DKR-KABUM-11-DA-024: Difference between revisions
From Khyentse Lineage - A Tsadra Foundation Project
WikiBot2015 (talk | contribs) No edit summary |
m (Text replacement - "Khyentse Metadata" to "Text") |
||
(2 intermediate revisions by 2 users not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |||
< | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=ལྷོ་འབྲུག་རྒྱལ་ཁབ་ཀྱི་ཡུལ་ལྷ་སྤྱི་ཡི་བསང་མཆོད་བཀྲ་ཤིས་ལྷ་ཡི་གླུ་དབྱངས་སོགས། | |||
|fulltitle=lho 'brug rgyal khab kyi yul lha spyi yi bsang mchod bkra shis lha yi glu dbyangs sogs | |||
|citation=[[Khyentse, Dilgo]]. ''Lho 'brug rgyal khab kyi yul lha spyi yi bsang mchod bkra shis lha yi glu dbyangs sogs''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 11: 143-152. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |||
|author=Khyentse, Dilgo | |||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|tibgenre=Smoke Offerings - bsangs mchod - lha bsang | |||
|terma=No | |||
|dkroutline=Three | |||
|deity=yul lha | |||
|language=Tibetan | |||
|volumenumber=011 | |||
|volnumtib=༡༡ | |||
|volyigtib=ད་ | |||
|totalvolumes=25 | |||
|textnuminvol=024 | |||
|pagenumbers=143-152 | |||
|totalpages=20 | |||
|beginfolioline=1a | |||
|endfolioline=10b3 | |||
|totalfolios=10 | |||
|multivolumework=No | |||
|rectonotes=bsang mchod | |||
|versonotes=lho 'brug yul lha | |||
|pdflink=File:DKR-KABUM-11-DA-024.pdf | |||
}} | |||
{{Header}} | |||
<h1 style="font-size: 24px !important;">Tibetan Text</h1> | |||
<onlyinclude> | <onlyinclude> | ||
{{TibP|ལྷོ་འབྲུག་རྒྱལ་ཁབ་ཀྱི་ཡུལ་ལྷ་སྤྱི་ཡི་བསང་མཆོད་བཀྲ་ཤིས་ལྷ་ཡི་གླུ་དབྱངས་ཞེས་བྱ་བཞུགས།།<br><br> | |||
ཨོཾ་སྭ་སྟི། བསང་བྱ་བར་འདོད་པས་གཏོར་མ་དཀར་དམར་ཟས་སྣ་འབྲུ་སྨན་དར་ཟབ། ཇ་ཆང་གི་སྐྱེམས་ཕུད་བཅས་གཙང་ལ་དག་པ་དང༌། ཤིང་རྩིའི་དུད་སྤྲིན་བཅས་ཆབ་ཀྱིས་བྲན་ལ། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ་དང༌། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས་ལ། ཀྱཻ། ཕུན་ཚོགས་སྐྱེ་དགུའི་བསོད་ནམས་ཀྱི། །དཔལ་ལས་དག་པའི་སྣོད་དང་བཅུད། །བཀོད་པ་ཅིར་ཡང་སྣང་བ་ཡི། །བྱེ་བྲག་ལྷོ་འབྲུག་ཙནྡན་ཚལ། །དགེ་བཅུའི་དཔལ་ཡོན་རབ་རྒྱས་པ། །མ་ཧཱ་གུ་རུ་མཚོ་སྐྱེས་རྗེའི། །མཚན་མཆོག་བརྒྱད་ཀྱི་བཀོད་པ་ལས། །གུ་རུ་རྡོ་རྗེ་གྲོ་ལོད་སྐུར། །བཞེངས་ནས་ལྷ་སྲིན་དམ་བཞག་པའི། །མཛད་པས་བྱིན་རླབས་རྡོ་རྗེའི་གནས། །སྟག་ཚང་སེང་གེ་བསམ་འགྲུབ་དང༌། །ཕྲིན་ལས་མི་ཟད་རྒྱན་གྱི་གནས། །ནེ་རིང་སེང་གེ་རྫོང་ཆེན་མོ། །ལྷོ་མོན་རྡོ་རྗེའི་སྐུ་ཡི་རྗེས། །བྱིན་རླབས་ངོ་མཚར་དཔལ་འབར་བ། །རིག་འཛིན་པདྨས་ཞབས་ཀྱིས་བཅགས། །རྩ་གསུམ་དཀྱིལ་འཁོར་དངོས་སུ་བཞུགས། །མཁའ་འགྲོ་ཆོས་སྐྱོང་འདུ་བའི་ཞིང༌། ངོ་མཚར་གནས་མཆོག་ཐམས་ཅད་དང༌། །ལྷུན་ཆགས་རི་དང་གངས་ཅན་བྲག །མཚོ་གླིང་ནགས་ཀྱི་ཚལ་རྣམས་ལ། །གནས་སུ་འདུ་ཤེས་མི་མ་ཡིན། །དཀར་ཕྱོགས་དགེ་བསྙེན་མཐུ་བོ་ཆེ། །ལྷ་ཀླུ་བཙན་རྒྱལ་གཉན་ས་བདག །དམུ་བདུད་ཐེའུ་རང་གཟའ་སྲིན་པོ། །གཤིན་རྗེ་གནོད་སྦྱིན་ལ་སོགས་རིགས། །མཐུ་དང་རྫུ་འཕྲུལ་སྟོབས་ལྡན་ཞིང༌། །སྣོད་བཅུད་དཔལ་ཡོན་འཛིན་སྤེལ་ཀུན། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །དགྱེས་པའི་གདན་ལ་བཞུགས་ནས་ཀྱང༌། །འདོད་དགུའི་མཆོད་པའི་དགའ་སྟོན་བཞེས། །དབྱིངས་ཕྱུག་ཡུམ་ལྔའི་སྒྱུ་འཕྲུལ་ལས། །ལེགས་ཤར་བཟང་ཤིང་སྤོས་ཀྱི་སྤྲིན། །དུ་བས་ནམ་མཁའི་དབྱིངས་ཀུན་ཁྱབ། །ངད་པས་ས་བཞིའི་ཁྱོན་རྣམ་བརྡལ། །ཟེགས་མས་བར་སྣང་གང་བ་ཀུན། །འདོད་ཡོན་རྒྱ་མཚོའི་གཏེར་འཆར་བའི། །ཀུན་བཟང་མཆོད་པའི་སྤྲིན་ཕུང་ཆེས། །རྩ་བརྒྱུད་བླ་མ་དཀོན་མཆོག་བསང༌། །ཕྱི་ནང་གསང་བའི་དམ་རྫས་ཀྱིས། །ཡི་དམ་ཞི་ཁྲོའི་དཀྱིལ་འཁོར་བསང༌། །བདེ་སྟོང་ཚོགས་ཀྱི་མཆོད་པ་ཡིས། །གནས་གསུམ་དཔའ་བོ་མཁའ་འགྲོ་བསང༌། །མཆོད་བསྐང་མཐུན་རྟེན་དམ་རྫས་ཀྱིས། །ཆོས་སྐྱོང་དམ་ཅན་རྒྱ་མཚོ་བསང༌། །བདུད་རྩི་སྐྱེམས་ཕུད་མཁོ་དགུ་ཡིས། །དཀར་ཕྱོགས་ལྷ་གཉན་ཚོགས་ཀུན་བསང༌། །ཇི་ལྟར་འོས་པའི་མཐུན་རྫས་ཀྱིས། །སྣོད་བཅུད་ཀུན་ལ་གནས་པ་བསང༌། །ཤ་ཁྲག་རྟ་ནོར་མི་ཕྱུགས་ཀྱིས། །ལྷ་སྲིན་གདུག་པའི་ཚོགས་ཀུན་བསང༌། །ཟས་སྣ་གསུར་གྱི་དྲི་ཆེན་པོས། །གཉུག་གནས་གློ་བུར་ལྷགས་པ་ཡི། །རྒྱལ་བསེན་འབྱུང་པོ་དམ་སྲི་སོགས། །བགེགས་རིགས་ལན་ཆགས་མགྲོན་ཀུན་བསང༌། །ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་ཆེ། །གང་བཞེད་ཡིད་བཞིན་འཆར་བ་ཡི། །འཛད་པ་མེད་པའི་ལོངས་སྤྱོད་ཀྱིས། །སྣང་སྲིད་མགྲོན་གྱི་ཚོགས་ཀུན་བསང༌། །བདུད་རྩི་ཅན་གྱི་བཟང་པོའི་ཤིང༌། །དག་བྱེད་ནུས་པའི་རྫས་སུ་གྲུབ། །སྔགས་དང་ཏིང་འཛིན་རྒྱས་བཏབ་པས། །ཉམས་ཆགས་ཉེས་པའི་དྲི་མ་དག །ལེགས་དགུ་ལྷུན་གྱིས་གྲུབ་གྱུར་ཅིག །རིག་འཛིན་བརྒྱུད་པའི་བཀའ་བཞིན་དུ། །བསྟན་འགྲོའི་དཔལ་ཡོན་བདེ་སྐྱིད་སྤེལ། །ལུང་རྟོགས་བཤད་སྒྲུབ་སྡེ་རྒྱས་ཤིང༌། །ཁྲིམས་ལྡན་འདུས་པའི་སྡེ་འཕེལ་མཛོད། །ཆར་ཆུ་དུས་བབ་ལོ་ཕྱུག་ལེགས། །མི་ཕྱུགས་ནད་མུག་མཚོན་འཁྲུགས་ཞི། །སྣོད་བཅུད་ཀུན་དགའི་དཔལ་ཡོན་གྱིས། །མི་བདག་ཆབ་སྲིད་འཕེལ་རྒྱས་མཛོད། །ཚེ་བསོད་དཔལ་འབྱོར་རླུང་རྟ་འཕེལ། །དགྲ་གདོན་དམག་ཇག་ཞི་བ་དང༌། །ཡིད་མཐུན་དཔལ་འབྱོར་འཕེལ་བརྟན་གྱིས། །མཐོ་རིས་ཡོན་ཏན་རྫོགས་པར་མཛོད། །ཁྱེད་རྣམས་སྲིད་པ་ཆགས་པའི་ལྷ། །བདག་ཅག་གནས་མགྲོན་དམ་ཚིག་གཉན། །མཐུན་པའི་རྫས་ཀྱིས་མཆོད་ཅིང་བརྔན། །བཞེས་ལ་ཕྲིན་ལས་མྱུར་དུ་མཛོད། །རྨད་བྱུང་བྱང་ཆུབ་སེམས་ཀྱི་མཐུས། །བདག་གཞན་གཉིས་སུ་མེད་པ་ཡི། །ཕན་བདེའི་དཔལ་ཀུན་ཡིད་བཞིན་འགྲུབ། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་ཤོག །ཅེས་འབུལ་ཞིང་ཕྲིན་ལས་བཅོལ་བས་དགེ་ལེགས་སུ་བྱའོ། ཅེས་པའང་རབ་བྱུང་བཅུ་དྲུག་པའི་བྱེ་བྲག་འཕར་བ་ལྕགས་གླང་གི་ལོར་རྡོ་རྗེའི་གནས་མཆོག་སྟག་ཚང་སེང་གེ་བསམ་འགྲུབ་དུ་གནས་ཆེན་བྱིན་འབེབས་ཀྱི་ཆོ་གས་བསྟན་འགྲོའི་ཕན་བདེའི་སྤེལ་བའི་སྐབས་ཕྲིན་བཅོལ་གྱི་ཚུལ་དུ་རྒྱལ་ཁམས་ཀུན་ཏུ་རྒྱུ་བའི་རྒན་པོ་བཀྲ་ཤིས་དཔལ་འབྱོར་གྱིས་བྲིས་པས་བསྟན་འགྲོའི་དགེ་མཚན་གྱི་དཔལ་ཀུན་ལྷུན་གྱིས་གྲུབ་པའི་རྟེན་འབྱུང་དུ་གྱུར་ཅིག ༈ སྟོད་པའི་ས་ཡི་ཡུལ་ལྷའི་བསང་བཀྲ་ཤིས་ལྷ་ཡི་རོལ་མོ་བཞུགས། ཨོཾ་སྭ་སྟི། གཙང་མའི་གནས་སུ་དཀར་མངར་གྱི་ཞལ་ཟས། བསང་ཕྱེ། ཇ་ཆང་ལོངས་སྤྱོད་འདུ་བྱས་ཏེ། ཆབ་ཀྱི་བྲན་ནས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་བརླབ་སྟེ། ཀྱཻ། ཆོས་ཉིད་གདོད་ནས་དག་པའི་ཆོས། །རྟེན་འབྱུང་སྒྱུ་མའི་ཆོ་འཕྲུལ་གྱིས། །བཀོད་པ་བསམ་མི་ཁྱབ་པ་ལས། །སྣོད་བཅུད་བདེ་སྡུག་མ་ངེས་འཆར། །སྐྱེ་དགུའི་ལས་ཀྱི་སྣང་བ་ལས། །ཕན་གནོད་བྱེད་པའི་ལྷ་འདྲེ་སྲིད། རང་སྣང་སྟོང་དང་རྟེན་འབྲེལ་དུ། །ཤེས་པས་སྒྱུ་མ་མཁན་པོ་ཡིས། །སྒྱུ་མའི་བདེ་སྡུག་བཀོད་པ་ལྟར། །སྲིད་ལ་ཆགས་པའི་ལྷ་དང་འདྲེ། །སྙིང་རྗེའི་མགྲོན་དུ་འབོད་བཞིན་བྱོན། །དགྱེས་པས་འདིར་བཞུགས་ཡིད་འོང་གི །རྣམ་རོལ་དཀར་ཕྱོགས་སྐྱོང་བའི་ལྷ། །དགེ་བསྙེན་ཆེན་པོ་གཡོས་སྟོད་པ། །དབྱར་ས་པ་དང་མེ་རིའི་བཙན། །ཧོན་ཅུ་དཔལ་འཛོམ་རྒྱལ་མོ་དང༌། །ཆུ་བདུད་ཕྲིན་ལས་སྒང་གི་བཙན། །མཆེད་འཁོར་སྤྲུལ་པ་དགྱེས་སྡེ་དཔུང༌། །ཀུན་དང་མཚམས་པའི་བསང་གི་བརྔན། །དག་གཙང་གཡོས་སོགས་ཞིམ་དགུའི་ཟས། །དཀར་མངར་ཕྱེ་ཕུད་གཏོར་མའི་རིགས། །ཇ་ཆང་བདུད་རྩིའི་བཏུང་བའི་སྐྱེམས། །དར་གོས་ནོར་དབྱིག་ཡུལ་མཁར་ཁྱིམ། །རྟ་ནོར་ར་ལུག་བྱ་རྟ་གླང༌། །གཅན་གཟན་རི་དྭགས་གཟུགས་ཀྱི་ཚོགས། །ཁ་ཟས་བཞེད་དགུའི་དཔལ་འབྱོར་སོགས། །འདོད་ཡོན་ལོངས་སྤྱོད་སྤྲིན་ཆེན་པོ། །བདུད་རྩིའི་ཤིང་དང་མེ་སྦྱར་བའི། །དུད་སྤྲིན་ཕྱོགས་ཀུན་ཁྱབ་པ་ཡི། །ངད་པས་གྲིབ་མནོལ་འཁོན་པ་སྦྱངས། །ཟེགས་དང་དགྱེས་པའི་བསྐང་རྫས་འཆར། །ཀུན་ཕན་བྱང་ཆུབ་སེམས་སྤྲིན་གྱིས། །གནས་མགྲོན་དམ་ཚིག་མ་གཡེལ་སྐྱོངས། །ཉིན་སྲུང་མཚན་སྐྱོབས་ལམ་འཕྲང་སྒྲོལ། །ལོ་ལེགས་འབྲུ་དང་གནག་ཕྱུགས་འཕེལ། །ཆར་ཆུ་དུས་བབས་དགྲ་རྐུན་སྲུང༌། །སད་སེར་བཙན་ཐན་མེད་པ་དང༌། །འགྲོ་རྒྱུད་སྣང་བློ་དགེ་ལ་སྦྱོར། །སྣོད་བཅུད་གཡང་འཕེལ་ལོངས་སྤྱོད་རྒྱས། །མཆོག་གསུམ་ཐུགས་རྗེའི་རྟག་སྐྱོངས་བའི། །བཀྲ་ཤིས་བདེ་ལེགས་འཕེལ་རྒྱས་མཛོད། །ཅེས་བརྗོད་ཅིང་ལས་མཇུག་བསྡུའོ། ཅེས་པའང་སྟོད་པ་སྡེ་སྤྱིའི་བསྐུལ་བ་བཞིན་མངྒ་ལས་བྲིས་པ་ཕན་བདེའི་དཔལ་དུ་གྱུར་ཅིག ༈ གནས་བསང་དགེ་ལེགས་དཔལ་བསྐྱེད་བཞུགས། ཧྲཱིཿ རྩ་གསུམ་ཀུན་འདུས་མཚོ་ལས་སྐྱེས། །འཆི་མེད་ཡེ་ཤེས་རྡོ་རྗེའི་སྐུ། །བསམ་ཡས་རྣམ་ཐར་བཀོད་པ་ནི། །སྒྱུ་འཕྲུལ་རྡོ་རྗེའི་རོལ་མོ་ཅན། །སངས་རྒྱས་པདྨ་ཐོད་ཕྲེང་རྩལ། །ཚོགས་བརྒྱད་ཡེ་ཤེས་ཀློང་དགུ་རུ། །དག་པའི་མཚན་མཆོག་བརྒྱད་ཀྱི་གཙོ། །འཆོལ་བའི་ཁྲོ་རྒྱལ་ཧེ་རུ་ཀཿ །རིག་འཛིན་རྡོ་རྗེ་གྲོ་ལོད་ཀྱིས། །ལྷ་སྲིན་སྡེ་བརྒྱད་དབང་བསྡུས་ཤིང༌། །བྲན་བཀོལ་བཀའ་ཡི་འབངས་ཐམས་ཅད། །བསྟན་པ་སྐྱོང་བར་གཉེར་གཏད་གནས། །སྨན་ཤིང་ནགས་ཚལ་རི་བྲག་མཚོ། །གངས་རིས་རབ་མཛེས་ལྗོངས་ཆེན་པོར། །བཞུགས་པའི་རྩ་གསུམ་དཀྱིལ་འཁོར་ལྷ། །བསམ་མི་ཁྱབ་པ་ཐམས་ཅད་དང༌། །དབང་བྱེད་དཀར་ཕྱོགས་ཡུལ་ལྷའི་གཙོ། །ཟོ་དོར་གཉན་པོ་འཁོར་དང་བཅས། །འདིར་གཤེགས་དགྱེས་པའི་གདན་ལ་བཞུགས། །དྲི་ཞིམ་བདུད་རྩིའི་ཟིལ་མངར་ཅན། །བཟང་ཤིང་སྨན་སྤོས་འབྲུ་དར་ཟབ། །དཀར་མངར་ཕུད་དང་ཇ་ཆང་སྐྱེམས། །རིན་ཆེན་གཏོར་མ་མཐུན་རྫས་སོགས། །ཐུགས་ལ་བཞེད་རྒུའི་དཔལ་མཐའ་དག །འབད་མེད་འཆར་བའི་བསང་གི་སྤྲིན། །མདོག་དཀར་དྲི་བསུང་མངར་པོའི་ཚུལ། །ནམ་མཁའ་ལྟར་སྣང་འགེངས་བྱེད་ཅིང༌། །གྲིབ་རྨུག་ཀུན་སེལ་མཆོད་པའི་སྤྲིན། །ངོ་མཚར་རྨད་བྱུང་འདི་འབུལ་ན། །དགྱེས་པའི་ཞལ་བཟང་ཟླ་ལྟར་དཀར། །འཁོན་མནོལ་ཉམས་ཆག་རྒུད་པ་བསང༌། །སྐུ་གསུང་ཐུགས་ལ་གཟི་བརྗིད་དང༌། །སྟོབས་ཀྱི་དཔལ་ཀུན་དགྱེས་བསྐྱེད་ནས། །ཁྱེད་ལ་འདོད་དོན་གསོལ་བ་ནི། །ལྷོ་ལྗོངས་ཆོས་ཀྱི་རྒྱལ་ཁབ་གཙོས། །སྣོད་བཅུད་དཔལ་འབྱོར་དགེ་མཚན་རྒྱས། །སྐྱེ་དགུ་རྣམ་དཀར་ལས་ཀྱིས་འཚོ། །ཀུན་ཀྱང་ཐེག་མཆོག་ཆོས་བཞིན་སྤྱོད། །སངས་རྒྱས་བསྟན་དང་བསྟན་འཛིན་དར། །དགེ་འདུན་ཐུགས་འདུན་ཁྲིམས་གཙང་རྒྱས། །བཤད་སྒྲུབ་ལས་ཀྱི་འཁོར་ལོ་གསུམ། །ཟླ་བ་ཡར་ངོ་ལྟར་འཕེལ་བས། །དཀོན་མཆོག་གསུམ་གྱི་དབུ་འཕང་མཐོ། །ནད་མུག་དུས་འཁྲུགས་རྒུད་ཀུན་ཞི། །རྫོགས་ལྡན་དགའ་སྟོན་མི་ཉམས་རྒྱས། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་ཤོག །ཅེས་པའང་སྒྲུབ་གནས་ཆེན་པོ་དེ་ཉིད་དང་གོས་དང་གོང་བ་བཞིན་འདབས་འབྲེལ་བའི་སྐྱེར་ཆུའི་གཙུག་ལག་ཁང་དུ་གནས་པའི་སྐབས་པདྨའི་སྔགས་རིག་འཛིན་པ་མངྒ་ལའི་མིང་གིས་བྲིས་པ་དགེ་ལེགས་འཕེལ། ༈ སྐྱེར་ཆུའི་ཀླུ་བསང་བཀྲ་ཤིས་རོལ་མོ་བཞུགས། ཀྱཻ། ཡུལ་ནི་ལྷོ་ལྗོངས་ཆོས་ཀྱི་ཞིང༌། །ཕུན་ཚོགས་སྨན་གྱི་ལྗོངས་ཆེན་པོའི། །བྱེ་བྲག་སྐྱེར་ཆུའི་གཙུག་ལག་གི །གནས་གཞི་སྐྱོངས་བའི་ཀླུ་ཡི་རྒྱལ། །དཀར་གསལ་ཞི་འཛུམ་གཞོན་སྒེག་ཚུལ། །རིན་ཆེན་དབུ་རྒྱན་ནོར་ཕྲེང་འཕྱང༌། །དར་ཟབ་ལྷ་ཡི་གོས་ཀྱིས་བཀླུབས། །ཕྱག་ན་ནོར་བུ་བུམ་བཟང་བསྣམས། །སྦྲུལ་མགོ་བདུན་གྱི་ལྡིང་ཀ་ཅན། །སྐུ་སྨད་གསེར་སྦྲུལ་སེར་པོ་འཁྱིལ། །བདུད་རྩིའི་རྒྱ་མཚོའི་དབུས་ན་འགྱིང༌། །དཔག་བསམ་ཤིང་ལ་སྐུ་རྒྱབ་བརྟེན། །དགྱེས་ཡུམ་ཀླུ་སྨན་བཀའ་འཁོར་སྲས། །བྲན་གཡོག་སྤྲུལ་པ་བསམ་མི་ཁྱབ། །དཀར་ཕྱོགས་ཀླུ་རིགས་བྱེ་བས་བསྐོར། །ནོར་བུ་སྣ་ཚོགས་མཛོད་ཀྱིས་ཕྱུག །སྣོད་བཅུད་དགེ་བའི་དཔལ་གཡང་བསྐྱེད། །སྒྲུབ་པ་པོ་ལ་གདུང་ཞིང་འགོ །སྔོན་གྱི་ཐ་ཚིག་རྗེས་དགོངས་ལ། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །རིན་ཆེན་གཙང་མའི་གདན་ལ་བཞུགས། །བཀྲ་ཤིས་འོ་མའི་མཆོད་ཡོན་དང༌། །ག་བུར་ཆབ་ཀྱི་བྱུག་པ་འབུལ། །དྲི་ཞིམ་མེ་ཏོག་བཞད་པའི་ཚལ། །ཙནྡན་ཨ་གར་བཟང་སྤོས་དྲི། །དཀར་མངར་ཞལ་ཟས་བདུད་རྩིའི་སྐྱེམས། །སྙན་བརྗིད་ཡིད་འོང་རོལ་མོའི་དབྱངས། །བསྟོད་པའི་གླུ་དང་དགྱེས་རྒུའི་གར། །ཀླུ་ནོར་རི་དྭགས་ཆུ་གནས་ཚོགས། །གཏེར་བུམ་མ་རྨོས་སྙེ་མའི་ཞིང༌། །དཔག་བསམ་ལྗོན་ཚལ་ནོར་བུའི་རི། །ལྷ་རྫས་གསེར་དངུལ་རིན་ཆེན་སྤུངས། །དཔག་ཡས་ནམ་མཁའི་དབྱིངས་ཁྱབ་ཅིང༌། །ས་གཞི་ཁྱབ་པར་བརྡལ་བ་ཡི། །མཐུན་རྫས་བཞེད་རྒུ་དཔག་མེད་དུ། །འཆར་ཞིང་ཆར་ཆུ་འབེབས་པ་ཡི། །དྲི་ཞིམ་བསང་དང་བདུད་རྩིའི་སྐྱེམས། །རྨད་བྱུང་གཏོར་མ་བཟའ་བཅའི་ཕུད། །མི་ཟད་ནམ་མཁའ་མཛོད་ཆེན་པོ། །སྐུ་གསུང་ཐུགས་ལ་དགྱེས་བསྐྱེད་ནས། །སྔོན་ཚེ་སློབ་དཔོན་པདྨ་དང༌། །ཆོས་རྒྱལ་སྲོང་བཙན་སྒམ་པོ་སོགས། །རིག་འཛིན་བླ་མའི་སྤྱན་སྔ་རུ། །ཞལ་བཞེས་ཐ་ཚིག་མ་བསྙེལ་བར། །ཡུལ་གྱི་སྣོད་བཅུད་དཔལ་འཕེལ་ཏེ། །ལོ་ཕྱུག་འབྲུ་སྨན་རྩི་ཤིང་རྒྱས། །མི་རྣམས་དཀར་པོའི་ཆོས་ལ་སྤྱོད། །གནག་ཕྱུགས་རྟ་ནོར་འཕེལ་ཞིང་དར། །ནད་མུག་འཁྲུགས་རྩོད་རྒྱུན་ཆད་དེ། །ཆོས་ལྡན་རྒྱལ་པོའི་མངའ་ཐང་རྒྱས། །ལྷ་སྲས་སྐུ་ཚེའི་དཔལ་འཕེལ་ཞིང༌། །ལེགས་རྒུའི་བསོད་ནམས་རླུང་རྟ་དར། །རྒྱལ་བསྟན་སྤྱི་དང་ཁྱད་པར་དུ། །དྭགས་རྙིང་བསྟན་པ་ཉི་བཞིན་གསལ། །བསྟན་འཛིན་སྐྱེས་ཀུན་ཞབས་པད་བརྟན། །བཤད་སྒྲུབ་མཛད་ཕྲིན་མཁའ་མཐའ་བརྡལ། །ཁྲིམས་ལྡན་འདུས་པའི་སྡེ་འཕེལ་ཞིང༌། །སྤང་ཀློག་ཡར་ཟླ་ལྟ་བུར་རྒྱས། །ཁྱད་པར་གཙུག་ལག་མཆོག་འདི་ཡི། །སྟོན་མཆོག་ཞལ་སྐྱིན་རིན་པོ་ཆེ། །མཆོད་དང་བཀུར་བསྟིའི་ལེགས་བྱས་ཀྱིས། །བྱིན་རླབས་ཕྲིན་ལས་དཔལ་ཡོན་རྒྱས། །ཆོས་ཀྱི་རྒྱལ་པོའི་ཐུགས་བསྐྱེད་བཞིན། །ནག་ཕྱོགས་ཕས་རྒོལ་མཐའ་དམག་འཇོམས། །རྣམ་དཀར་ཕྲིན་ལས་ཐོགས་མེད་མྱུར། །ཆོས་སྲིད་ཉི་ཟླའི་སྣང་བ་ཡིས། །ཛམ་གླིང་ཐ་གྲུར་མཛེས་བཞིན་དུ། །ནམ་ཡང་འཕེལ་འགྲིབ་མེད་པར་མཛོད། །ཀླུ་རྒྱལ་བྱང་ཆུབ་སེམས་དཔའ་ཡང༌། །གནས་འདིར་མི་ཉམས་རྟག་བཞུགས་ཏེ། །སྣོད་བཅུད་གཙུག་ལག་གཉེར་འཛིན་ཅིང༌། །ལེགས་ཚོགས་རྒྱས་པའི་ཕྲིན་ལས་མཛོད། །ཅེས་པའང་བོད་ཡུལ་བཀྲ་ཤིས་འབྱུང་བའི་ས་གནད་ཀྱི་མེ་བཙའ་སྤ་གྲོ་སྐྱེར་ཆུའི་གཙུག་ལག་ཁང་དུ་སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོའི་ཞལ་སྐྱིན་ལྷོ་ལྗོངས་ས་སྐྱོང་དབང་མོ་སྐལ་བཟང་ཆོས་ཀྱི་སྒྲོན་མས་གསར་བཞེངས་མཛད་པའི་སྐབས་གནས་བདག་གཉན་པོར་ཕྲིན་ལས་བཅོལ་བའི་ཚུལ་དུ་མཚོ་སྐྱེས་རྒྱལ་བ་དགྱེས་པའི་བཀའ་འབངས་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་གྱིས་བྲིས་པ་ཆོས་ལྡན་གྱི་མཛད་པས་བསྟན་འགྲོ་ཡོངས་ཀྱི་གསོས་སྨན་དུ་འགྱུར་བའི་རྒྱུར་གྱུར་ཅིག ༈ ཡུལ་ལྷའི་བསང་མཆོད་བཞུགས། ཀྱཻ། ཕུན་ཚོགས་སྡེ་བཞིའི་འབྱོར་པ་ཡི། །ལྷོ་ལྗོངས་ཙན་དན་ནགས་ཚལ་གྱི། །བྱེ་བྲག་གཡུང་དྲུང་ཆོས་གླིང་གི །གནས་སྲུང་ཚེ་འཛིན་དབང་མོ་དང༌། །ཐབས་མཆོག་བདུད་རྗེ་འཁོར་དང་བཅས། །དགྱེས་བསྐྱེད་བདུད་རྩིའི་བསང་གི་སྤྲིན། །མི་ཟད་ནམ་མཁའ་མཛོད་ལྟ་བུ། །ཉེར་སྤྱོད་འདོད་ཡོན་ཆར་དུ་འབེབས། །གནག་ཕྱུགས་རྟ་ནོར་ས་གཞི་ཁེབས། །གཅན་གཟན་རི་དྭགས་བྱ་རིགས་སོགས། །སྤུ་སྡུག་གྲ་རྒྱས་སྐད་སྙན་སྒྲོགས། །གསེར་དངུལ་དར་ཟབ་ནོར་བུའི་རིགས། །ལྷུན་པོ་ལྟར་སྤུངས་བཟའ་བཅའ་བཏུང༌། །ཞིམ་མངར་སྣ་ཚོགས་ཅིར་ཡང་བཀྲ། །མཆོད་བསྐང་མཐུན་པའི་རྫས་རྣམས་ཀྱིས། །མཉེས་ནས་གནས་མགྲོན་དམ་ཚིག་སྲུངས །མི་ཤེས་རྨོངས་པའི་བྱ་སྤྱོད་ཀྱིས། །ས་བརྐོ་རི་བསྙིལ་ཤིང་གཉན་བཅད། །ཐབ་གཞོབ་ཕོག་ཐུག་ནོངས་པ་བཤགས། །ཡུལ་འདིར་ཆར་ཆུ་འབྲུ་ནོར་སྤེལ། །མི་ཕྱུགས་འཁྲུགས་རྩོད་ནད་མུག་ཞི། །ལོ་ལེགས་ཕྱུགས་དར་ཚེ་བསོད་དང༌། །རླུང་རྟ་དར་རྒྱས་དགེ་ལེགས་སྩོལ། །སློབ་དཔོན་པདྨ་འབྱུང་གནས་སོགས། །སྔོན་བྱོན་སྐྱེས་བུའི་ཐ་ཚིག་ལས། །མ་འདའ་ཀུན་ཕན་བདེ་ལེགས་ཀྱི། །སྣང་བས་རྟག་ཏུ་མཛེས་གྱུར་ཅིག །ཅེས་པའང་ཡུལ་དེར་བསྟི་བའི་སློབ་དཔོན་བཀྲ་ཤིས་དབང་འདུས་ཀྱིས་བསྐུལ་ངོར་དིལ་མཁྱེན་མངྒ་ལས་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག ༈ འཁེང་སྐྱིད་ཁར་ཡུལ་ལྷའི་བསང་མཆོད་བཀྲ་ཤིས་ལྷ་ཡི་རོལ་མོ་བཞུགས། ཨོཾ་སྭསྟི། བསང་བྱ་བར་འདོད་པས་གཙང་མའི་གནས་སུ་སྟེགས་ཁེབ་དཀར་པོའི་སྟེང་གཏོར་མ་དཀར་དམར། གསེར་སྐྱེམས། ཕུད་རྒོད་འབྲུ་སྨན་དར་ཟབ་གཙང་ཕྱེ། དཀར་མངར། ཤིང་ཐོག་ཟས་སྣ་སོགས་བདུད་རྩི་ཆོས་སྨན་གྱིས་སྦགས་པ། ཤིང་སྣའི་མེར་བསྲེགས་ཏེ། རང་ཉིད་ཐུགས་རྗེ་ཆེན་པོའི་ང་རྒྱལ་ལ་གནས་པའི་ཡིག་དྲུག་ཅུང་ཟད་བཟླ། བདག་ཉིད་ལྷར་གསལ་ཐུགས་ཀའི་ས་བོན་ལས། །འོད་འཕྲོས་མགྲོན་ཀུན་མདུན་དུ་སྤྱན་དྲངས་གྱུར། ཀྱཻ། ཆོས་ཉིད་བདེ་བ་ཆེན་པོ་ལ། །བཟང་ངན་གཉིས་སུ་མ་དམིགས་ཀྱང༌། །རྟེན་འབྱུང་སྒྱུ་མའི་འཆར་སྒོ་ལས། །འཁོར་འདས་སྣོད་བཅུད་ཅིར་ཡང་འཆར། །སྣོད་ཀྱི་རི་གླིང་མཚོ་བྲག་ཆུར། །ཡིད་ཀྱི་གཟུགས་ཅན་ལྷ་དང་འདྲེ། །གནས་མགྲོན་བཀོད་པ་འདོད་དགུ་འཆར། །ཁ་བཞི་ལྷོ་ཡི་སྨན་ལྗོངས་ཀྱི། །བྱེ་བྲག་འཁེང་ཡུལ་སྐྱིད་ཁར་རུ། །གནས་བདག་སྲིང་སྲིང་གྲགས་པ་དང༌། །ནོར་འཛིན་རྒྱལ་མོའི་སྲས་ཀྱི་མཆོག །ཨེ་ཀ་དོང་ལེགས་སྤྲུལ་འཁོར་བཅས། །ཕུ་མདའ་ཉིན་སྲིབ་རི་བྲག་མཚོ། །ཆུ་ཀླུང་ལྗོན་ཤིང་ལ་གནས་པའི། །སྡེ་བརྒྱད་འབྱུང་པོ་མི་མ་ཡིན། །ལྷ་ཀླུ་བཙན་སོགས་ཚུལ་ཅན་ལ། །ཞི་ཞིང་ཕན་པའི་སེམས་མཆོག་གིས། །གཙང་སྦྱར་གཏོར་མ་བདུད་རྩིའི་སྐྱེམས། །ཇ་ཆང་ཕུད་རྒོད་འབྲུ་སྨན་ཟས། །བདུད་རྩི་ཤིང་རྩིའི་དུད་སྤྲིན་དང༌། །སྦྱར་བའི་ནམ་མཁའ་མཛོད་ཀྱི་གཏེར། །རྟ་ནོར་རི་དྭགས་གཅན་གཟན་ཕྱུགས། །ཁང་བཟང་བཀྲ་ཤིས་རྫས་རྟགས་བརྒྱད། །རྒྱལ་སྲིད་རིན་ཆེན་བདུན་གྱི་དཔལ། །ཟས་གོས་ལོངས་སྤྱོད་འདོད་དགུ་དང༌། །ཤ་ཁྲག་གསུར་གྱི་དུད་པ་སོགས། །ཡིད་ཀྱི་རེ་བ་བཞིན་འཆར་བས། །དགྱེས་མཉེས་རབ་ཏུ་གྱུར་ནས་ཀྱང༌། །ཕོག་ཐུག་འགྲས་འཁྲུགས་གནོད་པ་ཞི། །ནད་གདོན་འཁོན་ཀུན་བྱང་ནས་ཀྱང༌། །ཡུལ་འདིའི་མི་ལ་མགོན་སྐྱབས་མཛོད། །གནས་མགྲོན་དམ་ཚིག་མི་གཡེལ་བས། །རིས་མེད་རྒྱལ་བསྟན་དར་ཞིང་རྒྱས། །ཁ་བཞི་ལྷོ་ཡི་སྨན་ལྗོངས་ཀྱི། །དགེ་འདུན་སྡེ་རྒྱས་བཤད་སྒྲུབ་དར། །མངའ་བདག་རྒྱལ་པོའི་ཆོས་སྲིད་བརྟན། །དགེ་བཅུའི་ཁྲིམས་ཀྱི་དཔུང་བ་བཙན། །མི་ནོར་ཕྱུགས་གསུམ་དར་ཞིང་རྒྱས། །བསོད་ནམས་རླུང་རྟ་མི་རྒུད་པས། །ཕས་རྒོལ་གཡུལ་ལས་རྣམ་པར་རྒྱལ། །ནད་མུག་མཚོན་གྱི་སྐལ་ངན་ཞི། །ཡིད་མཐུན་གྲུས་ཐུབ་ཚེ་གཡང་རྒྱས། །སྣོད་བཅུད་ལེགས་པའི་དཔལ་འཕེལ་བས། །བདེ་སྐྱིད་དབྱར་མཚོ་ལྟར་རྒྱས་མཛོད། །མཉམ་ཉིད་བྱང་ཆུབ་སེམས་ཀྱི་མཐུས། །ཕན་ཚུན་ཕ་མ་བུ་བཞིན་མཛའ། །བཀྲ་ཤིས་དགེ་མཚན་སྣང་བ་ཡིས། །འཇིག་རྟེན་གསུམ་དུ་ཁྱབ་གྱུར་ཅིག །བསང་གཞུང་གཞན་དང་མ་འབྲེལ་ན་ཡིག་བརྒྱ་དང་སརྦ་བྷུ་ཏ་གཙྪས་གཤེགས་སུ་གསོལ། དགེ་བསྔོ་སྨོན་ལམ་ཤིས་བརྗོད་བྱའོ། །ཞེས་པའང་དད་འབྱོར་ལྡན་པ་ངག་དབང་ཆོས་རྗེས་བསྐུལ་ངོར་འགྱུར་མེད་བསྟན་པའི་རྒྱལ་མཚན་གྱིས་སྐུ་རྗེས་རྡོ་རྗེ་བརྩེགས་པའི་ཀེའུ་ཚང་ནས་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྒྲུབ་ཆེན་གྱི་སྐབས་སུ་བྲིས་པས་ཡུལ་དེའི་སྣོད་བཅུད་ཀྱི་རྒུད་པ་ཞི་ཞིང་ཕན་བདེའི་དགའ་སྟོན་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། ༈ ཀྱཻ། ཡུལ་གྱི་མིང་ནི་འཁེན་ཞེས་སར། །བཙན་རྒྱལ་གྲགས་པ་རྒྱལ་མཚན་དང༌། །དགྱེས་ཡུམ་དངོས་གྲུབ་དབང་མོ་ཡི། །སྤྲུལ་འཁོར་ཕོ་ཉ་ལས་བྱེད་ཚོགས། །རྫུ་འཕྲུལ་མཐུ་ལྡན་ཐམས་ཅད་ལ། །དྲི་ཞིམ་ཤིང་རྩིའི་དུད་སྤྲིན་དང༌། །སྦྱར་བའི་འབྲུ་སྨན་དར་ཟབ་དང༌། །རིན་ཆེན་གསེར་སྐྱེམས་གཡུ་སྐྱེམས་ཕུད། །མཁོ་དགུའི་གཟུགས་འགྲོས་རྟ་ནོར་ཕྱུགས། །ཁྱད་པར་ཁྱི་དམར་མཁར་ཐབས་སོགས། །ཐུགས་ལ་ཅི་བཞེད་འཆར་བ་ཡིས། །བསང་ངོ་བཙན་གྱི་རྒྱལ་པོ་དང༌། །མཆོད་དོ་འདོད་དགུའི་སྐྱེམས་ཀྱིས་མཆོད། །དགྱེས་པར་བཞེས་ལ་ཡུལ་འདིའི་གཙོས། །ཁ་བཞི་ལྷོ་ཡི་སྨན་ལྗོངས་ཀུན། །མི་འདོད་ཉེར་འཚེ་འགལ་རྐྱེན་ཞི། །ཚེ་དཔལ་འདོད་དགུའི་དཔལ་འབྱོར་རྒྱས། །མཐུན་རྐྱེན་གང་འདོད་དབང་དུ་བསྡུས། །གནོད་བྱེད་དགྲ་བགེགས་ཚར་གཅོད་མཛོད། །འཁོན་འགྲས་ཕོག་ཐུག་ཞི་བ་དང༌། །མི་དང་ལྷ་རུ་མི་འབྲལ་བར། །སྲུང་སྐྱོབས་སྟོང་གྲོགས་གཡེལ་མེད་མཛོད། །དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད། །དགེ་འདུན་སྡེ་རྒྱས་བཤད་སྒྲུབ་དང༌། །སྣོད་བཅུད་དགེ་བཅུ་གཡང་འཁྱིལ་བའི། །ཕྲིན་ལས་གཡེལ་བ་མེད་པར་མཛོད། །ཅེས་པའང་དད་འབྱོར་ལྡན་པ་ངག་དབང་ཆོས་རྗེས་བསྐུལ་ངོར་མངྒ་ལས་བྲིས་པས་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག ༈ ལྷོ་འབྲུག་ནོར་བུ་གསེར་གཞོང་གི་ཡུལ་ལྷའི་བསང་བཀྲ་ཤིས་དཔལ་གྱི་དབྱངས་སྙན་ཞེས་བྱ་བ་བཞུགས། ཧྲཱིཿ ཆོས་དབྱིངས་སྐྱེ་མེད་ངང་ཉིད་ལས། །འགྲོ་བའི་རེ་བ་སྐོང་བའི་ཕྱིར། །སངས་རྒྱས་ཕྲིན་ལས་བསམ་མི་ཁྱབ། །དད་དང་མོས་པ་བཞིན་འཆར་བས། །དཀོན་མཆོག་སྲི་ཞུའི་མགྲོན་གྱི་འཁོར། །མགོན་པོ་ཡོན་ཏན་རིགས་དྲུག་འགྲོ། །ལན་ཆགས་མགྲོན་ཀུན་འདིར་གཤེགས་ལ། །གཙང་སྦྱར་རྨད་བྱུང་མཆོད་པའི་སྤྲིན། །ཅིར་ཡང་འཆར་ཞིང་འབྱུང་བ་འདིས། །དགྱེས་པའི་དགའ་སྟོན་བཞེས་ནས་ཀྱང༌། །ཚོགས་རྫོགས་སྒྲིབ་བྱང་དངོས་གྲུབ་སྩོལ། ཀྱཻ། ཕུན་ཚོགས་དགེ་བཅུའི་གཡང་འཁྱིལ་བའི། །བཀྲ་ཤིས་ངོ་མཚར་སྐྱེད་མོས་ཚལ། །རི་བྲག་སྨན་ཤིང་མེ་ཏོག་གི །ལྗོན་པས་མཛེས་པའི་ས་འཛིན་ལ། །ནོར་བུ་གསེར་གཞོང་མར་ཞུའི་མཚོ། །བདུད་རྩི་སྨན་ཆབ་ཀྱིས་མཛེས་པར། །གནས་སུ་འདུ་ཤེས་ཟོ་དོར་ཆེ། །ལྷ་ཀླུ་གནོད་སྦྱིན་སྣ་ཚོགས་རིགས། །གཉུག་གནས་གློ་བུར་ལྷགས་པའི་མགྲོན། །ཀུན་ཀྱང་མཆོད་པའི་གནས་འདིར་བྱོན། །སྣང་སྲིད་ཟིལ་གནོན་པད་འབྱུང་གི །བཀའ་དང་དམ་ལས་མ་འདའ་བར། །ཀུན་བཟང་མཆོད་པ་རྒྱ་མཚོའི་གཏེར། །ཟག་མེད་བདེ་སྐྱེད་དགྱེས་པའི་རྫས། །ངོ་བོ་ཡེ་ཤེས་བདུད་རྩིའི་བཅུད། །རྣམ་པ་ཅི་བཞེད་དེར་འཆར་བས། །མི་ཟད་ནམ་མཁའ་མཛོད་སྤྲིན་དུ། །སྔགས་དང་ཕྱག་རྒྱས་མཁའ་ཁྱབ་སྤེལ། །ཚོགས་དྲུག་དབང་ཡུལ་སིམ་སྟེར་བའི། །ངོ་མཚར་རྨད་བྱུང་མཆོད་པ་ཆེ། །ཀུན་ཕན་བྱང་ཆུབ་སེམས་སྤྲིན་འདིས། །དགྱེས་ཤིང་མཉེས་རབ་ཕུལ་ཕྱིན་ཏེ། །ཁྱེད་རྣམས་འཁོན་འགྲས་འཁྲུགས་པ་ཞི། །ཉམས་ཆག་འགལ་འཁྲུལ་ནོངས་པ་བཤགས། །ཅི་བཞེད་ལྷུན་གྱིས་གྲུབ་པ་ཡི། །མཐུན་རྫས་མཁོ་དགུས་ཐུགས་དམ་བསྐང༌། །ཉེས་པ་ཐམས་ཅད་སོར་ཆུད་ནས། །གནས་མགྲོན་དམ་ལས་མ་འདའ་བར། །ཁྱེད་རྣམས་མངོན་ཤེས་རྫུ་འཕྲུལ་མངའ། །སྟོབས་ཀྱི་སྣོད་བཅུད་དཔལ་ཡོན་སྤེལ། །འགྲོ་བློ་དགེ་བའི་ཕྱོགས་སུ་བསྒྱུར། །དཀོན་མཆོག་དབུ་འཕང་མཐོ་ཞིང་དར། །རྒྱལ་བསྟན་འཛིན་པའི་མཁས་གྲུབ་ཀྱིས། །ས་འདིར་བཤད་སྒྲུབ་བྱ་བ་འཕེལ། །དགེ་མཚན་དཔལ་ཀུན་རྒྱས་པ་དང༌། །མི་དབང་ཆབ་སྲིད་མངའ་ཐང་དར། །སྡེ་བློན་ཐུགས་མཐུན་གྲོས་ཐུབ་ཅིང༌། །དགྲ་གདོན་ཕྱོགས་ལས་རྣམ་པར་རྒྱལ། །བདེ་སྐྱིད་ཉི་ཟླའི་སྣང་བ་དང༌། །མི་འབྲལ་བཀྲ་ཤིས་དར་རྒྱས་མཛོད། །ཅེས་ནོར་བུ་གསེར་གཞོང་གི་གཞིས་ཆགས་གསར་པའི་ཡུལ་ལྷའི་བསང་གསོལ་དགོས་ཞེས་སྒོམ་ཆེན་གྱིས་བསྐུལ་ངོར་རྒྱལ་དབང་པདྨའི་རྗེས་འཇུག་བཀྲ་ཤིས་དཔལ་འབྱོར་གྱིས་ཕན་སེམས་ཀྱིས་བྲིས་པ་སྣོད་བཅུད་ཀྱི་དཔལ་ཡོན་རྒྱས་པའི་རྒྱུར་གྱུར་ཅིག། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | |||
</ | <headertabs/> | ||
== Footnotes == | |||
<references/> | |||
==Other Information== | |||
{{Footer}} | |||
[[Category:DKR-KABUM-Volume-11-DA]] | [[Category:DKR-KABUM-Volume-11-DA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] | ||
Latest revision as of 09:09, 1 June 2024
🚧 This website is under continued development. We appreciate your patience!
Wylie title | lho 'brug rgyal khab kyi yul lha spyi yi bsang mchod bkra shis lha yi glu dbyangs sogs | |
---|---|---|
Location | dil mgo mkhyen brtse bka' 'bum Volume 11, Text 24, Pages 143-152 (Folios 1a to 10b3) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | Khyentse, Dilgo. Lho 'brug rgyal khab kyi yul lha spyi yi bsang mchod bkra shis lha yi glu dbyangs sogs. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 11: 143-152. Delhi: Shechen Publications, 1994. | |
Genre | Smoke Offerings - bsangs mchod - lha bsang | |
Deity | yul lha |