DKR-KABUM-11-DA-022: Difference between revisions
From Khyentse Lineage - A Tsadra Foundation Project
WikiBot2015 (talk | contribs) No edit summary |
m (Text replacement - "Khyentse Metadata" to "Text") |
||
(2 intermediate revisions by 2 users not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |||
< | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=གནས་བདག་མཆོད་ཐབས་བཀྲ་ཤིས་ཆར་འབེབས། | |||
|fulltitle=gnas bdag mchod thabs bkra shis char 'bebs | |||
|citation=[[Khyentse, Dilgo]]. ''Gnas bdag mchod thabs bkra shis char 'bebs''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 11: 111-117. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |||
|author=Khyentse, Dilgo | |||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|tibgenre=Protector Rituals - gsol mchod | |||
|terma=No | |||
|dkroutline=Three | |||
|deity=gnas bdag | |||
|language=Tibetan | |||
|volumenumber=011 | |||
|volnumtib=༡༡ | |||
|volyigtib=ད་ | |||
|totalvolumes=25 | |||
|textnuminvol=022 | |||
|pagenumbers=111-117 | |||
|totalpages=14 | |||
|beginfolioline=1a | |||
|endfolioline=7b4 | |||
|totalfolios=7 | |||
|multivolumework=No | |||
|pdflink=File:DKR-KABUM-11-DA-022.pdf | |||
}} | |||
{{Header}} | |||
<h1 style="font-size: 24px !important;">Tibetan Text</h1> | |||
<onlyinclude> | <onlyinclude> | ||
{{TibP|༈ གནས་བདག་མཆོད་ཐབས་བཀྲ་ཤིས་ཆར་འབེབས་བཞུགས། ཨོཾ་སྭསྟི། གཙང་མའི་སྣོད་དུ་གཏོར་མ་དཀར་དམར་དང༌། །ཟས་སྣ་དར་སྣ་འབྲུ་སྨན་སོགས་དང༌། གསེར་སྐྱེམས་དཀར་སྡོན་བསང་དགོས་ན་ཤིང་རྩིའི་དུད་པ་དཀར་གསུམ་ཕྱེ་མར་བཅས་འདུ་བྱས་ལ། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ་དང་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས་ལ། ཀྱཻ། ཆོས་ཀུན་གཟོད་ནས་དག་པའི་མདངས། །ལྷོ་ལྗོངས་སྨན་གྱི་ནགས་ཚལ་ཆེའི། །བྱེ་བྲག་ཡུལ་གྱི་དགེ་བཅུ་དང༌། །ལེགས་ཚོགས་དཔལ་ཡོན་འཁྱིལ་བའི་གཞིར། །གནས་ལ་དབང་བྱེད་ཟོ་དོར་ཆེ། །པདྨའི་ཟབ་གཏེར་སྲུང་མའི་གཙོ། །བདུད་རྒྱལ་ཟུ་ར་ར་སྐྱེས་ནི། །སྐུ་མདོག་ནག་པོ་མུན་པའི་མདོག །ཁྲོ་ཚུལ་འཇིགས་རུང་ཆས་ཀྱིས་བརྒྱན། །ཕྱག་གཡས་སྟྭ་རེ་མཁའ་ལ་འཕྱར། །གཡོན་པས་ར་ཡི་རྒྱལ་མཚན་འཕྱར། །དར་ནག་བེར་དང་མགོ་ཕྲེང་འཕྱང༌། །ཆིབས་སུ་བདུད་རྟ་ནག་པོ་དང༌། །རེས་འགའ་གཡག་ནག་ཞོལ་ལྡན་ཆིབས། །དུད་སྤྲིན་མེ་དཔུང་འཚུབས་ཀློང་འགྱིངས། །སྤྲུལ་པའི་ཕོ་ཉ་ཅིར་ཡང་སྤྲོ། །སྡེ་སྤྲུལ་འཁོར་བཅས་བཀའ་ཉན་བཅས། །མཆོད་པའི་མགྲོན་ལ་སྤྱན་འདྲེན་ན། །དགྱེས་ཞལ་ཟླ་ལྟར་དཀར་ལ་སྤྱོན། །གཙང་མའི་གནས་འདིར་ལེགས་བཞུགས་ལ། །འདོད་ཡོན་རྒྱལ་སྲིད་རིན་ཆེན་བདུན། །བཀྲ་ཤིས་རྫས་རྟགས་གཏེར་གྱི་བུམ། །ནོར་བུའི་སྤྲིན་དང་རིན་ཆེན་རི། །འདོད་འཇོའི་བ་དང་རྟ་ཕྱུགས་ནོར། །འདབ་ཆགས་གཅན་གཟན་རི་དྭགས་ཁྱུ། །མདོར་ན་བཞེད་དགུའི་མཆོད་པའི་ཚོགས། །ས་དང་བར་སྣང་ཕྱོགས་མཚམས་ཁྱབ། །གསེར་སྐྱེམས་གཡུ་སྐྱེམས་ཕུད་རྒོད་མཚོ། །བཟང་སྤོས་སྤྲིན་གྱི་ཞིང་ཀུན་ཁྱབ། །མི་ཟད་ནམ་མཁའ་མཛོད་དུ་འབུལ། །འཁོན་འགྲས་ཉམས་ཆགས་ཐམས་ཅད་བཤགས། །ཕོག་ཐུག་འཁོན་མནོལ་བཟོད་བཞེས་ལ། །གནས་མགྲོན་དམ་ཚིག་མི་གཡེལ་བས། །ཕ་ཡིས་བུ་བཞིན་དགྱེས་སྐྱོང་ལ། །སྣོད་བཅུད་དཔལ་ཡོན་རྒྱས་ཤིང་བརྟན། །དཀོན་མཆོག་གསུམ་གྱི་དབུ་རྨོག་བཙན། །རྒྱལ་བསྟན་རིན་ཆེན་དགེ་འདུན་རྒྱས། །བཤད་སྒྲུབ་ལས་ཀྱི་བྱ་བ་དར། །ཆར་ཆུ་དུས་བབ་ལོ་ཕྱུགས་ལེགས། །རིགས་ཀྱི་རྒྱུད་འཕེལ་དགེ་བློ་ལྡན། །ཚེ་བསོད་དབང་ཐང་རླུང་རྟའི་སྟོབས། །རྒྱས་པས་གནོད་བྱེད་དགྲ་བགེགས་ཐུལ། །ཇི་བསམ་ཡིད་བཞིན་འགྲུབ་པ་ཡི། །བཀྲ་ཤིས་དར་རྒྱས་ཆེ་བར་མཛོད། །ཅེས་བརྗོད་ལ་མགྲོན་བཟོད་གསོལ་གཤེགས་བསྡུ་སོགས་སྤྱི་ལྟར་བྱའོ། །ཅེས་པའང་མཆོག་སྤྲུལ་རིན་པོ་ཆེ་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གི་གསུང་བསྐུལ་བཞིན་ཀུན་ལ་སྨན་སེམས་ཀྱིས་རྒྱལ་ཁམས་པ་མངྒ་ལས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག། །། སངས་རྒྱས་གཉིས་པ་རྒྱལ་དབང་པདྨ་ཡི། །གསུང་གི་དབེན་གནས་མཆིམས་ཕུའི་གནས་གཏེར་བདག །བཀའ་གཏེར་སྲུང་མ་གཞི་བདག་ཟོ་དོར་ཀུན། །གསོལ་ལོ་མཆོད་དོ་ཐུགས་དམ་དགྱེས་པར་བསྐང༌། །འཁོན་མནོལ་ཀུན་བཤགས་གནས་མགྲོན་དམ་ཚིག་གིས། །སྲུང་སྐྱོབས་སྡོང་གྲོགས་བཅོལ་བའི་ཕྲིན་ལས་མཛོད། །ཅེས་པའང་སྒྲུབ་བརྩོན་སྙིང་པོའི་རྣལ་འབྱོར་གོ་འཇོ་བླ་མ་ཀུན་བཟང་དབང་དྲག་ནས་བསྐུལ་ངོར་མངྒ་ལས་བྲིས་པ་དགེ་ལེགས་འཕེལ།། །། ༈ །རྡོ་རྗེའི་གནས་མཆོག་མཱ་ར་ཏི་ཀའི་གནས་སྲུང་གསོལ་མཆོད་ཕྲིན་ལས་ཐོགས་མེད་བཞུགས། ཨོཾ་སྭ་སྟི། འཆི་མེད་གྲུབ་པའི་གནས་མཆོག་མཱ་ར་ཏི་ཀའི་གནས་སྲུང་མཆོད་པར་འདོད་པས་གཙང་མའི་སྣོད་དུ་གཏོར་མ། གསེར་སྐྱེམས། འབྲུ་སྨན་ཟས་སྣ་ཚོགས་འདུ་བྱས་ཆབ་ཀྱིས་བྲན་ལ། །རང་གཉུག་མའི་ལྷའི་ང་རྒྱལ་ལ་གནས་པས་བྱིན་བརླབས་ཏེ། ཧྲཱིཿ ཕུན་ཚོགས་པདྨ་དྲྭ་བའི་ཞིང༌། །རྡོ་རྗེའི་ཚེ་མཆོག་སྒྲུབ་པའི་གནས། །རིགས་གསུམ་དགྱེས་པའི་ཕོ་བྲང་ཆེ། །རྡོ་རྗེའི་བྲག་གི་ཀེའུ་ཚང༌། །མཱ་ར་ཏི་ཀ་ལྷ་ཡི་ཚལ། །འཆི་མེད་པདྨ་འོད་འབར་དང༌། །ལྷ་ལྕམ་མནྡཱ་བ་ཡིས། །ཚེ་དབང་རིག་འཛིན་རྡོ་རྗེའི་སྐུར། །བཞེངས་ཏེ་གསུང་གི་རྡོ་རྗེ་དང༌། །གཉིས་མེད་རྡོ་རྗེའི་སྐུར་བཞེངས་པའི། །གནས་མཆོག་མེལ་ཚེའི་སྐྱོང་མཛད་པ། །ཕྱི་ལྟར་ཞིང་སྐྱོང་གཟི་ལྡན་རྩལ། །ནང་དུ་མགོན་པོ་སྟོབས་འཕྲོག་དབང༌། །གསང་བ་མ་ཧཱ་དེ་ཝ་ཆེ། །ཡབ་ཡུམ་སྤྲུལ་པ་འཁོར་དང་བཅས། །བཀའ་སྡོད་ཞིང་སྐྱོང་ཌཱ་ཀི་མ། །ཕོ་ཉ་གིང་དང་ལངྐའི་ཚོགས། །ཁྱི་སྤྱང་འབྲུག་ཁྱུང་ལ་སོགས་པ། །པདྨ་དབང་གི་བཀའ་ཉན་དང༌། །ལྷ་ཀླུ་ཞིང་སྐྱོང་དུ་མའི་ཚོགས། །ཀུན་ཀྱང་དགྱེས་པས་གནས་འདིར་སྤྱོན། །རང་མཐུན་གདན་ལ་བག་ཕེབས་བཞུགས། །གཙང་སྦྱར་ཡིད་འོང་མཆོད་པའི་ཚོགས། །རྡོ་རྗེའི་འདོད་ཡོན་ཉེར་སྤྱོད་བདུན། །ཤིས་པའི་རྟགས་རྫས་བུམ་བཟང་གཏེར། །གནག་ཕྱུགས་རི་དྭགས་གཅན་གཟན་ཁྱུ། །གསེར་སྐྱེམས་གཡུ་སྐྱེམས་དཔའ་བོའི་དཔུང༌། །དར་ཟབ་དཀོར་ཆ་མཁོ་དགུའི་རྫས། །རིན་ཆེན་ཁང་བཟང་དབྱིག་མཛོད་སོགས། །མི་ཟད་ནམ་མཁའ་མཛོད་ཆེན་པོའི། །ལོངས་སྤྱོད་བསམ་མི་ཁྱབ་པ་ཡིས། །གསོལ་ལོ་མཆོད་དོ་ངོ་སོ་བསྟོད། །འཁོན་གྲིབ་ཉམས་ཆག་ཐམས་ཅད་བཤགས། །གནས་མགྲོན་དམ་ཚིག་ལ་དགོངས་ནས། །ཉམས་ཆགས་འཁོན་གྲིབ་མེད་པ་དང༌། །འཆི་མེད་ཚེ་དཔལ་འབྱོར་བ་རྒྱས། །ལོངས་སྤྱོད་ཕུན་ཚོགས་གྲགས་སྙན་སྤེལ། །ལྷ་ཞལ་ཟླ་ལྟར་དཀར་ནས་ནི། །སངས་རྒྱས་བསྟན་དར་བསྟན་འཛིན་རྒྱས། །བཤད་སྒྲུབ་ལས་ཀྱི་བྱ་བ་འཕེལ། །གནས་འདིར་རིག་འཛིན་འདུ་ཚོགས་རྒྱས། །ལོ་ལེགས་འབྲུ་འཕེལ་བཀྲག་དང་ལྡན། །ཀུན་ཀྱང་བདེ་སྐྱིད་ཡིད་མཐུན་འགྲོགས། །ནད་མུག་འཁྲུག་རྩོད་རྒྱུན་ཆད་ནས། །དགའ་བདེའི་ཉི་ཟླ་བཀྲག་ཏུ་འཚེར། །དཀར་པོའི་སེམས་རྒྱུད་ཤུགས་དྲག་པས། །མཆོག་གསུམ་གཙུག་བཀུར་དགེ་བཅུ་སྤྱོད། །རྫོགས་ལྡན་དགའ་སྟོན་དར་བར་མཛོད། ཅེས་པའང་གནས་འཛིན་ཀུ་ལུང་བླ་མ་ངག་དབང་ཆོས་འཕེལ་ནས་རྟེན་བཅས་ཆེད་དུ་བསྐུལ་བ་བཞིན་མངྒ་ལ་ཤྲཱི་བྷཱུ་ཏི་གནས་དེར་སླེབས་པའི་ཚེ་བྲིས་པ་དགེ་ལེགས་འཕེལ། སརྦ་ཛ་ག་ཏཾ།། །། ༈ བཀྲ་ཤིས་དགེ་བ་ལྷོ་ལྗོངས་ཤར་ཕྱོགས་ཆར། །དབང་བྱེད་ཡུལ་ལྷ་སྡེ་བརྒྱད་དམག་དཔུང་བཅས། །འདོད་ཡོན་བདུད་རྩིའི་མཆོད་པ་འདི་བཞེས་ལ། །ཕུན་ཚོགས་བདེ་སྐྱིད་དཔལ་གྱིས་འབྱོར་བར་མཛོད། །ཧྲཱིཿ དབང་དྲག་པདྨའི་བཀའ་གཉན་མཐུ་བོ་ཆེ། །དྷིལླི་བཙན་རྒོད་སྲས་ཡུམ་སྤྲུལ་པར་བཅས། །འདོད་ཡོན་བདུད་རྩིའི་མཆོད་པ་འདི་བཞེས་ལ། །གེགས་ཞི་བསམ་དོན་ལྷུན་གྱིས་འགྲུབ་པར་མཛོད། །ཅེས་པའང་བླ་མ་པདྨ་དབང་ཆེན་གྱི་གསུང་བསྐུལ་བཞིན་བཀྲིས་དཔལ་འབྱོར་རྒན་པོས་བྲིས་པ་དགེ།། །། ༈ སྐུ་རྗེས་རྡོ་རྗེ་བརྩེགས་པའི་བཀའ་སྲུང་དམ་ཅན་ཤེལ་གིང་ཆེན་པོའི་མངའ་གསོལ་དགེ་ལེགས་དཔལ་གྱི་རོལ་མོ་ཞེས་བྱ་བ་བཞུགས་སོ།། རབ་འབྱམས་ཆོས་དབྱིངས་མཁའ་ལ་སྒྱུ་འཕྲུལ་གར། །རབ་མང་རྩ་གསུམ་རྒྱ་མཚོའི་མཁྱེན་བརྩེ་ནུས། །རབ་མཛེས་གསང་གསུམ་རྟོགས་པའི་མཚོ་སྐྱེས་རྗེའི། །རབ་སྙན་ཚིག་དོན་བརྗོད་ཚིག་ལྕི་བར་མཛོད། ༡ །ཡེ་གྲོལ་གདོད་མའི་རང་གདངས་འཁོར་འདས་ཆོས། །འགག་མེད་ཅིར་སྣང་ཆོས་ཉིད་བདེ་བ་ཆེར། །འདུ་འབྲལ་མེད་པའི་ཡེ་ཤེས་ཆེན་པོའི་རྩལ། །དམ་ཅན་ཤེལ་གྱི་གིང་ཆེན་མངའ་གསོལ་ལོ། ༢ །མ་དག་ཉོན་མོངས་དུག་གསུམ་རང་རྒྱུད་ཉིད། །རྟོགས་ན་བདེ་གསལ་མི་རྟོག་སྐུ་གསུམ་དབྱིངས། །བསྟན་སྲུང་རྒྱུད་གསུམ་དྲེགས་པའི་སྡེ་དཔོན་དུ། །རྡོ་རྗེའི་ཐ་ཚིག་ཕོག་བཞིན་མངའ་གསོལ་ལོ། ༣ །ཕན་བདེའི་འབྱུང་གནས་མཉམ་མེད་ཐུབ་བསྟན་མཚོ། །ལུང་རྟོགས་པདྨའི་ཚལ་གྱིས་རབ་མཛེས་པ། །བཤད་སྒྲུབ་ལས་ཀྱི་སྦྲང་རྩིས་ཆེས་ཕྱུག་པའི། །མེལ་ཚེས་སྐྱོང་བའི་ཉིན་བྱེད་མངའ་གསོལ་ལོ། ༤ །མཐའ་ཀླས་འགྲོ་ལ་སྙིགས་མའི་ཟུང་རྔུ་བརྒྱས། །མནར་ལ་མཆོག་གསུམ་ཕྲིན་ལས་སྟོན་ཟླའི་འོད། །ཆེས་བསིལ་ཕན་དང་བདེ་བའི་སྨན་བཅུད་ཀྱིས། །སྐྱོང་མཛད་བདུད་རྩིའི་འབྱུང་གནས་མངའ་གསོལ་ལོ། ༥ །ཁྱད་པར་སངས་རྒྱས་གཉིས་པའི་ཕྲིན་ལས་དཔལ། །སྐལ་ལྡན་ཤིང་རྟ་ལྷག་པར་འབབ་པའི་ལྗོངས། །ཁ་བཞི་ལྷོ་ཡི་སྨན་ལྗོངས་མི་མཐུན་ཕྱོགས། །སྐྱོབས་པའི་ལྷ་རབ་ཆེན་པོར་མངའ་གསོལ་ལོ། ༦ །ངེས་དོན་ཁ་བའི་རྡུལ་བརྩེགས་སྤོར་འགྱིང་ཞིང༌། །ཉམས་རྟོགས་གཡུ་རལ་རྒྱས་པའི་སེང་ཕྲུག་གིས། །ཛམ་གླིང་ཐ་གྲུར་ཁྱབ་མཛད་དབྱར་རྔ་པའི། །བསྟན་པ་ཕྱོགས་བརྒྱར་རྒྱས་བྱེད་མངའ་གསོལ་ལོ། ༧ །ཆོས་བཞིན་སྐྱོང་བའི་རྒྱལ་བློན་འབངས་དང་འཁོར། །རྣམ་དཀར་དགེ་བཅུའི་ཤིང་རྟ་ལ་འཛེགས་ནས། །ཕུན་ཚོགས་སྡེ་བཞིའི་ནོར་གྱིས་ཆེས་ཕྱུག་པའི། །མེས་པོ་སྟོབས་ཆེན་མཆོག་ཏུ་མངའ་གསོལ་ལོ། ༨ །ཁྱད་པར་ལྷ་ཆོསྃ་རྩེརྃ་སོན་འདུས་པའི་སྡེ། །རྣམ་དག་ཚུལ་ཁྲིམས་ལང་ཚོ་དར་བབ་ཅིང༌། །བསླབ་གསུམ་ནོར་བུའི་རྒྱན་གྱིས་སྒེག་པའི་སྡེ། །འཕེལ་རྒྱས་བརྟན་པའི་སྲུང་མར་མངའ་གསོལ་ལོ། ༩ །རང་བྱུང་གྲུབ་པའི་སློབ་དཔོན་ཡེ་ཤེས་སྐུའི། །ཕྱག་རྒྱས་སྤ་བའི་རྡོ་རྗེའི་གནས་ཆེན་གྱི། །སྐུ་གསུང་ཐུགས་རྟེན་མཆོད་པའི་སྲི་ཞུ་ཡིས། །ཚོགས་གཉིས་དཔལ་ཡོན་རྒྱས་ཕྱིར་མངའ་གསོལ་ལོ། ༡༠ །མང་མང་མཆོད་པའི་བཀོད་པས་མདུན་བདར་ཏེ། །སྙན་སྙན་མངའ་གསོལ་ཚིག་གིས་སྦྲན་པ་བཞིན། །མྱུར་མྱུར་ཕྲིན་ལས་གློག་ཕྲེང་བསྒྱུར་དང་བཅས། །ལེགས་ལེགས་དགེ་མཚན་དཔལ་ཀུན་རྒྱས་གྱུར་ཅིག །ཅེས་ཆོས་རྩེའི་བྱང་འདྲེན་མཆོག་ནས་རྟེན་བཅས་རྗེས་སུ་གསུང་བསྐུལ་བཞིན་རྒྱལ་ཁམས་པ་རྒན་པོ་མངྒ་ལས་གནས་མཆོག་དེ་ཉིད་དུ་བྲིས་པ་བསྟན་འགྲོའི་དགེ་མཚན་རྒྱས་པའི་རྒྱུར་གྱུར་ཅིག །། །། གནས་བདག་མཆོད་ཐབས་བཀྲ་ཤིས་ཆར་འབེབས་བཞུགས། ཨོཾ་སྭསྟི། གཙང་མའི་སྣོད་དུ་གཏོར་མ་དཀར་དམར་དང༌། །ཟས་སྣ་དར་སྣ་འབྲུ་སྨན་སོགས་དང༌། གསེར་སྐྱེམས་དཀར་སྡོན་བསང་དགོས་ན་ཤིང་རྩིའི་དུད་པ་དཀར་གསུམ་ཕྱེ་མར་བཅས་འདུ་བྱས་ལ། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ་དང་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས་ལ། ཀྱཻ། ཆོས་ཀུན་གཟོད་ནས་དག་པའི་མདངས། །ལྷོ་ལྗོངས་སྨན་གྱི་ནགས་ཚལ་ཆེའི། །བྱེ་བྲག་ཡུལ་གྱི་དགེ་བཅུ་དང༌། །ལེགས་ཚོགས་དཔལ་ཡོན་འཁྱིལ་བའི་གཞིར། །གནས་ལ་དབང་བྱེད་ཟོ་དོར་ཆེ། །པདྨའི་ཟབ་གཏེར་སྲུང་མའི་གཙོ། །བདུད་རྒྱལ་ཟུ་ར་ར་སྐྱེས་ནི། །སྐུ་མདོག་ནག་པོ་མུན་པའི་མདོག །ཁྲོ་ཚུལ་འཇིགས་རུང་ཆས་ཀྱིས་བརྒྱན། །ཕྱག་གཡས་སྟྭ་རེ་མཁའ་ལ་འཕྱར། །གཡོན་པས་ར་ཡི་རྒྱལ་མཚན་འཕྱར། །དར་ནག་བེར་དང་མགོ་ཕྲེང་འཕྱང༌། །ཆིབས་སུ་བདུད་རྟ་ནག་པོ་དང༌། །རེས་འགའ་གཡག་ནག་ཞོལ་ལྡན་ཆིབས། །དུད་སྤྲིན་མེ་དཔུང་འཚུབས་ཀློང་འགྱིངས། །སྤྲུལ་པའི་ཕོ་ཉ་ཅིར་ཡང་སྤྲོ། །སྡེ་སྤྲུལ་འཁོར་བཅས་བཀའ་ཉན་བཅས། །མཆོད་པའི་མགྲོན་ལ་སྤྱན་འདྲེན་ན། །དགྱེས་ཞལ་ཟླ་ལྟར་དཀར་ལ་སྤྱོན། །གཙང་མའི་གནས་འདིར་ལེགས་བཞུགས་ལ། །འདོད་ཡོན་རྒྱལ་སྲིད་རིན་ཆེན་བདུན། །བཀྲ་ཤིས་རྫས་རྟགས་གཏེར་གྱི་བུམ། །ནོར་བུའི་སྤྲིན་དང་རིན་ཆེན་རི། །འདོད་འཇོའི་བ་དང་རྟ་ཕྱུགས་ནོར། །འདབ་ཆགས་གཅན་གཟན་རི་དྭགས་ཁྱུ། །མདོར་ན་བཞེད་དགུའི་མཆོད་པའི་ཚོགས། །ས་དང་བར་སྣང་ཕྱོགས་མཚམས་ཁྱབ། །གསེར་སྐྱེམས་གཡུ་སྐྱེམས་ཕུད་རྒོད་མཚོ། །བཟང་སྤོས་སྤྲིན་གྱི་ཞིང་ཀུན་ཁྱབ། །མི་ཟད་ནམ་མཁའ་མཛོད་དུ་འབུལ། །འཁོན་འགྲས་ཉམས་ཆགས་ཐམས་ཅད་བཤགས། །ཕོག་ཐུག་འཁོན་མནོལ་བཟོད་བཞེས་ལ། །གནས་མགྲོན་དམ་ཚིག་མི་གཡེལ་བས། །ཕ་ཡིས་བུ་བཞིན་དགྱེས་སྐྱོང་ལ། །སྣོད་བཅུད་དཔལ་ཡོན་རྒྱས་ཤིང་བརྟན། །དཀོན་མཆོག་གསུམ་གྱི་དབུ་རྨོག་བཙན། །རྒྱལ་བསྟན་རིན་ཆེན་དགེ་འདུན་རྒྱས། །བཤད་སྒྲུབ་ལས་ཀྱི་བྱ་བ་དར། །ཆར་ཆུ་དུས་བབ་ལོ་ཕྱུགས་ལེགས། །རིགས་ཀྱི་རྒྱུད་འཕེལ་དགེ་བློ་ལྡན། །ཚེ་བསོད་དབང་ཐང་རླུང་རྟའི་སྟོབས། །རྒྱས་པས་གནོད་བྱེད་དགྲ་བགེགས་ཐུལ། །ཇི་བསམ་ཡིད་བཞིན་འགྲུབ་པ་ཡི། །བཀྲ་ཤིས་དར་རྒྱས་ཆེ་བར་མཛོད། །ཅེས་བརྗོད་ལ་མགྲོན་བཟོད་གསོལ་གཤེགས་བསྡུ་སོགས་སྤྱི་ལྟར་བྱའོ། །ཅེས་པའང་མཆོག་སྤྲུལ་རིན་པོ་ཆེ་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གི་གསུང་བསྐུལ་བཞིན་ཀུན་ལ་སྨན་སེམས་ཀྱིས་རྒྱལ་ཁམས་པ་མངྒ་ལས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག། །། ༈ བཀྲ་ཤིས་ལྗོངས་ཀྱི་གནས་གསོལ་དགེ་ལེགས་འདོད་འཇོ་བཞུགས། ན་མོ་གུ་ར་ཝེ། །གནས་བདག་གསོལ་མཆོད་གཏོང་བར་འདོད་པས་གཏོར་མ་དཀར་དམར། ཇ་ཆང་སྐྱེམས་ཕུད། འབྲུ་སྨན་རིན་ཆེན་སོགས་མཐུན་རྫས་འདུ་བྱས་ལ། རང་ཡི་དམ་དུ་གསལ་བས། མཆོད་གཏོར་རྣམས། རྃ་ཡྃ་ཁྃ་གིས་མཆོད་རྫས་ཉེས་སྐྱོན་སྦྱངས། །ཨོཾ་ཨཱཿཧཱུྃ་ལས་འདོད་དགུའི་མཆོད་པའི་སྤྲིན། །ཟད་མེད་ནམ་མཁའ་མཛོད་ཀྱི་འཁོར་ལོ་ཡིས། །མགྲོན་ཀུན་དགྱེས་པར་སྐོང་བའི་ནུས་ལྡན་གྱུར། །ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ། ཀྱཻ། ཡུལ་འདི་བདེ་བར་སྐྱོང་བའི་མཐུ་བོ་ཆེ། །བཙན་རྒོད་མཚོ་སྨན་ཀླུ་བདུད་འཁོར་དང་བཅས། །དགྱེས་བསྐྱེད་མཆོད་པའི་མགྲོན་དུ་གནས་འདི་རུ། །ལྷ་ཞལ་ཟླ་ལྟར་དཀར་བས་བཞུགས་སུ་གསོལ། །དངོས་དང་ཏིང་ངེ་འཛིན་གྱི་རོལ་མོ་ལས། །མཆོད་བསྐང་རྟེན་རྫས་སྒྲུབ་པའི་ཡོ་བྱད་སོགས། །མི་ཟད་ཆོས་དབྱིངས་རྒྱས་པར་འགེངས་པ་ཡིས། །དབང་པོའི་སྤྱོད་ཡུལ་དགའ་བའི་དཔལ་སྐྱེད་འབུལ། །ཁྱེད་ཅག་སྲིད་པ་ཆགས་པའི་ལྷ་རབས་སུ། །བདག་ནི་གནས་འདིར་འཁོད་པས་གུས་བཏུད་ཅིང༌། །མཆོད་པའི་དམ་རྫས་འདོད་དགུ་འབུལ་ལགས་ན། །དམ་ཚིག་གཉན་པོས་བཞེས་ཞིང་དགྱེས་ནས་ཀྱང༌། །བག་མེད་སྤྱོད་པའི་ནོངས་པ་བཟོད་བཞེས་ལ། །སྣོད་བཅུད་རྫོགས་ལྡན་དཔལ་གྱིས་འབྱོར་བ་དང༌། །མི་ཕྱུགས་འབྲུ་ནོར་ཚོང་མགྲོན་དུས་ཀུན་ལེགས། །རྣམ་དཀར་ལས་སྤྱོད་བཤད་སྒྲུབ་འདུས་ཚོགས་འཕེལ། །དགྲ་རྐུན་ནག་ཕྱོགས་ལས་རྒྱལ་བཀྲ་ཤིས་ཀྱི། །སྣང་བས་འཇིག་རྟེན་གསུམ་ན་ཁྱབ་གྱུར་ཅིག །ཆོས་ལྡན་རྒྱལ་པོའི་མངའ་ཐང་ཆབ་སྲིད་རྒྱས། །དཀོན་མཆོག་དབུ་འཕང་ཆེས་མཐོ་ཀུན་གྱིས་བཀུར། །དགེ་ལེགས་ཟླ་བ་ཡར་ངོ་ལྟར་འཕེལ་བས། །དོན་གཉིས་ཡིད་བཞིན་འབྱོར་ཞིང་རྒྱས་པར་མཛོད། །མཆོད་གཏོར་འབུལ་ཞིང་མགྲོན་གཤེགས་བསྡུ་བྱའོ། །ཞེས་པའང་སྣོད་བཅུད་སྤྱི་ལ་སྨན་པའི་ལྷག་བསམ་གྱིས་རང་སློབ་ཐུབ་བསྟན་རྣམ་རྒྱལ་ནས་རྟེན་བཅས་བསྐུལ་ངོར་རྣལ་འབྱོར་སྤྱོད་པ་བཀྲ་ཤིས་དཔལ་འབྱོར་གྱིས་བྲིས་པ་ཕན་བདེའི་དཔལ་དུ་གྱུར་ཅིག། །། ༈ ཧཱུྃ་ཧྲཱིཿ ཁྱབ་བརྡལ་ཡངས་པ་ཆོས་སྐུའི་ཀློང་ཡངས་སུ། །ལྷུན་གྲུབ་འོད་ལྔ་ལོངས་སྐུའི་ཞིང་ཆེན་པོ། །གདོད་ནས་རྫོགས་པའི་དག་ཆེན་སྤྲུལ་པའི་གནས། །རང་བྱུང་སྦས་པའི་གནས་ཀྱི་སྲུང་མ་ཆེ། །མཛོད་ལྔ་སྟག་རྩེ་སྤྲུལ་འཁོར་ལས་བྱེད་འཁོར། །ལྗོངས་འདིའི་ཕུ་མདའ་ཉིན་སྲིབ་རི་བྲག་མཚོར། །གནས་པའི་ཡུལ་གཞི་གཏེར་བདག་ལ་སོགས་པ། །ཀུན་ལ་དགྱེས་སྐྱེད་དམ་རྫས་གཏོར་མའི་ཕུད། །བདུད་རྩི་བསང་དང་གསེར་སྐྱེམས་འདོད་དགུའི་གཏེར། །དགོངས་བརྒྱུད་ཏིང་འཛིན་རོལ་མོས་འབུལ་ལགས་ན། །པདྨ་འབྱུང་གནས་རྒོད་ཀྱི་ལྡེམ་འཕྲུ་ཅན། །ནམ་མཁའི་རྣལ་འབྱོར་རྒྱལ་བ་ལྷ་བཙུན་པའི། །མཁས་གྲུབ་པདྨ་ཡེ་ཤེས་རྡོ་རྗེ་ཡིས། །ཇི་ལྟར་བཀའ་བསྒོས་དམ་ལས་མ་འདས་པར། །གསང་ཆེན་ཨ་ཏིའི་བསྟན་པ་དར་བ་དང༌། །རྒྱལ་ཁམས་བདེ་སྐྱིད་ཆོས་ཀྱི་སྣང་བ་རྒྱས། །མཐའ་དམག་དམ་སྲིའི་རྒྱལ་འགོང་གནོད་འཚེ་སྲུངས། །ཆོས་ལྡན་རྒྱལ་པོའི་མངའ་ཐང་དར་བ་དང༌། །བདག་ཅག་བསམ་དོན་ཆོས་བཞིན་འགྲུབ་པར་མཛོད། །ཅེས་པའང་ལྷ་རི་སྦས་པའི་གནས་ཆེན་ནང་ནས་རིན་ཆེན་གཏེར་མཛོད་ཆེན་པོའི་སྨིན་གྲོལ་སྤེལ་བའི་སྐབས་ཀུ་སཱ་ལི་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་གང་ཤར་བྲིས་པ་དོན་དང་ལྡན་པར་གྱུར་ཅིག། །། ༈ སྦས་ཡུལ་འབྲས་མོ་གཤོང་གི་གནས་བདག་མཆོད་ཐབས་བཀྲ་ཤིས་ལྷ་ཡི་རོལ་མོ་བཞུགས། ཨོཾ་སྭསྟི། དུས་ཚེས་དགེ་བར་གཙང་མའི་གནས་སུ་ཤིང་རྩིའི་དུད་སྤྲིན་དང༌། འབྲུ་སྨན་དར་ཟབ་རིན་ཆེན་ཕྱེ་མས་སྦགས་པའི་ཟས་སྣ། གསེར་སྐྱེམས་བཅས་འདུ་བྱས་ལ་ཆབ་ཀྱིས་བྲན་ལ། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ་དང་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་བརླབས་ལ། ཀྱཻ། གདོད་ནས་དག་པའི་ཆོས་ཉིད་ལ། །འགགས་མེད་ཆོས་ཅན་རྟེན་འབྲེལ་གྱི། །སངས་རྒྱས་རྣམས་ཀྱི་སྨོན་ལམ་དང༌། །སྐྱེ་དགུའི་བསོད་ནམས་མཐུ་དཔལ་ལས། །དག་པའི་ཞིང་གི་སྒྲོན་མ་བཀོད། །སྣོད་བཅུད་རི་གླིང་ཅིར་ཡང་བྱུང༌། །དེ་ལས་བྱེ་བྲག་འཛམ་བུའི་གླིང༌། །གདོད་ནས་གྲུབ་པའི་གནས་དང་ཡུལ། །དཔའ་བོ་ཌཱ་ཀི་རང་བཞིན་གྱི། །འདུ་བའི་གནས་དང་ཞིང་ཁམས་ནི། །ཐུན་མོང་ཁྱད་པར་གསང་བ་ཡི། །ངོ་མཚར་བསམ་མི་ཁྱབ་པ་ཡི། །བྱེ་བྲག་རང་བྱུང་སངས་རྒྱས་ཆེ། །མཚོ་སྐྱེས་རྡོ་རྗེའི་བྱིན་བརླབས་པས། །རྡོ་རྗེ་ཐེག་པ་འབྱུང་བའི་གནས། །སྐལ་མེད་སྐྱེ་བོའི་བགྲོད་དཀའ་ཞིང༌། །རྡོ་རྗེའི་རིགས་ཅན་འདུ་བའི་གནས། །ཆོས་ནོར་རྫས་ཀྱི་གཏེར་དུ་མས། །གཏམས་ཤིང་རྩི་སྨན་ཤིང་ཏོག་འབྲུ། །འཕེལ་རྒྱས་ཟད་མེད་འབྱུང་བའི་ཡུལ། །ལྷ་རི་བཀྲ་ཤིས་འབྲས་མོ་ལྗོངས། །དབུས་སུ་བྲག་དཀར་བཀྲ་ཤིས་ལྡིང༌། །ཕྱོགས་བཞིར་རྡོ་རྗེའི་ཕུག་ཆེན་བཞི། །གངས་བྲག་མཚོ་རི་ངོ་མཚར་བའི། །བཀོད་པ་མཛེས་ཤིང་ཡིད་འོང་ཆར། །རིག་འཛིན་རྩ་བརྒྱུད་བླ་མ་དང༌། །བདེ་གཤེགས་སྒྲུབ་བཀའ་བརྒྱད་ལ་སོགས། །ཡི་དམ་རྒྱུད་སྡེ་དྲུག་གི་ལྷ། །གནས་ཡུལ་དཔའ་བོ་ཌཱ་ཀི་མ། །རྡོ་རྗེའི་ཆོས་སྲུང་གཏེར་གཞི་སྐྱོང༌། །ཇི་སྙེད་བཞུགས་པ་ཐམས་ཅད་ལ། །སྐུ་གསུང་ཐུགས་ལ་མཉེས་པའི་ཕུལ། །མི་གཙང་གྲིབ་འཁོན་སྦྱངས་བའི་ཐབས། །དག་བྱེད་བདུད་རྩིའི་ནུས་ལྡན་ཤིང༌། །སྨན་སྤོས་བཟང་པོའི་དྲི་ངད་ཅན། །ཟེགས་མ་འདོད་ཡོན་དགྱེས་དགུའི་རྫས། །རང་བཞིན་ལྷུན་གྱིས་གྲུབ་པ་ཡིས། །བསང་ངོ་མཆོད་དོ་དགྱེས་པ་བསྐྱེད། །གཞན་ཡང་གཏོར་མ་གསེར་སྐྱེམས་དང༌། །སྤྱན་གཟིགས་མཐུན་པའི་རྫས་མཐའ་དག །ཡིད་བཞིན་ལྷུན་གྱིས་གྲུབ་པའི་དཔལ། །ཟད་མི་ཤེས་པས་མཉེས་གྱུར་ཅིག །ཐུགས་དང་འགལ་བའི་ནོངས་པ་མཐོལ། །བདག་ཅག་སྒྲུབ་པ་པོ་རྣམས་ལ། །ཞི་ཞིང་བྱམས་པའི་ཐུགས་ཀྱིས་དགོངས། །ཉེས་པའི་སྤྱོད་པས་ཐུགས་འགལ་ན། །ཀོ་ལོང་རུ་ང་མ་མཛད་པར། །གནས་མགྲོན་དམ་ཚིག་གཅིག་ཏུ་དགོངས། །དབེན་པའི་གནས་ཀུན་སྒྲུབ་པའི་སྡེས། །མཛེས་ཤིང་དངོས་གྲུབ་དཔལ་ལ་སྤྱོད། །ཆོས་ཀྱི་སྡེ་ཀུན་བཤད་དང་སྒྲུབ། །བསྟན་པའི་སྙིང་པོ་རྒྱས་པ་དང༌། །སྣོད་བཅུད་དཔལ་གྱི་ཡོན་ཏན་དར། །ནད་མུག་འཁྲུགས་རྩོད་མཐའ་དག་ཞི། །ཆར་ཆུ་དུས་བབ་ལོ་ཕྱུགས་ལེགས། །དཔལ་འབྱོར་འབྲུ་ནོར་ཡོན་ཏན་རྒྱས། །བདེ་སྐྱིད་དགའ་སྟོན་དར་བ་སོགས། །བཀྲ་ཤིས་ཀུན་ཏུ་ཁྱབ་པ་ཡི། །དགེ་ལེགས་ཡར་ཟླ་ལྟར་འཕེལ་མཛོད། །ཅེས་དང་མགྲོན་ཀུན་དགྱེས་བཞིན་གཤེགས་གསོལ་སོགས་རྗེས་ཀྱི་ལས་རིམ་བྱའོ། །ཞེས་པའང་རྒྱལ་དབང་མཚོ་སྐྱེས་རྡོ་རྗེའི་རིང་ལུགས་ཀྱི་གྲལ་མཐར་འཁོད་པའི་རིག་པ་འཛིན་པ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་གྱིས་བྲིས་ཤིང་ཕྲིན་ལས་སུ་གསོལ་བས་བསྟན་འགྲོའི་དགེ་མཚན་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །། ༈ ཧཱུྃ། རྒྱལ་དབང་པདྨའི་རིང་ལུགས་བཀའ་གཏེར་གྱི། །བསྟན་པ་སྲུང་ཕྱིར་རིག་འཛིན་དབང་པོ་ཉིད། །སྟོབས་ལྡན་ཆོས་སྐྱོང་དྲག་པོའི་སྐུར་བཞེངས་པ། །མཐུ་རྩལ་ཆེས་མྱུར་རྡོ་རྗེ་ཐོག་རྒོད་རྩལ། །སྔོན་གྱི་དམ་ཚིག་རྗེས་དགོངས་གནས་འདིར་གཤེགས། །གཏོར་མ་གསེར་སྐྱེམས་མཐུན་པའི་རྫས་ཀྱིས་བསྐང༌། །ཉམས་ཆགས་མཐོལ་བཤགས་བདག་ལ་སྡོང་གྲོགས་མཛོད། །སྔ་འགྱུར་བསྟན་དང་དེར་འཛིན་སྐྱེས་བུ་སྲུངས། །འགལ་བྱེད་ཆམ་ཕོབ་དགྲ་ལ་རྟགས་མཚན་སྟོན། །ཚེ་དཔལ་རླུང་རྟའི་སྟོབས་བསྐྱེད་འདོད་དགུའི་ལས། །ཡིད་བཞིན་འགྲུབ་པའི་ཕྲིན་ལས་མྱུར་དུ་མཛོད། །བཀྲ་ཤིས་དགེ་ལེགས་ཕྱོགས་དུ་ས་ཀུན་ཁྱབ་ཤོག །ཅེས་དྲག་པོ་སྔགས་ཀྱི་རྣལ་འབྱོར་པ་འཇིགས་མེད་སྐལ་བཟང་རྡོ་རྗེའི་བསྐུལ་ངོར་སྙིང་བཙུན་རྡོ་རྗེ་ཐུགས་མཆོག་རྩལ་གྱིས་བྲིས་པ་བི་ཛ་ཡནྟུ།། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | |||
</ | <headertabs/> | ||
== Footnotes == | |||
<references/> | |||
==Other Information== | |||
{{Footer}} | |||
[[Category:DKR-KABUM-Volume-11-DA]] | [[Category:DKR-KABUM-Volume-11-DA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] | ||
Latest revision as of 09:09, 1 June 2024
🚧 This website is under continued development. We appreciate your patience!
Wylie title | gnas bdag mchod thabs bkra shis char 'bebs | |
---|---|---|
Location | dil mgo mkhyen brtse bka' 'bum Volume 11, Text 22, Pages 111-117 (Folios 1a to 7b4) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | Khyentse, Dilgo. Gnas bdag mchod thabs bkra shis char 'bebs. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 11: 111-117. Delhi: Shechen Publications, 1994. | |
Genre | Protector Rituals - gsol mchod | |
Deity | gnas bdag |