་འབྲྃལ་མེད་པའིྃ་ཏིང་འཛིན་གྱིས་སྣང་སྤྱོད་ཐམས་ཅད་ལ་རྒྱས་ཐེབས་པ་ནི་མ་ཧཱ་ཡོ་གའི་ལམ་མཐར་ཕྱིན་པ་ཡིན་པས་དེ་ལྟར་མངོྃན་དུ་བྱེད་ནུས་པར་གྱུརྃ་ཅིགྃ །གཉིས་པ་ལུང་ཨ་ནུ་ཡོ་གའི་ལམ་རྫོགས་རིམ་མཐར་ཕྱིན་པར་སྨོན་པ་ནི། སྤྱིར་སྔགས་ཀྱི་དམ་ཚིག་ཉམས་ན་སོ་སྐྱེ་ལྟ་ཅི། འཕགས་པའི་ས་ལ་བཞུགས་པའི་གང་ཟག་ཀྱང་ངེས་པར་སྐྱོན་ཅན་དུ་བྱེད་པས་ཉེན་ཆེ་ཞིང༌། དམ་ཚིག་གི་རྣམ་གྲངས་ཀྱང་འགྲོ་བའི་ཀུན་རྟོག་གི་གྲངས་དང་མཉམ་པའི་འདུལ་བྱེད་དམ་ཚིག་ཀྱང་དེ་དང་མཚུངས་པར་གསུངས་པས་བསམ་གྱིས་མི་ཁྱབ་པའི་ཕྱིར་མཉམ་རྗེས་ཀུན་ཏུ་སྣང་སྤྱོད་ལྷ་ཡི་འཁོར་ལོར་མ་ཤར་བར་ཉམྃས་ཆགྃ་མི་འབྱུང་བ་མི་སྲིད་པས། དེ་བྱུང་ན་རྟོགྃ་སྒྲིབྃ་དེའི་ས་ལམ་གྱི་ཡོན་ཏན་རྒྱུད་ལ་མི་སྐྱེ་ཞིང་བར་ཆད་ཀྱི་རྒྱུ་བྱེད་པས་དེ་ཉིད་སྦྱོང་བྱེད་ཀྱི་ཐབས་ཀྱང་ཀུན་རྫོབ་དང་དོན་དམ་གྱི་བཤགས་པ་ནི་སྐོང་བའི་སྒོ་དུ་མ་བསྟན་ཀྱང་མཐར་ཐུག་གི་སྐྱེལ་སོ་ནི། བླ་མེད་ཐེག་པར་རབ་ངེས་ན། །ཉོན་མོང་ལས་རྣམས་ཀུན་སྤྱད་ཀྱང༌། །བྱས་ལ་མིང་སོགས་ཚོགས་འགྱུར་ཏེ། །ཚུལ་ཁྲིམས་སྡོམ་པ་ཕུན་སུམ་ཚོགས། །ཞེས་གསུང་པ་ལྟར་དོན་དམ་བཅིང་གྲོལ་མེད་པའི་ཀ་དག་ཟང་ཐལ་གྱི་དགོངས་པ་མངོན་གྱུར་གྱི་གདིང་ཐོབ་ན་ཀུན་རྫོབ་མཚན་མའི་བཤགས་སྦྱོང་ལ་ལྟོས་མི་དགོས་ཏེ་མཚན་རྟོག་གཟུང་འཛིན་གྱིས་བསྐྱེད་པའི་འདུ་ཤེས་ཀྱི་སྒྲིབ་པས་སྤང་གཉེན་གཡུལ་སྤྲད་པའི་ངལ་དུབ་ལམ་ལྟོས་པར་ཡེ་དག་ཡེ་ཤེས་ཆེན་པོའི་གསང་བ་རུ་སྡོམ་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསལ་བཞག་སྤང་བླང་ལས་འདས་པའི་དགོངས་པ་རང་བབ་རྒྱུན་གནས་ཀྱི་ངོ་བོའི་ཀློང་དུ་བཞག་པས་ཉམས་ཆག་རྟོག་སྒྲིབ་ཆེད་དུ་མྃ་སྤངྃས་གནྃས་སུྃ་དགྃ་ནས་དངོས་གྲུབ་བདེ་མྱུར་གྱིས་ཐོབ་ནུས་ཏེ། དེའི་གནད་ཀྱང༌། ལུས་ངག་སེམས་དང་ཆོས་ཐམས་ཅད། །གང་ནའང་མི་གནས་མི་དམིགས་པ། །མིག་ཡོར་ཚུལ་དུ་སྦྱོར་བ་ཡིས། །ནམ་མཁའ་ལ་ནི་ནམ་མཁའ་སྒོམ། །ཞེས་པ་ལྟར། ཕྱི་སྣང་གྲགས་རིག་པ་གསུམ་གྱི་ཆོས། ནངྃ་རྡོ་རྗེའི་ལུས་ཀྱི་རྩ་རླུང་ཐིག་ལེ་ཡེ་ཤེས་ཀྱི་ཁམས། གསྃང་བྃ་དག་པའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བདག་ཉིད་རྣམས་དག་བྱ་དག་བྱེད་དག་འབྲས་ཀྱི་ཚུལ་དུ་སྣང་ཡང་ཡིན་ལུགས་རྟོགས་ན་ཀུན་ཀྱང་དབྱེརྃ་མེདྃ་བདེ་ཆེན་རྡོ་རྗེ་སེམས་པའི་གསང་གསུམ་སྒྱུ་འཕྲུལ་དྲྭ་བའི་རྒྱུན་དུ་རྫོགས་པ་ཏེ། དེས་ན་ཉམས་ཆག་སྐོང་བའི་ཐབས་ཀྱི་ཆོ་ག་ལས་ཀྱང༌། རུ་ཟུང་བཞིས་བཤགས་པ་དང་སྐོང་བ་གསུང་བ་དང༌། བསྲུང་བྱའི་དམ་ཚིག་ཀྱང་དབང་བཞིའི་ངེས་འབྱེད་ཀྱི་རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་གིས་བསྡུས་པ་སྟེ་ཡིན་ལུགས་དེ་རྟོགྃས་པྃ་ལ་གཙོ་བོ་རྡོ་རྗེ་ལུས་ཀྱི་རྩ་རླུང་ཐིག་ལེའི་ཁམས་ལ་གནད་དུ་བསྣུན་པས་ཕྱི་སྣོད་བཅུད་ཀྱི་ཆོས་དག་པར་སྦྱང་པའི་བསྐྱེད་རིམ་ལས་ཆེས་ཟབ་པ་ཤིན་ཏུ་ཕྲ་བ་ནང་རང་བྱུང་ལྷུན་གྲུབ་གཉུག་མའི་རྡོ་རྗེ་གསུམ་གྱི་དག་འབྲས་མངོན་དུ་གྱུར་ནས་སྣང་གྲགས་རིག་པ་དཀྱིལ་འཁོར་ཆེན་པོ་གསུམ་དུ་རྫོགས་ཏེ་ཉམས་ཆག་རང་གྲོལ་དུ་སྐོངྃ་ནུས་ལ། ལམ་དེའི་ལྟ་བ་ཡང་སྣང་སྲིད་འཁོར་འདས་ཀྱི་ཆོས་སོ་ཅོག་གི་སྣང་བ་མ་འགགས་གངྃ་ལྟར་ཤརྃ་ཡང་བདེ་ཆེན་ཆོས་ཉིད་ཀྱི་རོལ་པ་ལས་མ་འདས་པས་ཡབ་ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ཇི་ལྟར་ཤར་བ་དེ་ཡང་དངོས་པོ་དང་མཚན་མའི་ཆོས་སུ་མི་གནས་པ་ཆོས་དབྱིངས་རྣམ་ཐར་སྒོ་གསུམ་གྱི་དབྱིངས་རངྃ་གྲོལྃ་ཆེན་པོའི་ཡེ་ཤེས་ལས་ནམ་ཡང་ཉམས་པ་མེད་པ་དབྱིངས་ཀུནྃ་ཏུ་བཟྃང་མོའི་དཀྱིལ་འཁོར་དེ་གཉིས་སྣང་སྟོང་གི་ཟླས་ཕྱེ་བ་ཙམ་ལས་དོན་ལ་འགལ་འདུ་མེད་པ་དག་པ་གཉིས་ལྡན་སྲས་བདེ་བ་ཆེན་པོ་གཅིག་གི་དཀྱིལ་འཁོར་གྱི་ཀློངྃ་ཡངྃས་སུྃ་བཞུགས་པ་ལས་ནམ་ཡང་མ་འདས་པའི་ཡིན་ལུགས་ཤེས་ན། ཐབས་ལས་ཐབས་བྱུང་ཐབས་བསམ་ཡས། །ཐ་དད་མིན་ལས་ཐ་དད་པའི། །ནང་དང་ནང་གི་ཕྱི་རོལ་ཕྱི། །དཀྱིལ་འཁོར་བསམ་ཡས་ཡེ་ཤེས་རོལ། །ཞེས་པ་ལྟར། དེ་ལྟ་བུའི་དོན་རྟོགས་པའི་རྣལ་འབྱོར་པའི་སྣང་ཆར་ནི། སྲིད་པ་གསུམ་ནི་དག་པའི་ཞིང༌། །སྙིགས་མ་ལྔ་ཉིད་བདེ་ལྡན་གནས། །ཞེས་པ་ལྟར། ཀུན་ཉོན་འཁྲུལ་པས་བསྐྱེད་པའི་ངནྃ་སོངྃ་གི་གནས་ཀྱང་དོངྃ་ནས་སྤྲུགྃས་ཏེ་སྣོད་དང་སྐལ་བར་འཚམས་པའི་གང་འདུལ་གྱི་ཕྲིན་ལས་ཀྱིས་མཐོ་རིས་དང་ཐར་པའི་བདེ་བ་ལ་བཀོད་ནས་སྲིདྃ་ཞིྃ་མྃཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གྲོལ་ཏེ་མི་ལྡོག་འབྲས་བུའི་བཙན་ས་ཟིན་པ་ནི་ལུང་ཨ་ནུ་ཡོ་གའི་ལྟ་བ་མཐར་ཕྱིན་པར་གྱུརྃ་ཅིགྃ །ཅེས་སོ། །གསུམ་པ་འབྲས་བུ་ཨ་ཏི་ཡོ་གའི་ཟུང་འཇུག་གི་ལམ་མཐར་སོན་པར་སྨོན་པ་ནི། ཡེ་ཤེས་ཕྱོགས་བཞི་དབུས་བརྟགས་ཏེ། །དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ནི། །རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས། །ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྱོད། །ཞེས་གསུང་པ་ལྟར། ཀ་དག་སྟོང་ཉིད་ཀྱི་དགོངས་པའི་དབྱིངས་སུ་གཉིས་ཆོས་མཚན་མའི་འཁྲུལ་པ་ཡེ་ནས་མི་དམིགས་པ་འཁོར་འདས་ཀྱི་ཆོས་ཀུན་ཆོས་སྐུའི་ཐིྃག་ལེྃ་ཉག་གཅིག་གི་ཀློང་ཆེནྃ་པོྃར་འུབ་ཆུབ་པས་གཉིས་སུ་མེད་པ་ཐམས་ཅད་ཀློང་ཡངས་ཆེན་པོར་བདག་ཉིད་གཅིག་ཏུ་རྣམ་པར་གྲོལ་ཏེ་ཡོད་པས་ཅིར་སྣང་འོད་གསལ་བའི་ཡེ་ཤེས་ཆེན་པོ་དག་པའི་སྐུྃ་དངྃ་ཞིངྃ་ཁམྃས་རྒྱ་མཚོའི་བདག་ཉིད་དུ་ལྷུན་གྱིས་གྲུབ་པའི་ཡེ་རྫོགྃས་ཆོས་ཉིད་ཀྱི་དགོངས་པ་གཏིང་མཐའ་མེད་པ་སྟེ་དེས་ན་འཁོར་འདས་ཆོས་ཀུན་གྱི་རྩ་བ་རང་རིག་ཐིག་ལེ་ཉག་གཅིག་གི་དགོངས་པའི་རྩལ་རྫོགས་པའི་ཀློང་དུ་བཙན་ས་ཟིན་ན་ཀུན་འབྱུང་འཁྲུལ་པའི་ཆོས་ཞེས་བཙལ་ཀྱང་མི་རྙེད་པ་སྲིད་གསུམ་ཀ་དག་གི་དགོངས་པས་གཞལ་ན། ལས་ཉོན་འཁྲུལ་པ་རང་གྲོལ་ཆེན་པོའི་བདག་ཉིད་ལ་མེད་ཕྱལ་གཅིག་པུ་ལྷུན་གྲུབ་ཞེས་ཡེ་སྲུང་རྒྱལ་པོའི་དམྃ་ཚིགྃ་ཆེནྃ་པོའིྃ་དོན་ལ་རྟག་ཏུ་མི་འདའ་བར་བཞུགས་པས་དག་པོ་ཆེན་པོར་ཕྱམ་བརྡལ་བའི་བདག་ཉིད་ལ་གཉིས་ཆོས་སྤངྃ་བླངྃ་མཚྃན་མའིྃ་བློས་བྱས་ཀྱི་རྟོགས་པའི་དེ་དགྃ་ཟག་མེད་འབྲས་བུའི་ཆོས་ཀུན་མ་བཙལ་ལྷུན་གྱིས་གྲུབ་པར་བཞུགས་པ་སྟེ། དེ་གཉིས་དབྱེར་མེད་དོན་གྱི་དགོངས་པ་ཀློང་དུ་གྱུར་ཏེ་གདོད་མའི་གཞི་ཐོག་ཏུ་ཕྱིན་ནས་ཁྱབྃ་བརྡྃལ་ནམ་མཁའི་འཁོར་ཡུག་ཟག་མེད་ཆོས་ཁམས་རྒྱ་མཚོར་དབང་བསྒྱུར་ནུས་པ་ལ་རྣམ་གྲོལ་ཆེྃན་པོའིྃ་བརྡར་བཏགས་པ་ལས་འབྲས་བུ་ཕྱིས་ཚོལ་གྱི་རྩོལ་སྒྲུབ་རེྃ་དོགྃས་ཀྱི་མྃདུད་པྃ་དབྱིངས་སུ་གྲོལྃ་བ་ནི་མཐར་ཐུག་གི་གྲུབ་མཐའ་སྟེ། ཐམས་ཅད་མཆོག་གི་སྙིང་པོ་ལས། །གཞན་དུ་རྒྱལ་བའི་ཆོས་མི་བཙལ། །ཉིད་ལས་གཞན་ཞེས་བྱ་བའི་ཆོས། །བཙལ་ཀྱང་རྒྱལ་བས་མི་བརྙེས་སོ། །ཞེས་པ་ལྟར། མདོར་ན་གཞི་ལམ་འབྲས་བུའི་ཆོས་གང་ལྟར་བཤད་ཀྱང་དོན་དུ་གཉུག་མའི་ཆོས་ཉིད་གཅིག་གི་དགོངས་པའི་ཀློང་དུ་འཁོར་འདས་མ་ལུས་པ་གཞི་རྫོགས་སུ་གནས་ཤིང་ཀུན་ཀྱང་དག་པ་འབྲས་བུའི་ཆོས་སུ་ལྷུན་གྱིས་གྲུབ་པས་འབྲས་བུ་རྫོགྃས་པྃ་ཆེནྃ་པོའིྃ་ཆོསྃ་སྐུྃ་ཀུན་ཏུ་བཟང་པོའི་དགོངས་པ་མཐར་ཐུག་མངོྃན་དུ་འྃགྱུར་བར་ཤོགྃ་ཅིག་ཅེས་སྨོན་པའོ། །གསུམ་པ་འབྲས་བུ་ལ་སྨོན་པ་ལའང་རང་དོན་དུ་དངོས་གྲུབ་འདོད་དགུའི་གནས་ལ་སྤྱོད་པ་དང༌། གཞན་དོན་དུ་བདེ་ལེགས་ལྷུན་གྱིས་གྲུབ་པར་སྨོན་པའོ། །དང་པོ་ནི། དེ་ལྟར་ལམ་གྱི་ཡོན་ཏན་ཡོང་སུ་རྫོགས་པས་རྒྱལ་བ་དགོངས་བརྒྱུད། རིག་འཛིན་བརྡ་བརྒྱུད། གང་ཟག་སྙན་ནས་བརྒྱུདྃ་པྃ་གསུམྃ་གྱིྃ་རིག་འཛིན་རྣམས་ཀྱི་དགོངས་བརྒྱུད་ཡེ་ཤེས་འཕོ་བའི་བྱིནྃ་རླབྃས་སྙིངྃ་ལྃ་ཞུགྃས་པས་ས་ལམ་གྱི་བོགས་འབྱིན་པ་དང༌། ཐབས་སྣང་བཅས་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ཟབ་མོའི་སྒྱུྃ་འཕྲུལྃ་དྲྭ་བའི་བསྐྱེད་རིམ་དང༌། ཤེས་རབ་སྣང་མེད་བདེ་སྟོང་ཟུང་འཇུག་རྡོ་རྗེའི་རྣལ་འབྱོར་ཟབ་མོའི་ལམྃ་གྱི་གསྃང་བ་རྟོགས་པ་རྫོགས་རིམ། སེམྃས་ཉིད་དོན་གྱི་ཡིན་ལུགས་མངོན་སུམ་རྟོགས་པ་ལྃ་ཟུང་འཇུག་མཐར་ཐུག་གི་རྣལ་འབྱོར་གྱིས་ཏིང་འཛིན་གྱི་ལུས་རྩལ་རྫོགྃས་པ་དང༌། དེའི་བྱེད་ལས་ཞི་རྒྱས་དབང་དྲག་གི་ཕྲིནྃ་ལསྃ་རྣམྃ་པ་བཞིྃས་ཚར་གཅོད་རྗེས་འཛིན་གྱི་མཛད་པ་ལྷུནྃ་གྱིྃས་གྲུབྃ་པ་ཡིས་ཕྱོགས་དུས་མུྃ་མཐྃའ་མེདྃ་པར་ནམ་མཁའ་ཇི་སྲིད་གནས་ཀྱི་བར་དུ་སྣང་བའིྃ་འགྲོྃ་བྃ་མ་ལུས་པ་ཐར་པའི་ལམ་དུ་སྒྲོལྃ་ནུསྃ་པར་ཤོག་ཅིག །སྲས་བཅས་རྒྱལ་བ་དགྱེས་པའི་མཛད་པ་ལྷུན་གྱིས་གྲུབ་པའི་དབང་གིས་བསམ་ཡས་ཡེ་ཤེས་ཀྱི་རོལ་མོ་ཡི་དམ་ཞིྃ་ཁྲོྃའི་སྤྲུལྃ་པའིྃ་དཀྱིལ་འཁོར་གྱི་འཁོྃར་ལོསྃ་དགྱེས་བཞིན་རྗེས་སུ་བཟུང་སྟེ་དོན་གཉིས་འབད་མེད་དུ་གྲུབ་པའི་ལུངྃ་སྟོནྃ་ཅིངྃ་དབུགས་དབྱུང་བ་དང༌། རྡོ་རྗེའི་ལམ་མཆོག་ཚུལ་བཞིན་སྤྱོད་པའི་གང་ཟག་ལ་དེའི་གཉེར་འཛིན་པའི་མཁྃའ་འགྲོྃའི་ཚོགས་རྣམྃས་ཀྱིྃས་མ་ཡིས་བུྃ་བཞིྃན་བརྩེ་བ་ཆེན་པོས་སྐྱོངྃ་བྃ་དངྃ༌། བཀའ་ཡི་འབངས་རྒྱུད་གསུམ་ཆོསྃ་སྐྱོངྃ་སྲུངྃ་མའིྃ་ནུས་པས་ས་ལམ་དང་ཕྲིན་ལས་ཀྱི་ཕྱི་ནང་བརྃ་ཆདྃ་ཀུནྃ་བསྃལ་ནྃས་མདོར་ན་ཡིདྃ་ལྃ་ཇི་ལྟར་སྨོནྃ་པའིྃ་དོན་མཐྃའ་དགྃ་གེགས་མེད་མྱུར་དུ་འྃགྲུབ་པར་གྱུརྃ་ཅིགྃ །གཉིས་པ་གཞན་དོན་དགེ་ལེགས་ལྷུན་གྱིས་གྲུབ་པར་སྨོན་པ་ནི། སྲིད་ཞིའི་ཕན་བདེའི་འབྱུང་གནས་རྒྱལྃ་བའིྃ་བྃསྟན་པྃ་མདོ་སྔགས་བཤད་སྒྲུབ་ཀྱི་རྒྱུན་མི་ཉམས་པ་ཡར་ཟླའི་དཔལ་ལྟར་དརྃ་ཞིངྃ་རྒྱསྃ་པྃ་དངྃ༌། བྃསྟན་པ་དེ་འཛིྃན་སྤེལ་སྐྱོང་གསུམ་འཛིན་པའི་དམ་པའི་སྐྱེས་བུ་རྣམྃས་ཀྱིྃས་བསྟན་འགྲོར་ཕན་པའི་ཐུགས་བསྐྱེད་ཟབ་མོའི་བྃཞེད་པའིྃ་དོནྃ་ཀུནྃ་འབད་མེད་ཡིད་བཞིན་དུ་འགྲུབྃ་པ་དང༌། དེའི་ཉེར་ལེན་གྱིས་མྃ་ལུསྃ་སྐྱེྃ་དྃགུའི་སེམས་ཅན་ཐམས་ཅད་གནས་སྐབས་དང་མཐར་ཐུག་གི་འགྃལ་རྐྱེནྃ་བར་ཆད་ཀུནྃ་ཞིྃ་ཞིངྃ༌། ཕན་བདེའི་ལེགས་ཚོགས་ཀྱི་དཔལ་ཕུནྃ་སུམ་ཚོགྃས་པ་མཐྃའ་དགྃ་ཡིདྃ་བཞིྃན་དུ་འབྱོར་པས་དོན་གཉིས་མཐའ་དག་ལྷུན་གྱིས་འགྲུབྃ་པ་ལ་དབང་འབྱོར་བར་གྱུརྃ་ཅིགྃ །ཟབ་དོན་རྡོ་རྗེའི་ཚིག་གི་མདུད་བཀྲོལ་བའི། །སྤོབས་པ་དམན་ཀྱང་དམ་པས་ཆེད་བསྐུལ་བས། །ཇི་ལྟར་ནུས་བཞིན་བཤད་པའི་ལེགས་བྱས་ཀྱིས། །ངེས་གསང་བསྟན་པའི་ཆུ་གཏེར་རྒྱས་གྱུར་ཅིག །ཅེས་འཇིག་རྟེན་མིག་གཅིག་ལོ་ཆེན་བཻ་རོའི་རྣམ་འཕྲུལ་སྔ་འགྱུར་བསྟན་པའི་ཤིང་རྟ་གཅིག་པུ་རིག་འཛིན་འགྱུར་མེད་རྡོ་རྗེའི་གསུང་སྨོན་ལམ་རྡོ་རྗེ་རྒྱ་མདུད་ལ་འགྲེལ་པ་ཞིག་བྲིས་ཤིག་ཅེས་འབྲི་གུང་གཡུང་དྲུང་དགོན་གྱི་དགེ་སློང་ཕུན་ཚོགས་རབ་བརྟན་ནས་བསྐུལ་ངོར་དོན་བསྡུས་སྙིང་པོའི་ཚུལ་དུ་སྔ་འགྱུར་པའི་བསྟན་པའི་ཞབས་སུ་སྐྱེས་པའི་མདོ་ཁམས་ཞེ་ཆེན་པ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་འཕགས་ཡུལ་རྡོ་རྗེ་གདན་དུ་བྲིས་པ་དགེའོ།། །།}} | ༄༅། །ན་མོ་གུ་ར་ཝེ། །རྡོ་རྗེ་བདེ་ཆེན་དགྱེས་པའི་ཉིན་མོར་བྱེད། །སྲིད་ཞི་བརྟན་གཡོ་ཁྱབ་བརྡལ་སྒྱུ་འཕྲུལ་སྤྲིན། །རིགས་ཀུན་ཁྱབ་བདག་ཨོ་རྒྱན་གཏེར་བདག་གླིང༌། །གུས་བཏུད་དེའི་གསུང་ཟབ་དོན་ཅི་ནུས་འཆད། །དེ་ལ་འདིར་སྨོན་ལམ་རྡོ་རྗེའི་ཚིག་གི་རྒྱ་མདུད་ཀྱི་ཚིག་འགྲེལ་མདོར་བསྡུས་སུ་འཆད་པ་ལ། །སྨོན་ལམ་གདབ་པའི་ཡུལ་དཔང་པོར་གསོལ་བ། སྨོན་ལམ་འགྲུབ་པའི་རྒྱུ་བསྔོ་བ། སྨོན་ལམ་དངོས་གསུམ་ལས། །དང་པོ་ནི། དེ་ཡང་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་མཆོག་ཐུན་གྱི་དངོས་གྲུབ་བསྒྲུབ་པའི་རྩ་བ་ནི་གསུམ་སྟེ། གཏེར་གཞུང་རྡོ་རྗེའི་ཚིག་རྐང་ལས། །བརྒྱུད་པའི་རྩ་བ་བླ་མ་རྗེ༔ དངོས་གྲུབ་འབྱུང་གནས་ཡི་དམ་ལྷ༔ ལེགས་པར་བྱིན་རློབས་མཁའ་འགྲོ་མ༔ རྩ་བ་གསུམ་ལ་སྐྱབས་སུ་མཆི༔ ཞེས་གསུངས་པ་ལྟར་དགོངས་བརྡ་སྙན་བརྒྱུད་ཀྱི་རིག་འཛིན་བླྃ་མྃ་ནི་བྱིན་རླབས་ཀྱི་རྩ་བ། བྱ་སྤྱོད་རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེའི་ཡིྃ་དམྃ་གྱི་ལྷྃ་ནི་མཆོག་ཐུན་དངོས་གྲུབ་ཀྱི་རྩ་བ། ཡེ་ཤེས་ལས་དང་འཇིག་རྟེན་གྱི་མཁའ་འགྲོའི་ལྷ་ཚོགས་ཀྱི་ཐུན་མོང་ཁྱད་པར་གྱི་ཕྲིན་ལས་ཐམས་ཅད་དེའི་དགོངྃས་པའི་རྩལ་དང་མཛད་པའི་ཕྲིན་ལས་ཀྱི་བྱིན་རླབས་ལས་འབྱུང་བས་ཕྲིན་ལས་ཀྱི་རྩ་བ་སྟེ། དེ་ནི་མདོ་ལྟར་ན་དཀོན་མཆོག་གསུམ་ཡང་ཡིན་ཏེ། ཡི་དམ་གྱི་ལྷ་ནི་སངས་རྒྱས་དེའི་ཐུགས་རྒྱུད་དུ་བཞུགས་པ་རྟོགས་པའི་ཆོས་དང་ཞལ་ནས་གསུངས་པའི་ལུང་གི་ཆོས། འཁོར་བྱང་སེམས་ཉན་རང་མཁའ་འགྲོ་ཆོས་སྐྱོང་རྣམས་དགེ་འདུན། བླ་མ་ནི་དཀོན་མཆོག་ཀུན་འདུས། དེ་ཐམས་ཅད་སྐུ་གསུམ་གྱི་ཡོན་ཏན་ལྷུན་རྫོགས་སུ་བཞུགས་པས་ན། ཕྱོགས་དུས་ཀྱི་སྐྱབས་གནས་ཐམས་ཅད་དེར་མ་འདུས་པ་མེད་པས་དེ་དག་ཐམས་ཅད་བདག་གི་ལྷག་བསམ་གྱི་སྨོན་ལམ་འགྲུབ་པའི་དཔང་པོའི་ཚུལ་དུ་མཁྱེན་བརྩེ་ནུས་པའི་ཡེ་ཤེས་ཐོགས་པ་མེད་པས་ན་གསོྃལ་བ་འདེབས་པ་པོ་དེངྃ་གི་དུས་སྐབས་འདིྃར་སྒོ་གསུམ་རྩེ་གཅིག་གུས་རྟག་གི་བརྩོྃན་པསྃ་སྒྲུབྃ་བཞིན་པའིྃ་དགེྃ་བའི་བྱ་བྃ་འདིས་མཚོན་བྱེད་བྱས་ན་ད་ལྟ་མངོན་གྱུར་གྱི་རྣམ་པར་དཀར་བའི་ལས་ཡིན་པ་དང༌། སྐྱེ་བ་ཐོག་མེད་འདས་པའི་དུས་ནས་བྱས་ཟིན་པ་དངྃ༌། མ་འོངས་པར་བྱེད་འགྱུར་གྱི་བསམ་པའི་འདུན་པ་ཡོད་པའི་དགེ་བ་སྟེ། དུསྃ་གསུྃམ་གྱི་དགེ་རྩ་ཐམས་ཅད་གཞན་དོན་དུ་བསྔོས་ན་བསམ་པའི་ཁྱད་པར་གྱིས་ཁྱབ་པས་དངོས་བརྒྱུད་ནས་གཞན་ཕན་དང་བྱང་ཆུབ་ཀྱི་རྒྱུར་འགྱུར་བ་ཡིན་པས། མདོར་ན་དུས་གསུམ་གྱི་ལས་དཀར་པོའི་ཆ་བསྃགས་པ་དངྃ་མ་ཉམས་པ་ཀུན་གཞིའི་ཁམས་ལ་ཡོདྃ་པའིྃ་སྒོ་གསུམ་གྱི་དགེྃ་བྃའི་རྒྱུན་རྣམྃས་ཕྱོགས་གཅིག་ཏུ་བསྡོམྃས་ཏེྃ་བདག་གཞན་མཁའ་ཁྱབ་ཀྱི་འགྲོ་བ་མཐའ་དག་གོ་འཕང་བླྃ་ན་མེྃད་པ་ཡང་དག་པར་རྫོགས་པའི་བྱངྃ་ཆུབྃ་ཆེནྃ་པོྃར་ཐོབ་པའི་ཆེད་དུ་རྒྱལ་བ་སྲས་བཅས་ཀྱིས་འཁོར་གསུམ་ཡོངས་དག་གི་བསྔོ་བ་ཆེན་པོ་ཇི་ལྟར་མཛད་པའི་རྗེས་སུ་སློབ་སྟེ་བསྔོ་བར་བགྱིའོ། །གཉིས་པ་སྨོན་ལམ་དངོས་ལ། ཐུན་མོང་དང༌། ཐུན་མིན་ལམ་གྱི་རྒྱུ་འབྲས་ལ་སྨོན་པའོ། །དང་པོ་ཐེག་པ་ཐུན་མོང་གི་ལམ་གྱི་སྣོད་རུང་དུ་སྨོན་པ་ནི། དུས་དེངྃ་ནྃས་ཇི་སྲིད་མཐར་འབྲས་བླ་མེད་རྫོགས་པའི་བྱངྃ་ཆུབྃ་ཆེན་པོའི་དབྱིངས་སུ་མངོན་པར་སངས་རྒྱས་ཏེ་སྙིངྃ་པོརྃ་བདེ་བར་གཤེགས་པའི་ཁམས་ལ་བཞུགས་པའི་སྐུ་དང་ཡེ་ཤེས་ཀྱི་ཆོས་ཁམས་རྒྱ་མཚོ་ལྟ་བུ་ལ་མངོན་གྱུར་དུ་དབང་བསྒྱུར་བར་འབྲས་བུའི་སར་མཆིས་ཀྱི་བར་སློབ་པ་ལམ་གྱི་ཚེ་གང་དུ་སྐྱེས་ཀྱང་ལེགས་སྨོན་གྱི་དཔལ་ལ་འདུན་ཞིང་སྤྱོད་ཅིང༌། བརྟན་དུལ་བློ་ཡངས་པ་སོགས་རང་གཤིས་བཟང་པོ་ཡོན་ཏན་མཆོག་དང་ལྡན་པའི་ཡ་རབས་ཐེག་ཆེན་བྱང་ཆུབ་སེམས་དཔའི་རིགྃས་བཟྃང་བ་ལ་དལ་འབྱོར་གྱི་རྟེན་ཐོབ། ཐོས་བསམ་སྒོམ་པའི་ཤེས་རབ་ཕུན་སུམ་ཚོགས་པའི་བློྃ་གྲོས་གསྃལ་བས་བླང་དོར་གྱི་མིག་འབྱེད་མཁས་བཙུན་བཟང་སོགས་དམ་པའི་ཡོན་ཏན་གྱིས་ཇི་ཙམ་འབྱོར་བཞིན་ཆོག་མི་ཤེས་ཤིང༌། ཡོན་ཏན་སྐྱེ་བའི་གེགས་ངྃ་རྒྱལྃ་གྱི་རློམ་སེམས་དང་མཆོག་འཛིན་མེདྃ་པྃ་དངྃ༌། ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་མ་ནོར་བ་རྟག་ཏུ་སེམས་ཅན་མི་འདོར་བའི་སྙིངྃ་རྗེྃ་ཆེནྃ་པོ་རང་བཞིན་དུ་ཡོད་པའི་སེམས་རྒྱུད་དང་ལྡན་ཞིངྃ་སྤྱིར་ཐར་ལམ་དང་སྒོས་གསང་སྔགས་ཀྱི་དངོས་གྲུབ་ཀྱི་རྩ་བ་བླྃ་མྃ་ལྃ་དྭངས་འདོད་ཡིད་ཆེས་ཕྱིར་མི་ལྡོག་པའི་དད་པའི་ཉེར་ལེན་གྱི་མོས་གུསྃ་དང་ལྡནྃ་ཞིང༌། ཆོས་ཀྱི་སྣོད་རུང་གི་ཡོན་ཏན་རྫོགས་པས་རྒྱུ་མཚན་ཉིད་ཐེག་པ་ཆེ་ཆུང་གིས་ལམ་གྱི་གཞུང་བསྲང༌། ཁྱད་པར་ཚེ་གཅིག་ཟུང་འཇུག་གི་ས་ལ་སྦྱོར་བྱེད་ལྟ་སྒོམ་སྤྱོད་པའི་ཁྱད་ཆོས་དུ་མའི་དཔྃལ་དང་ལྡནྃ་ཞིང༌། གཞི་ལམ་འབྲས་གསུམ་གྱི་ཆོས་ཐམས་ཅད་བདེ་སྟོང་རྡོྃ་རྗེྃ་སེམས་དཔའི་གསང་སྔགས་ཀྱི་ཐེགྃ་པ་ལ་ངེྃས་པ་རྙེད་ཅིང་དེའི་ལམ་འབྲས་ཡང་དག་གི་ས་ལ་འཇུག་སྟེ་ཚུལ་བཞིན་སྤྱོད་པའི་ལམ་ལས་མི་འདའ་བར་གནྃས་པར་ཤོགྃ་ཅིག །གཉིས་པ་ཐུན་མིན་ལམ་གྱི་རྒྱུ་གཞི་ལམ་འབྲས་བུའི་གནས་ལ་སྨོན་པ་དང་གསུམ་ལས། དང་པོ། གཞི་དག་པ་དམ་ཚིག་ལ་གནས་པས་ལམ་མཆོག་ལ་འཇུག་པར་སྨོན་པས་མདོར་བསྟན་པ་ནི། དཔལ་སྒྱུ་འཕྲུལ་དྲྭ་བ་རྩ་བའི་རྒྱུད་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང༌། །དབང་རྣམས་ཐོབ་པར་མ་བྱས་པར། །ཉན་པ་ལ་སོགས་འཆོས་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཞེས་པ་ལྟར། གསང་སྔགས་སྤྱིའི་ལམ་ལ་འཇུག་པ་ལ་ཐོག་མར་དབྃང་གིྃས་མ་སྨིན་པར་ཆོས་ཉན་པ་ལྟ་ཅི་དཔེ་བལྟ་བ་ཙམ་ཡང་མི་རུང་ཞིང༌། དབང་ལའང་རྒྱུད་དང་སྒྲུབ་སྡེའི་རྣམ་བཞག་དབྱེ་བསྡུ་མི་འདྲ་བ་མང་དུ་མཆིས་ཀྱང༌། སྤྱི་ལ་ཁྱབ་པའི་དབང་དུ་བྱས་ནས་མཚན་ཉིད་དང་ལྡན་པའི་སློབ་དཔོན་གྱིས་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་དཀྱིལ་འཁོར་དུ་བུམ་གསང་ཤེར་ཡེ་བཞི་པ་ཚིག་གི་དབང་བཞིས་སློབ་མ་མཚན་ལྡན་གྱིས་སྒོ་གསུམ་གྱི་རྟེན་རྩ་རླུང་ཐིག་ལེ་སེམས་དང་བཅས་པའི་རྒྱུད་རྡོ་རྗེ་བཞིའི་ངོ་བོར་སད་པས་ལམ་དང་འབྲས་བུ་ཐོབ་རུང་དུ་བྱས་པས་སྨིནྃ་ཅིངྃ༌། དབང་གི་ཡེ་ཤེས་ཀྱི་ནུས་པའི་སྲོག་མི་ཉམས་པ་འཛིན་པ་དམྃ་ཚིགྃ་ཡིན་པས་དེ་ཡང་ཡོན་ཏན་སྒྲུབ་པའི་ཐབས་རྩ་བ་ཡན་ལག་གི་དམ་ཚིག་མ་ཉམས་པར་རྒྱུད་དྲན་ཤེས་ཀྱིས་སྡོམྃ་པ་ཉམ་ཆག་ཀྱི་སྐྱོན་གྱིས་མ་གོས་པར་རྣམ་པརྃ་དག་པ་ལྡནྃ་པས་གཞི་བཟུང་ནས། ཡང་སྙིང་པོའི་རྒྱུད་ལས། ཤེས་འཇུག་མཚན་ཉིད་འབྱོར་བའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་པ་ལྟར། རྒྱུ་ཤེས་པའི་མཚན་ཉིད་དག་མཉམ་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོའི་ལྟ་བས་གཞི་བཟུང༌། རྐྱེན་འཇུག་པའི་མཚན་ཉིད་བསྐྱེད་པ་དང་རྫོགས་པའི་རིམྃ་པ་ཟུང་འཇུག་གི་ཏིང་འཛིན་གཉིྃས་ཀྱིས་ལམྃ་ལྃ་བརྩོན་པས་ལམ་གྱུར་གྱི་བསྙེནྃ་སྒྲུབྃ་ཡན་ལག་བཞི་ལྡན་གྱི་རྣལ་འབྱོར་མཐྃར་ཕྱིནྃ་ཏེྃ། རྡོ་རྗེ་ཐེག་པ་ནི་ཐབས་མང་དཀྃའ་བྃ་མེྃད་པྃར་དབང་པོ་རྣོན་པོར་བསྟན་བྱར་གྱུར་པ་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་ཚུལ་བཞིན་ཉམས་འོག་ཏུ་ཆུད་པས་རྣམ་སྨིན་ཚེ་དབང་ཕྱག་ཆེན་ལྷུན་གྲུབ་རིགྃ་འཛིྃན་བཞིའི་གོྃ་འཕྃང་ཚེ་གཅིག་སྟེང་བགྲོད་ནས་ས་ལམ་གྱི་ཡོན་ཏན་ལ་དབང་ཐོབ་ནས་མཆོག་དང་ཐུན་མོང་གི་དངོྃས་གྲུབྃ་རྣམྃ་པ་གཉིསྃ་ཇི་ལྟར་འདོད་པ་བྃདེ་བླགྃ་ཏུ་འགྲུབྃ་པར་གྱུརྃ་ཅིྃག །གཉིས་པ་ལམ་རྒྱས་པར་བཤད་པ་ལ། བསྐྱེད་རྫོགས་རྫོགས་པ་ཆེན་པོ་གསུམ་གྱི་ལམ་སོ་སོར་སྨོན་པ་ལས། དང་པོ་གཞི་མ་ཧཱ་ཡོ་གའི་ལམ་བསྐྱེད་རིམ་མཐར་ཕྱིན་པར་སྨོན་པ་ནི། ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱང་མི་བརྙེས་སོ། །ཞེས་པ་ལྟར། ཕྱི་ནང་སྣོད་བཅུད་ཀྱི་དངོས་པོའི་ཆོས་ཐམས་ཅད་མ་ལུས་ཅིྃ་སྣངྃ་ཡང་དོན་ལ་མ་དག་ཐ་མལ་སྡུག་ཀུན་གྱི་རང་བཞིན་རྡུལ་ཙམ་ཡང་མེད་པ་ཐབས་སྒྱུྃ་མ་རྡོ་རྗེ་བཙན་པོའི་ཆོ་འཕྲུལྃ་རྒྱལ་བ་རིགས་ལྔ་དང་ཤེས་རབ་དབྱིངས་ཀྱི་དྲྭ་བྃ་ཡུམ་ལྔའི་དཀྱིལ་འཁོར་དང༌། གདོད་ནས་ཐབས་ཤེས་འདུ་འབྲལ་མེད་པའི་གསང་བ་མི་ཟད་རྒྱན་གྱི་འཁོར་ལོའི་ཡེ་ཤེས་ཀྱི་གནས་ལུགས་དབྱིངས་ཡེ་གཉིས་སུ་མེད་པའི་མཉམ་པ་དེ་ཁོ་ན་ཉིད་མངོན་དུ་གྱུར་ཏེ་དོན་ལ་གནས་སྣང་གཉིས་ཀ་སྐུ་དང་ཡེ་ཤེས་ཆེན་པོ་འདུ་འབྲལ་མེད་པའི་གདན་གསུམ་ལྷ་ཡི་འཁོྃར་ལོརྃ་གདོད་ནས་ལྷུན་རྫོགྃས་སུ་བཞུགས་པའི་དེ་ཉིད་མངོན་དུ་གྱུར་པས་སྣང་བ་ལྷའི་འཁོར་ལོར་ཤར་བ་དང༌། ཡང་གསུང་གཅིག་དཀྱིལ་འཁོར་ཡན་ལག་ནི། །བསམ་གྱིས་མི་ཁྱབ་ཀུན་ཏུ་ཁྱབ། །སྒྲ་དང་མིང་ཚིག་སོ་སོར་གྲགས། །ཐམས་ཅད་གསུང་ནི་ཕྱག་རྒྱའི་མཆོག །ཞེས་པ་ལྟར། བརྟན་གཡོའི་སྒྲ་གྲགྃས་པྃ་ཐམྃས་ཅྃད་ཆོས་དབྱིངས་སྐྱེ་མེད་བརྗོྃད་བྲལྃ་ཆོས་སྐུའི་གསུང་ནཱ་དའི་དབྱངས་གཅིག་པུའི་རང་སྒྲ་ཡེ་ནས་དག་པས་སྒྲ་ཀུན་དོན་ལ་ཨ་ཡིག་གཅིག་ལས་མ་འདས་པས་ངོ་བོ་སྐྱེ་མེད་ཡུམ་གྱི་རང་བཞིན། ཨ་ཉིད་སྒྲ་སྐད་སྣ་ཚོགས་པའི་བརྗོད་པའི་གདངས་དབྱངས་གསལ་ཡི་གེའི་རྣམ་པར་ཐ་སྙད་སོ་སོར་གྲགས་ཤིང་དོན་བསྟན་པས་ཤེས་བྱའི་ཆོས་ཐམས་ཅད་སྣང་ཞིང་གསལ་བར་བྱེད་པས་རོལ་པ་འགགས་མེད་ཡབ་ཀྱི་ངོ་བོ། དེ་གཉིས་དབྱེར་མེད་འདུ་འབྲལ་མེད་པ་ཚད་དང་མཉམ་པའི་དོན་གྱི་བདེན་པ་མཐོང་ན་ཕྱོགས་དུས་སངས་རྒྱས་ཀུན་གྱི་གསུང་རྡོ་རྗེ་གསང་བ་སྔགྃས་ཀྱིྃ་རང་སྒྲྃ་དོན་གྱི་ཡིན་ལུགས་མཐར་ཐུག་པ་བསམ་གྱིས་མི་ཁྱབ་པའི་ཟབ་རྒྱས་ཀྱི་བདག་ཉིད་སྟེ་དེ་ནི་དེ་བཞིན་གཤེགས་པའི་གསུང་རྣམ་པ་ཐམས་ཅད་པའི་བདག་ཉིད་དག་པའི་དོན་ཤེས་པས་དངོས་གྲུབ་རྣམ་གཉིས་བདེ་བླག་ཏུ་འགྲུབ་པར་བྱེད་ནུས་པས་སྒྲ་གྲགས་གསུང་གི་དཀྱིལ་འཁོར་དུ་འཆར་བ་དང༌། །གང་གིས་གླང་ཆེན་མྱོས་འདྲའི་སེམས། །མཉམ་པར་བཞག་པས་བརྟུལ་ནས་སུ། །སྔགས་དང་ཕྱག་རྒྱ་རབ་བརྟན་ན། །དངོས་གྲུབ་ཡ་མཚན་ཆེན་པོ་འབྱུང༌། །ཞེས་པ་ལྟར། ཀུན་བརྟགས་གློ་བུར་གྱི་རྟོག་པའི་གཟུང་འཛིན་གྱི་འཁྲུལ་སྣང་སེམྃས་ཀྱིྃ་འྃགྱུ་བྃ་ཐམས་ཅད་སྐྱེ་འགགས་གནས་མི་དམིགས་འགྲོ་འོང་དང་བྲལ་བའི་དབྱིངས་སྟོང་ཉིད་ཀྱི་གནས་ལུགས་འོད་གསལ་སོ་སོར་རངྃ་རིགྃ་པའི་ཡེ་ཤེས་ཀྱིས་མངོན་སུམ་ཉིད་དུ་རྟོགས་ན་དེ་ནི་སངས་རྒྱས་ཀུན་གྱི་གསང་བ་མི་ཟད་རྒྱན་གྱི་འཁོར་ལོའི་འཕྲོ་གཞི་དོན་དམ་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་ཅིང༌། གནས་ལུགས་དེའི་རང་བཞིན་རྟག་ཏུ་འཕེལ་འགྲིབ་མེད་པའི་འོད་གསལ་འདུསྃ་མྃ་བྱྃས་པའི་ཆོས་ཉིད་རྟག་པ་དམ་པ་དེ་ཉིད་འཁོར་འདས་བརྟན་གཡོའི་དངོས་པོ་ཀུན་ལ་ཁྱབ་པའི་དོན་མངོན་སུམ་དུ་རྟོགས་པ་ནི་དྲན་རིག་ཐུགས་ཡེ་ཤེས་ཀྱི་རྡོ་རྗེ་གསུམ་དུ་ཡེ་ནས་གནས་པ་མངོན་དུ་གྱུར་པའི་རྣལ་འབྱོར་པ་དེ་ལ། མ་དག་སྡུག་བསྔལ་ཀུན་གྱི་མིང་ཡང་མེད་པ་སྣང་གྲགས་རྟོགས་པའི་ཆོས་ཀུན་མཆོག་ཏུ་མི་འགྱུར་བའི་བདེྃ་བ་ཆེནྃ་པོའི་དབྱིངས་གདངས་སྐད་ཅིག་གཅིག་ཀྱང་འྃདུ་འབྲྃལ་མེད་པའིྃ་ཏིང་འཛིན་གྱིས་སྣང་སྤྱོད་ཐམས་ཅད་ལ་རྒྱས་ཐེབས་པ་ནི་མ་ཧཱ་ཡོ་གའི་ལམ་མཐར་ཕྱིན་པ་ཡིན་པས་དེ་ལྟར་མངོྃན་དུ་བྱེད་ནུས་པར་གྱུརྃ་ཅིགྃ །གཉིས་པ་ལུང་ཨ་ནུ་ཡོ་གའི་ལམ་རྫོགས་རིམ་མཐར་ཕྱིན་པར་སྨོན་པ་ནི། སྤྱིར་སྔགས་ཀྱི་དམ་ཚིག་ཉམས་ན་སོ་སྐྱེ་ལྟ་ཅི། འཕགས་པའི་ས་ལ་བཞུགས་པའི་གང་ཟག་ཀྱང་ངེས་པར་སྐྱོན་ཅན་དུ་བྱེད་པས་ཉེན་ཆེ་ཞིང༌། དམ་ཚིག་གི་རྣམ་གྲངས་ཀྱང་འགྲོ་བའི་ཀུན་རྟོག་གི་གྲངས་དང་མཉམ་པའི་འདུལ་བྱེད་དམ་ཚིག་ཀྱང་དེ་དང་མཚུངས་པར་གསུངས་པས་བསམ་གྱིས་མི་ཁྱབ་པའི་ཕྱིར་མཉམ་རྗེས་ཀུན་ཏུ་སྣང་སྤྱོད་ལྷ་ཡི་འཁོར་ལོར་མ་ཤར་བར་ཉམྃས་ཆགྃ་མི་འབྱུང་བ་མི་སྲིད་པས། དེ་བྱུང་ན་རྟོགྃ་སྒྲིབྃ་དེའི་ས་ལམ་གྱི་ཡོན་ཏན་རྒྱུད་ལ་མི་སྐྱེ་ཞིང་བར་ཆད་ཀྱི་རྒྱུ་བྱེད་པས་དེ་ཉིད་སྦྱོང་བྱེད་ཀྱི་ཐབས་ཀྱང་ཀུན་རྫོབ་དང་དོན་དམ་གྱི་བཤགས་པ་ནི་སྐོང་བའི་སྒོ་དུ་མ་བསྟན་ཀྱང་མཐར་ཐུག་གི་སྐྱེལ་སོ་ནི། བླ་མེད་ཐེག་པར་རབ་ངེས་ན། །ཉོན་མོང་ལས་རྣམས་ཀུན་སྤྱད་ཀྱང༌། །བྱས་ལ་མིང་སོགས་ཚོགས་འགྱུར་ཏེ། །ཚུལ་ཁྲིམས་སྡོམ་པ་ཕུན་སུམ་ཚོགས། །ཞེས་གསུང་པ་ལྟར་དོན་དམ་བཅིང་གྲོལ་མེད་པའི་ཀ་དག་ཟང་ཐལ་གྱི་དགོངས་པ་མངོན་གྱུར་གྱི་གདིང་ཐོབ་ན་ཀུན་རྫོབ་མཚན་མའི་བཤགས་སྦྱོང་ལ་ལྟོས་མི་དགོས་ཏེ་མཚན་རྟོག་གཟུང་འཛིན་གྱིས་བསྐྱེད་པའི་འདུ་ཤེས་ཀྱི་སྒྲིབ་པས་སྤང་གཉེན་གཡུལ་སྤྲད་པའི་ངལ་དུབ་ལམ་ལྟོས་པར་ཡེ་དག་ཡེ་ཤེས་ཆེན་པོའི་གསང་བ་རུ་སྡོམ་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསལ་བཞག་སྤང་བླང་ལས་འདས་པའི་དགོངས་པ་རང་བབ་རྒྱུན་གནས་ཀྱི་ངོ་བོའི་ཀློང་དུ་བཞག་པས་ཉམས་ཆག་རྟོག་སྒྲིབ་ཆེད་དུ་མྃ་སྤངྃས་གནྃས་སུྃ་དགྃ་ནས་དངོས་གྲུབ་བདེ་མྱུར་གྱིས་ཐོབ་ནུས་ཏེ། དེའི་གནད་ཀྱང༌། ལུས་ངག་སེམས་དང་ཆོས་ཐམས་ཅད། །གང་ནའང་མི་གནས་མི་དམིགས་པ། །མིག་ཡོར་ཚུལ་དུ་སྦྱོར་བ་ཡིས། །ནམ་མཁའ་ལ་ནི་ནམ་མཁའ་སྒོམ། །ཞེས་པ་ལྟར། ཕྱི་སྣང་གྲགས་རིག་པ་གསུམ་གྱི་ཆོས། ནངྃ་རྡོ་རྗེའི་ལུས་ཀྱི་རྩ་རླུང་ཐིག་ལེ་ཡེ་ཤེས་ཀྱི་ཁམས། གསྃང་བྃ་དག་པའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བདག་ཉིད་རྣམས་དག་བྱ་དག་བྱེད་དག་འབྲས་ཀྱི་ཚུལ་དུ་སྣང་ཡང་ཡིན་ལུགས་རྟོགས་ན་ཀུན་ཀྱང་དབྱེརྃ་མེདྃ་བདེ་ཆེན་རྡོ་རྗེ་སེམས་པའི་གསང་གསུམ་སྒྱུ་འཕྲུལ་དྲྭ་བའི་རྒྱུན་དུ་རྫོགས་པ་ཏེ། དེས་ན་ཉམས་ཆག་སྐོང་བའི་ཐབས་ཀྱི་ཆོ་ག་ལས་ཀྱང༌། རུ་ཟུང་བཞིས་བཤགས་པ་དང་སྐོང་བ་གསུང་བ་དང༌། བསྲུང་བྱའི་དམ་ཚིག་ཀྱང་དབང་བཞིའི་ངེས་འབྱེད་ཀྱི་རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་གིས་བསྡུས་པ་སྟེ་ཡིན་ལུགས་དེ་རྟོགྃས་པྃ་ལ་གཙོ་བོ་རྡོ་རྗེ་ལུས་ཀྱི་རྩ་རླུང་ཐིག་ལེའི་ཁམས་ལ་གནད་དུ་བསྣུན་པས་ཕྱི་སྣོད་བཅུད་ཀྱི་ཆོས་དག་པར་སྦྱང་པའི་བསྐྱེད་རིམ་ལས་ཆེས་ཟབ་པ་ཤིན་ཏུ་ཕྲ་བ་ནང་རང་བྱུང་ལྷུན་གྲུབ་གཉུག་མའི་རྡོ་རྗེ་གསུམ་གྱི་དག་འབྲས་མངོན་དུ་གྱུར་ནས་སྣང་གྲགས་རིག་པ་དཀྱིལ་འཁོར་ཆེན་པོ་གསུམ་དུ་རྫོགས་ཏེ་ཉམས་ཆག་རང་གྲོལ་དུ་སྐོངྃ་ནུས་ལ། ལམ་དེའི་ལྟ་བ་ཡང་སྣང་སྲིད་འཁོར་འདས་ཀྱི་ཆོས་སོ་ཅོག་གི་སྣང་བ་མ་འགགས་གངྃ་ལྟར་ཤརྃ་ཡང་བདེ་ཆེན་ཆོས་ཉིད་ཀྱི་རོལ་པ་ལས་མ་འདས་པས་ཡབ་ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ཇི་ལྟར་ཤར་བ་དེ་ཡང་དངོས་པོ་དང་མཚན་མའི་ཆོས་སུ་མི་གནས་པ་ཆོས་དབྱིངས་རྣམ་ཐར་སྒོ་གསུམ་གྱི་དབྱིངས་རངྃ་གྲོལྃ་ཆེན་པོའི་ཡེ་ཤེས་ལས་ནམ་ཡང་ཉམས་པ་མེད་པ་དབྱིངས་ཀུནྃ་ཏུ་བཟྃང་མོའི་དཀྱིལ་འཁོར་དེ་གཉིས་སྣང་སྟོང་གི་ཟླས་ཕྱེ་བ་ཙམ་ལས་དོན་ལ་འགལ་འདུ་མེད་པ་དག་པ་གཉིས་ལྡན་སྲས་བདེ་བ་ཆེན་པོ་གཅིག་གི་དཀྱིལ་འཁོར་གྱི་ཀློངྃ་ཡངྃས་སུྃ་བཞུགས་པ་ལས་ནམ་ཡང་མ་འདས་པའི་ཡིན་ལུགས་ཤེས་ན། ཐབས་ལས་ཐབས་བྱུང་ཐབས་བསམ་ཡས། །ཐ་དད་མིན་ལས་ཐ་དད་པའི། །ནང་དང་ནང་གི་ཕྱི་རོལ་ཕྱི། །དཀྱིལ་འཁོར་བསམ་ཡས་ཡེ་ཤེས་རོལ། །ཞེས་པ་ལྟར། དེ་ལྟ་བུའི་དོན་རྟོགས་པའི་རྣལ་འབྱོར་པའི་སྣང་ཆར་ནི། སྲིད་པ་གསུམ་ནི་དག་པའི་ཞིང༌། །སྙིགས་མ་ལྔ་ཉིད་བདེ་ལྡན་གནས། །ཞེས་པ་ལྟར། ཀུན་ཉོན་འཁྲུལ་པས་བསྐྱེད་པའི་ངནྃ་སོངྃ་གི་གནས་ཀྱང་དོངྃ་ནས་སྤྲུགྃས་ཏེ་སྣོད་དང་སྐལ་བར་འཚམས་པའི་གང་འདུལ་གྱི་ཕྲིན་ལས་ཀྱིས་མཐོ་རིས་དང་ཐར་པའི་བདེ་བ་ལ་བཀོད་ནས་སྲིདྃ་ཞིྃ་མྃཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གྲོལ་ཏེ་མི་ལྡོག་འབྲས་བུའི་བཙན་ས་ཟིན་པ་ནི་ལུང་ཨ་ནུ་ཡོ་གའི་ལྟ་བ་མཐར་ཕྱིན་པར་གྱུརྃ་ཅིགྃ །ཅེས་སོ། །གསུམ་པ་འབྲས་བུ་ཨ་ཏི་ཡོ་གའི་ཟུང་འཇུག་གི་ལམ་མཐར་སོན་པར་སྨོན་པ་ནི། ཡེ་ཤེས་ཕྱོགས་བཞི་དབུས་བརྟགས་ཏེ། །དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ནི། །རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས། །ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྱོད། །ཞེས་གསུང་པ་ལྟར། ཀ་དག་སྟོང་ཉིད་ཀྱི་དགོངས་པའི་དབྱིངས་སུ་གཉིས་ཆོས་མཚན་མའི་འཁྲུལ་པ་ཡེ་ནས་མི་དམིགས་པ་འཁོར་འདས་ཀྱི་ཆོས་ཀུན་ཆོས་སྐུའི་ཐིྃག་ལེྃ་ཉག་གཅིག་གི་ཀློང་ཆེནྃ་པོྃར་འུབ་ཆུབ་པས་གཉིས་སུ་མེད་པ་ཐམས་ཅད་ཀློང་ཡངས་ཆེན་པོར་བདག་ཉིད་གཅིག་ཏུ་རྣམ་པར་གྲོལ་ཏེ་ཡོད་པས་ཅིར་སྣང་འོད་གསལ་བའི་ཡེ་ཤེས་ཆེན་པོ་དག་པའི་སྐུྃ་དངྃ་ཞིངྃ་ཁམྃས་རྒྱ་མཚོའི་བདག་ཉིད་དུ་ལྷུན་གྱིས་གྲུབ་པའི་ཡེ་རྫོགྃས་ཆོས་ཉིད་ཀྱི་དགོངས་པ་གཏིང་མཐའ་མེད་པ་སྟེ་དེས་ན་འཁོར་འདས་ཆོས་ཀུན་གྱི་རྩ་བ་རང་རིག་ཐིག་ལེ་ཉག་གཅིག་གི་དགོངས་པའི་རྩལ་རྫོགས་པའི་ཀློང་དུ་བཙན་ས་ཟིན་ན་ཀུན་འབྱུང་འཁྲུལ་པའི་ཆོས་ཞེས་བཙལ་ཀྱང་མི་རྙེད་པ་སྲིད་གསུམ་ཀ་དག་གི་དགོངས་པས་གཞལ་ན། ལས་ཉོན་འཁྲུལ་པ་རང་གྲོལ་ཆེན་པོའི་བདག་ཉིད་ལ་མེད་ཕྱལ་གཅིག་པུ་ལྷུན་གྲུབ་ཞེས་ཡེ་སྲུང་རྒྱལ་པོའི་དམྃ་ཚིགྃ་ཆེནྃ་པོའིྃ་དོན་ལ་རྟག་ཏུ་མི་འདའ་བར་བཞུགས་པས་དག་པོ་ཆེན་པོར་ཕྱམ་བརྡལ་བའི་བདག་ཉིད་ལ་གཉིས་ཆོས་སྤངྃ་བླངྃ་མཚྃན་མའིྃ་བློས་བྱས་ཀྱི་རྟོགས་པའི་དེ་དགྃ་ཟག་མེད་འབྲས་བུའི་ཆོས་ཀུན་མ་བཙལ་ལྷུན་གྱིས་གྲུབ་པར་བཞུགས་པ་སྟེ། དེ་གཉིས་དབྱེར་མེད་དོན་གྱི་དགོངས་པ་ཀློང་དུ་གྱུར་ཏེ་གདོད་མའི་གཞི་ཐོག་ཏུ་ཕྱིན་ནས་ཁྱབྃ་བརྡྃལ་ནམ་མཁའི་འཁོར་ཡུག་ཟག་མེད་ཆོས་ཁམས་རྒྱ་མཚོར་དབང་བསྒྱུར་ནུས་པ་ལ་རྣམ་གྲོལ་ཆེྃན་པོའིྃ་བརྡར་བཏགས་པ་ལས་འབྲས་བུ་ཕྱིས་ཚོལ་གྱི་རྩོལ་སྒྲུབ་རེྃ་དོགྃས་ཀྱི་མྃདུད་པྃ་དབྱིངས་སུ་གྲོལྃ་བ་ནི་མཐར་ཐུག་གི་གྲུབ་མཐའ་སྟེ། ཐམས་ཅད་མཆོག་གི་སྙིང་པོ་ལས། །གཞན་དུ་རྒྱལ་བའི་ཆོས་མི་བཙལ། །ཉིད་ལས་གཞན་ཞེས་བྱ་བའི་ཆོས། །བཙལ་ཀྱང་རྒྱལ་བས་མི་བརྙེས་སོ། །ཞེས་པ་ལྟར། མདོར་ན་གཞི་ལམ་འབྲས་བུའི་ཆོས་གང་ལྟར་བཤད་ཀྱང་དོན་དུ་གཉུག་མའི་ཆོས་ཉིད་གཅིག་གི་དགོངས་པའི་ཀློང་དུ་འཁོར་འདས་མ་ལུས་པ་གཞི་རྫོགས་སུ་གནས་ཤིང་ཀུན་ཀྱང་དག་པ་འབྲས་བུའི་ཆོས་སུ་ལྷུན་གྱིས་གྲུབ་པས་འབྲས་བུ་རྫོགྃས་པྃ་ཆེནྃ་པོའིྃ་ཆོསྃ་སྐུྃ་ཀུན་ཏུ་བཟང་པོའི་དགོངས་པ་མཐར་ཐུག་མངོྃན་དུ་འྃགྱུར་བར་ཤོགྃ་ཅིག་ཅེས་སྨོན་པའོ། །གསུམ་པ་འབྲས་བུ་ལ་སྨོན་པ་ལའང་རང་དོན་དུ་དངོས་གྲུབ་འདོད་དགུའི་གནས་ལ་སྤྱོད་པ་དང༌། གཞན་དོན་དུ་བདེ་ལེགས་ལྷུན་གྱིས་གྲུབ་པར་སྨོན་པའོ། །དང་པོ་ནི། དེ་ལྟར་ལམ་གྱི་ཡོན་ཏན་ཡོང་སུ་རྫོགས་པས་རྒྱལ་བ་དགོངས་བརྒྱུད། རིག་འཛིན་བརྡ་བརྒྱུད། གང་ཟག་སྙན་ནས་བརྒྱུདྃ་པྃ་གསུམྃ་གྱིྃ་རིག་འཛིན་རྣམས་ཀྱི་དགོངས་བརྒྱུད་ཡེ་ཤེས་འཕོ་བའི་བྱིནྃ་རླབྃས་སྙིངྃ་ལྃ་ཞུགྃས་པས་ས་ལམ་གྱི་བོགས་འབྱིན་པ་དང༌། ཐབས་སྣང་བཅས་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ཟབ་མོའི་སྒྱུྃ་འཕྲུལྃ་དྲྭ་བའི་བསྐྱེད་རིམ་དང༌། ཤེས་རབ་སྣང་མེད་བདེ་སྟོང་ཟུང་འཇུག་རྡོ་རྗེའི་རྣལ་འབྱོར་ཟབ་མོའི་ལམྃ་གྱི་གསྃང་བ་རྟོགས་པ་རྫོགས་རིམ། སེམྃས་ཉིད་དོན་གྱི་ཡིན་ལུགས་མངོན་སུམ་རྟོགས་པ་ལྃ་ཟུང་འཇུག་མཐར་ཐུག་གི་རྣལ་འབྱོར་གྱིས་ཏིང་འཛིན་གྱི་ལུས་རྩལ་རྫོགྃས་པ་དང༌། དེའི་བྱེད་ལས་ཞི་རྒྱས་དབང་དྲག་གི་ཕྲིནྃ་ལསྃ་རྣམྃ་པ་བཞིྃས་ཚར་གཅོད་རྗེས་འཛིན་གྱི་མཛད་པ་ལྷུནྃ་གྱིྃས་གྲུབྃ་པ་ཡིས་ཕྱོགས་དུས་མུྃ་མཐྃའ་མེདྃ་པར་ནམ་མཁའ་ཇི་སྲིད་གནས་ཀྱི་བར་དུ་སྣང་བའིྃ་འགྲོྃ་བྃ་མ་ལུས་པ་ཐར་པའི་ལམ་དུ་སྒྲོལྃ་ནུསྃ་པར་ཤོག་ཅིག །སྲས་བཅས་རྒྱལ་བ་དགྱེས་པའི་མཛད་པ་ལྷུན་གྱིས་གྲུབ་པའི་དབང་གིས་བསམ་ཡས་ཡེ་ཤེས་ཀྱི་རོལ་མོ་ཡི་དམ་ཞིྃ་ཁྲོྃའི་སྤྲུལྃ་པའིྃ་དཀྱིལ་འཁོར་གྱི་འཁོྃར་ལོསྃ་དགྱེས་བཞིན་རྗེས་སུ་བཟུང་སྟེ་དོན་གཉིས་འབད་མེད་དུ་གྲུབ་པའི་ལུངྃ་སྟོནྃ་ཅིངྃ་དབུགས་དབྱུང་བ་དང༌། རྡོ་རྗེའི་ལམ་མཆོག་ཚུལ་བཞིན་སྤྱོད་པའི་གང་ཟག་ལ་དེའི་གཉེར་འཛིན་པའི་མཁྃའ་འགྲོྃའི་ཚོགས་རྣམྃས་ཀྱིྃས་མ་ཡིས་བུྃ་བཞིྃན་བརྩེ་བ་ཆེན་པོས་སྐྱོངྃ་བྃ་དངྃ༌། བཀའ་ཡི་འབངས་རྒྱུད་གསུམ་ཆོསྃ་སྐྱོངྃ་སྲུངྃ་མའིྃ་ནུས་པས་ས་ལམ་དང་ཕྲིན་ལས་ཀྱི་ཕྱི་ནང་བརྃ་ཆདྃ་ཀུནྃ་བསྃལ་ནྃས་མདོར་ན་ཡིདྃ་ལྃ་ཇི་ལྟར་སྨོནྃ་པའིྃ་དོན་མཐྃའ་དགྃ་གེགས་མེད་མྱུར་དུ་འྃགྲུབ་པར་གྱུརྃ་ཅིགྃ །གཉིས་པ་གཞན་དོན་དགེ་ལེགས་ལྷུན་གྱིས་གྲུབ་པར་སྨོན་པ་ནི། སྲིད་ཞིའི་ཕན་བདེའི་འབྱུང་གནས་རྒྱལྃ་བའིྃ་བྃསྟན་པྃ་མདོ་སྔགས་བཤད་སྒྲུབ་ཀྱི་རྒྱུན་མི་ཉམས་པ་ཡར་ཟླའི་དཔལ་ལྟར་དརྃ་ཞིངྃ་རྒྱསྃ་པྃ་དངྃ༌། བྃསྟན་པ་དེ་འཛིྃན་སྤེལ་སྐྱོང་གསུམ་འཛིན་པའི་དམ་པའི་སྐྱེས་བུ་རྣམྃས་ཀྱིྃས་བསྟན་འགྲོར་ཕན་པའི་ཐུགས་བསྐྱེད་ཟབ་མོའི་བྃཞེད་པའིྃ་དོནྃ་ཀུནྃ་འབད་མེད་ཡིད་བཞིན་དུ་འགྲུབྃ་པ་དང༌། དེའི་ཉེར་ལེན་གྱིས་མྃ་ལུསྃ་སྐྱེྃ་དྃགུའི་སེམས་ཅན་ཐམས་ཅད་གནས་སྐབས་དང་མཐར་ཐུག་གི་འགྃལ་རྐྱེནྃ་བར་ཆད་ཀུནྃ་ཞིྃ་ཞིངྃ༌། ཕན་བདེའི་ལེགས་ཚོགས་ཀྱི་དཔལ་ཕུནྃ་སུམ་ཚོགྃས་པ་མཐྃའ་དགྃ་ཡིདྃ་བཞིྃན་དུ་འབྱོར་པས་དོན་གཉིས་མཐའ་དག་ལྷུན་གྱིས་འགྲུབྃ་པ་ལ་དབང་འབྱོར་བར་གྱུརྃ་ཅིགྃ །ཟབ་དོན་རྡོ་རྗེའི་ཚིག་གི་མདུད་བཀྲོལ་བའི། །སྤོབས་པ་དམན་ཀྱང་དམ་པས་ཆེད་བསྐུལ་བས། །ཇི་ལྟར་ནུས་བཞིན་བཤད་པའི་ལེགས་བྱས་ཀྱིས། །ངེས་གསང་བསྟན་པའི་ཆུ་གཏེར་རྒྱས་གྱུར་ཅིག །ཅེས་འཇིག་རྟེན་མིག་གཅིག་ལོ་ཆེན་བཻ་རོའི་རྣམ་འཕྲུལ་སྔ་འགྱུར་བསྟན་པའི་ཤིང་རྟ་གཅིག་པུ་རིག་འཛིན་འགྱུར་མེད་རྡོ་རྗེའི་གསུང་སྨོན་ལམ་རྡོ་རྗེ་རྒྱ་མདུད་ལ་འགྲེལ་པ་ཞིག་བྲིས་ཤིག་ཅེས་འབྲི་གུང་གཡུང་དྲུང་དགོན་གྱི་དགེ་སློང་ཕུན་ཚོགས་རབ་བརྟན་ནས་བསྐུལ་ངོར་དོན་བསྡུས་སྙིང་པོའི་ཚུལ་དུ་སྔ་འགྱུར་པའི་བསྟན་པའི་ཞབས་སུ་སྐྱེས་པའི་མདོ་ཁམས་ཞེ་ཆེན་པ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་འཕགས་ཡུལ་རྡོ་རྗེ་གདན་དུ་བྲིས་པ་དགེའོ།། །།}} | ||
</onlyinclude> | </onlyinclude> |
Latest revision as of 09:10, 1 June 2024
Wylie title | smon lam rdo rje'i rgya mdud kyi 'grel pa zab don pad tshal bzhad pa'i nyin byed | |
---|---|---|
Location | dil mgo mkhyen brtse bka' 'bum Volume 15, Text 9, Pages 321-330 (Folios 1a to 10b1) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po) | |
Source Author(s) | གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (gter bdag gling pa 'gyur med rdo rje) | |
Citation | Khyentse, Dilgo. Smon lam rdo rje'i rgya mdud kyi 'grel pa zab don pad tshal bzhad pa'i nyin byed. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 15: 321-330. Delhi: Shechen Publications, 1994. | |
Genre | Commentaries - 'grel pa · Prayers - smon lam | |
Colophon |
།ཅེས་འཇིག་རྟེན་མིག་གཅིག་ལོ་ཆེན་བཻ་རོའི་རྣམ་འཕྲུལ་སྔ་འགྱུར་བསྟན་པའི་ཤིང་རྟ་གཅིག་པུ་རིག་འཛིན་འགྱུར་མེད་རྡོ་རྗེའི་གསུང་སྨོན་ལམ་རྡོ་རྗེ་རྒྱ་མདུད་ལ་འགྲེལ་པ་ཞིག་བྲིས་ཤིག་ཅེས་འབྲི་གུང་གཡུང་དྲུང་དགོན་གྱི་དགེ་སློང་ཕུན་ཚོགས་རབ་བརྟན་ནས་བསྐུལ་ངོར་དོན་བསྡུས་སྙིང་པོའི་ཚུལ་དུ་སྔ་འགྱུར་པའི་བསྟན་པའི་ཞབས་སུ་སྐྱེས་པའི་མདོ་ཁམས་ཞེ་ཆེན་པ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་འཕགས་ཡུལ་རྡོ་རྗེ་གདན་དུ་བྲིས་པ་དགེའོ།། | |
/ces 'jig rten mig gcig lo chen bai ro'i rnam 'phrul snga 'gyur bstan pa'i shing rta gcig pu rig 'dzin 'gyur med rdo rje'i gsung smon lam rdo rje rgya mdud la 'grel pa zhig bris shig ces 'bri gung g.yung drung dgon gyi dge slong phun tshogs rab brtan nas bskul ngor don bsdus snying po'i tshul du snga 'gyur pa'i bstan pa'i zhabs su skyes pa'i mdo khams zhe chen pa 'gyur med theg mchog bstan pa'i rgyal mtshan gyis 'phags yul rdo rje gdan du bris pa dge'o// |