DKR-KABUM-04-NGA-012: Difference between revisions
From Khyentse Lineage - A Tsadra Foundation Project
DKR-KABUM-04-NGA-012
No edit summary |
m (Text replacement - "Khyentse Metadata" to "Text") |
||
(One intermediate revision by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
Line 31: | Line 31: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|སྙིགས་མར་སྤྱོད་པའི་འགྲོ་ལ་ཐུགས་བརྩེ་བས། །སྨོན་ལམ་ལྔ་བརྒྱའི་བདེན་དོན་མངོན་གྱུར་ནས། །རྩོད་དུས་གདུལ་བྱ་སྐྱོབ་ལ་པད་དཀར་ལྟར། །བསྔགས་པའི་མགོན་པོ་བཀའ་དྲིན་ཅན་ཁྱོད་ཀྱིས། །སྟོན་པའི་ཞལ་ཚབ་རྗེས་འཇུག་བླང་དོར་མིག །ཆོས་འདུལ་བདུད་རྩིའི་སྣང་བས་སིམ་མཛད་པ། །ངན་སྤྱོད་སྣ་དགུའི་སྒྲ་གཅན་གྱིས་བསྒྲིབས་པའི། །ཉེས་པའི་གཡུལ་ངོ་འདི་ལས་བསྐྱབ་ཏུ་གསོལ། །ལྷ་དང་བཅས་པའི་འཇིག་རྟེན་གསུམ་ཆར་གྱིས། །མིག་གི་བདུད་རྩི་ཡོན་གནས་དམ་པའི་རྒྱན། །མཐོང་ན་མི་མཐུན་མེད་པའི་ངུར་སྨྲིག་འཛིན། །ས་ཆེན་དོག་པོར་བྱེད་པས་ཁེངས་གྱུར་ཅིག ༈ བདག་ཅག་གི་སྟོན་པས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་ཞེས་པའི་བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར་ནི། དཔལ་སྤྲུལ་རིན་པོ་ཆེའི་གསུང་དམ་པའི་ཆོས་ལ་བསྔགས་པ་ཨུཏྤལ་གཞོན་ནུའི་ཆུན་འཕྱང་ལས། སྡུག་བསྔལ་ཀུན་འབྱུང་འགོག་པ་ལམ་བདེན་པ། །འཁོར་དང་གཞན་ཡང་འབྲས་བུ་རྒྱུར་བཅས་ཟུང༌། །ཤེས་དང་སྤང་བླང་བགྱིད་དང་བགྱིས་ཟིན་པ། །བཟླས་པ་བཅུ་གཉིས་ཐུབ་པས་དང་པོར་བསྟན། །ཞེས་པ་སྟེ། གནས་ཕུན་སུམ་ཚོགས་པ་ཝཱ་ར་ཎ་སི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ། སྟོན་པ་ཕུན་སུམ་ཚོགས་པ་བསྐལ་བཟང་རྣམ་འདྲེན་བཞི་པ་ཤཱཀྱའི་རྒྱལ་པོས། འཁོར་ཕུན་སུམ་ཚོགས་པ་ལྔ་སྡེ་བཟང་པོ་དང་ལྷ་བརྒྱད་ཁྲི་ལ། དུས་ཕུན་སུམ་ཚོགས་པ་ཆུ་སྟོད་ཟླ་བའི་ཚེས་བཅོ་ལྔར། ཆོས་ཕུན་སུམ་ཚོགས་པ་འབྲས་བུ་འཁོར་བ་སྡུག་བསྔལ་གྱི་བདེན་པ་སྡུག་བསྔལ་ཡིན་པར་ཤེས་པར་བྱ་བ། རྒྱུ་ཀུན་འབྱུང་ལས་དང་ཉོན་མོངས་སྤང་བྱར་ཤེས་པ། དེའི་གཉེན་པོ་ལམ་གྱི་བདེན་པ་རྒྱུད་ལ་བླང་བྱར་ཤེས་པ། དེའི་འབྲས་བུ་འགོག་བདེན་མངོན་དུ་བྱ་བར་ཤེས་པ་སྟེ། དེའི་མཚན་གཞིའི་གཙོ་བོ་འདུལ་བ་པོད་བཅུ་གསུམ་དང་ཐེག་དམན་གྱི་མདོ་སྡེ་ཐམས་ཅད་དོ། བར་པ་ཡང་དེ་ཉིད་ལས། སྣང་བའི་ཆོས་འདི་རང་བཞིན་སྟོང་པ་སྟེ། །སྟོང་པའི་དབྱིངས་ནི་བློ་ཡི་ཡུལ་མིན་ལ། །བློ་འདས་གང་ཡིན་ཁས་ལེན་ཚིག་བྲལ་བ། །ཟབ་པའི་ཚུལ་འདི་འཁོར་ལོ་བར་པར་བསྟན། །ཞེས་པ་ལྟར། བཀའ་བར་པ་ཆོས་ཐམས་ཅད་མཚན་ཉིད་མེད་པའི་ཆོས་འཁོར། དུས་རིམ་གྱིས་དང་གཅིག་ཆར་གདུལ་བྱའི་མོས་རིམ་བཞིན་མ་ངེས་པར་གསུངས་ཏེ། མདོ་སྡེ་ཡོན་ཏན་བཀོད་པ་ལས། ང་ཡིས་ཅི་ཡང་མ་གསུངས་ལ། །སེམས་ཅན་རྣམས་ལ་ཁྱབ་བརྡལ་སྣང༌། །གང་ཚེ་རིམ་གྱིས་མངོན་འདོད་པ། །དེ་དག་ཀུན་ལ་དེ་བཞིན་ཏེ། །དུས་གཅིག་ཉིད་དུ་འཇུག་པ་ལས། །ཆོས་ཀྱི་རྣམ་གྲངས་རྫོགས་པར་སྣང༌། །ཡིད་བཞིན་རེ་བ་རྣམ་སྐོང་བའི། །གསུང་གི་ཆེ་བ་དེ་ཉིད་དོ། །ཞེས་དབང་པོའི་རིམ་པས་མ་ངེས་པ་དང༌། གནས་བྱ་རྒོད་ཕུང་པོའི་རི་བོར། སྟོན་པ་ཤཱཀྱ་ཐུབ་པས། འཁོར་བྱང་ཆུབ་སེམས་དཔའི་ཚོགས་ལ། ཆོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་འབྲིང་བསྡུས་གསུམ་སོགས་བསྟན། ཐ་མ་ཡང་དེ་ཉིད་ལས། འཕོ་མེད་རྟག་པ་དག་པ་ཆེན་པོའི་ཁམས། །མ་ལུས་སེམས་ཅན་བདེ་གཤེགས་སྙིང་པོ་ཅན། །ཡོངས་གྲུབ་ཞི་བ་འདུས་མ་བྱས་བསྟན་པ། །ཐུབ་པའི་ཚུལ་འདི་འཁོར་ལོ་ཐ་མ་ལགས། །ཞེས་པ་ལྟར། བཀའ་ཐ་མ་ངེས་དོན་རྣམ་པར་རོལ་པ། གནས་ལྷ་དང་མི་ཡི་ཡུལ་མ་ངེས་པར། དུས་གདུལ་བྱའི་མོས་རིམ་བཞིན་རིམ་དང་གཅིག་ཆར་སྣང་བ་བར་པ་བཞིན་མ་ངེས་པ་དང༌། སྟོན་པ་ཤཱཀྱའི་ཏོག་གིས། འཁོར་བྱང་སེམས་རིགས་གསུམ་མགོན་པོ་སོགས་ལ། ཆོས་བདེ་གཤེགས་སྙིང་པོའི་གནས་ལུགས་ཟབ་རྒྱས་སུ་སྟོན་པ་སངས་རྒྱས་ཕལ་པོ་ཆེ་དང༌། དཀོན་མཆོག་བརྩེགས་པ་སོགས་ཐེག་ཆེན་ངེས་དོན་གྱི་མདོ་སྡེ་སྟེ། འཁོར་ལོ་དང་པོ་དྲང་དོན། བར་པ་དྲང་ངེས་འདྲེས་པ། ཐ་མ་ངེས་དོན་ཁོ་ནར་མདོ་སྡེ་དགོངས་པ་ངེས་འགྲེལ་ལས་གསུངས་པ་ལྟར་ལ་ཞེས་རྙིང་མ་བས་བཞེད། གསང་སྔགས་ཀྱི་རྒྱུད་སྡེ་རྣམས་འཁོར་ལོ་ཐ་མའི་ཁུངས་སུ་བསྡུ། འདུལ་བའི་སྡེ་སྣོད་ཀུན་གྱི་སྙིང་པོ་བཀའ་སོར་མདོ། བསྟན་བཅོས་མདོ་རྩ། ཀླུ་སྒྲུབ་ཀྱི་གཏམ་ཚོགས། མདོ་སྡེའི་སྙིང་པོ་ཤེར་ཕྱིན། བཀའ་བརྒྱད་སྟོང་པ། སྡུད་པ། བསྟན་བཅོས་བྱམས་པའི་མངོན་རྟོགས་རྒྱན། ཀླུ་སྒྲུབ་ཀྱི་དབུ་མ་རིགས་ཚོགས། མངོན་པའི་སྡེ་སྣོད་ལ་དགྲ་ལན་གསུམ་བྱུང་བས། བཀའ་མངོན་པའི་སྡེ་སྣོད་རྒྱས་པ་དངོས་བསྟན་མི་བཞུགས་ཀྱང༌། བསྟན་བཅོས་དབྱིག་གཉེན་གྱི་མངོན་པ་མཛོད། ཐོགས་མེད་ཀྱི་མངོན་པ་ཀུན་བཏུས། བཀའ་ཐ་མའི་དགོངས་འགྲེལ་བྱམས་པའི་རྒྱུད་བླ་མ་དང༌། མདོ་སྡེ་རྒྱན། འབྱེད་གཉིས། ཀླུ་སྒྲུབ་ཀྱི་བསྟོད་ཚོགས་བཅས་ཡིན་སྙམ་ཡང་དཔེ་ཆ་དང་གོ་བསྡུར་མ་བྱུང་བས་ནོར་འཁྲུལ་ཡོད་དེ་མཆིས་པས་བདུད་འཇོམས་རིན་པོ་ཆེའི་ཆོས་འབྱུང་སོགས་སུ་གསལ་སྙམ་པས་དེ་དག་ཏུ་གཟིགས་ཞུ། ༈ གུ་རུ་མཚན་བརྒྱད་ནི། དཔེར་ན་བདག་ཅག་གི་སྟོན་པ་ལ་གཞོན་ནུ་དོན་གྲུབ། ལྷའི་ཡང་ལྷ། ཤཱཀྱ་ཐུབ་པ་སོགས་སངས་རྒྱས་གཅིག་ལ་མཚན་ཐ་དད་པ་རེ་མཛད་པ་ངོ་མཚར་བ་རེས་མཚོན་ཅིང་གྲགས་པ་བཞིན། གུ་རུ་རིན་པོ་ཆེ་གཅིག་ལ་མཛད་པ་རེའི་མཚན་དང་རྣམ་འགྱུར་རེ་བྱུང་བ་ལ་གུ་རུ་མཚན་བརྒྱད་དུ་གྲགས་པ་འཇམ་དཔལ་མཚན་བརྗོད་ལས་ལུང་བསྟན་པ་སྟེ། །དཔལ་ལྡན་སངས་རྒྱས་༡པདྨ་སྐྱེས། ༢ །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། ༣ །རྒྱལ་པོ་༤སྒྱུ་འཕྲུལ་སྣ་ཚོགས་འཆང༌། ༥ །ཆེ་བ་༦སངས་རྒྱས་༧རིག་སྔགས་འཆང༌། ༨ ཞེས་པའི་དང་པོ་དཔྃལ་ལྡནྃ་སངྃས་རྒྱྃས་ཞེས་པ་ནི། སྤང་རྟོགས་མཐར་ཕྱིན་པའི་དཔྃལ་དང་ལྡནྃ་པ་སངྃས་རྒྱྃས་སྣང་བ་མཐའ་ཡས་ཀྱི་སྤྲུལ་པར་གྲགས་པ་དོན་ལ་གནས་པ་སྟེ། གསན་བསམ་སྒོམ་པའི་ཡོན་ཏན་མཐར་ཕྱིན་ཚུལ་བསྟན་པའི་མཚན་ཏེ་གུ་རུ་རིན་པོ་ཆེ་ལམ་མས་སྦྱང་གི་གང་ཟག་མ་ཡིན་པར་རྒྱལ་བ་ཀུན་གྱི་གསུང་རྡོ་རྗེ་སྣང་བ་མཐའ་ཡས་ཉིད་རིག་འཛིན་གྱི་སློབ་དཔོན་ཆེན་པོའི་སྐུར་བསྟན་པའི་དབང་གིས་སྡེ་སྣོད་རྒྱུད་སྡེ་ཐམས་ཅད་རྡོ་རྗེ་སེམས་དཔའ་རྡོ་རྗེ་ཆོས་སོགས་ལྷ་དང༌། བཀའ་བབ་རིག་འཛིན་བརྒྱད་དང་ཌོམྦི་ཧེ་རུ་ཀ་རིགས་ལྡན་པདྨ་དཀར་པོ་སོགས་རིག་འཛིན་མཁའ་འགྲོ་ལས་ཀྱི་དབང་མོ། བདུད་འདུལ་དྲག་མོ་སོགས་མཁའ་འགྲོ་རྣམས་ལས་དངོས་སུ་གསན་ཏེ་དེ་དག་གི་སྟོན་པ་དང་གཉིས་སུ་མེད་པའི་བྱིན་རླབས་ཀྱི་བཀའ་བབ་ཚིག་དོན་ཐུགས་སུ་ཆུད་དངོས་གྲུབ་ཀྱི་མཛོད་བརྙེས་པས་མཁས་གྲུབ་སུས་ཀྱང་རྣམ་ཐར་ལ་འགྲན་མི་བཟོད་པའི་ངོ་མཚར་གྱིས་སྡེ་སྣོད་རྒྱུད་སྡེ་གསུང་རབ་ཀུན་གྱི་ཤིང་རྟ་ཆེན་པོར་གྱུར་པའི་སྐབས་མཚན་པདྨ་སཾ་བྷ་ཝ་ཞེས་པཎྜི་ཏའི་ཚུལ་དུ་བསྟན། ༈ གཉིས་པ་པྃདྨྃ་སྐྱེྃས་སམ་པདྨ་འབྱུང་གནས་ནི་སྐུ་ཐོག་མར་འཁྲུངས་པའི་ཚེ་ལྷོ་ནུབ་འོ་མ་ཅན་གྱི་རྒྱ་མཚོར་ཕ་ཡི་རྒྱུ་ལས་མ་བསྐྱེད། མ་ཡི་རྐྱེན་ལས་མ་བྱུང༌། མེ་ཏོག་གི་པདྨའི་སྡོང་པོར་སངས་རྒྱས་འོད་དཔག་མེད་པའི་ཐུགས་སོར་རྟོག་ཡེ་ཤེས་ཀྱི་རང་གཟུགས་ཡི་གེ་ཧྲཱིཿཡིག་སྤྲོས་པ་རིག་པ་ཐོལ་སྐྱེས་ཀྱི་ཚུལ་དུ་ཁྱེའུ་ལོ་བརྒྱད་པ་མཚན་དཔེས་བརྒྱན་པ་ལྷ་ཡི་ཆ་བྱད་ཅན་དུ་བརྫུས་ཏེ་འཁྲུངས་པ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་སེམས་མཁའ་འགྲོའི་ཚོགས་ཀྱིས་མེ་ཏོག་འཐོར་ཞིང་ཤིས་པ་བརྗོད་ནས་པདྨ་འབྱུང་གནས་ཞེས་མཚན་གསོལ། སྐབས་འགར་མཚོ་སྐྱེས་རྡོ་རྗེ་ཡང་གྲགས་པ་དང༌། ༈ གསུམ་པ་ཀུནྃ་མཁྱེྃན་ཡེྃ་ཤེསྃ་མཛོྃད་འཛིྃན་པྃ། ཞེས་ཤེས་བྱ་རིག་པའི་གནས་ཐམས་ཅད་མཁྱེན་པའི་སྐབས་བློ་ལྡན་མཆོག་སྲེད་ཅེས་གྲགས་པ་སྟེ། བཅུ་ཕྲག་རིག་པའི་གནས་སྡེ་སྣོད་རྒྱུད་སྡེ་ཐམས་ཅད་ཀྱི་ཚིག་དོན་ཐུགས་སུ་ཆུད་ཅིང་ཆོས་རབ་རྣམ་པར་འབྱེད་པའི་ཡེ་ཤེས་ཀྱི་གསང་མཛོད་འཇམ་དཔལ་དབྱངས་དང་གཉིས་སུ་མེད་པར་གྲུབ་པས་མཁས་ཚུལ་དགུའམ་བཅུ་གཉིས་ལ་དབང་ཐོབ་པའི་མཚན་བློ་ལྡན་མཆོག་སྲེད་ཅེས་གྲགས་པ་འཁོར་ལོའི་བསྒྱུར་བའི་རྒྱལ་པོའི་ཆས་ཌཱ་རུ་དང་མེ་ལོང་འཛིན་པའོ། ༈ བཞི་པ་རྒྱྃལ་པོྃ་ཞེས་ཐོག་མར་རྒྱ་མཚོར་པད་སྡོང་གི་རྩེར་འཁྲུངས་པ་ཨོ་རྒྱན་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་རང་གི་སྲས་ཚབ་ཏུ་གདན་དྲངས་ཀྱང་འཇིག་རྟེན་གྱི་སྲིད་སྐྱོངས་བས་གཞན་དོན་མི་འབྱུང་བར་མཁྱེན་ནས་ཧེ་རུ་ཀའི་ཆས་ཀྱིས་ཁ་ཊྭཱཾ་འཕངས་ཏེ་བདུད་བློན་གྱི་བུ་བསད་པས་རྒྱལ་ཁྲིམས་དང་འགལ་བས་དུར་ཁྲོད་དུ་སྤྱུགས་པ་སླར་ཡང་ཨུ་རྒྱན་གྱི་རྒྱལ་ཁམས་འདུལ་བའི་དུས་ལ་བབ་པ་ན་མུ་ཏོ་བའི་ཚུལ་གྱིས་བྱོན་པས་བློན་པོ་རྣམས་ཀྱིས་ངོ་ཤེས་ནས་གསོན་བསྲེགས་བཏང་བ་རྫུ་འཕྲུལ་གྱིས་མེ་དཔུང་མཚོར་བསྒྱུར་བའི་དབུས་སུ་པད་སྡོང་རྩེར་མ་ནོངས་པར་བཞུགས་པས་རྒྱལ་པོ་འཁོར་བཅས་དད་ནས་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ཆོས་འཁོར་གྱིས་ཐམས་ཅད་གྲོལ་པར་མཛད་པས་མཚན་པདྨ་རྒྱལ་པོར་གྲགས། འདི་ཡང་འཁོར་ལོའི་བསྒྱུར་བའི་ཆས་ཌཱ་རུ་དང་པདྨས་གང་བའི་གཞོང་པ་འཛིན། ༈ ལྔ་པ་བརྟུལ་ཞུགས་དང་རྫུ་འཕྲུལ་གྱི་རོལ་པ་དུ་མ་ལ་མངའ་བརྙེས་པའི་སྒྱུྃ་འཕྲུྃལ་སྣྃ་ཚོགྃས་འཆྃང་ཞེས་པ། ཉི་མ་འོད་ཟེར་ཏེ་ཨུ་རྒྱན་རྒྱལ་པོའི་དུར་ཁྲོད་དུ་སྤྱུགས་པ་ལ་འཛམ་གླིང་གི་མཐའ་བསྐོར་དུར་ཁྲོད་ཆེན་པོ་བརྒྱད་སོགས་གནས་ཡུལ་ཀུན་ཏུ་བྱོན་ཏེ་གསང་བ་སྔགས་བརྟུལ་ཞུགས་ཀྱི་སྤྱོད་པས་གྲུབ་པ་རིག་འཛིན། མཁའ་འགྲོའི་ཚོགས་དང་ལྷན་ཅིག་ས་ལམ་གྱི་རྩལ་སྦྱངས་ཤིང་བརྟུལ་ཞུགས་ཀྱི་རྣམ་འཕྲུལ་སྣ་ཚོགས་དང་བཅས་གསང་སྔགས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བས་མཚན་ཉི་མ་འོད་ཟེར་དུ་གྲགས། ཧེ་རུ་ཀའི་ཆས་ཕྱག་གཡས་སྡིག་མཛུབ་ཀྱིས་ཉི་མ་རྟོད་ལ་གནོན། གཡོན་ཁ་ཊྭཱཾ་ག་འཆང་བའོ། ༈ དྲུག་པ་གསང་གསུམ་ནུས་སྟོབས་ཀྱི་ཆེྃ་བསྃ་བདུད་དང་མུ་སྟེགས་ཚར་གཅོད་པའི་མཚན་སེང་གེ་སྒྲ་སྒྲོགས་ཏེ་རྒྱ་གར་རྡོ་རྗེ་གདན་དུ་མུ་སྟེགས་ཀྱི་སྟོན་པ་ལྔ་བརྒྱས་ཐོ་མཚམས་པའི་ཚེ་པཎྜི་ཏ་རྣམས་ལ་མཁའ་འགྲོ་མས་ལུང་བསྟན་པ་བཞིན་གུ་རུ་རིན་པོ་ཆེ་པཎ་ཆེན་ལྔ་བརྒྱའི་ཚོགས་དཔོན་དུ་ཕེབས་ནས་རྩོད་པས་ཚར་བཅད། མཐུ་འགྲན་པ་ལ་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱིས་བྱད་མ་རང་གཤེད་དུ་དབབ་པའི་མན་ངག་བསྟན་ནས་གྲུབ་པའི་ཆོ་འཕྲུལ་གྱིས་མུ་སྟེགས་ཐམས་ཅད་ཐོག་གིས་བསྒྲལ། ལྷག་མ་རྣམས་ནང་པའི་བསྟན་པ་ལ་བཙུད་པས་ཕས་རྒོལ་གྱི་གཡུལ་ལས་རྒྱལ་བའི་ཚེ་གུ་རུ་སེང་གེ་སྒྲ་སྒྲོགས་ཞེས་གྲགས། སྐུའི་རྣམ་འགྱུར་ཁྲོ་བོ་གནམ་ལྕགས་ཀྱི་རྡོ་རྗེ་འཛིན་ཅིང་སེང་གེའི་གཡང་གཞི་གསོལ་བའོ། ༈ བདུན་པ་སངྃས་རྒྱྃས་ཞེས་པ་བསྟན་པའི་འཇུག་སྒོ་མི་ནོར་བའི་ཕྱིར་ཤྲཱི་ན་ལེནྡྲའི་གཙུག་ལག་ཁང་དུ་སློབ་དཔོན་པྲ་བྷ་ཧསྟི་ལས་རབ་ཏུ་བྱུང་ནས་དྲི་མེད་སྡོམ་གསུམ་གྱི་ཕུང་པོ་ཡོངས་སུ་རྫོགས་པ་ཐུབ་དབང་གི་རྒྱལ་ཚབ་ཏུ་གྲགས་པའི་མཚན་ཤཱཀྱ་སེང་གེ་ཞེས་སྤྲུལ་སྐུ་ཆགས་བྲལ་མཚན་དཔེ་རྫོགས་པའི་ཚུལ་རྡོ་རྗེ་དང་ལྷུང་བཟེད་བསྣམས་པའོ། ༈ བརྒྱད་པ་རིགྃ་སྔགྃས་ནུས་པའི་སྟོབས་རྩལ་འཆྃང་ནས་འཇིག་རྟེན་གསུམ་གྱི་དྲེགས་ཚོགས་བཏུལ་བ་རྡོ་རྗེ་གྲོ་ལོད་ནི། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་སྤྱན་དྲངས་ཏེ། བོད་ཡུལ་དུ་ཕེབས་པའི་སྐབས་ལམ་དུ་བརྟན་མ་བཅུ་གཉིས་སོགས་དམ་ལ་བཏགས། བསམ་ཡས་ས་འདུལ་གྱི་སྐབས་ཧས་པོ་རི་རྩེ་ནས་དགེ་བསྙེན་ཉེར་གཅིག །མགུལ་ལྷ་བཅུ་གསུམ་སོགས་དམ་ལ་བཏགས། མལ་གྲོའི་ཀླུ་དང་རྒྱལ་པོ་བེ་ཧར་སོགས་གཙུག་ལག་བཞེངས་པའི་སྐབས་དམ་ལ་བཏགས་ནས་སངས་རྒྱས་ཀྱི་བསྟན་པ་དར་རྒྱས་སུ་མཛད་དེ་མ་འོངས་ཕྱི་མའི་གདུལ་བྱ་འདུལ་བའི་ཕྱིར་བོད་ཡུལ་གྱི་གནས་ཆེན་གངས་བྲག་ཐམས་ཅད་སྒྲུབ་གནས་སུ་མཛད། རི་མཚོ་བྲག་སོགས་སུ་འབྱུང་ལྔས་མི་ཤིགས་པའི་གཏེར་གྱི་གཏམས་ཏེ་གུ་རུ་དྲག་པོའི་སྐུར་བཞེངས་ནས་སྣང་སྲིད་ལྷ་འདྲེ་ཐམས་ཅད་གཏེར་སྲུང་དུ་བཀའ་བསྒོས། རྒྱལ་བསེན་དམ་སྲི་ཐམས་ཅད་བསྒྲལ་ནས་སྤ་གྲོ་སྟག་ཚང་སེང་གེ་བསམ་འགྲུབ་ཏུ་རྡོ་རྗེ་ཁྲོས་པའི་ཏིང་ངེ་འཛིན་གྱིས་སྐུར་བཞེངས་པ་ལ་མཚན་རྡོ་རྗེ་གྲོ་ལོད་ཅེས་གྲགས་པ་ཁྲོ་བོ་འཆོལ་བའི་ཆས་རྡོ་རྗེ་དང་ཕུར་པ་འཛིན་ཅིང་སྟག་ལ་ཆིབས་པའོ། དེ་དག་ཀྱང་རྣམ་ཐར་གྱི་གོ་རིམ་ལྟར་ན། པདྨ་འབྱུང་གནས། ཤཱཀྱ་སེང་གེ །བློ་ལྡན་མཆོག་སྲེད། ཉི་མ་འོད་ཟེར། པདྨ་སཾ་བྷ་ཝ། པདྨ་རྒྱལ་པོ། སེང་གེ་སྒྲ་སྒྲོགས། རྡོ་རྗེ་གྲོ་ལོད་བཅས་ཡིན་ནོ། །ཞེས་པ་འདིའང་མངྒ་ལས་སོ། ༈ གུ་རུ་མཚན་བརྒྱད་ཞལ་ཐང་རྒྱབ་ལ་འབྲི་རྒྱུའི་རྟེན་བཞུགས་སྨོན་ཚིག་བཞུགས། གཡས་དང་པོ། འོད་མཚན་སྟོང་འབར་ཡེ་ཤེས་ཉིན་མོར་བྱེད། | {{TibP|སྙིགས་མར་སྤྱོད་པའི་འགྲོ་ལ་ཐུགས་བརྩེ་བས། །སྨོན་ལམ་ལྔ་བརྒྱའི་བདེན་དོན་མངོན་གྱུར་ནས། །རྩོད་དུས་གདུལ་བྱ་སྐྱོབ་ལ་པད་དཀར་ལྟར། །བསྔགས་པའི་མགོན་པོ་བཀའ་དྲིན་ཅན་ཁྱོད་ཀྱིས། །སྟོན་པའི་ཞལ་ཚབ་རྗེས་འཇུག་བླང་དོར་མིག །ཆོས་འདུལ་བདུད་རྩིའི་སྣང་བས་སིམ་མཛད་པ། །ངན་སྤྱོད་སྣ་དགུའི་སྒྲ་གཅན་གྱིས་བསྒྲིབས་པའི། །ཉེས་པའི་གཡུལ་ངོ་འདི་ལས་བསྐྱབ་ཏུ་གསོལ། །ལྷ་དང་བཅས་པའི་འཇིག་རྟེན་གསུམ་ཆར་གྱིས། །མིག་གི་བདུད་རྩི་ཡོན་གནས་དམ་པའི་རྒྱན། །མཐོང་ན་མི་མཐུན་མེད་པའི་ངུར་སྨྲིག་འཛིན། །ས་ཆེན་དོག་པོར་བྱེད་པས་ཁེངས་གྱུར་ཅིག ༈ བདག་ཅག་གི་སྟོན་པས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་ཞེས་པའི་བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར་ནི། དཔལ་སྤྲུལ་རིན་པོ་ཆེའི་གསུང་དམ་པའི་ཆོས་ལ་བསྔགས་པ་ཨུཏྤལ་གཞོན་ནུའི་ཆུན་འཕྱང་ལས། སྡུག་བསྔལ་ཀུན་འབྱུང་འགོག་པ་ལམ་བདེན་པ། །འཁོར་དང་གཞན་ཡང་འབྲས་བུ་རྒྱུར་བཅས་ཟུང༌། །ཤེས་དང་སྤང་བླང་བགྱིད་དང་བགྱིས་ཟིན་པ། །བཟླས་པ་བཅུ་གཉིས་ཐུབ་པས་དང་པོར་བསྟན། །ཞེས་པ་སྟེ། གནས་ཕུན་སུམ་ཚོགས་པ་ཝཱ་ར་ཎ་སི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ། སྟོན་པ་ཕུན་སུམ་ཚོགས་པ་བསྐལ་བཟང་རྣམ་འདྲེན་བཞི་པ་ཤཱཀྱའི་རྒྱལ་པོས། འཁོར་ཕུན་སུམ་ཚོགས་པ་ལྔ་སྡེ་བཟང་པོ་དང་ལྷ་བརྒྱད་ཁྲི་ལ། དུས་ཕུན་སུམ་ཚོགས་པ་ཆུ་སྟོད་ཟླ་བའི་ཚེས་བཅོ་ལྔར། ཆོས་ཕུན་སུམ་ཚོགས་པ་འབྲས་བུ་འཁོར་བ་སྡུག་བསྔལ་གྱི་བདེན་པ་སྡུག་བསྔལ་ཡིན་པར་ཤེས་པར་བྱ་བ། རྒྱུ་ཀུན་འབྱུང་ལས་དང་ཉོན་མོངས་སྤང་བྱར་ཤེས་པ། དེའི་གཉེན་པོ་ལམ་གྱི་བདེན་པ་རྒྱུད་ལ་བླང་བྱར་ཤེས་པ། དེའི་འབྲས་བུ་འགོག་བདེན་མངོན་དུ་བྱ་བར་ཤེས་པ་སྟེ། དེའི་མཚན་གཞིའི་གཙོ་བོ་འདུལ་བ་པོད་བཅུ་གསུམ་དང་ཐེག་དམན་གྱི་མདོ་སྡེ་ཐམས་ཅད་དོ། བར་པ་ཡང་དེ་ཉིད་ལས། སྣང་བའི་ཆོས་འདི་རང་བཞིན་སྟོང་པ་སྟེ། །སྟོང་པའི་དབྱིངས་ནི་བློ་ཡི་ཡུལ་མིན་ལ། །བློ་འདས་གང་ཡིན་ཁས་ལེན་ཚིག་བྲལ་བ། །ཟབ་པའི་ཚུལ་འདི་འཁོར་ལོ་བར་པར་བསྟན། །ཞེས་པ་ལྟར། བཀའ་བར་པ་ཆོས་ཐམས་ཅད་མཚན་ཉིད་མེད་པའི་ཆོས་འཁོར། དུས་རིམ་གྱིས་དང་གཅིག་ཆར་གདུལ་བྱའི་མོས་རིམ་བཞིན་མ་ངེས་པར་གསུངས་ཏེ། མདོ་སྡེ་ཡོན་ཏན་བཀོད་པ་ལས། ང་ཡིས་ཅི་ཡང་མ་གསུངས་ལ། །སེམས་ཅན་རྣམས་ལ་ཁྱབ་བརྡལ་སྣང༌། །གང་ཚེ་རིམ་གྱིས་མངོན་འདོད་པ། །དེ་དག་ཀུན་ལ་དེ་བཞིན་ཏེ། །དུས་གཅིག་ཉིད་དུ་འཇུག་པ་ལས། །ཆོས་ཀྱི་རྣམ་གྲངས་རྫོགས་པར་སྣང༌། །ཡིད་བཞིན་རེ་བ་རྣམ་སྐོང་བའི། །གསུང་གི་ཆེ་བ་དེ་ཉིད་དོ། །ཞེས་དབང་པོའི་རིམ་པས་མ་ངེས་པ་དང༌། གནས་བྱ་རྒོད་ཕུང་པོའི་རི་བོར། སྟོན་པ་ཤཱཀྱ་ཐུབ་པས། འཁོར་བྱང་ཆུབ་སེམས་དཔའི་ཚོགས་ལ། ཆོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་འབྲིང་བསྡུས་གསུམ་སོགས་བསྟན། ཐ་མ་ཡང་དེ་ཉིད་ལས། འཕོ་མེད་རྟག་པ་དག་པ་ཆེན་པོའི་ཁམས། །མ་ལུས་སེམས་ཅན་བདེ་གཤེགས་སྙིང་པོ་ཅན། །ཡོངས་གྲུབ་ཞི་བ་འདུས་མ་བྱས་བསྟན་པ། །ཐུབ་པའི་ཚུལ་འདི་འཁོར་ལོ་ཐ་མ་ལགས། །ཞེས་པ་ལྟར། བཀའ་ཐ་མ་ངེས་དོན་རྣམ་པར་རོལ་པ། གནས་ལྷ་དང་མི་ཡི་ཡུལ་མ་ངེས་པར། དུས་གདུལ་བྱའི་མོས་རིམ་བཞིན་རིམ་དང་གཅིག་ཆར་སྣང་བ་བར་པ་བཞིན་མ་ངེས་པ་དང༌། སྟོན་པ་ཤཱཀྱའི་ཏོག་གིས། འཁོར་བྱང་སེམས་རིགས་གསུམ་མགོན་པོ་སོགས་ལ། ཆོས་བདེ་གཤེགས་སྙིང་པོའི་གནས་ལུགས་ཟབ་རྒྱས་སུ་སྟོན་པ་སངས་རྒྱས་ཕལ་པོ་ཆེ་དང༌། དཀོན་མཆོག་བརྩེགས་པ་སོགས་ཐེག་ཆེན་ངེས་དོན་གྱི་མདོ་སྡེ་སྟེ། འཁོར་ལོ་དང་པོ་དྲང་དོན། བར་པ་དྲང་ངེས་འདྲེས་པ། ཐ་མ་ངེས་དོན་ཁོ་ནར་མདོ་སྡེ་དགོངས་པ་ངེས་འགྲེལ་ལས་གསུངས་པ་ལྟར་ལ་ཞེས་རྙིང་མ་བས་བཞེད། གསང་སྔགས་ཀྱི་རྒྱུད་སྡེ་རྣམས་འཁོར་ལོ་ཐ་མའི་ཁུངས་སུ་བསྡུ། འདུལ་བའི་སྡེ་སྣོད་ཀུན་གྱི་སྙིང་པོ་བཀའ་སོར་མདོ། བསྟན་བཅོས་མདོ་རྩ། ཀླུ་སྒྲུབ་ཀྱི་གཏམ་ཚོགས། མདོ་སྡེའི་སྙིང་པོ་ཤེར་ཕྱིན། བཀའ་བརྒྱད་སྟོང་པ། སྡུད་པ། བསྟན་བཅོས་བྱམས་པའི་མངོན་རྟོགས་རྒྱན། ཀླུ་སྒྲུབ་ཀྱི་དབུ་མ་རིགས་ཚོགས། མངོན་པའི་སྡེ་སྣོད་ལ་དགྲ་ལན་གསུམ་བྱུང་བས། བཀའ་མངོན་པའི་སྡེ་སྣོད་རྒྱས་པ་དངོས་བསྟན་མི་བཞུགས་ཀྱང༌། བསྟན་བཅོས་དབྱིག་གཉེན་གྱི་མངོན་པ་མཛོད། ཐོགས་མེད་ཀྱི་མངོན་པ་ཀུན་བཏུས། བཀའ་ཐ་མའི་དགོངས་འགྲེལ་བྱམས་པའི་རྒྱུད་བླ་མ་དང༌། མདོ་སྡེ་རྒྱན། འབྱེད་གཉིས། ཀླུ་སྒྲུབ་ཀྱི་བསྟོད་ཚོགས་བཅས་ཡིན་སྙམ་ཡང་དཔེ་ཆ་དང་གོ་བསྡུར་མ་བྱུང་བས་ནོར་འཁྲུལ་ཡོད་དེ་མཆིས་པས་བདུད་འཇོམས་རིན་པོ་ཆེའི་ཆོས་འབྱུང་སོགས་སུ་གསལ་སྙམ་པས་དེ་དག་ཏུ་གཟིགས་ཞུ། ༈ གུ་རུ་མཚན་བརྒྱད་ནི། དཔེར་ན་བདག་ཅག་གི་སྟོན་པ་ལ་གཞོན་ནུ་དོན་གྲུབ། ལྷའི་ཡང་ལྷ། ཤཱཀྱ་ཐུབ་པ་སོགས་སངས་རྒྱས་གཅིག་ལ་མཚན་ཐ་དད་པ་རེ་མཛད་པ་ངོ་མཚར་བ་རེས་མཚོན་ཅིང་གྲགས་པ་བཞིན། གུ་རུ་རིན་པོ་ཆེ་གཅིག་ལ་མཛད་པ་རེའི་མཚན་དང་རྣམ་འགྱུར་རེ་བྱུང་བ་ལ་གུ་རུ་མཚན་བརྒྱད་དུ་གྲགས་པ་འཇམ་དཔལ་མཚན་བརྗོད་ལས་ལུང་བསྟན་པ་སྟེ། །དཔལ་ལྡན་སངས་རྒྱས་༡པདྨ་སྐྱེས། ༢ །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། ༣ །རྒྱལ་པོ་༤སྒྱུ་འཕྲུལ་སྣ་ཚོགས་འཆང༌། ༥ །ཆེ་བ་༦སངས་རྒྱས་༧རིག་སྔགས་འཆང༌། ༨ ཞེས་པའི་དང་པོ་དཔྃལ་ལྡནྃ་སངྃས་རྒྱྃས་ཞེས་པ་ནི། སྤང་རྟོགས་མཐར་ཕྱིན་པའི་དཔྃལ་དང་ལྡནྃ་པ་སངྃས་རྒྱྃས་སྣང་བ་མཐའ་ཡས་ཀྱི་སྤྲུལ་པར་གྲགས་པ་དོན་ལ་གནས་པ་སྟེ། གསན་བསམ་སྒོམ་པའི་ཡོན་ཏན་མཐར་ཕྱིན་ཚུལ་བསྟན་པའི་མཚན་ཏེ་གུ་རུ་རིན་པོ་ཆེ་ལམ་མས་སྦྱང་གི་གང་ཟག་མ་ཡིན་པར་རྒྱལ་བ་ཀུན་གྱི་གསུང་རྡོ་རྗེ་སྣང་བ་མཐའ་ཡས་ཉིད་རིག་འཛིན་གྱི་སློབ་དཔོན་ཆེན་པོའི་སྐུར་བསྟན་པའི་དབང་གིས་སྡེ་སྣོད་རྒྱུད་སྡེ་ཐམས་ཅད་རྡོ་རྗེ་སེམས་དཔའ་རྡོ་རྗེ་ཆོས་སོགས་ལྷ་དང༌། བཀའ་བབ་རིག་འཛིན་བརྒྱད་དང་ཌོམྦི་ཧེ་རུ་ཀ་རིགས་ལྡན་པདྨ་དཀར་པོ་སོགས་རིག་འཛིན་མཁའ་འགྲོ་ལས་ཀྱི་དབང་མོ། བདུད་འདུལ་དྲག་མོ་སོགས་མཁའ་འགྲོ་རྣམས་ལས་དངོས་སུ་གསན་ཏེ་དེ་དག་གི་སྟོན་པ་དང་གཉིས་སུ་མེད་པའི་བྱིན་རླབས་ཀྱི་བཀའ་བབ་ཚིག་དོན་ཐུགས་སུ་ཆུད་དངོས་གྲུབ་ཀྱི་མཛོད་བརྙེས་པས་མཁས་གྲུབ་སུས་ཀྱང་རྣམ་ཐར་ལ་འགྲན་མི་བཟོད་པའི་ངོ་མཚར་གྱིས་སྡེ་སྣོད་རྒྱུད་སྡེ་གསུང་རབ་ཀུན་གྱི་ཤིང་རྟ་ཆེན་པོར་གྱུར་པའི་སྐབས་མཚན་པདྨ་སཾ་བྷ་ཝ་ཞེས་པཎྜི་ཏའི་ཚུལ་དུ་བསྟན། ༈ གཉིས་པ་པྃདྨྃ་སྐྱེྃས་སམ་པདྨ་འབྱུང་གནས་ནི་སྐུ་ཐོག་མར་འཁྲུངས་པའི་ཚེ་ལྷོ་ནུབ་འོ་མ་ཅན་གྱི་རྒྱ་མཚོར་ཕ་ཡི་རྒྱུ་ལས་མ་བསྐྱེད། མ་ཡི་རྐྱེན་ལས་མ་བྱུང༌། མེ་ཏོག་གི་པདྨའི་སྡོང་པོར་སངས་རྒྱས་འོད་དཔག་མེད་པའི་ཐུགས་སོར་རྟོག་ཡེ་ཤེས་ཀྱི་རང་གཟུགས་ཡི་གེ་ཧྲཱིཿཡིག་སྤྲོས་པ་རིག་པ་ཐོལ་སྐྱེས་ཀྱི་ཚུལ་དུ་ཁྱེའུ་ལོ་བརྒྱད་པ་མཚན་དཔེས་བརྒྱན་པ་ལྷ་ཡི་ཆ་བྱད་ཅན་དུ་བརྫུས་ཏེ་འཁྲུངས་པ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་སེམས་མཁའ་འགྲོའི་ཚོགས་ཀྱིས་མེ་ཏོག་འཐོར་ཞིང་ཤིས་པ་བརྗོད་ནས་པདྨ་འབྱུང་གནས་ཞེས་མཚན་གསོལ། སྐབས་འགར་མཚོ་སྐྱེས་རྡོ་རྗེ་ཡང་གྲགས་པ་དང༌། ༈ གསུམ་པ་ཀུནྃ་མཁྱེྃན་ཡེྃ་ཤེསྃ་མཛོྃད་འཛིྃན་པྃ། ཞེས་ཤེས་བྱ་རིག་པའི་གནས་ཐམས་ཅད་མཁྱེན་པའི་སྐབས་བློ་ལྡན་མཆོག་སྲེད་ཅེས་གྲགས་པ་སྟེ། བཅུ་ཕྲག་རིག་པའི་གནས་སྡེ་སྣོད་རྒྱུད་སྡེ་ཐམས་ཅད་ཀྱི་ཚིག་དོན་ཐུགས་སུ་ཆུད་ཅིང་ཆོས་རབ་རྣམ་པར་འབྱེད་པའི་ཡེ་ཤེས་ཀྱི་གསང་མཛོད་འཇམ་དཔལ་དབྱངས་དང་གཉིས་སུ་མེད་པར་གྲུབ་པས་མཁས་ཚུལ་དགུའམ་བཅུ་གཉིས་ལ་དབང་ཐོབ་པའི་མཚན་བློ་ལྡན་མཆོག་སྲེད་ཅེས་གྲགས་པ་འཁོར་ལོའི་བསྒྱུར་བའི་རྒྱལ་པོའི་ཆས་ཌཱ་རུ་དང་མེ་ལོང་འཛིན་པའོ། ༈ བཞི་པ་རྒྱྃལ་པོྃ་ཞེས་ཐོག་མར་རྒྱ་མཚོར་པད་སྡོང་གི་རྩེར་འཁྲུངས་པ་ཨོ་རྒྱན་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་རང་གི་སྲས་ཚབ་ཏུ་གདན་དྲངས་ཀྱང་འཇིག་རྟེན་གྱི་སྲིད་སྐྱོངས་བས་གཞན་དོན་མི་འབྱུང་བར་མཁྱེན་ནས་ཧེ་རུ་ཀའི་ཆས་ཀྱིས་ཁ་ཊྭཱཾ་འཕངས་ཏེ་བདུད་བློན་གྱི་བུ་བསད་པས་རྒྱལ་ཁྲིམས་དང་འགལ་བས་དུར་ཁྲོད་དུ་སྤྱུགས་པ་སླར་ཡང་ཨུ་རྒྱན་གྱི་རྒྱལ་ཁམས་འདུལ་བའི་དུས་ལ་བབ་པ་ན་མུ་ཏོ་བའི་ཚུལ་གྱིས་བྱོན་པས་བློན་པོ་རྣམས་ཀྱིས་ངོ་ཤེས་ནས་གསོན་བསྲེགས་བཏང་བ་རྫུ་འཕྲུལ་གྱིས་མེ་དཔུང་མཚོར་བསྒྱུར་བའི་དབུས་སུ་པད་སྡོང་རྩེར་མ་ནོངས་པར་བཞུགས་པས་རྒྱལ་པོ་འཁོར་བཅས་དད་ནས་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ཆོས་འཁོར་གྱིས་ཐམས་ཅད་གྲོལ་པར་མཛད་པས་མཚན་པདྨ་རྒྱལ་པོར་གྲགས། འདི་ཡང་འཁོར་ལོའི་བསྒྱུར་བའི་ཆས་ཌཱ་རུ་དང་པདྨས་གང་བའི་གཞོང་པ་འཛིན། ༈ ལྔ་པ་བརྟུལ་ཞུགས་དང་རྫུ་འཕྲུལ་གྱི་རོལ་པ་དུ་མ་ལ་མངའ་བརྙེས་པའི་སྒྱུྃ་འཕྲུྃལ་སྣྃ་ཚོགྃས་འཆྃང་ཞེས་པ། ཉི་མ་འོད་ཟེར་ཏེ་ཨུ་རྒྱན་རྒྱལ་པོའི་དུར་ཁྲོད་དུ་སྤྱུགས་པ་ལ་འཛམ་གླིང་གི་མཐའ་བསྐོར་དུར་ཁྲོད་ཆེན་པོ་བརྒྱད་སོགས་གནས་ཡུལ་ཀུན་ཏུ་བྱོན་ཏེ་གསང་བ་སྔགས་བརྟུལ་ཞུགས་ཀྱི་སྤྱོད་པས་གྲུབ་པ་རིག་འཛིན། མཁའ་འགྲོའི་ཚོགས་དང་ལྷན་ཅིག་ས་ལམ་གྱི་རྩལ་སྦྱངས་ཤིང་བརྟུལ་ཞུགས་ཀྱི་རྣམ་འཕྲུལ་སྣ་ཚོགས་དང་བཅས་གསང་སྔགས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བས་མཚན་ཉི་མ་འོད་ཟེར་དུ་གྲགས། ཧེ་རུ་ཀའི་ཆས་ཕྱག་གཡས་སྡིག་མཛུབ་ཀྱིས་ཉི་མ་རྟོད་ལ་གནོན། གཡོན་ཁ་ཊྭཱཾ་ག་འཆང་བའོ། ༈ དྲུག་པ་གསང་གསུམ་ནུས་སྟོབས་ཀྱི་ཆེྃ་བསྃ་བདུད་དང་མུ་སྟེགས་ཚར་གཅོད་པའི་མཚན་སེང་གེ་སྒྲ་སྒྲོགས་ཏེ་རྒྱ་གར་རྡོ་རྗེ་གདན་དུ་མུ་སྟེགས་ཀྱི་སྟོན་པ་ལྔ་བརྒྱས་ཐོ་མཚམས་པའི་ཚེ་པཎྜི་ཏ་རྣམས་ལ་མཁའ་འགྲོ་མས་ལུང་བསྟན་པ་བཞིན་གུ་རུ་རིན་པོ་ཆེ་པཎ་ཆེན་ལྔ་བརྒྱའི་ཚོགས་དཔོན་དུ་ཕེབས་ནས་རྩོད་པས་ཚར་བཅད། མཐུ་འགྲན་པ་ལ་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱིས་བྱད་མ་རང་གཤེད་དུ་དབབ་པའི་མན་ངག་བསྟན་ནས་གྲུབ་པའི་ཆོ་འཕྲུལ་གྱིས་མུ་སྟེགས་ཐམས་ཅད་ཐོག་གིས་བསྒྲལ། ལྷག་མ་རྣམས་ནང་པའི་བསྟན་པ་ལ་བཙུད་པས་ཕས་རྒོལ་གྱི་གཡུལ་ལས་རྒྱལ་བའི་ཚེ་གུ་རུ་སེང་གེ་སྒྲ་སྒྲོགས་ཞེས་གྲགས། སྐུའི་རྣམ་འགྱུར་ཁྲོ་བོ་གནམ་ལྕགས་ཀྱི་རྡོ་རྗེ་འཛིན་ཅིང་སེང་གེའི་གཡང་གཞི་གསོལ་བའོ། ༈ བདུན་པ་སངྃས་རྒྱྃས་ཞེས་པ་བསྟན་པའི་འཇུག་སྒོ་མི་ནོར་བའི་ཕྱིར་ཤྲཱི་ན་ལེནྡྲའི་གཙུག་ལག་ཁང་དུ་སློབ་དཔོན་པྲ་བྷ་ཧསྟི་ལས་རབ་ཏུ་བྱུང་ནས་དྲི་མེད་སྡོམ་གསུམ་གྱི་ཕུང་པོ་ཡོངས་སུ་རྫོགས་པ་ཐུབ་དབང་གི་རྒྱལ་ཚབ་ཏུ་གྲགས་པའི་མཚན་ཤཱཀྱ་སེང་གེ་ཞེས་སྤྲུལ་སྐུ་ཆགས་བྲལ་མཚན་དཔེ་རྫོགས་པའི་ཚུལ་རྡོ་རྗེ་དང་ལྷུང་བཟེད་བསྣམས་པའོ། ༈ བརྒྱད་པ་རིགྃ་སྔགྃས་ནུས་པའི་སྟོབས་རྩལ་འཆྃང་ནས་འཇིག་རྟེན་གསུམ་གྱི་དྲེགས་ཚོགས་བཏུལ་བ་རྡོ་རྗེ་གྲོ་ལོད་ནི། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་སྤྱན་དྲངས་ཏེ། བོད་ཡུལ་དུ་ཕེབས་པའི་སྐབས་ལམ་དུ་བརྟན་མ་བཅུ་གཉིས་སོགས་དམ་ལ་བཏགས། བསམ་ཡས་ས་འདུལ་གྱི་སྐབས་ཧས་པོ་རི་རྩེ་ནས་དགེ་བསྙེན་ཉེར་གཅིག །མགུལ་ལྷ་བཅུ་གསུམ་སོགས་དམ་ལ་བཏགས། མལ་གྲོའི་ཀླུ་དང་རྒྱལ་པོ་བེ་ཧར་སོགས་གཙུག་ལག་བཞེངས་པའི་སྐབས་དམ་ལ་བཏགས་ནས་སངས་རྒྱས་ཀྱི་བསྟན་པ་དར་རྒྱས་སུ་མཛད་དེ་མ་འོངས་ཕྱི་མའི་གདུལ་བྱ་འདུལ་བའི་ཕྱིར་བོད་ཡུལ་གྱི་གནས་ཆེན་གངས་བྲག་ཐམས་ཅད་སྒྲུབ་གནས་སུ་མཛད། རི་མཚོ་བྲག་སོགས་སུ་འབྱུང་ལྔས་མི་ཤིགས་པའི་གཏེར་གྱི་གཏམས་ཏེ་གུ་རུ་དྲག་པོའི་སྐུར་བཞེངས་ནས་སྣང་སྲིད་ལྷ་འདྲེ་ཐམས་ཅད་གཏེར་སྲུང་དུ་བཀའ་བསྒོས། རྒྱལ་བསེན་དམ་སྲི་ཐམས་ཅད་བསྒྲལ་ནས་སྤ་གྲོ་སྟག་ཚང་སེང་གེ་བསམ་འགྲུབ་ཏུ་རྡོ་རྗེ་ཁྲོས་པའི་ཏིང་ངེ་འཛིན་གྱིས་སྐུར་བཞེངས་པ་ལ་མཚན་རྡོ་རྗེ་གྲོ་ལོད་ཅེས་གྲགས་པ་ཁྲོ་བོ་འཆོལ་བའི་ཆས་རྡོ་རྗེ་དང་ཕུར་པ་འཛིན་ཅིང་སྟག་ལ་ཆིབས་པའོ། དེ་དག་ཀྱང་རྣམ་ཐར་གྱི་གོ་རིམ་ལྟར་ན། པདྨ་འབྱུང་གནས། ཤཱཀྱ་སེང་གེ །བློ་ལྡན་མཆོག་སྲེད། ཉི་མ་འོད་ཟེར། པདྨ་སཾ་བྷ་ཝ། པདྨ་རྒྱལ་པོ། སེང་གེ་སྒྲ་སྒྲོགས། རྡོ་རྗེ་གྲོ་ལོད་བཅས་ཡིན་ནོ། །ཞེས་པ་འདིའང་མངྒ་ལས་སོ། ༈ གུ་རུ་མཚན་བརྒྱད་ཞལ་ཐང་རྒྱབ་ལ་འབྲི་རྒྱུའི་རྟེན་བཞུགས་སྨོན་ཚིག་བཞུགས། གཡས་དང་པོ། འོད་མཚན་སྟོང་འབར་ཡེ་ཤེས་ཉིན་མོར་བྱེད། །སིནྡྷཱུ་པྃདྨྃའི་ཟེའུ་འབྲུར་རྗེས་ཆགས་མཁན། །ཕན་བདེའི་སྦྲང་རྩིའི་ཟིལ་མངར་འབྱུངྃ་བའི་གནྃས། །མཚོ་སྐྱེས་རྒྱལ་བ་དགྱེས་པས་བཞུགས་གྱུར་ཅིག གཡོན་དང་པོ། དམ་པའི་ཡོན་ཏན་པདྨའི་དོ་ཤལ་གྱིས། །དྲི་མེད་གསང་གསུམ་ལང་ཚོའི་རྒྱན་གྱུར་ནས། །མཁས་གྲུབ་རྒྱུ་སྐར་དབུས་ན་ཟླ་གཞོན་བཞིན། །པདྨ་སཾབྷ་དགྱེས་པས་རྟེན་འདིར་བཞུགས། གཡས་གཉིས་པ། །ཉི་མའི་གཉེན་གྱི་རྣམ་ཐར་མཚུངས་ཟླ་རུ། །བསླབས་གསུམ་ཆ་ཤས་རྫོགས་པའི་རི་དྭགས་ཅན། །ཐུབ་བསྟན་ཀུ་མུད་གཉེན་དུ་ཆས་པའི་མགོན། །ཤཱཀྱ་སེངྒེ་དགྱེས་ཞལ་འདིར་བཞུགས་གསོལ། གཡོན་གཉིས་པ། རྡོ་རྗེའི་གནས་ཡུལ་ཀུན་གསལ་དོ་ར་རུ། །རྡོ་རྗེའི་བརྟུལ་ཞུགས་རྟ་ལྗང་གིས་དྲངས་པས། །རྡོ་རྗེ་ཡེ་ཤེས་ནང་གི་ཉི་མ་ནི། །ངོ་མཚར་འོད་ཟེར་རྟེན་འདིར་བཞུགས་མཛོད་ཀྱཻ། གཡས་གསུམ་པ། །སྐྱོན་བྲལ་པདྨའི་སྙིང་པོར་ཐུགས་རྗེའི་ཟིལ། །ཨོ་རྒྱན་ས་སྐྱོང་བསྐལ་བཟང་ཚལ་འཕོས་པས། །བཀའ་འདུས་ཐེག་མཆོག་རྒྱལ་ཐབས་དབང་བསྒྱུར་མཛད། །པདྨ་རྒྱལ་པོས་བྱིན་སྣང་འཕོས་མཛད་གསོལ། གཡོན་གསུམ་པ མཁྱེན་གཉིས་ཡེ་ཤེས་སྣང་བས་སྲིད་ཞིའི་མུན། །རབ་གསལ་གཟུངས་སྤོབས་གཏེར་བུམ་མི་ཟད་པས། །ཀུན་མཁྱེན་རྒྱལ་ཐབས་དབང་བསྒྱུར་འཇམ་པའི་དབྱང༌། །བློ་ལྡན་མཆོག་སྲེད་དམ་ཚིག་རྟེན་འདིར་བཞུགས། གཡོན་བཞི་པ། འཇིག་ཚོགས་ལྟ་བའི་ཝ་སྐྱེས་ཀླད་འགེམས་པའི། །འཇིགས་མེད་གདོང་ལྔའི་ང་རོ་ཆེར་བསྒྲགས་པས། །འཇིག་རྟེན་གསུམ་ཁྱབ་ཆོས་ཀྱི་དབུག་དབྱུང་མཛད། །འཇིགས་མེད་སེང་གེ་སྒྲ་སྒྲོགས་དགྱེས་བཞུགས་གསོལ། གཡོན་བཞི་པ། དུག་ལྔའི་ཁོལ་པོར་འཕྱན་པའི་མི་སྲུན་འགྲོ། །མཐུ་སྟོབས་རྡོ་རྗེ་སྡེར་མོས་དབང་བསྡུས་ཏེ། །བཀའ་རྟགས་ཕྱག་རྒྱས་ཡང་དག་སར་སྦྱོར་བའི། །རྡོ་རྗེ་གྲོ་ལོད་འདིར་བཞུགས་བྱིན་གྱིས་རློབས། །མངྒ་ལས་སོ། ༈ བོད་དུ་གུ་རུའི་བྱིན་གྱིས་བརླབས་པའི་བཀའ་བརྒྱད་ཀྱི་གནས་ཆེན་བརྒྱད་ནི། འཇམ་དཔལ་སྐུ་གཤིན་རྗེའི་གནས་སྒྲགས་ཡངས་རྫོང་ནས་གནུབས་སངས་རྒྱས་ཡེ་ཤེས་གྲུབ་པ་ཐོབ། ༡ པདྨ་གསུང་གི་གནས་བསམ་ཡས་མཆིམས་ཕུའི་དབེན་རྩ་རུ་རྒྱལ་བ་མཆོག་དབྱངས་རྟ་མགྲིན་གྱི་གྲུབ་པ་ཐོབ། ༢ ཡང་དག་ཐུགས་ཀྱི་གནས་ལྷོ་བྲག་མཁར་ཆུ་ནས་ནམ་མཁའི་སྙིང་པོ་གྲུབ་པ་ཐོབ། ༣ བདུད་རྩིའི་ཡོན་ཏན་གྱི་གནས་ཡར་ཀླུང་ཤེལ་བྲག་ནས་གཉགས་ཆེན་ཡེ་ཤེས་གཞོན་ནུ་གྲུབ་པ་ཐོབ། ༤ ཕྲིན་ལས་ཕུར་བའི་གནས་མོན་ཁ་སེང་གེ་རྫོང་ནས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྲུབ་པ་ཐོབ། ༥ མ་མོ་རྦོད་གཏོང་གི་གནས་ཡར་སྟོད་ཤམ་པོ་གངས་ར་ནས་འབྲོག་མི་དཔལ་གྱི་ཡེ་ཤེས་གྲུབ་པ་ཐོབ། ༦ འཇིག་རྟེན་མཆོག་བསྟོད་ཀྱི་གནས་སྤ་གྲོ་སྟག་ཚང་དུ་རླངས་དཔལ་སེང་གྲུབ་པ་ཐོབ། ༧ དམོད་པ་དྲག་སྔགས་ཀྱི་གནས་བསམ་ཡས་གཡའ་མ་ལུང་ནས་བཻ་རོ་ཙཱ་ན་གྲུབ་པ་ཐོབ། ༨ ཡང་གུ་རུ་རིན་པོ་ཆེའི་སྐུ་ཡི་གནས་བྲག་ཡེར་པ་ཟླ་བ་ཕུག ༡ གསུང་གི་གནས་བསམ་ཡས་མཆིམས་ཕུ། ༢ ཐུགས་ཀྱི་གནས་ལྷོ་བྲག་མཁར་ཆུ། ༣ ཡོན་ཏན་གྱི་གནས་ཡར་ཀླུང་ཤེལ་བྲག ༤ ཕྲིན་ལས་ཀྱི་གནས་ནཻ་རིང་སེང་གེ་རྫོང༌། ༥ མངྒ་ལས་སོ། ༈ བཀའ་བབ་བདུན་ནི། རྫོགས་ཆེན་སྡེ་གསུམ་གྱི་ལུང་བསྟན་ལས། བཀའ་ནས་བཀའ་བརྒྱུད་བར་མ་ཆད༔ ཟབ་མོ་དངོས་དང་དགོངས་པའི་གཏེར༔ ཡང་གཏེར་རྗེས་སུ་དྲན་པའི་གཏེར༔ དག་སྣང་སྙན་དུ་བརྒྱུད་པ་ཡི༔ བཀའ་བབ་བདུན་གྱི་ཆུ་བོ་ནི༔ མངའ་བདག་ཡབ་སྲས་སྐལ་པར་བབས༔ སྙིགས་དུས་བསྟན་པའི་བཙས་ཆེན་བྱེད༔ ཟབ་རྒྱས་ཉི་འོད་ལྷག་པར་བརྡལ༔ ཞེས་སོགས་གཏེར་ཁ་དུ་མ་ནས་འབྱུང་བ་ལྟར་སྔ་འགྱུར་བཀའ་གཏེར་དག་སྣང་གསུམ་ལས་ཕྱེ་བའི་ཟབ་ཆོས་ཀྱི་བཀའ་བབ་བདུན་དང་ལྡན་པར་གསུངས་པ་ལས་སྐབས་འདིར་ཀུན་གཟིགས་མཁྱེན་བརྩེའི་བཀའ་བབ་ལྟར་བཤད་ན་དགུང་གྲངས་བརྒྱད་སྟེང་གུ་རུ་རིན་པོ་ཆེ་ཡབ་ཡུམ་གྱིས་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ་དབང་བསྐུར་བས་བར་ཆད་ལས་རྒྱལ། དགུང་ལོ་བཅོ་ལྔ་པར་རྒྱ་གར་རྡོ་རྗེ་གདན་གྱི་ཀེའུ་ཚང་རིམ་པ་དགུ་པའི་ནང་ཕེབས་ཏེ་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མདོ་རྒྱུད་ཀྱི་གསང་མཛོད་གཏད། དགུང་གྲངས་བཅུ་དྲུག་སྟེང་ཟངས་མདོག་དཔལ་རིར་བྱོན་ནས་བཀའ་བབ་བདུན་འབྱུང་བའི་ལུང་བསྟན་བསྩལ་བ་ལྟར་བཀའ་བབ་དང་པོ་བཀའ་ཡི་བརྒྱུད་པ་ནི། གངས་ལྗོངས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་དབང་གདམས་མན་ངག་མ་ལུས་པ་གསན་ནས་ཐུགས་དམ་ཉམས་སུ་བཞེས་པས་དེ་དག་གི་ལྷ་དང་བླ་མ་མཁའ་འགྲོ་རྣམས་ཀྱིས་རྗེས་སུ་བཟུང༌། བྱིན་རླབས་ཉེ་བརྒྱུད་དུ་བྱུང་བ་དང༌། གཉིས་པ་ས་གཏེར་ནི། ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་གསོ། བླ་མ་སྐུ་བཞིའི་སྒྲུབ་སྐོར། རྩ་གསུམ་སྒྱུ་འཕྲུལ་དྲྭ་བ། རྩ་གསུམ་བདེ་གཤེགས་འདུས་པ། རྩ་གསུམ་སྤྱི་འདུས་སོགས་དང༌། མཆོག་གླིང་དང་ལྷན་རྒྱས་ཀྱིས་བླ་སྒྲུབ་སྐོར་གསུམ། སྙིང་ཐིག་སྐོར་བདུན་སོགས་དང༌། གསུམ་པ་དེ་ལས་འཕྲོས་པ་ཡང་གཏེར་ནི། སངས་རྒྱས་བླ་མ་ནས་བརྩམས་གཏེར་ཁ་མི་འདྲ་བ་བཞི་བཅུ་ལྷག་ཙམ་གྱི་བཀའ་བབ་ཉེ་བརྒྱུད་བྱུང་བ་དང༌། བཞི་པ་དགོངས་གཏེར་ནི། བླ་སྒྲུབ་སྐོར་གསུམ་གྱི་གསང་སྒྲུབ་མཚོ་སྐྱེས་རྡོ་རྗེ། འཕགས་མའི་སྙིང་ཐིག །གྲུབ་ཐོབ་ཐུགས་ཏིག་སྐོར། ལྔ་པ་དེ་ལས་འཕྲོས་པའི་རྗེས་དྲན་ནི། རྫོགས་པ་ཆེན་པོ་ལྕེ་བཙུན་སྙིང་ཐིག །རྗེས་དྲན་བཻ་རོའི་ཐུགས་ཏིག །སེང་གདོང་དཀར་མོའི་བཅུད་ལེན་སོགས་དང༌། དྲུག་པ་དག་སྣང་ནི། ཚེ་ཡུམ་ཙཎྜ་ལི། མི་ཏྲའི་སྙིང་ཐིག །ཀློང་སྙིང་བླ་སྒྲུབ་ཐིག་ལེའི་རྒྱ་ཅན། མཆོག་གླིང་འདས་རྗེས་སྐུ་གསུམ་རིགས་འདུས། བདུན་པ་སྙན་བརྒྱུད་ནི། གཤིན་རྗེ། རྟ་མགྲིན། ཡང་དག །ཆེ་མཆོག །ཕུར་པ། མ་མོའི་གནད་ཏིག་རྣམས་ད་ལྟ་ཐུན་མོང་གི་སྤྱོད་ཡུལ་དུ་བཞུགས་པ་རྣམས་ཡིན་ནོ། མངྒ་ལས་སོ། ༈ ༡༽ དུག་གསུམ་རང་རྒྱུད་སྤྱོད་པའི་དྲེགས་ཚོགས་ཡེ་ཤེས་རྩལ་གྱིས་འདུལ་མཛད་ལྷ། །བྱམས་ཆེན་མཚོན་འཆང་མི་བསྲུན་གདུག་པའི་ལྷ་སྲིན་འབོད་རྦད་བསད་པ་ཡིས། །ཐུབ་པའི་བསྟན་སྲུང་ཤནྟིཾ་གརྦྷ་རྡོ་རྗེ་གྲོ་ལོད་དཔལ་སེང་གེས། །ཡེ་ཤེས་བྱིན་ཆེན་རྟེན་འདིར་ཆགས་པས་ཚར་གཅོད་རྗེས་འཛིན་ཕྲིན་ལས་མཛོད། ༢༽ རྡོ་རྗེ་ཁྲོས་པའི་མཚོན་ཆེན་འབར་བས་བདུད་བཞི་མཐར་མཛད་ཀཱི་ལ་ཡ། །ཡེ་ཤེས་གསང་བ་གཞོན་ནུའི་ལང་ཚོ་མཐུ་སྟོབས་མངའ་བདག་ཕྲིན་ལས་བདག །པྲ་ཆེན་ཧསྟི་ཤཱཀྱ་སེང་གེ་སྟོབས་བཅུའི་བདག་ཉིད་མཁར་ཆེན་བཟའི། །ཡེ་ཤེས་ཐིག་ལེ་དམ་ཚིག་རྟེན་འདིར་བཞུགས་པར་བར་ཆད་དཔུང་ཚོགས་སྐྱོབས། ༣༽ ཆོས་ཉིད་མངོན་གྱུར་ལྟ་བའི་རྫོང་ཟིན་སྒོམ་པའི་རྟག་ཆད་འཕྲང་བརྒལ་ནས། །ཕྱོགས་ལས་རྣམ་རྒྱལ་སྟོབས་ལྡན་དྲག་པོའི་སྤྱོད་འཆང་དཔལ་ཆེན་ཧེ་རུ་ཀ །དྲག་སྔགས་དམོད་པས་བདུད་སྡེ་མཐར་མཛད་ཀུན་བཟང་གུཧྱ་ཙནྡྲ་དང༌། །སེང་གེ་སྒྲ་སྒྲོགས་བཻ་རོ་ཙ་ནའི་བྱིན་འོད་ཕྱག་རྒྱས་གཉིས་མེད་མཛོད། ༤༽ སྲིད་ཞིར་མི་གནས་ཡང་དག་ཡེ་ཤེས་མཁའ་འགྲོ་སྒྱུ་མ་བདེ་མཆོག་དགྱེས། །སངས་རྒྱས་ཀུན་དང་གཉིས་མེད་མཉམ་སྦྱོར་ཟབ་གསང་ག་ག་གམྦྷི་ར། །རྡོ་རྗེ་ཧཱུྃ་མཛད་པདྨ་འབྱུང་གནས་འཆི་མེད་ཡེ་ཤེས་སྐུ་ཅན་རྣམས། །ནམ་མཁའ་ལྟ་བུའི་ཡེ་ཤེས་དགྱེས་བཞུགས་སྙིང་པོ་མཆོག་གི་དངོས་གྲུབ་སྩོལ། ༥༽ སྲིད་ཞིའི་ཆེ་མཆོག་ཟག་མེད་ཡོན་ཏན་བྲལ་སྨིན་མཐའ་རུ་ཕྱིན་པའི་དོན། །གསང་བ་མི་ཟད་རྒྱན་གྱི་འཁོར་ལོའི་རྡོ་རྗེའི་ཉི་མ་ཟས་གཙང་སྲས། །འཁོར་འདས་སྤྱི་དཔལ་ཧེ་རུ་ཀ་མཆོག་བདེ་བ་ཆེན་པོ་པདྨ་འབྱུང༌། །ཚངས་ཆེན་ཞིང་གི་ལྷ་ཡི་མེ་ཏོག་མངའ་བདག་མྱང་སྟོན་དགྱེས་བཞུགས་གསོལ། ༦༽ བདེ་ཆེན་སྐལ་མེད་དབང་དྲག་གཟི་བྱིན་ཕྱོགས་དུས་ཞིང་ཀུན་འབར་བ་ལས། །གསུང་གི་རྡོ་རྗེ་རྟ་ཡི་མགྲིན་ལྡན་གར་དབང་པདྨ་བཞད་པའི་ཞལ། །ནཱ་གརྫུ་ན་སྣང་སྲིད་དབང་སྡུད་མཁའ་འགྲོའི་ཚོགས་རྗེ་པདྨ་རྒྱལ། །རྒྱལ་ཀུན་མཆོག་བདེའི་བཅུད་ཀྱིས་རབ་སིམ་ཚངས་དབྱངས་སྒྲོག་བཞིན་རྟག་བཞུགས་གསོལ། ༧༽ ངེས་དོན་རྒྱལ་ཀུན་གསང་བ་དབང་སྒྱུར་འཁོར་ལོའི་མགོན་དང་གཉིས་མེད་ཀྱང༌། །རྣམ་རོལ་རྣམ་བཞིའི་རིག་འཛིན་མཆོག་བརྙེས་རྒྱུད་ལུང་མན་ངག་གསང་མཛོད་འཆང༌། །ས་ཡི་སྙིང་པོ་བི་མ་མི་ཏྲ་པདྨ་སཾ་བྷ་གཉགས་ལོ་ཙ། །གསང་སྔགས་ཆུ་བོ་རྣམ་བཞིའི་བཀའ་བབ་རྟེན་འདིར་འཁྱིལ་བས་བྱིན་རླབས་མཛོད། ༨༽ རྣམ་མེད་དབྱིངས་ཀྱི་སྲོག་ཏུ་སྙོམས་ཞུགས་རྣམ་བཅས་རིགས་དྲུག་ཁྱབ་བརྡལ་ཆེ། །ཡེ་ཤེས་ཕྱག་རྒྱས་འཁོར་འདས་ཟིལ་གནོན་རྒྱལ་བ་རྟག་པའི་རིགས་ཀྱི་ཚུལ། །འཇམ་དཔལ་གཞོན་ནུ་བཤེས་གཉེན་ཚུལ་འཛིན་གུ་རུ་བློ་ལྡན་མཆོག་སྲེད་རྩལ། །སངས་རྒྱས་ཀུན་གྱི་ཡེ་ཤེས་ཉིན་བྱེད་དམ་ཚིག་རྟེན་འདིར་དགྱེས་བཞུགས་གསོལ། ༩༽ བདེ་སྟོང་མཁའ་ལ་སྣང་སྲིད་སྤྲིན་བཀོད་འཁོར་འདས་མེས་པོ་མངོན་རྫོགས་རྒྱལ། །རང་རིག་དབྱིངས་སུ་བྱང་ཆུབ་ས་ལས་མི་འདའ་དྷཱ་ན་སཾ་ཀྲྀ་ཏ། །སྒྱུ་འཕྲུལ་དྲྭ་བའི་བརྟུལ་ཞུགས་ཀློང་སིམ་སྒྲིབ་པ་རྣམ་སེལ་ཉི་མ་འོད། །དཔལ་གྱི་ཡེ་ཤེས་འཁོར་འདས་སྟངས་འཛིན་མ་མོ་དགྱེས་པས་འདིར་བཞུགས་ཀྱེ། ༡༠༽ འཆར་ཁའི་སྤྲིན་མཚུངས་བདེ་ཆེན་གཟི་འབར་བླ་མ་ལོངས་སྐུའི་མཚན་དཔེའི་ཉི། །གྲུབ་གཉིས་སྣང་བའི་འོད་བརྒྱས་རྟག་འཁྱུད་པདྨ་བཛྲ་གསུང་རྡོ་རྗེ། ཡེ་ཤེས་ཀློང་དགུའི་ཞི་ཁྲོའི་དཀྱིལ་འཁོར་སངས་རྒྱས་དགོངས་པ་འདུས་པའི་ལྷ། ཛྙཱ་ན་ཌཱ་ཀི་རྡོ་རྗེ་ཕག་མོ་བདེ་ཆེན་རྒྱལ་མོས་ཤིས་གྱུར་ཅིག །འབྲུག་སྤ་གྲོ་སྐྱེར་ཆུ་སྤྲུལ་པའི་གཙུག་ལག་ཁང་གི་འདབས་སྦྱོར་གུ་རུ་ལྷ་ཁང་གསར་པའི་ལོགས་རིས་མཚན་བྱང་དུ་མངྒ་ལས་སོ། ༈ སྔོན་གྱི་ལས་འཕྲོ་དང༌། སྐལ་པ་བཟང་པོའི་ཞལ་སློབ་ཡོངས་ལ་ཞུ་གསོལ། རང་རེ་སྙིགས་མའི་སྐྱབས་གཅིག་ཨོ་རྒྱན་མ་ཧཱ་གུ་རུའི་ཐུགས་ཀྱི་གསང་མཛོད་རིན་ཆེན་གཏེར་མཛོད་ཆེན་མོའི་སྨིན་གྲོལ་རྒྱབ་རྟེན་དང་བཅས་པའི་ཆོས་འཁོར་ཤར་ཁུམས་ཤོད་ངེས་པ་དོན་གྱི་དབེན་གནས་ཐུབ་བསྟན་ཆོས་གླིང་དུ་བསྐོར་བའི་སྐབས་དེར། དད་སློབ་འདུས་པ་ཀུན་ནས་ཡིད་ཆེས་ཀྱི་དད་པ། འཇིག་རྟེན་འཁོར་བའི་བྱ་བ་ལ་ངེས་འབྱུང༌། དབང་བསྐུར་བའི་སློབ་དཔོན་དང༌། ཞུ་བའི་མཆེད་གྲོགས་ཡོངས་ལ་དད་པ་དང་དག་སྣང༌། ཆོས་འདི་ལྟ་བུ་ནོར་བུ་རིན་པོ་ཆེ་འབུམ་གྱིས་མི་མཚོན་པའི་རིན་ཐང་དང༌། དཀོན་པའི་འདུ་ཤེས་བཞག་སྟེ། རྒྱུ་མཚན་མཁྱེན་པ་རྣམས་ནས་ནི། སྦྱང་གཞི་འོད་གསལ་བདེ་གཤེགས་སྙིང་པོ་རང་བཞིན་རྣམ་དག་སངས་རྒྱས་ལ། སྦྱང་བྱ་ཕུང་ཁམས་སྐྱེ་མཆེད་ཐ་མལ་དུ་འཛིན་པ་འདི་ཉིད། སྦྱོང་བྱེད་གདན་གསུམ་ཚང་བའི་ལྷར་དངོས་སུ་བསྒོམས་ཤིང་བྱིན་གྱིས་བརླབས་པས། སྦྱངས་འབྲས་གློ་བུར་རྣམ་དག་བྲལ་འབྲས་ཞི་ཁྲོ་གདན་གསུམ་ཡེ་ཤེས་ལྷ་ཡི་འཁོར་ལོ་རུ་འགྱུར་བ་ཡིན་པས། དབང་སྐུར་བ་པོ་སློབ་དཔོན། སྐུར་བྱེད་དཀྱིལ་འཁོར། བསྐུར་ཡུལ་སློབ་མའི་ཕུང་ཁམས། བསྐུར་རྫས་ཕྱི་བུམ་པ་སོགས་ཐུན་མོང་རིགས་པའི་དབང་ལྔ། ནང་ནུས་པ་འཇུག་པ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང༌། གསང་བ་ཟབ་མོའི་དབང་གསུམ་བཅས་གདན་གསུམ་རྣམ་དག་གི་ཕྲིན་ལས་ཀྱི་རྣམ་རོལ་དུ་ཤེས་དགོས་ཤིང༌། གདན་གསུམ་ཞེས་པ་ཕུང་ཁམས་རིགས་ལྔ་ཡབ་ཡུམ་གཤེགས་པ་གཤེགས་མའི་གདན། མིག་དབང་མིག་གི་རྣམ་ཤེས་ཡུལ་འདོད་ཡོན་གཟུགས་སོགས་ཀྱི་སྐྱེ་མཆེད་བྱང་ཆུབ་སེམས་དཔའ་སེམས་མའི་གདན། ཡན་ལག་ལས་དབང་ཡུལ་དང་བཅས་པ་སྒོ་བ་ཁྲོ་བོ་ཁྲོ་མོའི་གདན་གསུམ་དུ་ཡེ་ནས་གནས་པ་རྩ་གསུམ་ཆོས་སྐྱོང་དང་བཅས་པ་ཚང་བར་ཤེས་པ་དབང་གི་གོ་དོན་གལ་པོ་ཆེ་ཡིན་ཞིང༌། དོན་ཟབ་མོ་དེ་དག་གོ་རྟོགས་མི་ནུས་པ་རྣམས་ནས་ཀྱང་དབང་སྐུར་བ་པོའི་བླ་མ་གུ་རུ་རིན་པོ་ཆེ་སྐྱབས་གནས་ཀུན་འདུས། དབང་རྫས་ཐམས་ཅད་དེའི་ཡེ་ཤེས་ཀྱི་རོལ་པ། ཆོས་འདི་མ་དང་མཁའ་འགྲོའི་སྙིང་ཁྲག་ཡིན་པས་དུས་ཀྱི་ཐ་མ་འདི་ལྟ་བུར་ཐོབ་པ་སྐལ་པ་བཟང་སྙམ་པས་དབང་གི་ཚིག་ལ་ཉན་ན་ཐོསྃ་གྲོལྃ། དབང་རྫས་བུམ་ཆུ་དང༌། བདུད་རྩི་མྱང་བས་མྱོངྃ་གྲོལྃ། སྐུ་གསུང་ཐུགས་རྟེན་སྤྱི་བོར་བཞག་པས་རེགྃ་གྲོལྃ། བྱིན་འབེབས་ཀྱི་རྫས་དུད་སོགས་ཚོརྃ་གྲོལྃ། ཆོས་ར་གཅིག་ཏུ་བཞུགས་པའི་སྟོན་འཁོར་ཐམས་ཅད་མཇལ་བས་མཐོྃང་གྲོལྃ། གུ་རུ་རྩ་གསུམ་ཀུན་འདུས་མི་བརྗེད་པར་གསོལ་བ་བཏབ་ན་དྲནྃ་གྲོལྃ་ཡིན་པས་རྣམ་གཡེང་དང་ལོང་གཏམ། ཆང་དང་འཐབ་འཛིང༌། ཁ་སྣའི་དུ་བ་འཐེན་པ་སོགས་སྤྱོད་ལམ་ངན་པ་སྤོངས་ལ། བཛྲ་གུ་རུ། མ་ཎི། ཡིག་བརྒྱ་སོགས་བཟླ་བཞིན་དུ་བྱས་པ་དོན་ལྡན་མཛད་ན་སྣོད་བཅུད་ཀྱི་རྒུད་པ་ཞི། ནད་མུག་འཁྲུག་རྩོད་རྒྱུན་ཆད། བདེ་སྐྱིད་དཔལ་འབྱོར་འཕེལ། དངོས་དང་བརྒྱུད་ནས་ཨོ་རྒྱན་སངས་རྒྱས་གཉིས་པའི་ཞལ་མཐོང༌། རྗེས་སུ་འཛིན་ངེས་སོ་ཞེས་ལྷག་བསམ་ཟོལ་མེད་ཀྱིས་དིལ་མགོ་མཁྱེན་བརྩེ་སྤྲུལ་སྐུར་འབོད་པས་གསོལ་བ་ལགས་ན། ཤེས་ལྡན་ཀུན་གྱི་ཐུགས་ལ་བཞག་པ་ཞུ་ཞུ་ཞུ། ༈ །ལྷ་འདྲེ་ལ་སྤྲིང་བའི་གཏམ་བདེན་པའི་རང་སྒྲ་ཞེས་བྱ་བ་བཞུགས། ཀྭ་ཡེ་བདག་གི་སྨྲས་པའི་ཚིག་འདི་གསོན། །ཁ་བའི་ལྗོངས་འདི་འདྲེ་སྲིན་གྱིས་བཟུང་བས། །ག་ན་རི་བྲག་ལ་སོགས་དཀར་ཕྱོགས་ལྷས། །ང་ཡི་དྲང་པོར་གསོལ་ལ་རྗེས་སུ་དགོངས། །ཅ་ཅོའི་རླབས་འཁྲུགས་མཚོ་དང་རི་བྲག་བཤིག །ཆ་མ་ཆེ་དགུའི་སྤྱོད་ངན་མ་བྱས་མེད། །ཇ་ཆང་གཏོར་མ་གསེར་སྐྱེམས་གཅིག་ཀྱང་མེད། །ཉ་མོ་ཆུ་བྲལ་ལྟ་བུའི་དུས་སྐབས་འདིར། །ཏ་ཐཱ་ག་ཏའི་ཐུགས་རྗེའི་སྐྱ་རེངས་གིས། །ཐ་ལའི་མཐའ་ལ་དགའ་བདེའི་ཉི་ཞུར་འཆར། །ད་ལྟར་ནད་སངས་ལྟ་བུ་བྱུང་བ་ལ། །ན་ཚོད་རྒན་པོའི་ཞུ་བའི་ཕྲིན་འདི་བསྐྱལ། །པ་ར་མི་ཏ་གུ་ཧྱ་ཏནྟྲ་ཡི། ཕ་མཐའ་ཡས་པའི་སྙིང་པོའི་བཤད་སྒྲུབ་ལས། །བ་མོ་བྲལ་བའི་མེ་ཏོག་མདོག་བཞིན་དུ། །མ་ཉམས་འཕེལ་རྒྱས་རེ་དོན་འགྲུབ་པར་མཛོད། །ཙ་གངས་ལ་སོགས་རྡོ་རྗེའི་གནས་ཡུལ་ཀུན། །ཚ་གྲང་དཀའ་ཐུབ་སྤྱད་ན་སྒྲུབ་སྡེ་དང༌། །ཛ་ཡའི་ལྟ་སྤྱོད་བཙུན་པ་ངུར་སྨྲིག་འཛིན། །ཝ་ལྟར་མི་ཞུམ་དབུ་འཕང་དགུང་དུ་བསྟོད། །ཞྭ་མོ་པདྨ་མཐོང་གྲོལ་གཙུག་ཏུ་བཀོད། །ཟ་འདོད་རྙེད་ཚོལ་མ་ཡིན་ལྷག་བསམ་གྱིས། །འ་འུར་ཕྲིན་ལས་བཅོལ་འདི་མ་བསྙེལ་བར། །ཡ་མཚན་ཆེན་པོའི་རྟག་མཚན་མྱུར་དུ་སྟོན། །ར་རི་བྲལ་བའི་མངོན་ཤེས་རྫུ་འཕྲུལ་གྱིས། །ལ་ཀླུང་ཉུལ་བའི་མེས་ཚེའི་རྟག་བསྐྱངས་ཏེ། །ཤ་ཟ་སྲིན་ཡུལ་བཞུགས་པའི་སློབ་དཔོན་གྱིས། །ས་འདི་སྐྱོང་བའི་ཕྲིན་ལས་ཇི་བཞིན་མཛོད། །ཧ་རིའི་ངད་ཀྱི་ཚ་གདུང་སེལ་བ་བཞིན། །ཨ་ཧོའི་དགྱེས་གླུ་ལྷ་ཡི་རྔ་གསང་ནི། །ཧ་ལོ་སྙིགས་མའི་ནད་མུག་མཚོན་གསུམ་ཞི། །ཨ་མཚར་དགའ་སྤྲོའི་རྫོགས་ལྡན་འཆར་བར་མཛོད། །ཨི་ཤྭ་ར་བཞིན་ནག་ཕྱོགས་ཆེ་རྒུའི་ཚོགས། །ཨུ་རྒྱན་བླ་མས་ཐ་ཚིག་ཕོག་པ་བཞིན། །ཨེ་མ་ངོ་མཚར་ཤིས་པའི་མེ་ཏོག་གིས། །ཨོ་ཌི་ཡ་ནའི་དཔལ་ཡོན་མཚུངས་པ་མཛོད། །དུས་མཐའི་མི་ངན་མངྒ་ལ་མདོ་ཁམས་སུ་བསྐྱོད་པའི་ཚེ་རིགས་ཀྱི་བདག་པོ་མཁས་གྲུབ་གང་མའི་གདན་ས་རྣམས་མཇལ། གནམ་སའི་དབང་ཕྱུག་སྡེ་དགེ་ཆོས་རྒྱལ་ཆེན་པོའི་རྒྱལ་ས་ལྷུན་གྲུབ་སྟེང་དུ་ཕྱིན། དམ་གཙང་རྡོ་རྗེའི་མཆེད་པོ་འཇམ་དབྱངས་ཀུན་དགའ་བསོད་ནམས་ཀྱིས་བསྟན་འགྲོའི་རྒུད་པ་གསོ་བྱེད་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ཀྱི་སྒྲུབ་མཆོད་བཙུགས་པའི་ཚེ། །འཇམ་མགོན་ཆོས་ཀྱི་ཉི་མ་གཞོན་ནུ་སོགས་སྐྱེས་ཆེན་དུ་མའི་དགོངས་གཏད་དང་འབྲེལ། བཀའ་ནན་རབ་བརྗིད། གནས་ཆེན་བྱིན་འབེབས་སོགས་བགྱིས་པའི་སྐབས་ཕྲིན་ལས་སུ་བཅོལ་བའི་གཏམ་གྱི་ལེའུ་ཚན་ནོ། ༈ ཐོ་བྱང༌། ཨོཾ་ཨཱཿཧཱུྃ་ཧྲཱིཿ རབ་འབྱམས་རྩ་གསུམ་རྒྱལ་བ་སྲས་བཅས་ཀྱི། །ཡེ་ཤེས་གཅིག་བསྡུས་དཔལ་ལྡན་བླ་མ་དང༌། །ཁྱད་པར་ཕྱོགས་བཅུའི་བགེགས་ཚོགས་འདུལ་མཛད་པའི། །དཔལ་ཆེན་ཁྲོ་རྒྱལ་བཅུ་ལ་གུས་པས་འདུད། །དེང་འདིར་བདག་ཅག་བྱང་ཆུབ་སྒྲུབ་པ་ལ། །ཕྱོགས་བཅུའི་བགེགས་ཀྱིས་འཚེ་བ་མི་འབྱུང་ཞིང༌། །དབང་བཅུའི་རང་བཞིན་ཐེག་མཆོག་སྙིང་པོའི་ལམ། །མཐར་ཕྱིན་རང་གཞན་དོན་གཉིས་གྲུབ་བྱིན་རློབས། །སྟོན་པའི་སྤྱན་སྔར་ཞལ་བཞེས་མཐུ་རྩལ་ཅན། །རྒྱལ་ཆེན་བཞི་སོགས་དཀར་ཕྱོགས་སྐྱོང་རྣམས་ཀྱིས། །ཕྱི་ནང་བགེགས་ཀྱིས་རྒྱུ་འགྲུལ་མཚམས་ཆོད་ལ། །ཆོས་མཐུན་བསམ་སྦྱོར་འགྲུབ་པའི་ཕྲིན་ལས་མཛོད། །ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། རྒྱལ་ཆེན་བཞིའི་སྙིང་པོའི་མཐར། སུ་པྲ་ཏིཥྛ་བཛྲ་རཀྵ་རཀྵ་ཧཱུྃ། ༈ ཁྱབ་བདག་བླ་མའི་དྲིན་གྱིས་ཐོབ་པའི་ཆོས། །ཁ་ལྟས་རྫོགས་ཆེན་བཤད་རྒྱང་འཐེན་ན་ཡང༌། །སེམས་ལ་རྫོགས་ཆེན་མྱོང་བ་ཏིལ་ཙམ་ཡང༌། །མེད་པའི་མདོ་ཤོར་རྒན་པོའི་འཆལ་གཏམ་ལགས། །ཤིན་ཏུ་གསང་བ་རྡོ་རྗེའི་ནམ་མཁའི་མཐའ། །བྱིས་བློའི་བྱེ་མ་ལེབ་ཀྱིས་ཆོད་མིན་ཀྱང༌། །དད་པའི་ཚོན་བཀྲ་མཛེས་པའི་འདབ་ཡངས་དེ། །ཀུན་རྟོག་རླུང་གིས་དབང་མེད་བསྐྱོད་དེ་བྲིས། ༈ བླ་མའི་བྱིན་རླབས་བདུད་རྩིའི་སྤྲིན་ཕྲེང་གཡོ། །དམ་ཆོས་འདོད་དགུའི་སྦྲང་ཆར་རྟག་ཏུ་འབེབས། །སློབ་མའི་རིགས་ཁམས་དད་བརྒྱའི་ལོ་ཏོག་འཕེལ། །རྒྱལ་བསྟན་དབྱར་གྱི་དགའ་སྟོན་རྒྱས་གྱུར་ཅིག །སྣོད་བཅུད་དགེ་འཕེལ་རྫོགས་ལྡན་དགའ་སྟོན་དར། །སྐྱེ་དགུའི་རྣམ་རིག་དཀར་པོའི་ཆོས་ལ་འབྱོར། །མངོན་མཐོ་ངེས་ལེགས་ཡོན་ཏན་རབ་དར་བས། །མཁའ་ཁྱབ་འགྲོ་ཀུན་ཕན་བདེའི་ངལ་འཚོ་ཤོག །འགྲོ་ཀུན་ཐོས་བསམ་སྒོམ་པའི་ནོར་གྱིས་ཕྱུག །སྨིན་གྲོལ་ཟབ་མོའི་དགའ་སྟོན་ལོངས་སུ་སྤྱོད། །དཀོན་མཆོག་གསུམ་གྱི་དབུ་འཕང་ཆེས་མཐོ་བའི། །བཀྲ་ཤིས་དགེ་མཚན་འཕེལ་རྒྱས་བརྟན་པར་ཤོག །སརྦ་མངྒ་ལཾ། ༈ ཀ་དག་དགོངས་པའི་དབྱིངས་སུ་ངོ་བོ་གཅིག །ཁ་ཙམ་མ་ཡིན་ཡིད་ཀྱི་རེ་ལྟོས་ཡུལ། གང་དུ་བཞུགས་སྙམ་ལམ་ལམ་དྲན་པ་ཡི། །ང་ཡི་སྐྱབས་གཅིག་མཆོག་གི་སྤྲུལ་སྐུའི་དྲུང༌། །ཅ་ཅོ་མེད་པ་ས་མཚམས་དབེན་གནས་སུ། །ཆ་ལུགས་གཅེར་བུར་ཉལ་བའི་མི་རྒན་ཡང༌། །ཇ་ཆང་འོ་ཞོའི་བཟའ་བཏུང་གིས་ངོམ་པས། །ཉ་རྒྱས་ཟླ་འདྲ་ཤ་རྒྱས་གསུས་ཁྱེམ་རྒྱངས། །ཏ་ལའི་ཤིང་འོག་རས་དཀར་གུར་དུ་ཡིབ། །ཐ་བ་སྤང་པའི་ནེའུ་གསེང་མེ་ཏོག་དབུས། །དར་དིར་ཁུ་བྱུག་པུ་ཤུད་གླིང་བུ་འཁྲོལ། །ན་ཚོད་རྒན་ཡང་སེམས་རྩ་ཤིན་ཏུ་སྤྲོ། །པ་སངས་ལྟར་དཀར་ལྷག་བསམ་དག་པ་ཡིས། །ཕ་རོལ་སྦྱིན་པའི་བདག་པོའི་ཡོན་སྦྱར་ཏེ། །བ་གླང་སྤྱོད་བཞིན་ཕུན་ཚོགས་མཆོད་རྫས་ཀྱི། །མ་ལུས་རྩ་གསུམ་རབ་འབྱམས་དགྱེས་བསྐྱེད་ཕྱིར། །ཙཱ་གངས་དང་མཉམ་སྟག་ཚང་ལ་གཏད་ནས། །ཚ་གྲང་སྐྱོབ་པའི་རས་དཀར་ལྡིང་གུར་འོག །ཛ་ཡའི་རྗེས་འཇུག་དགེ་འདུན་བཅོ་ལྔ་ཡིས། །ཝ་ཆུ་ལྟར་འབབ་ཚོགས་འབུམ་བསགས་ངང་ལགས། །ཞྭ་གོས་མཛེས་པའི་འདུས་པ་མ་མཆིས་ཀྱང༌། །ཟ་འདོད་རྙེད་ཚོལ་མེད་པའི་སྤོང་བ་པས། །འ་འུར་བྲལ་ཡང་དད་མོས་བསམ་དཀར་གྱིས། །ཡ་མཚན་རྩ་གསུམ་དགྱེས་པ་བསྐང་ངམ་སྙམ། །ར་བ་གངས་རི་ཙནྡན་ལྗོན་ཤིང་གིས། །ལ་ལུང་མཛེས་པ་དབྱར་རྔའི་རྒྱལ་ཁམས་ཀྱང༌། །ཤ་ཟ་དམ་སྲིའི་འཚེ་བ་མེད་པ་ཡིས། །ས་སྟེང་རྒྱལ་ཁམས་ཀུན་ལས་འདིར་ཉམས་དགའ། །ཧ་རིའི་ཤིང་དང་དངར་བའི་དྲི་བསུང་བཞིན། །ཨ་མཚར་གནས་ཚུལ་སྙན་ཚིག་སྦྲ་མ་ར། །ཨ་ཏིའི་ལྟ་བ་ཁ་ལ་ཁྱེར་བ་དེས། །ཧ་ཧ་བཞད་མོ་བསླང་ཕྱིར་གུས་པས་བསྲིངས། །བོད་ཟླའི་༦ ཚེས༡༩ ལ་གུས་ཕུལ། ༈ ཀ་བ་མེད་པའི་གནམ་འདིའི་འོག་རོལ་ན། །ཁ་ཞེ་མཚུངས་པའི་ཆོས་ཀྱི་བདུད་རྩི་ནི། །ག་བུར་ཚད་པར་སིམ་ལྟར་འགྲན་བྲལ་བ། །ང་ཡི་སྐྱབས་གཅིག་རིས་མེད་མཆོག་སྤྲུལ་མདུན། །ཅ་ཅོའི་ཁ་གསག་ཙམ་མིན་སྙིང་ནས་གསོལ། །ཆ་ཤས་རྫོགས་པའི་ཟླ་ལྟར་དད་མོས་གྱིས། །ཇ་ཆང་སྐྱེམས་ལས་ལྷག་པའི་ཞུ་འཕྲིན་འདི། །ཉ་གང་ཟླ་གཞོན་སྟོན་མཁར་གསལ་ལྟར་མཛེས། །ཏ་ལའི་ནགས་ཚལ་འཁྲིགས་པའི་སྨན་ལྗོངས་སུ། །ཐ་དད་གདུལ་བྱའི་རེ་བ་སྐོང་བ་ལ། །ད་ལྟ་འགྲན་བྲལ་སྐྱེས་བུའི་རྣམ་ཐར་ནི། །ན་ཚོད་ལང་ཚོའི་མཛེས་པ་འབུམ་ཟིལ་གནོན། །པ་སངས་ལྟར་དཀར་བྱང་སེམས་ལྡན་མདོག་ཁ། །ཕ་རོལ་དཀོར་ཟས་ཟ་ལ་ཆུ་སྲིན་ཁ། །བ་གླང་རྒན་པོ་ཟ་ཉལ་ཁོ་ནའི་ངང༌། །མ་རྒན་ཁྱིམ་གྱི་སོ་ཚིས་བརྩོན་པ་འདྲ། །ཙཱ་གངས་གནས་ཡུལ་འགྲིམ་པའི་བརྟུལ་ཞུགས་མེད། །ཚྭ་ལྟར་ཀུན་ལ་བྲིམ་པའི་ཟོབ་ཧྲུལ་འདི། །ཛར་ཛོར་གྲུབ་མེད་ལས་ཀྱིས་མི་ཚེ་བརྒལ། །ཝ་རྒན་གཟན་ཚོལ་བཞིན་དུ་འཁྱམས་ལ་གཟིགས། །ཞ་བོ་ཇི་བཞིན་མལ་ན་ཕག་ལྟར་ཉལ། །ཟ་རེ་ཟི་རེའི་འདུ་འཛིའི་ཉིན་མཚན་བརྒལ། །འ་འོལ་ཚིག་ཏུ་སྨྲ་མང་དོན་གྱིས་དབེན། །ཡ་མཚན་སྤང་རྟོགས་རི་བོང་རྭ་རྗེས་སྙོགས། །ར་བ་ལ་ལུང་སྐུ་ངལ་མེད་པ་ཡི། །ལ་འུར་བགྲོད་པ་ཕབ་ལུའི་མཁའ་གྲུ་ལ། །ཤ་བརྒྱགས་སྐུ་མཆོག་ཕེབས་ལ་ཐུགས་ཞད་ཀྱང༌། །ས་ལ་ལྷུང་བའི་ཐུགས་དོགས་མི་དགོས་སྙམ། །ཧ་ཧ་བོད་པ་ཐུགས་སྟོབས་ཆུང་བས་ལེན། །ཨ་མཚར་ལགས་ཏེ་གུ་རུ་མྱུར་མ་དཔལ། །ཨ་མར་བུ་ཡིས་འབོད་པ་བཞིན་བགྱིས་པས། །ཧ་ལས་མ་མཛད་སྐྱབས་སྨོན་ཡང་ཡང་ཞུ། ༈ ཀ་མ་ལ་ཚལ་རྐང་འཐུང་ཕྲེང་མཛེས་རི། །ཁ་བའི་ལ་ཐོད་ན་བུན་རྐེད་ཆིངས་ཅན། །ག་ལ་བ་དེར་བཞུགས་པའི་བརྟན་ཅིང་མཁས། །ང་ཡི་སྐྱབས་མཆོག་འཁོར་ལོའི་མགོན་དེའི་དྲུང༌། །ཅ་ཅོ་འབྲེལ་མེད་སྙན་ལ་གཟན་ལགས་ཀྱང༌། །ཆ་བྱད་གནས་ཚུལ་ཐ་ཐོར་གང་ཡོད་པ། །ཇ་ཆང་སྐྱེམས་བཞིན་གུས་པས་སྟོབ་བགྱིད་ན། །ཉ་མིག་ལས་མཛེས་སྤྱན་གྱིས་འབབ་སྟེགས་ཞུ། །ཏ་ཐཱ་ག་ཏའི་བསྟན་སྙིང་བཤད་སྒྲུབ་གཉིས། །ཐ་མལ་སྙིགས་སྤྱོད་ཟིལ་གནོན་མཁན་ཆེན་རྗེའི། །ད་ལྟའི་མཛད་སྤྱོད་ཡར་ཟླའི་འོད་དཀར་དང༌། །ན་གཞོན་ལང་ཚོ་གཞོན་བཞིན་འཕེལ་འདི་རྨད། །པཱ་པ་རྒད་པོ་གཏི་མུག་གཉིད་ལ་ཡུར། །ཕ་རོལ་ཕྱི་མར་མི་ཤེས་དུག་ལྔས་གདུང༌། །བ་གླང་ལྟ་བུའི་སློབ་ཚོགས་མགོ་བསྐོར་གྱིས། །མ་རིག་རྒན་མོ་ལོང་བ་གྲོགས་སུ་བསྟེན། །ཙབ་ཙུབ་འདུ་འཛིའི་ཆུ་གཉེར་རྗེས་སུ་རྒྱུག །ཚ་གྲང་དམྱལ་བའི་སྡུག་བསྔལ་ཡིད་ལ་མེད། །ཛ་དྲག་ངང་ནས་མ་ཎི་འདོན་ལོང་མེད། །ཝ་སྐྱེས་གདོང་ལྔར་བརྫུས་པའི་ལས་ཁུར་ལྕི། །ཞྭ་གོས་རྫིག་པོ་འདུག་ཀྱང་ལུང་རྟོགས་དབུལ། །ཟ་འདོད་རྙེད་ཚོལ་གཅིག་ལ་གཉིས་མཁས་བྱུང༌། །འ་འོལ་རྨི་ལམ་ལྟ་བུའི་བསྟན་པ་འདི། །ཡ་མཚན་དཔྱོད་ལྡན་ཡོད་ན་མི་འཛིན་སྙམ། །ར་བ་གངས་ཅན་བོད་ཀྱི་བསྟན་ཉམས་ནས། །ལ་ལུང་བརྒལ་བའི་ཨ་ཅོའི་འདུས་པ་ལས། །ཤ་རྐྱང་རི་དྭགས་ལྟ་བུའི་དམུ་རྒོད་རྣམས། །ས་ལམ་དྲོད་རྟགས་རེ་བའི་ཆོས་བྱེད་དཀོན། །ཧ་ཧ་གང་དྲན་ཀུ་རེའི་ངག་གི་ཕྲེང༌། །ཨ་མཚར་ཚིག་བཅད་ཀ་སྨད་བསྟར་བ་ལ། །རྒྱུ་མཚན་མེད་ཀྱང་ཅི་ཞུ་མི་འདུག་པས། །གང་ཤར་མ་བཅོས་དགོངས་གཏེར་ཡིན་ནམ་སྙམ། །སྐྱབས་མཆོག་འདིར་ཕེབས་སྐབས་གཏེར་མཛོད་ནང་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ལྷ་ཙཀ་༢༡དེ་བསྣམས་གྲུབ་ཞུ། ལུམྦི་ནི་སངས་རྒྱས་སྐུ་འཁྲུངས་པ་སོགས་མདོ་ཡི་མཛད་པ་༡༢ཁོ་ན་ཞལ་བཞེས་ལུགས་ཀྱང་སྨིན་གཏེར་སྐུ་གོང་མ་ཏཱ་ར་ནཱ་ཐས་སྔགས་བླ་མེད་ཀྱི་མངོན་རྟོགས་ལ་སྦྱར་འདུག་པས་གུས་ནས་མཐར་ཐུག་ལོངས་སྐུ་ལ་དད་ཞེན་བྱས་པ་ལགས་མོད་ཞུ། ༈ སྦྱིན་པའི་བདག་པོ་རྒྱ་མ་བོད། །མཆོད་གནས་ཐམས་ཅད་མདོ་མ་སྔགས། །གསུང་ཆོས་ཐམས་ཅད་བན་མ་བོན། །བྱས་ཚད་ཐམས་ཅད་དགེ་མ་སྡིག ༈ ཀྭ་ཡེ་བདག་གི་ཕ་ཡུལ་མདོ་སྨད་ལྗོངས། །ཁ་ཙམ་མ་ཡིན་དོན་གནས་བསྔགས་བརྗོད་འདི། །ག་ལེར་གཟུ་བོའི་ཐུགས་ཀྱིས་དཔྱད་མཛོད་དང༌། །ང་ཡི་གཏམ་འདི་བདེན་ཚིག་གསེར་དང་འདྲ། །ཅ་ཅོ་ཙམ་མིན་བཤད་སྒྲུབ་ལས་གསུམ་འཛིན། །ཆ་བྱད་བག་ཡོད་ངུར་སྨྲིག་འཛིན་པ་མང༌། །ཇ་བཟང་མར་སོགས་བཅུད་ལྡན་བཟའ་བཏུང་མང༌། །ཉ་མ་ཉམ་ཆུང་ཐབས་ཀྱི་དཔའ་བོ་མཐོ། །ཏཱ་ལའི་ཤིང་མཚུངས་རོང་ཀུན་ནགས་ཚལ་བརྗིད། །ཐ་ཚིག་ཉན་པའི་ཡུལ་ལྷའི་ཆད་ཐོ་བཙན། །ད་ལྟ་ཤི་ཡང་མཆོག་གསུམ་འབོད་བསྐུལ་བྱེད། །ན་གཞོན་ཡིན་ཀྱང་ཕྱི་མའི་འཇིག་རྟེན་ཤེས། །པ་སངས་ལྟར་དཀར་དགེ་བས་ཡུལ་ཀུན་མཛེས། །ཕ་མར་བཀུར་ཞིང་བུ་རྒྱུད་ངག་ལ་ཉན། །བ་མཛོ་ཕྱུགས་མང་འོ་ཞོའི་རྒྱ་མཚོ་འཁྱིལ། །མ་རབས་སྤྱོད་ལ་ཀུན་གྱིས་བག་ཡོད་བྱེད། །ཙ་གངས་གནས་རྣམས་ངལ་བས་ཆེད་དུ་བསྐོར། །ཚ་གྲང་དཀའ་བ་ཆོས་ལ་སྤྱད་པར་ནུས། །ཛ་ལང་ཉིན་མཚན་མི་དལ་སྤྱོད་པ་མེད། །ཝ་ལེར་ཡོན་ཏན་དེ་དག་ཡིད་ལ་དྲན། །ཞྭ་ཐོད་ལྟར་ལྕིའི་འཁོར་བར་སྐྱོ་ཤས་བརྟེན། །ཟ་འདོད་སྙིང་ཚིམ་མེད་པའི་ཆོས་པ་དང༌། །འ་འུར་མི་དགའ་སྙིང་པོའི་ཡོན་ཏན་ལ། །ཡ་མཚན་འཛིན་པས་བདུད་ཀྱིས་བསླུ་མི་སྲིད། །ར་བ་གངས་རིའི་མཛེས་པའི་འབྲོག་པ་རྣམས། །ལ་ལུང་མེད་པའི་ཐང་ཆེན་མེ་ཏོག་བཀྲ། །ཤ་ཁྲག་དགའ་ཡང་སྲོག་གཅོད་སྡིག་ལ་འཛེམ། །ས་ཕྱོགས་ཉམས་དགའ་བདེ་ཆེན་ཞིང་འགྲན་ཡོད། །ཧ་ཧ་ཐོལ་བྱུང་ངག་གིས་ཚིགས་སུ་བསྟར། །ཨ་མཚར་ཙམ་དུ་མདོ་སྨད་རྒན་པོས་བྲིས། །ཨ་རེ་དེ་འདྲའི་ཡུལ་ལ་བསམ་བྱས་ན། །ཧ་ཧ་ངོ་མཚར་སྙིང་ལ་སྐྱེ་ཞེས་ཞུ། ༈ གསེར་གྱི་ལྷུན་པོ་ལྟ་བུའི་དགའ་ལྡན་པ། །ཚོགས་གཉིས་རིན་ཆེན་ཁམས་མཆོག་ལྷུན་སྟུག་ཤིང༌། །ཆོས་འདུལ་འོད་ཀྱི་དྲྭ་བས་ཐུབ་བསྟན་རྒྱན། །ས་གསུམ་དྭངས་བ་འདྲེན་ལ་རབ་དགས་བསྟོད། །དྲི་མེད་སྟོན་ཟླ་ལྟ་བུའི་བཀའ་བརྒྱུད་པ། །ཟབ་དོན་རྟོགས་པ་མཁའ་ལྟར་རྒྱ་ཆེའི་ངོགས། །གྲུབ་བརྙེས་རྒྱུ་སྐར་ཕྲེང་བ་ལེགས་བསྟར་བས། །བདེ་ཆེན་དཀྱིལ་འཁོར་རྫོགས་པའི་དཔལ་ལ་དད། །རྫོགས་ལྡན་ནོར་བུའི་སྤྲིན་མཚུངས་ས་སྐྱ་པ། །ཡོངས་རྫོགས་བསྟན་པའི་བདུད་རྩིའི་ཁུར་གྱིས་ལྕིད། །ལུང་རིགས་འབྲུག་སྒྲས་མཁས་དབང་རྨ་བྱའི་ཚོགས། །དགའ་སྐྱེད་གངས་ཅན་རྒྱན་གྱུར་མི་དད་སུ། །འོད་ཟེར་བརྒྱ་པའི་དཔལ་མཚུངས་རྙིང་མ་པ། །ཐེག་དགུའི་གཉའ་ཤིང་འཛིན་རིའི་ལ་ཐོད་འཛེགས། །ཟབ་གསང་འོད་སྟོང་རྒྱལ་ཀུན་ཐུགས་མཁའི་རྒྱན། །དྲུག་ལྡན་ཕྲིན་ལས་མཁའ་ཁྱབ་དཔལ་དུ་བརྡལ། །ཐུབ་པའི་བསྟན་མཆོག་འདོད་འབྱུང་དབང་གི་རྒྱལ། །ཀུན་ལ་ངོ་མཚར་ཡོན་ཏན་དུ་མས་བརྒྱན། །ལུང་རྟོགས་རིན་ཐང་འགྲན་བྲལ་ཁོ་ནར་བཞུགས། །འདི་ཀོ་ཚངས་ཆེན་འབྱོར་པས་འགྲན་མི་ནུས། །སྟོན་པ་མཆོག་དེས་ཐུགས་བསྐྱེད་རིན་ཆེན་གྲུས། །མི་མཇེད་གདུལ་བྱའི་སྐལ་པར་བཞག་པའི་ནོར། །རང་ངོ་ཤེས་པས་ཚུལ་འདི་ཐོས་བསམ་སྒོམ། །བློ་གྲོས་མཛོད་དུ་ཡང་ཡང་བསགས་པར་རིགས། །ཆོག་ཤེས་དམ་པའི་ཆོས་ལ་བྱས་ནས་སུ། །བརྐམ་ཆགས་གདུང་བས་འབད་པ་ནོར་ལ་བརྩོན། །མི་ཚེ་འདིར་སྣང་འབའ་ཞིག་ཕྱིར་འཛད་བཞིན། །སྟོན་པའི་རྗེས་འཇུག་བདག་ལྟ་ཀྱེ་མ་འཁྲུལ། །ཆོས་བཟང་དཔལ་གྱིས་རྒྱན་པའི་བཤེས་གཉེན་དྲུང༌། །དད་པའི་སྲི་ཞུས་ཞབས་ཀྱི་པདྨོ་ལ། །འདུད་པས་ཐོས་བསམ་སྒོམ་པའི་འབད་པ་བརྒྱས། །འཕགས་པའི་རྒྱལ་ས་རང་དབང་བསྒྱུར་གྱུར་ཅིག །ཕྱོགས་རེའི་བད་ཀན་མིག་གིས་མ་སྒྲིབས་པར། །ཡོངས་རྫོགས་བསྟན་པའི་གཟུགས་བརྙན་བློ་མཆོག་གི །རིན་ཆེན་མེ་ལོང་གཅིག་ཏུ་འཆར་བ་ཡིས། །དོན་གཉིས་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །དེ་སྐད་ཆུ་སྟག་དབོ་ཟླའི་རྒྱལ་དང་པོར། །ཉམས་ཆུང་ཝ་སྐྱེས་ལྟ་བུའི་མུ་ཏོ་བ། །བཀྲ་ཤིས་དཔལ་འབྱོར་འབོད་པས་སྒྲོན་འོད་ལས། །ཐོལ་བྱུང་ཀུན་རྟོག་ཚིགས་སུ་བཅད་པ་བྲིས། །རྣམ་དཀར་ཁ་འབབ་བཞི་ཡི་ཉལ་འགྲོའི་རྒྱུན། །སྲས་བཅས་རྒྱལ་བའི་རྣམ་ཐར་ས་གཞིའི་ཁྱོན། །ཉུལ་ནས་ཆོས་དབྱིངས་རྒྱ་མཚོ་ཆེན་པོའི་ཀློང༌། །གཅིག་ཆར་འཇུག་པའི་སྐལ་བཟང་ཐོབ་གྱུར་ཅིག །བྱང་ཆུབ་སེམས་ཀྱི་གསེར་སྦྱངས་ས་གཞིའི་ངོགས། །མཁྱེན་དཔྱོད་རྒྱ་མཚོ་ཟབ་ལ་ཡངས་པས་མཛེས། །རྡོ་རྗེའི་ལམ་གྱི་གླིང་བཞིའི་བཀོད་པ་ཅན། །ཤིང་རྟ་བརྒྱད་ཀྱི་ཞིང་ཀུན་ཁྱབ་བརྡལ་ཤོག །བཀྲ་ཤིས་ཕན་བདེའི་སྣང་བ་འབུམ་ཕྲག་གིས། །སྙིགས་མའི་དུས་ཀྱི་རྒུད་པའི་མུན་བཅོམ་ནས། །བཤད་སྒྲུབ་རྫོགས་ལྡན་དབྱར་གྱི་དགའ་སྟོན་ལ། །སྐལ་བཟང་རི་སྐྱེས་རོལ་ཞིང་རྩེ་གྱུར་ཅིག །སརྦ་དཱ་ཀ་མངྒ་ལཏྟ། དགེའོ། ༈ དྲང་པོར་གསོལ་བའི་བདེན་ཚིག་ཀུན་ཕན་བདུད་རྩིའི་དགའ་སྟོན་བཞུགས། ཆོས་ཉིད་ཇི་བཞིན་མཁྱེན་པའི་མཁའ་དབྱིངས་སུ། །ཆོས་ཅན་ཤེས་བྱ་ཀུན་གཟིགས་རྒྱུ་སྐར་བཀྲ། །མཐའ་ཀླས་འགྲོ་སྒྲོལ་ནུས་མཐུ་ཐུགས་བརྩེའི་དཔལ། །རྒྱལ་ཀུན་གཉིས་མེད་འཇམ་དབྱངས་བླ་མ་རྒྱལ། །ས་གསུམ་སྲིད་ཞིའི་མཆོད་སྡོང་སངས་རྒྱས་ལ། །དྲང་སྲོང་ཆེན་པོའི་མཚན་གྱིས་རབ་བསྔགས་ན། །དྲང་པོའི་གཏམ་གྱི་གླིང་བུ་འཁྲོལ་བ་འདི། །མཁས་བླུན་སྤྱན་ལ་མི་འགྲིམས་མི་སྲིད་སྙམ། །བདག་ཅག་སྟོན་པ་གཅིག་གི་རྗེས་འཇུག་ལ། །ཡང་དག་བསླབ་པ་གསུམ་གྱི་ཉམས་ལེན་གྱི། །མཐར་ཐུག་ཐམས་ཅད་མཁྱེན་པའི་སར་བགྲོད་ལ། །ངེས་པའི་དོན་དུ་མི་མཐུན་གཅིག་ཀྱང་མེད། །སྲིད་ཞིའི་ཕན་བདེའི་འབྱུང་གནས་འདི་དགོངས་ནས། །རིགས་གསུམ་རྒྱལ་བ་མེས་དབོན་རྣམ་གསུམ་གྱི། །བཀའ་དྲིན་བསམ་མི་ཁྱབ་པས་སྒོ་ཕྱེས་པ། །རྒྱལ་བསྟན་ཡོངས་རྫོགས་ཉི་ཟླ་ལྟར་གསལ་བས། །རྟོགས་པ་མཁའ་དང་མཉམ་པའི་སྔ་འགྱུར་བ། །གྲུབ་ཐོབ་མཁའ་དང་མཉམ་པའི་ས་སྐྱ་པ། །བསྟན་པ་མཁའ་དང་མཉམ་པའི་དགའ་ལྡན་ཞེས། །གངས་ཅན་ཡུལ་གྱི་མཐའ་དབུས་ཐམས་ཅད་དུ། །བཀའ་སྲོལ་སྔ་ཕྱིར་བྱོན་པ་མཁས་གྲུབ་ཀྱི། །ཤིང་རྟའི་ལམ་སྲོལ་གདན་སའི་ཁྱད་པར་ལས། །མཚན་བཞིར་གྲགས་ལས་ཀུན་ཀྱང་ཐུབ་པའི་བསྟན། །བསྟན་འཛིན་སྐྱེས་བུ་ཆོས་ཀྱི་ཆེ་བ་ལ། །དཔྱད་ན་གཅིག་ལས་གཅིག་མཚར་ནོར་བུའི་ཕྲེང༌། །ངོ་མཚར་ཡོན་ཏན་བསམ་མི་ཁྱབ་མངའ་བས། །ཡིད་ཆེས་དད་པས་ཐལ་མོ་མི་སྦྱར་སུ། །སེམས་ཅན་ལས་སྐལ་དབང་པོ་སྣ་ཚོགས་པས། །རང་ཉིད་གང་ལ་དད་པའི་བསྟན་དང་ཆོས། །ཐོས་བསམ་སྒོམ་པའི་ཡིད་ཆེས་ངེས་བསྐྱེད་ནས། །བློ་གཏད་འཆའ་བ་ཐར་ལམ་རྩ་བ་ལགས། །སྔོན་དུས་འཕགས་བོད་མཁས་གྲུབ་ཚད་མ་རྣམས། །སྐྱེས་སྦྱང་གཟུངས་སྤོབས་བློ་གྲོས་ཚད་མེད་པས། །ལུང་རིགས་དགག་སྒྲུབ་རྣོན་པོས་ཐུབ་དབང་བསྟན། །བསྲེག་བཅད་བརྡར་བའི་གསེར་བཞིན་བྱི་དོར་མཛད། །དེང་དུས་ཚད་མའི་སྐྱེས་བུ་ཤིན་ཏུ་དཀོན། །བསྟན་པ་ཡང་དག་འཛིན་པ་ཉིན་སྐར་ཙམ། །གདུལ་བྱ་ཐམས་ཅད་ཆགས་སྡང་ཕྲག་དོག་རགས། །མ་སྦྱངས་མུ་ཅོར་སྨྲ་བས་ས་སྟེང་ཁྱབ། །ཚུལ་དེ་དགོངས་ནས་མཁས་མཆོག་དབྱིག་གཉེན་གྱིས། །སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང༌། །དཔང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན། །དེ་ཉིད་མ་མཐོང་རང་དགར་གྱུར་པ་ཡིས། །ངན་རྟོགས་རྣམས་ཀྱིས་བསྟན་པ་འདི་དཀྲུགས་སོ། །གསུངས་པ་རྒྱལ་པོ་ཀྲྀ་ཀྲྀའི་རྨི་ལྟས་བཞིན། །ནང་གི་ཀུན་སློང་ཆགས་སྡང་དུག་ཆུས་བསླད། །བརྗོད་པའི་ངག་ལ་དོན་གནས་རྒོལ་བ་ཉུང༌། །གྲོང་པ་ཕོ་མོའི་ཆགས་སྡང་འཆལ་གཏམ་བཞིན། །སྲང་ཁའི་ཁྱི་རྒན་ཀུ་ཅོ་ལྟ་བུ་འདིས། །ཡང་དག་ལྟ་ལ་ངེས་ཤེས་སྐྱེས་པ་དང༌། །བསྟན་པའི་ཤིང་རྟའི་ཆེ་བ་བརྗོད་པའི་ལས། །ཤིན་ཏུ་དཀོན་ཅིང་སངས་རྒྱས་ཕྲིན་ལས་ཀུན། །འགོག་པ་མེད་པས་མཐའ་ཡི་རྒྱལ་ཁབ་ཚུན། །ཐུབ་བསྟན་ཉིན་བྱེད་འཆར་ལ་རིག་གསར་གྱིས། །ལོག་རྟོག་ཡ་ག་སྒྲོག་རྒྱུར་འགྱུར་བ་མཐོང༌། །དེ་ཕྱིར་རྒྱལ་བའི་དབང་པོ་ཀློང་ཆེན་པས། །རང་ཕྱོགས་སྐྱོང་ཞིང་གཞན་ཕྱོགས་དགག་པའི་རྒྱུ། །བགྲོ་གླེང་བསྟན་པའི་ག་དར་ཡིན་སྙམ་ཡང༌། །དེ་ལ་བརྟེན་ནས་ཉོན་མོངས་སྐྱེ་བའི་རྒྱུ། །སྨྲ་བཅད་བྱེད་པ་ཁོ་བོའི་སྙིང་གཏམ་ཡིན། །གསུང་བཞིན་མཁས་བླུན་ཆོས་སྨྲ་ཀུན་གྱིས་ཀྱང༌། །རང་ལུགས་ཆོས་ཀྱི་ཆེ་བ་དུས་ཀུན་སྒྲོགས། །ཆོས་མཐུན་བསམ་སྦྱོར་གཙང་མས་འཆད་རྩོམ་མཛད། །གདུལ་བྱའི་བློ་རྒྱུད་ཆོས་དང་འདྲེས་ཅི་ནུས། །མཛད་ན་རྗེས་སུ་ཡི་རང་ཐལ་མོ་སྦྱར། །དོན་ཆུང་དག་གིས་བསྟན་ལ་ཡ་ག་སྒྲོགས། །ནང་གི་གྲུབ་མཐའ་ཆོས་བརྒྱུད་སྐྱོན་མཚང་བརྗོད། །གཅིག་གསོ་གཅིག་བསད་དངོས་བརྒྱུད་ལས་མཐའ་འདིས། །བསྟན་པའི་དབུ་འཕང་བསྟོད་མིན་ཐུགས་དཔྱད་འཚལ། །བདག་གིས་གྲུབ་མཐའ་ཀུན་ལ་གུས་མོད་ཀྱང༌། །ཚེ་འདིར་མེ་ཏོག་ཕོག་པའི་ལྷ་སྐལ་ནི། །སྔ་འགྱུར་རྙིང་མའི་བསྟན་པའི་སྒོར་ཞུགས་ཤིང༌། །དུས་ཚོད་དཔགས་པའི་ཐོས་བསམ་སྒོམ་བྱས་ཕྱིར། །རྙིང་བསྟན་ཉམས་དམའ་གྲུབ་པ་ལྟ་ཅི་ཞིག །ལོག་རྟོགས་རྐྱེན་གྱིས་ཁུར་བཀལ་གསུང་སྙོན་ཚིག །སྲོད་མུན་འབྱུང་བྱའི་ཅ་ཅོ་ལྟར་སྒྲོགས་ན། །འདྲེ་ཉལ་ཕཊ་ཀྱིས་བསླངས་པའི་དཔེ་བཞིན་དུ། །རྒན་འཁོགས་བྱིང་འཐིབས་ཐལ་བས་སེམས་རྙོགས་ཤིང༌། །ལག་པའི་འཁར་བས་ལུས་བེམ་བསྟེན་པས་ཀྱང༌། །སོ་མེད་ཁ་ནས་ལུང་རིགས་དབྱར་རྔའི་སྒྲས། །རྟོག་གེ་སརྫི་ཀ་ཡིས་སྙིང་འགས་སྲིད། །བསྟན་ལ་ངེས་པར་གནོད་པའི་ལས་བརྩམས་ན། །ཤི་འདྲེ་འགོང་པོར་སྐྱབས་བཅོལ་མ་དགོས་པར། །མ་གཤིན་ཕུར་པའི་མངོན་སྤྱོད་ལས་རབ་འབྱམས། །ལག་ལེན་མན་ངག་དྲོད་བཅས་བརྩམ་ཆོག་ཡོད། །ད་དུང་ཐལ་བའི་འོག་གི་མེ་མདག་ཏུ། །སྦས་ནས་ཡོད་པའི་གནད་གསང་མ་མཁྱེན་པར། །ཕྱོགས་ལྷུང་གདུག་པའི་ཐན་སྐད་སྒྲོགས་ཆེས་ན། །རང་བསྟན་བརླག་པའི་རྒྱུར་སྲིད་བག་ཡོད་མཛོད། །གངས་ཅན་རང་དབང་གཙང་མའི་བདེ་སྐྱིད་ཀྱིས། །གྲུ་འཛིན་འཕགས་པ་དགྱེས་ཞིང་མིང་དང་དོན། །མཚུངས་པའི་སྐབས་སུ་ནང་འཁོན་སྒྲ་གཅན་ཁས། །ཆོས་སྲིད་ཉི་ཟླ་ཟོས་པའི་ལྷག་མར་གཟིགས། །ཚད་མར་གྱུར་པ་འཕགས་སར་བཞུགས་ཀུན་གྱིས། །སྔ་འགྱུར་བསྟན་པ་རྒྱལ་མཚན་ཏོག་བཞིན་དུ། །བཀུར་མཐོང་ཡིད་ཆེས་བློ་བདེའི་མལ་ས་རུ། །གུ་ཡངས་སྨྲ་ཉུང་མ་ཎི་བགྲང་སྙམ་བསྡད། །དེ་སྐད་ཕ་ཡུལ་མེད་པའི་གོག་སྟོང་དུ། །ནད་མཚོན་མུ་གེ་སྙིགས་མའི་འཐོར་རླུང་གཡོ། །ཕྱོགས་ཀུན་སྲིན་བྱ་སྤྱང་ཀིའི་ཀུ་ཅོ་ཡིས། །ཉམས་ཆུང་ཚིག་འདི་མི་སྨྲ་ཀ་མེད་བྱུང༌། །ཡིད་ཀྱི་ཀུན་སློང་རྒན་མོའི་བསམ་དཀར་དང༌། །ངག་གི་ཚིག་སྦྱོར་རྒད་པོའི་དྲང་གཏམ་གྱིས། །སུ་ཡང་ཐུགས་ལ་ཕོག་པར་མི་སྲིད་ཀྱང༌། །ནོངས་ན་ཐལ་སྦྱར་འགྱོད་སེམས་བཅས་པས་བཤགས། །ཚིགས་སུ་བཅད་འདི་སྦྲང་རྩི་ལྟར་གྱུར་ནས། །འདར་ལྡན་སོར་མོའི་བསྟར་བ་དོན་ཡོད་དེ། །དཔྱོད་ལྡན་བུང་བའི་དགའ་སྟོན་ཉིད་གྱུར་ནས། །རྒྱལ་བསྟན་དཔྱིད་ཀྱི་དཔལ་ཡོན་རྒྱས་རྒྱུར་སྨོན། །གངས་ཅན་མགོན་པོ་པད་དཀར་འཆང་ཡབ་སྲས། །རིས་མེད་མཁས་གྲུབ་ཐུགས་མཐུན་ཕྲིན་ལས་རྒྱུན། །ཐུབ་བསྟན་ཞིང་མཆོག་གསོས་སུ་གྱུར་པ་ཡིས། །མཁའ་མཉམ་འགྲོ་ཀུན་རྣམ་མཁྱེན་འབྲས་སྨིན་ཤོག །དེ་སྐད་གངས་ཅན་མདོ་སྨད་ཡུལ་སྐྱེས་ཤིང༌། །མཁྱེན་བརྩེའི་སྤྲུལ་སྐུར་གྲགས་པའི་མངྒ་ལས། །རྨོངས་བློའི་དྲན་ཚད་ངག་ཏུ་བརྗོད་འདིས་ཀྱང༌། །གཟུར་གནས་མཁས་གྲུབ་ཀུན་གྱིས་ཐུགས་གཞིག་མཛོད། །མཁས་པས་བདེན་དགོངས་ཀུན་ལ་བཀའ་བསླབ་གནང༌། །བླུན་གཏམ་དོན་མེད་གཟིགས་ན་གྲོང་གསེབ་ཏུ། །ཁྱི་ཡི་མཇུག་མར་བཏགས་ནས་མེར་སྲེགས་དང༌། །ཁོང་ཁྲོ་ཆགས་སྡང་ཀུན་རྟོག་ཡིད་ལ་མེད། །ཚེ་རབས་ཀུན་ཏུ་ཤཱཀྱའི་རྒྱལ་པོའི་མདུན། །འཇམ་དཔལ་དབྱངས་དང་ལིཙྪ་བི་བཞིན་དུ། །ཆོས་བཟང་གཏམ་གྱིས་ས་གསུམ་ཁྱོན་འགེངས་པ། །ཡིད་ལ་སྤོབས་པས་ཕྱོགས་ལས་རྒྱལ་གྱུར་ཅིག ༈ ན་མོ་གུ་རུ་ཝེ། ཉིན་མཚན་ཐུན་དྲུག་ཏུ་སྡོམ་པ་གསུམ་གྱི་བསླབ་བྱ་སྐྱོང་བའི་རྣལ་འབྱོར་ཤིན་ཏུ་མདོར་བསྡུས་ནི། རང་གཞན་གྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་པས་བསྒྲུབ་བྱའི་ཆོས་ཐམས་ཅད་ཀྱི་སྙིང་པོ་ནི་སོ་བྱང་སྔགས་ཀྱི་སྡོམ་པ་གསུམ་གྱི་བསླབ་བྱ་ལ་ནན་ཏན་བྱེད་པ་ཉིད་ཡིན་ལ། དེའི་ཕྱིར་ལས་དང་པོ་པ་རྣམས་ཀྱིས་ཉམས་སུ་བླང་བྱ་ནི་འདི་ཡིན་ཏེ། སྤྱིར་དུས་རྟག་པར་རྙེད་དཀའི་དལ་འབྱོར་ཐོབ་དཀའ་བའི་ཚུལ་དང༌། སྣོད་བཅུད་མི་རྟག་པའི་འདུ་ཤེས་དང༌། འཁོར་བའི་སྡུག་བསྔལ་བཟོད་བླག་མེད་པའི་ངེས་འབྱུང་དང་སྐྱོ་ཤས་ཀྱིས་ཐར་ལམ་གྱི་རྩ་བ་རྒྱུ་འབྲས་ལ་དད་སྤྲོ་དང༌། གཞན་ཕན་གྱིས་ཡིད་བསྐུལ་བ་བཞི་དུས་ཀུན་མ་བརྗེད་པས། །འབྱོར་ན་ཇི་ལྟར་འོས་པའི་རྟེན་གསུམ་གྱི་མདུན་མཆོད་པ་ཡང་བཤམས། མེད་ན་ཡིད་ཀྱིས་མོས་པས་ཀྱང་རུང་ཞིང༌། གང་ལྟར་ཡང༌། སྣོད་བཅུད་དག་པའི་ཞིང་དུ་མོས་ཏེ། སྐྱབས་ཡུལ་གསལ་བཏབ་ནས། ཐེག་པ་ཐུན་མོང་གི་ལམ་གྱི་རྩ་བ་སྐྱབས་འགྲོ། དཀོན་མཆོག་གསུམ་ལ་སྙིང་ལ་སྐྱབས་སུ་རྣམ་སྣང་གི་དམ་ཚིག་ མཆི། །ཐེག་པ་ཆེན་པོའི་ལམ་གྱི་སྙིང་པོ་སྨོན་པ་སེམས་བསྐྱེད་བཟུང་བཞིན། འགྲོ་ལ་ཕན་ཕྱིར་བྱང་སེམས་ཀྱི་སྤྱོད་པ་སློབ་པས་འཇུག་སེམས་བསྐྱེད། འགྲོ་ཀུན་ཕ་མར་ཤེས་པའི་དྲིན་དྲན་པའི་བྱམས་པས། རྫོགས་པའི་བྱང་ཆུབ་སྒྲུབ། སེམས་ཅན་རིན་ཆེན་རིགས་ཀྱི་དམ་ཚིག་ བདེ་ལྡན་སྙིང་རྗེའི་ཡིད་དྲངས་ཏེ། སྡུག་བསྔལ་ཀུན་དང་བྲལ། བདེ་དང་མི་འབྲལ་བཏང་སྙོམས་ངང་གནས་ཤོག །ཅེས་ཚད་མེད་བཞིས་རྒྱུད་སྦྱངས་བ་ལན་གསུམ། མདོ་སྔགས་ལམ་ཀུན་གྱི་ཉམས་ལེན་མཐར་ཐུག་བླ་མའི་རྣལ་འབྱོར་ནི། མདུན་མཁར་རིན་ཆེན་པདྨ་ཉི་ཟླའི་སྟེང༌། །རྩ་བའི་བླ་མ་དཔལ་ལྡན་རྡོ་རྗེ་འདི་ཕྱི་མདོ་ལྟར་ན་རྣམ་པ་ཐུབ་དབང༌། ནང་སྔགས་ལྟར་གུ་རུ་རིན་པོ་ཆེ་དང་རྡོ་རྗེ་འཆང་གང་མོས། གསང་བ་རང་གི་ཡི་དམ་གང་བསྒོམ་ན་རུང༌། འཆང༌། །མཚན་དཔེའི་གཟི་འབར་རབ་འབྱམས་དཔའ་བོ་དང༌། །ཌཱ་ཀིའི་སྤྲིན་ཕུང་རྣམ་པར་སྤྲོ་བཞིན་བཞུགས། །ཚོགས་བསགས་ཀྱི་སྙིང་པོ། དཀོན་མཆོག་གསུམ་གྱི་རང་བཞིན་བྱང་ཆུབ་སེམས། དེ་སྩོལ་བླ་མ་དེ་རྒྱ་ལྷག་པའི་ལྷ། །དེ་དབང་སྤྲུལ་པའི་འཁོར་ལོ་བཅས་པ་ལ། །ཕྱག་འཚལ་དེ་བསྲུང་ལམ་དང་བསྒྲུབ་བྱ་ལའོ། །ཞེས་ཕྱག་འཚལ་མདོར་བསྡུས་དང༌། མཆོད་འབུལ་ལ། ངོ་བོ་བདག་གཞན་གྱི་ལུས་ལོངས་སྤྱོད་དུས་གསུམ་དགེ་བ་བཅས། རྣམ་པ་ཉེར་སྤྱོད། ཕྱི་ནང་གསང་བའི་མཆོད་སྦྱོར་སྒྲོལ་དེ་ཁོ་ན་ཉིད། སྤྲིན་མཎྜལ་སྐུ་གསུམ་གྱི་ཞིང་ཁམས་ཀྱི་བཀོད་པ་ཡིད་ལ་བྱས་ཏེ་མཎྜལ་དངོས་སུ་ཡོད་ན་འབུལ། བཅས། གུས་པ་ཆེན་པོས་འབུལ་གྱིས་བཞེས་སུ་ལས་རིགས་དམ་ཚིག་མཆོད་འབུལ། གསོལ། །བླ་མ་ཐུབ་དབང་དུ་གསལ་བས་སྟོན་པའི་མཚན་དང་མུ་ནི། གུ་རུ་རིན་པོ་ཆེར་གསལ་བས། སྤྲོ་ན་བླ་མ་སྐུ་གསུམ་དང༌། ཚིག་བདུན་གསོལ་འདེབས་དང་བཛྲ་གུ་རུ་ཙམ་བཏོན་ཀྱང་ལེགས། རྒྱུད་ལ་བྱིན་རླབས་འཇུག་པའི་ཐབས་ཐུན་མོང་མ་ཡིན་པ་བླ་མ་ནི། སངས་རྒྱས་ཀུན་དངོས་ཅི་མཛད་འགྲོ་དོན། ཅི་གསུང་ཚད་མར་འཛིན་པས། མཆོག་ཐུན་གྱི་ དངོས་གྲུབ་རྩ་བ་རུ། །མཐོང་ནས་རྣམ་པ་དད་མོས་ཀྱིས་རབ་བླ་མས་གནང་བའི་གདམས་ངག་ཉམས་ལེན་འཆད་སྤེལ་བྱེད་པ་སྒྲུབ་པའི་མཆོད་པ། འབྲིང་སྒོ་གསུམ་གྱིས་ཞབས་ཏོག་ཕྱག་བསྐོར་བྱེད་པ། ཐ་མས་ཟང་ཟིང་གིས་བསྙེན་བཀུར་གྱི་དུས་དང༌། ཀུན་ཏུ་མཉེས་བྱེད་ཤོག །རྡོ་རྗེ་ཐེག་པ་སྔགས་ཀྱི་དང་པོའི་འཇུག་སྒོ་རྒྱུ་དུས་སུ་བླ་མ་ལས་ཐོབ་པའི་དབང་གི་ནུས་པ་གསོ་ཕྱིར་བླ་མའི་སྐུ་གསུང་ཐུགས་ཀྱི་དང་རང་གི་སྒོ་གསུམ་དབྱེར་མེད་དུ་བྱིན་གྱིས་བརླབས། བསམ་ལ་ལམ་དབང་ལེན་པའི་མོས་པས། ཛཿཧཱུྃ་བྃ་ཧོཿབླ་མ་རང་ལ་ཐིམ། ཐུགས་ཡིད་བསྲེས་ལ་བློ་བྲལ་གྱི་ངང་དུ་ཅུང་ཟད་མཉམ་བཞག་བྱ། མཚན་མོར་ཉལ་དུས་བླ་མའི་སྐུ་ཕྲ་ཞིང་འབར་བ་སྙིང་དུ་བསྒོམ་པ། སློབ་དཔོན་དག་ཀྱང་བཟུང་བར་བགྱི། རིགས་ལྔ་སྤྱིའི་ཐུགས་ཀྱི་དམ་ཚིག་ཟུང་འཇུག་གི་བསྒོམ། ཤེས་པ་ལྔ་སྒྲུབ། གསང་སྔགས་ལམ་གྱི་རིམ་པ་དང་པོ་ཡི་དམ་གྱི་བསྐྱེད་རིམ་ནི། སྟོང་པའི་ངང་ལས་རང་ཉིད་རྡོ་རྗེ་ཞི་ཁྲོ་རིགས་ཀུན་གྱི་ཁྱབ་བདག་ཏུ་བསྒོམ་སྟེ། འཆང༌། བདེ་བ་ཆེན་པོ་ཐུགས་ཀྱི་དམ་ཚིག་ ཐབས་ཤེས་རང་བཞིན་སྟོང་པ་ཉིད་གསུང་གི་དམ་ཚིག་ རྡོ་རྗེ་དྲིལ་བུ་བཅས། རང་སྣང་ཕྱག་རྒྱར་འཁྱུད་རིམ་པ་གཉིས་ལས་རང་ལུས་ཀྱི་རྫོགས་རིམ་བསྒོམ། པའི་བདེ་བས་དགྱེས། གཞན་ལུས་ཀྱི་རྣལ་འབྱོར་བསྒོམ། ཟུང་འཇུག་སྐུ་ཡི་དམ་ཚིག་གསུམ་རྗེས་སུ་དྲན་པས་བག་ཡོད་དུ་བྱ་ཕྱིར། དགེ་ཚོགས་ཅི་མཆིས་མ་གྱུར་འགྲོ་ལ་བསྔོ། །ཡིག་བརྒྱ་བདུན་ལས་མི་ཉུང་བར་བཟླ། ནང་པ་སངས་རྒྱས་པའི་ཁྱད་ཆོས་བཟང་པོ་བཞི་ལྡན་གྱི་བསྔོ་བ་ལས་དོན་སོ་བྱང་སྔགས་ཀྱི་སྲུང་སྡོམ་རྗེས་སུ་དྲན་པ་ཉེས་ལྟུང་གིས་གོས་པ་ལ་འགྱོད་པས་བཤགས་སེམས། མ་གོས་ན་སྲུང་བར་དམ་བཅས་པས། སྐྱེ་ཤིང་སྐྱེ་བར་སྡོམ་གསུམ་མིག་ལྟར་རྣམ་སྣང་གི་དམ་ཚིག་སྡོམ་གསུམ་བསྲུང་བར་དམ་བཅའ་བ། སྨོན་ལམ་ཐམས་ཅད་དམ་ཆོས་འཛིན་པར་བསྔོས་ན་འདུས་པར་གསུང་བས། བསྲུང༌། །ཡོངས་རྫོགས་རྒྱལ་བའི་ཆོས་ཚུལ་ལེགས་པདྨའི་རིགས་ཆོས་བཟུང་བ། བཟུང་བས། གཞན་དོན་དུ་བདག་གི་དུས་གསུམ་གྱི་ལུས་ལོངས་སྤྱོད་དགེ་ཚོགས་ཐམས་ཅད་སེམས་ཅན་ལ་ལྟོས་མེད་དུ་བསྔོ་བས་ཐེག་ཆེན་གྱི་སྤྱོད་པ་རྫོགས་སྨིན་སྦྱངས་པ་མཐར་སོན་པའི་ཕྱིར། གང་འདུལ་ཐབས་ཀྱིས་འགྲོ་བའི་དོན་བྱེད་ཤོག །ཅེས་འཇིགས་མེད་བསྟན་པའི་ཉི་མས་བྲིས། ཞེས་རྡོ་གྲུབ་རིན་པོ་ཆེའི་མཛད་པའི་ཐུན་དྲུག་རྣལ་འབྱོར་འདི། རང་ཅག་སྡོམ་པ་གསུམ་ཀ་བླངས་ཤིང་སྲུང་སྡོམ་ཇི་མི་སྙམ་དུ་དོར་བ་འདི་ཁེ་ལས་ཉེན་ཆེ་བས་ཚིག་ཉུང་ངུ་འདི་ཙམ་གྱི་གནད་དོན་སྙིང་པོ་ཤེས་པས་རབ་ཉིན་མཚན་དུས་དྲུག །འབྲིང་དུས་གསུམ། ཐ་མས་ཉིན་ཞག་རེར་ལན་རེ་ཡིད་ལ་བྱས་ན་ཆོས་སྒོར་ཞུགས་པ་འདི་ཕྱིར་སྒྲིབ་པའི་རྒྱུར་མི་འགྱུར་ཞིང༌། རྒྱལ་བའི་བསྟན་པ་དང་མཇལ་བ་དོན་ལྡན་དུ་འགྱུར་བའི་དགོས་པ་ཆེན་པོ་མདོ་རྒྱུད་ཀུན་ལས་གསུངས་པ་ལྟར་ལགས་པས། རང་གཞན་ཆོས་ཞུས་ཐོབ་མང་པོ་བྱས་ཀྱང་སྙོམ་ལས་དང་འདུ་འཛིའི་མི་ཚེ་གྲོན་པ་རྣམས་ལ་ཕན་པའི་བློས་ཐུགས་བསྐུལ་ཞུས་པ་ལ་རྗེས་བརྩེའི་གསན་བཞེས་ཀྱི་གཡར་དམ་མི་འདོར་བར་ཞུ་གསོལ་འདེབས་བཞིན་ཆོས་ལ་བརྟེན་ནས་ལོག་འཚོ་སྲུང་བའི་ལས་ངན་གྱི་ཁུར་གྱིས་ནོན་པའི་རྨོངས་པ་མངྒ་ལ་ཤྲཱི་བྷཱུ་ཏིས་གསལ་བྱེད་མཆན་ཅུང་ཟད་བྲིས་པ་རང་གཞན་གྱི་རྒྱུད་རྣམ་པར་དག་པའི་ཆོས་དང་འདྲེས་པའི་རྒྱུར་གྱུར་ཅིག ༈ ཨ་ཏི་ལ་སོགས་སྨིན་གྲོལ་བདུད་རྩི་ཡིས། །ཧ་ལོ་ལྟ་བུའི་སྙིགས་མའི་གདུང་བཅོམ་ནས། །ས་གསུམ་ཀུན་ཏུ་དགེ་བའི་ཕྲིན་ལས་དཔལ། །ཤ་ཟ་འབོད་སྒྲོགས་རྒྱལ་པོའི་རྒྱལ་ཚབ་དྲུང༌། ལ་ལ་ཙམ་མིན་ཁྱོད་ལ་གུས་པའི་ཡིད། །ར་རིབ་བྲལ་བ་དྭངས་བའི་ཆུ་མཚོ་ངོགས། །ཡ་མཚན་དང་པའི་མེ་ཏོག་མདངས་བཀྲ་བར། །འ་འུར་མ་ལགས་དད་བརྒྱའི་སྦྲང་རྩིའི་ལྕིད། །ཟ་ཧོར་མཁན་ཆེན་དགྱེས་ཞལ་མདུན་བཏེགས་ཏེ། །ཞྭ་ལམ་རབ་འབྱམས་བུང་བ་རྩེན་བཞིན་དུ། །ཝ་སྐྱེས་ལྟར་ཞུམ་སྒོ་གསུམ་ཆེས་གུས་པས། །ཛ་ཡའི་རིང་ལུགས་བཤད་སྒྲུབ་ལས་གསུམ་གྱིས། །ཚ་ངར་མ་ཡིན་ཞི་དུལ་ཕྲིན་ལས་རྒྱས། །ཙ་རྩུབ་སྤང་བའི་མཚན་བཟང་བརྟན་འདི་རྨད། །མ་ལྟར་རྗེས་བརྩེའི་བསྐྱངས་བའི་རྒན་བུ་ཡང༌། །བ་གླང་ལྷས་སུ་ཉལ་བཞིན་བག་ཕེབས་ཏེ། །ཕ་རོལ་ཕྱི་ཡི་རྒྱལ་ཁབ་རྒྱུ་ལ་ཆས། །པ་ར་མི་ཏའི་ཆོས་བཤད་དགོས་སོ་ལོ། །ན་རྒ་འཆི་བའི་སྡུག་བསྔལ་ཐོག་བབ་བཞིན། །ད་ལྟ་སྒྱུ་མའི་སྣང་བས་ཡིད་བསླུས་ནས། །ཐ་ཚིག་རྒྱལ་བའི་བཀའ་བཞིན་མི་སྤྱོད་པ། །ཏ་ལའི་ནགས་སུ་འཁྱིལ་བའི་ལྟོ་འགྲོ་བཞིན། །ཉ་དང་ཉུང་མ་བསྲེས་ལྟའི་འཆལ་གཏམ་ལས། །ཇ་བཟང་བཅུད་ལྡན་སྐྱེམས་ཕུལ་ལེགས་ངེས་ཀྱང༌། །ཆ་ཤས་གནས་ཚུལ་ཕུལ་ལ་ཐུགས་དགྱེས་པས། །ཅ་ཅོའི་ཚིག་གི་ཕྲེང་བ་བསྟར་ལ་བརྒྱུས། །ང་འཛིན་ལྷུན་པོ་མཐོ་བའི་བེམ་སྒོག་མགོར། །ག་བུར་མདངས་འཛིན་ཐོར་ཚུགས་རྒྱན་འཆང་དེའི། །ཁ་མཁས་འབྲེལ་མེད་ཅ་ཅོ་མང་པོ་འདི། །ཀ་ཀའི་ངག་བཞིན་ཕུལ་བས་དགྱེས་གཟིགས་ཞུ། ༈ ཀ་བ་དར་ཚོན་སྣ་ལྔས་དཀྲིས་པའི་ནང༌། །ཁ་ནས་རྒྱུན་ཆད་མེད་པའི་ཆོས་བཤད་སྐད། །ག་བར་ཤི་རྒྱུ་མེད་པའི་མི་རྒན་དེས། །ང་ཡི་ཕྱག་མཛོད་ཁྱེད་ལ་འདི་སྐད་ཞུ། །ཅ་ཅོའི་རྣ་བ་གཟན་པའི་གསོལ་འདེབས་གླུ། །ཆ་ལུགས་མ་ངེས་གྲྭ་པ་སྒོམ་ཆེན་མོས། །ཇ་ཆང་འབྲས་སིལ་རྒྱུན་མི་འཆད་པ་ཡིས། །ཉ་ལྟོ་གཏང་བཞིན་རྒྱུན་ཆད་མེད་ངང་ཡིན། །ཏ་ལའི་ལོ་འདབ་རྒྱས་པ་དགེ་ལེགས་ཕུར། །ཐ་དད་ལུང་པ་མི་གཅིག་མི་མང་ལ། །ད་ལྟ་དགོས་རྒྱུ་མང་པོའི་སྔགས་མདུད་ཆུ། །ན་ལོང་ཤི་ལོང་མེད་པ་ཟིང་ལོང་བའི། །པ་རེ་པུ་རེའི་སྐད་ནི་འདྲེ་དང་འདྲ། །ཕར་རྒྱབ་སླེབས་དུས་དཀོར་སྒྲིབ་རི་བས་ལྗི། །བ་མོའི་འོ་མ་ཞོ་ཡང་འཐུང་ངང་ཡིན། །མ་རྒན་བུ་མོས་ས་སྟེང་གང་ནས་འདུག །ཙ་བེ་ཙུག་གེའི་དབང་ལུང་རྫོགས་ལ་ཉེ། །ཚ་གྲང་སྙོམས་པའི་སྒྱུ་ལུས་བདེ་ངང་ཡིན། །ཛ་ཛོར་མཇལ་ཁ་ཉིན་རེ་བཞིན་དུ་མང༌། །ཝ་ལེར་བདག་གི་གནས་ཚུལ་དེ་ལྟར་ལགས། །ཞྭ་ཆོས་གྱོན་ཞིང་ཁྲི་ཐོག་འགྱིང་མིན་ཞིང༌། །ཟ་འདོད་ཐབས་མཁས་མང་པོ་མ་བྱས་ཀྱང༌། །འ་རེ་འུ་རེ་རྣམ་གཡེང་ཇེ་མང་རེད། །ཡ་མཚན་ལྟད་མོ་བལྟ་ཞིང་བལྟ་བཞིན་འདུས། ར་རིབ་གསུང་བརྟགས་ཞུ་རྒྱུ་རྫོགས་དུས་མེད། །ལ་ལུང་མི་ཀུན་ཚོགས་འདུ་བཞིན་དུ་འདུས། །ཤ་ཆང་འབྲས་ཀྱང་ཟ་བཞིན་རྙེད་བཞིན་པ། །ས་མཐར་འཁྱམས་ཀྱང་ཕ་ཡུལ་བསྡད་ལས་ལྷག །ཧ་ཧ་ཅི་བྲི་མེད་པས་འདི་ལྟར་སྨྲས། །ཨ་མཚར་གད་མོ་ལྷོང་བའི་གཏམ་འདི་ཡང༌། །རྒན་བུ་གསལ་དགས་དངོས་གྲུབ་ཁྱོད་ལ་བསྐུར། །ཧ་ཧ་ཟེར་བཞིན་ཀློག་དང་བཀྲ་ཤིས་ཤོག ༈ ཀ་ཡེ་སྙིང་ལྟར་གཅེས་པའི་ཆོས་ཀྱི་གྲོགས་པོ། །ཁ་གསག་རབ་བཏགས་མ་འདྲེས་དྲང་པོའི་ཡིད་ཀྱིས། །ག་དར་སེམས་ལ་བྱས་པས་ཤེས་རྒྱུད་རབ་དུལ། །ང་བདག་གཅེས་འཛིན་འདུལ་མཁས་ཁྱོད་ནི་ངོ་མཚར། ཅ་ཅོའི་འུར་ཟིང་མེད་པ་ནང་ནས་དུལ་བས། །ཆ་ལུགས་མཛེས་པའི་ཨོ་ཟོབ་ཙམ་ཞིག་མ་ཡིན། །ཇ་བཟང་བཅུད་ལྟར་རོ་ནུས་ལྡན་པའི་གོ་མྱོང༌། །ཉ་ཟླ་ལྟ་བུའི་ཞི་བསིལ་དགའ་སྟོན་རྨད་བྱུང༌། །ཏཱ་ལ་བདུན་སྲིད་མཁར་བཞུགས་གྲུབ་ཆེན་ཏཻ་ལོའི། །ཐ་ཚིག་རྡོ་རྗེའི་དོ་ཧ་རྒྱལ་ཁམས་སྐྱེ་འགྲོ། །ད་ལྟ་ཡུད་ཙམ་ཉིད་ནས་རྡོ་རྗེའི་སར་སྦྱོར། །ན་རྒ་སྐྱེ་འཆི་ཆུ་ཡི་ཕ་རོལ་སྒྲོལ་བཞིན། །པ་ར་མི་ཏ་བཛྲ་ཡ་ནའི་ཆོས་སྒོ། །ཕ་རོལ་གདུལ་བྱའི་ཁམས་དབང་བསམ་པ་ཇི་བཞིན། །བ་མཆོག་བེའུ་སྐྱོང་ལྟར་ཁྲིད་ཚུལ་མང་པོས། །མ་ལུས་འགྲོ་ཀུན་ཐར་པར་དཀྲི་འདི་རྨད་བྱུང༌། །ཙ་ཀོ་ར་ཡི་གླུ་སྙན་དཔྱིད་སོས་ཐོས་བཞིན། །ཚ་གྲང་ནད་མུག་མཚོན་ལྡན་རྩོད་དུས་འགྲོ་ལ། །ཛཱ་ཏིའི་མེ་ཏོག་དྲི་བཞིན་ཆོས་ཀྱི་ཐབས་མཁས། །ཝ་ལེར་འགྱེད་པའི་ཕྲིན་ལས་རྗེས་སུ་ཡི་རང༌། །ཞྭ་མོའི་ཏོག་ལྟར་མཆོད་འོས་མཆོག་གསུམ་ཕྲིན་ལས། །ཟ་འདོད་ཙམ་ཞིག་མིན་པར་ཀུན་ལ་སྤེལ་བས། །འ་འུར་ལྷ་བུས་བསླུས་པའི་འགྲོ་བ་འདི་དག །ཡ་མཚན་ཆོས་ལ་བཀོད་པའི་ངོ་མཚར་རྨད་བྱུང༌། །ར་རིབ་འཁྲུལ་བྲལ་ཡེ་ཤེས་ཆེན་པོའི་ཉིན་བྱེད། །ལ་འུར་འདྲེན་པའི་ཐབས་མཁས་དུ་མའི་སྒོ་ནས། །ཤ་ཝ་རི་བཞིན་རྡོ་རྗེའི་ལམ་སྟོན་སྐྱེས་བུས། །ས་འདིར་ཕྱག་རྗེས་རེ་ཁཱ་མངོན་སུམ་གསལ་བས། །ཧ་རིའི་གྲིབ་བསིལ་གླང་ཆེན་སིམ་པ་ལྟ་བུའི། །ཨ་ཕ་རྒད་པོར་བསྙེན་བཀུར་བཟང་བས་མ་ཡིན། །ཨ་ཧོ་ཆོས་ཀྱི་སྒྲོན་མེ་ཞིང་འདིར་སྦར་བས། །ཧ་ཧ་མ་བཅོས་གཉུག་མའི་ཚིགས་བཅད་འདི་ཡང༌། །ཨོ་ཌི་ཡ་ནའི་སློབ་དཔོན་ཆེན་པོའི་འབངས་ཀྱིས། །ཨེ་མ་ཟབ་རྒྱས་མཛད་པར་ཆེ་བརྗོད་ཕུལ་འདིས། །ཨོ་རྒྱན་ཡུལ་བཞིན་སྟོན་འཁོར་ཚོམ་བུ་གཅིག་གྲོལ། །ཨིནྡྲའི་ཁབ་ཀྱི་དགེ་མཚན་རྔ་བཞིན་གྱུར་ཅིག །ཅེས་པའང་མཐའ་ཡི་རྒྱལ་ཁབ་ཏུ་ཉུལ་བའི་མུ་ཏོ་བ་མངྒ་ལའི་མིང་གིས་ཆེད་དུ་བརྗོད་པའི་ཚིགས་སུ་བཅད་པའོ། ༈ ཀ་ཡེ་ཕྱོགས་དེར་བཞུགས་པའི་རང་སློབ་ཀྱི་དཔྱོད་ལྡན། །ཁ་དོག་མར་ཀོག་ལྟར་གྱུར་མི་རྒན་གྱི་ལག་པས། །ག་བུར་སྨན་དུ་ཆེ་བ་རྡོ་རྗེ་ཡི་གདན་ནས། །ང་ཚུལ་དྲང་པོར་སྨྲ་བའི་གླུ་ཆུང་འདི་ཐལ་ལོ། །ཅ་ཅོའི་ཁ་བཤད་ཆེ་བའི་ཤོམ་ར་ཙམ་མ་ཡིན། །ཆ་ཤས་ཡོན་ཏན་ཀུན་རྫོགས་རིག་གྲོལ་ནི་གཉིས་ལྡན། །ཇ་ཧོང་ངུར་སྨྲིག་འཛིན་པ་ལྔ་ཕྲག་བཅུའི་འདུས་པས། །ཉ་ཟླ་ལྟར་མཛེས་སྨོན་ལམ་ཁ་ཏོན་དུ་བྱས་ལགས། །ཏཱ་ལའི་འདབ་སོགས་ལྗོན་པ་བྱང་ཆུབ་ཀྱི་ཤིང་དྲུང༌། །ཐ་མལ་སྐྱེ་བོ་མ་ཡིན་སྡོམ་གསུམ་གྱི་གཞི་བཟུང༌། །ད་ལྟ་དུས་ཀྱི་མཐར་ཡང་གནས་ཆེན་འདིར་ཚོགས་པ། །ན་རྒན་ཤི་ཁའི་མཚམས་སྦྱོར་ལེགས་པོ་འདྲ་མིན་ནམ། །པ་སངས་ལྟར་མཛེས་དད་མོས་ལྷག་བསམ་གྱིས་གཞི་བཟུང༌། །ཕ་རོལ་ཕྱིན་དྲུག་རྫོགས་པའི་བྱང་ཆུབ་ཀྱི་སྤྱོད་སྨོན། །བ་མཆོག་བེའུར་གདུང་བཞིན་རྩེ་གཅིག་ཏུ་སྨོན་པས། །མ་རྒན་ཉམས་ཐག་འགྲོ་ལ་ཕན་བྱེད་དུ་ངེས་སྙམ། །ཙཱ་གངས་ལ་སོགས་གནས་སུ་ཕྱིན་པ་ཞིག་མེད་ཀྱང༌། །ཚ་གྲང་སྙོམ་དུས་འཛམ་གླིང་ཡུལ་དབུས་སུ་སོན་ཏེ། །ཛ་ཡ་བྱང་ཆུབ་བརྙེས་པའི་ཤིང་དྲུང་དུ་འདུག་ཅིང༌། །ཝ་ལྟར་ཉམ་ཆུང་བགྱི་བ་དོན་ལྡན་གྱི་ཆོས་ལགས། །ཞྭ་ལྟར་སྲས་བཅས་རྒྱལ་ཀུན་སྤྱི་གཙུག་ཏུ་བསྙེན་ཏེ། །ཟ་འདོད་རྙེད་ཚོལ་མེད་པས་བསྟན་འགྲོ་ཡི་ཞབས་བརྟན། །འ་འུར་མེད་བཞིན་སྒྲུབ་ལ་ཁྱེད་སེམས་ཀྱང་དྭངས་བས། །ཡ་མཚན་བསྙེན་བཀུར་བསྟབས་ལ་འདུན་སྨོན་ཀྱང་བྱས་ཡོད། །ར་རིས་འཁྲུལ་བྲལ་རྡོ་རྗེའི་བདེན་ཚིག་གི་སྨོན་ལམ། །ལ་འུར་བདེ་ལྡན་ཞིང་དུ་ངལ་འཚོ་ཡི་མྱུར་ལམ། །ཤ་ལོ་བཀྲག་མདངས་ཡལ་བ་རྒན་དུས་ཀྱིས་གཙེས་པ། །ས་འདིར་སྐལ་པ་ལྡན་སོང་ཨ་བུ་ཡི་བུ་ལུ། །ཧ་རི་ཛཱ་ཏི་སྐྱེས་པ་རྒྱ་གར་གྱི་ཡུལ་ཕྱིན། །ཨ་མཚར་ཙམ་མིན་དྲང་པོས་ངག་སྙན་གྱི་གླིང་བུ། །ཧ་ཧར་རྒོད་པའི་དུར་ཁྲོད་ཉེ་འགྲམ་ནས་ཕུལ་ལོ། ༈ གཡུ་ལྗང་ཞུན་མས་བྱུག་འདྲའི་རྐང་འཐུང་ཚོགས། །ཕང་ཕོང་མགོ་ལྕོག་ལྡེམ་དབུས་རི་སྐྱེས་དང༌། །བྱ་བྱིའུའི་རྩེད་འཇོས་རོལ་པའི་རིའི་རྩེ་མོ། །གངས་བྲག་དགུང་ལ་བསྙེགས་འདྲ་ན་བུན་གཡོ། །ས་གཞིར་གསེར་གྱི་རྒྱ་ཕིབས་ཀྱིས་མཛེས་པའི། །གཙུག་ལག་རྟེན་གསུམ་མཆོད་པའི་བསྟི་སྟངས་འགྲན། །ངུར་སྨྲིག་བླ་གོས་འཆང་བའི་དགེ་འདུན་སྡེས། །སྤང་ཀློག་མཛད་པའི་དཔལ་ནི་ཡར་ཟླར་མཚུངས། །ཁྱིམ་གནས་ཕོ་མོས་བགྲང་ཕྲེང་ཡིག་དྲུག་དང༌། །ཕྱག་བསྐོར་བརྩོན་བཞིན་བླ་གོས་དཀར་པོ་འཕྱང༌། །ལུང་ཁུང་ཨ་ནེ་སྒོམ་ཆེན་བསོད་སྙོམས་ཀྱིས། །འཚོ་ཞིང་སྔོན་འགྲོ་རྩ་གསུམ་ཕྱག་རྫོགས་བསྒོམ། །རྒྱལ་ཁབ་ཆུང་ཡང་རང་བཙན་ཆེ་བས་བརྗིད། །མི་གྲངས་ཉུང་ཡང་མཆོག་གསུམ་ཡིག་དྲུག་ཤེས། །ལས་ཀ་ཉུང་ཡང་འཚོ་བའི་བྲེལ་དོ་མེད། །པད་འབྱུང་བྱིན་རླབས་སྦས་གནས་འདི་རྨད་བྱུང༌། །སྣང་བ་སྒྱུ་མར་ཤེས་པའི་རྒན་གོག་ཀྱང༌། །མ་འོངས་སྐྱིད་སྡུག་གང་བྱུང་རེ་དོགས་མེད། །རེ་ཞིག་གསོན་ཚེ་བསྟན་འགྲོར་རིས་མེད་པར། །རང་ནུས་དཔག་པའི་ཞབས་ཏོག་ཅི་འགྲུབ་བྱ། །བླ་མའི་ཐུགས་རྗེས་ལུས་ལ་ན་ཚ་མེད། །ལྟོ་གོས་གང་དགར་རོལ་པས་སིམ་པ་བསྐྱེད། །གུ་ཡངས་བློ་བདེའི་ངང་ན་ལྷོད་ལྷོད་པས། །གཉིད་ཀྱང་དྲོ་ཞིང་འཐིབས་འཐིབས་རྒན་སྐྱོན་ཚང༌། །ད་ལྟ་བདེ་ཆེན་ཆོས་གླིང་ཚལ་དུ་མཆིས། །རིང་མིན་རཀྴ་ཐོད་ཕྲེང་ཐུགས་ཀྱི་རྟེན། །ཐོག་ཚད་བཀྲ་ཤིས་ཆོས་རྫོང་དུ་བཤམས་ནས། །རྔ་རོལ་བརྡུང་ཞིང་སྐྱག་པའི་གནམ་རྡོ་འཕེན། །ངུར་སྨྲིག་འཛིན་ཀུན་གུག་ཙམ་གུག་ཙམ་གནང༌། །བླ་གོས་དཀར་པོ་ས་ལ་ཞོལ་ལོ་ལོ། །ཕོ་མོ་ཀུན་ནས་སྐྱབས་སུ་མཆི་ཞེས་བརྗོད། །བྱིས་པའི་རྩེད་མོ་ལྟ་བུའི་ངང་དུ་གནས། །སངས་རྒྱས་ཕྲིན་ལས་བསམ་མི་ཁྱབ་པའི་མཐུས། །མཐའ་འཁོབ་མུན་གླིང་ཆོས་ཀྱི་ཉི་མ་ཤར། །ལྷ་བུའི་བདུད་ཀྱིས་རྩེ་འཇོའི་ནགས་ཁྲོད་དུ། །ཏིང་འཛིན་མཉམ་པར་བཞག་པའི་གོ་སྐབས་མཐོང༌། །ཐེ་ཚོམ་བལ་བ་ཛ་བཞིན་འཛིང་ན་ཡང༌། །རྣོ་མྱུར་རིག་པའི་རལ་གྲི་ལྡན་པ་བྱུང༌། །ལང་ཚོའི་མེ་ཏོག་དར་ལ་བབ་པས་ཀྱང༌། །བདག་འཛིན་རང་སེམས་འདུལ་ལ་བརྩོན་འདི་དག །ཟླ་འོད་ཟེར་གྱིས་རེག་པའི་གངས་རི་བཞིན། །དམ་པའི་སྐྱེས་བུའི་ཕྱག་རྗེས་ཡིད་ཆེས་སྐྱེས། །ཆོས་སྣང་པདྨ་རྒྱས་པའི་ནགས་ཀླུང་དུ། །ཐོས་བསམ་འཆད་རྩོམ་བུང་བས་ལོར་བརྩོན་ལས། །ཆོས་མེད་མུན་པར་ཉིན་གཅིག་ཆོས་བསྟན་པ། །བསོད་ནམས་རིན་ཐང་ཆེ་བར་རྒྱལ་བས་བསྔགས། །ཀྱེ་མ་དུས་ངན་ནད་མུག་མཚོན་མཚོ་རྡོལ། །རྒྱལ་བའི་ཐུགས་བསྐྱེད་ཉི་འབུམ་ལྷག་པར་གསལ། །རྒྱལ་བསྟན་གནས་ཚད་མ་རྫོགས་ལྷག་པར་གསལ། །ངོ་མཚར་ཀུན་དགའི་རྒྱལ་མཚན་ཛ་ཡན་ཏུ། །དེ་སྐད་རྐྱེན་སྣང་འདབ་མ་ལ་ཞོན་ནས། །ཨ་ཀྵ་ར་ཡི་གཞན་གསོས་བུ་མོ་འདི། །སྙན་ཚིག་དཔྱིད་ཀྱི་དབྱངས་གླུ་སྒྲོགས་བཞིན་དུ། །ཨ་རི་ཀརྨའི་ཆོས་གླིང་འཕུར་ཏེ་སོང༌། །དེར་བཞུགས་དྲུང་ཆེན་ཆོས་ཀྱི་རྒྱ་མཚོའི་ཀློང༌། །སློབ་ཚོགས་ངང་ངུར་རྩེན་ཀུན་ཞི་དུལ་མཐུན། །ཆོས་མཐུན་སྤྱོད་པས་ནང་གི་བསྟན་པའི་སྲོག །ཟིན་ནས་ངེས་དོན་མགྲིན་རྔ་འཁྲོལ་གྱུར་ཅིག །རྒན་པོ་བདག་ཀྱང་རིང་དུ་འཚོ་བའི་ངང༌། །གནས་སྣང་བྱ་མ་རྟ་ཡིས་ཡིད་གདུང་སེལ། །ཆོས་མཐུན་བསམ་པ་འགྲུབ་པའི་སྨོན་འདུན་བཅས། །ས་ཟླའི་ཚེས་༡༥ ལ་འཕྲལ་དུ་ཕུལ་བ་དགེ ༈ ཨོ་རྒྱན་ཌཱ་ཀིའི་གསང་མཛོད་དབང་བསྒྱུར་གྱི་མེས་པོ། །མཚུངས་མེད་མཁྱེན་བརྩེ་ནུས་པའི་ལྡེའུ་མིག་གི་འཕྲུལ་གྱིས། །རྒྱལ་བསྟན་ཡོངས་རྫོགས་མཛོད་འཛིན་གཞན་ཕན་གྱི་འབྱུང་གནས། །ཕ་གཅིག་པདྨའི་རྒྱལ་ཚབ་འཇམ་མགོན་གསུམ་མཁྱེན་ནོ། །སྣང་ཙམ་མ་འགག་རྟེན་འབྱུང་སྒྱུ་མ་ཡི་ཁྲོད་ན། །དད་བརྩེའི་མེ་ཏོག་མ་རྙིང་དགེ་བློ་ཡིས་ཕྱུག་པའི། །སྙན་སྙན་ངག་གི་གླིང་བུ་རྣ་བ་རུ་འཇེབས་པས། །རབ་དགའི་སྙན་ཚིག་དྲི་བསུང་ཐོལ་ཐོལ་དུ་བརྡོལ་བྱུང༌། །ཤིན་ཏུ་མི་བསྲུན་སྙིགས་མའི་སྨག་རུམ་གྱི་མུན་པས། །ཐུབ་བསྟན་རིན་ཆེན་སྣང་བ་མོག་མོག་པོར་གྱུར་ཚེ། །བསྟན་དང་བསྟན་འཛིན་མཚན་ལྡན་གནམ་སྟོང་གི་ཟླ་བ། །ལོག་སྤྱོད་རྒྱུ་སྐར་མཆེ་བ་གཙིགས་པ་ལྟར་གྱུར་སོང༌། །དེ་ཚེ་རྒན་མོ་བསམ་དཀར་སྐྱ་རེངས་ཀྱིས་བསུས་པས། །བྱེ་མའི་རྡུལ་ཁྲོད་ཕྲ་མོའི་གསེར་ཕྱེ་དང་མཚུངས་པའི། །བདག་ལྟའི་བསྟན་ལ་ཞབས་ཏོག་ཞུ་འདོད་ཀྱི་བསམ་སྦྱོར། །འོས་པ་མིན་ཀྱང་ཤུགས་འབྱུང་གྲལ་མགོ་རུ་ཕྱིན་སོང༌། །སྙེམས་དང་དྲེགས་པ་རང་འདོད་ཡིད་བྱེད་ཀྱི་བློ་ངན། །ཅི་ནུས་སྤངས་ཏེ་ཆོས་འཚོལ་སྡུད་པ་དང་འཛིན་པས། །སྐྱེས་ཆེན་དམ་པའི་རྣམ་ཐར་ཚུལ་བཞིན་དུ་འཁྱོང་པའི། །བློ་རྒྱུད་ཅི་ནུས་སྦྱོང་བའི་ངང་ཚུལ་ལ་བརྩོན་བཞིན། །ཡབ་གཅིག་མཁས་གྲུབ་རིག་པ་འཛིན་རྣམས་ཀྱིས་བསྩལ་བའི། །ཐོས་བསམ་ཡོན་ཏན་ཅི་ཡོད་མཛུབ་རྩེ་རུ་འཕྱར་ཀྱང༌། །གདུལ་བྱ་དམུ་རྒོད་བདག་པོ་སྙིང་རྗེའི་ཤུགས་ཆུང་བས། །བསྟན་འགྲོར་བྱས་རྗེས་ཐོན་པ་རྨི་ལམ་ལྟར་གྱུར་སོང༌། །དེ་ལྟ་ན་ཡང་རང་འཁོས་ལྕོགས་ཚོད་ཀྱི་ཞབས་ཏོག །བགྱིས་ལ་བྱས་ཡུས་མེད་པས་རང་ངོ་ནི་མ་ནོངས། །ལེགས་བྱས་རིས་མེད་བསྟན་འགྲོའི་དགའ་སྟོན་དུ་འགྱུར་བར། །དབྱིངས་ནས་བྱིན་རླབས་བདུད་རྩིའི་དབུགས་འབྱིན་ལ་རེའོ། །དེ་སྐད་ལྷོ་འབྲུག་ཐིམ་ཕུའི་བཀྲ་ཤིས་ཆོས་རྫོང་ནས། །ཞལ་འདོན་གསུང་དང་གཉིད་ཡུར་རེས་མོས་ཀྱི་ངང་ནས། །ཀྱག་ཀྱོག་འདི་ཡང་རྩེད་མིན་བདེན་མིན་དུ་ཕུལ་ལགས། ༈ རབ་དྭངས་ཡིད་ཀྱི་ནོར་བུའི་མེ་ལོང་ངོགས། །དད་བརྩེའི་བཞིན་རས་དྲི་མས་མ་ནོངས་པར། །མོས་གུས་མཛེས་སྡུག་ངོམས་པའི་གསུས་པོ་ཆེ། །འཕུར་འགྲོའི་མིང་གིས་མངོན་བརྗོད་གསལ་དེའི་དྲུང༌། །འདི་ནས་ཉི་མ་ནུབ་ཀྱི་ཕྱགས་རོལ་ན། །གྲངས་མེད་ཡུལ་ལྗོངས་བརྒལ་བའི་རྒྱ་མཚོའི་གླིང༌། །སྟོབས་ཆེན་གྲགས་པའི་བ་དན་གཡོ་བ་ཡི། །བཛྲ་དྷཱ་ཏུ་སྦྱོར་བའི་སིན་ཎི་རུ། །སྒྱུ་མའི་གཡར་ཁང་བདེ་བར་འཚོ་བཞིན་དུ། །སྐད་ཡིག་སྒྲ་བསྒྱུར་ལོ་ཙཱའི་བྱ་བ་ལ། །འབད་བརྩོན་བསྟན་འགྲོའི་ཕན་པར་འགྱུར་ངེས་པས། །དགའ་བའི་སོ་ཕྲེང་ངང་མོའི་ཁྱུ་ཚོགས་འཛུམས། །སྙིང་གི་ཐིག་ལེ་དྲུང་ཆེན་གངྒཱའི་མཚན། །ནང་གི་རྣལ་འབྱོར་ས་མ་དྷིར་གཞོལ་བའི། །བག་ཡངས་ལྷུན་པོའི་གསང་གསུམ་ཚེ་ལྷའི་སྐུར། །བཞེངས་ལ་དད་གུས་ཐལ་མོའི་མེ་ཏོག་ཟུམ། །ན་ཚོད་ཐལ་ཡང་བསྟན་འགྲོའི་ཞབས་ཏོག་ཏུ། །སེམས་པས་སྨིན་གྲོལ་ཆོས་ཀྱི་ཆར་བཟང་དང༌། །རཏྣ་ནཱི་དྷི་ཀོ་ཥའི་འཕྲུལ་པར་ཡང༌། །སུམ་ཆ་ཙམ་གྲུབ་གུ་ཡངས་བློ་བདེར་མཆིས། །མཛེས་སྡུག་མེ་ཏོག་འཁྲི་ཤིང་ཕང་ཕུང་གཡོ། །ཁ་དོག་གཅིག་ཏུ་མི་གནས་འདབ་སྟོང་འཛུམ། །སྦྲང་རྩིའི་དྲི་བསུང་འཕྲོ་བས་སིམ་སྟེར་དབུས། །བརྩེའི་དགའི་ལང་ཚོ་རྒྱགས་པའི་རི་དྭགས་མིག །འཛུམ་ལྡན་སྒེག་པའི་འཁུན་གླུ་དར་མ་དིར། །ཡིད་ཀྱི་བརྟན་པ་འཕྲོག་པའི་བྱ་མ་རྟས། །འདོད་པའི་འཁྲི་ཤིང་ལྡང་བའི་སྒྱུ་རྩལ་གཡོ། །དེ་ཚེ་འཇམ་མཉེན་ལག་པའི་ལྕུག་ཕྲན་དང༌། །མཆུ་སྒྲོས་ཨུཏྤལ་རེག་པའི་ཉེར་བསྡོགས་ཀྱིས། །ཧ་ཅང་བག་མེད་མ་ཡིན་ལན་གཅིག་ཙམ། །གཉིས་དགའི་ཁྱིམ་དུ་འཇུག་ལ་འགལ་བ་ཆུང༌། །མྱོས་བྱེད་བཏུང་བས་སེམས་གླང་རྒོད་པོར་འཕྱོ། །བག་མེད་སྤྱོད་པས་རང་ཚུགས་རྨང་ནས་འཇིག །དྲན་ཤེས་ར་བ་རལ་དུ་མ་བཅུག་པར། །བག་ཡོད་ཚུགས་ཐུབ་བྱས་ན་འདི་ཕྱིར་བདེ། །མཇམ་མཉེན་པདྨའི་སྦུབས་ན་ཉི་ཟླའི་ཁམས། །རིགས་ཀྱི་གཟུགས་སུ་སྨིན་ན་འཆིང་ཐག་སྟེ། །བསེ་རུ་ལྟ་བུའི་སྟབས་བདེ་ཀུ་སཱ་ལི། །རི་སྐྱེས་བཞིན་དུ་བག་ཡངས་མིན་ནམ་ཅི། །བདེ་དགའི་ཟིལ་གྱིས་འཁྲུལ་རྟོག་ཟིལ་མནན་ནས། །ལྷན་སྐྱེས་ཡེ་ཤེས་མྱོང་བ་འདྲེན་འདེན་ནུས་ན། །ཐབས་མཁས་ཐབས་ཀྱི་རྡོ་རྗེའི་ལམ་མཆོག་ཀྱང༌། །རིམ་གྱིས་རྙེད་སྲིད་རང་གི་རྒྱུད་ཚོད་དྲིས། །སླད་ཀྱང་སྙིང་བརྩེའི་གཞན་གསོས་གླུ་སྙན་གྱིས། །དགའ་བསྐྱེད་ཕྲིན་ཡིག་དུས་ཀྱི་ཆར་བཟང་བཞིན། །འབེབས་ཚེ་སྙན་ཚིག་དབྱར་གྱི་རྔ་གསང་ཡང༌། །ཡིད་ཀྱི་མགྲིན་རིང་དགའ་བའི་དཔྱིད་དུ་འབུལ། །དེ་སྐད་ངག་གི་བྱ་མ་རྟ་འདི་ཡང༌། །རྣམ་སད་གྲོང་ལ་འཁུ་བའི་སྨན་ལྗོངས་སུ། །གངས་ཅན་མདོ་སྨད་སྐྱེས་བུ་བསེ་རུ་ལྟར། །གནས་པས་ཡིད་ལ་ཤར་བཞིན་འབྲུག་ནས་ཕུལ། ༈ ཀྱེ་ཧོ། སྔོན་ཞིག་བོད་ཡུལ་ཆོས་ཀྱི་མཛོད་ཡོད་དུས། །ལུང་པ་རེ་ལ་དགེ་འདུན་འདུས་སྡེ་རེ། །དེ་ན་བཞུགས་པའི་བླ་མ་མཁས་གྲུབ་རེ། །དེ་འཁོར་བཤད་དང་སྒྲུབ་པའི་འཁོར་ཚོགས་རེ། །བཤད་གྲྭ་ཐམས་ཅད་ཆོས་གོས་རྣམ་གསུམ་གསོལ། །སྐྱེད་ཚལ་ཤིང་དྲུང་མདོ་སྔགས་གཞུང་ལུགས་སྐྱོར། །སྐུ་རྩེད་ཙམ་ཡང་ཆོས་ཀྱི་ག་དར་གནང༌། །ཆབ་ལེན་ལྷམ་ཕུད་གཎྜིའི་སྒྲ་དང་བཅས། །རི་སུལ་རེ་ལ་སྒོམ་གྲྭ་ཁྲ་ཁྱུག་གེ །ཌཱ་དྲིལ་བླ་མ་རྒྱང་འབོད་འུ་རུ་རུ། །ལག་ན་འཁོར་ལོ་བགྲང་ཕྲེང་ཕྱག་གྲངས་བསགས། །ཁྱིམ་པ་ཡིན་ཡང་མཆོད་སྦྱིན་སྨྱུང་གནས་བརྩོན། །མཐའ་མིས་བོད་བསྟན་བརླགས་ནས་སྐྱབས་བཅོལ་རྣམས། །འདུས་སྡེ་ཡོད་ཀྱང་ཞལ་འདོན་ཉུང་ལ་བྲེལ། །ངུར་སྨྲིག་ཕུད་ནས་རྒྱ་ཆས་འཇོ་ལ་ཐོགས། །ཕྱག་ལས་བཀའ་མོལ་ཚོང་དང་གཡོ་སྒྱུ་བརྩོན། །ཆོས་ལུགས་ཁག་བཞིའི་ཆགས་སྡང་ཡ་ག་སྒྲོགས། །བསྟན་འཛིན་བགྲེས་རྣམས་སྐྱོ་ཞིང་ལྐོག་ཏུ་ཡིབ། །བཤད་སྒྲུབ་ཕྱག་ལས་མིང་ཙམ་སྙན་པས་ཚིམས། །ཆོས་སྤྱོད་ཉམས་ལེན་ཉིན་མོའི་སྐར་མ་འདྲ། །གཟུགས་བརྙན་ལས་ཀྱང་ཡང་བརྙན་གྱུར་དུས་འདིར། །སངས་རྒྱས་ཕྲིན་ལས་ནམ་ཡང་འགྲིབ་མེད་པས། །སྐྱེས་ཆེན་འཕགས་པའི་ཐུགས་བསྐྱེད་སྐྱ་རེངས་ཀྱིས། །རྒྱལ་བསྟན་ཉི་མ་མཐའ་མིའི་ཡུལ་དུ་ཤར། །དཀོན་མཆོག་མཚན་སྙན་ལྷ་ཡི་རྔ་ཆེན་ལྡིར། །སྐྱབས་འགྲོ་མ་ཎི་ཆོས་ཀྱི་ཆར་ཟིམ་འབབ། །དམ་པའི་སྐྱེས་ཀུན་ཞབས་པད་ཕྱོགས་དེར་བཀོད། །ངོ་མཚར་རྨད་བྱུང་ཐལ་མོ་མི་སྦྱར་སུ། །གདུལ་བྱའི་རྒྱུ་སྐར་ཅི་ཡང་བཀྲ་བའི་ངོགས། །ཟབ་རྒྱས་ནང་ཆོས་མཁའ་ལྟར་རྒྱ་ཆེ་ཞིང༌། །ངོ་མཚར་བཤད་སྒྲུབ་ཉི་ཟླ་ལས་གསལ་ཡང༌། །ཀུན་ཀྱང་དོན་གྱི་དགོངས་པའི་བབ་སོར་གཅིག །དེ་དག་ཆོས་ཀྱི་སྙིང་པོ་སྐྱབས་འགྲོ་སྟེ། །འདི་མེད་སྐྱེ་འགྲོ་རྣམ་རིག་མེད་དང་མཚུངས། །ཕྱི་ནང་གསང་བའི་སྐྱབས་འགྲོའི་དོན་ཤེས་ན། །ཆོས་ཀྱི་སྒོ་འབྱེད་རིམ་དགུའི་ཐེག་ཀུན་འདུ། །ཉམས་ལེན་གནད་འདུས་གཞན་ཕན་བྱང་སེམས་ཏེ། །འདི་མེད་ཐེག་ཆེན་ལམ་དུ་ཇི་ལྟར་འགྱུར། །བྱམས་དང་སྙིང་རྗེའི་རྐང་པ་གཉིས་ལྡན་ན། །གྲགས་སྙན་མེད་ཀྱང་ངེས་དོན་བྱང་སེམས་ཡིན། །བློ་འདས་ཡེ་ཤེས་རྒྱུད་ལ་འཆར་དཀའ་བས། །སེམས་ཅན་ཕ་མར་ཤེས་པའི་སྙིང་རྗེའི་བློ། །བསྐྱེད་པས་སྒོ་གསུམ་རྣམ་དཀར་འབད་བརྩོན་ཀུན། །ཐམས་ཅད་མཁྱེན་པའི་རྒྱུ་རུ་ངེས་པར་འགྱུར། །ང་ཞེས་མེད་ལ་ཡོད་པའི་བློ་ངན་འདིས། །མ་རིག་དུག་གི་སྡོང་པོ་འདི་བྱུང་ནས། །ཆགས་སྡང་ཡལ་ག་ལོ་འདབ་མང་པོ་ཡི། །འཁྲུལ་པའི་རྩ་བ་བདག་ཉིད་གཅེས་འཛིན་ལགས། །བདག་ལ་གཅེས་འཛིན་བློ་དེ་ལིང་གིས་སྤོངས། །གཞན་ཕྱིར་ཕན་བརྩོན་དེ་ཡི་ཚབ་ཏུ་འོས། །སྒོ་གསུམ་བྱ་སྤྱོད་དེར་མཐུན་ལས་བརྩོན་ན། །རྒྱལ་སྲས་སེམས་དཔའི་མིང་དོན་མཐུན་པ་ལགས། །ཀུན་རྫོབ་བྱང་ཆུབ་སེམས་ཞེས་དོན་ཆེ་བ། །སྙིང་རྗེའི་གཞན་ཕན་སེམས་ཀྱི་རྣམ་རྟོག་སྟེ། །དེ་བརྩོན་ཐམས་ཅད་མཁྱེན་པའི་རྒྱུ་ལགས་ན། །དེ་ལས་ལས་སླའི་མན་ངག་ཅི་ཞིག་མཆིས། །འདི་ནི་རྒྱལ་གསུང་ཆོས་ཀྱི་ཉིང་ཁུ་སྟེ། །ནད་གདོན་བར་ཆད་སེལ་བའི་གོ་ཆ་ཡིན། །དམ་སྲི་རྒྱལ་འགོང་འཇོམས་པའི་དྲག་སྔགས་རྣོ། །རྐྱེན་ངན་ལམ་ཁྱེར་མེ་རླུང་འཕྲད་པ་འདྲ། །སྡུག་བསྔལ་ཉོན་མོངས་ལམ་བསྒྱུར་དེད་དཔོན་ལགས། །ཟུག་རྩ་ཀུན་བྲལ་ཆོས་ཉིད་དེ་བཞིན་ཉིད། །ཤིན་ཏུ་ཞི་བ་བདེ་བ་ཆེན་པོའི་དབྱིངས། །རྒྱུད་ལ་འདྲེན་པའི་ཕོ་ཉ་འདི་ལགས་པས། །སེམས་འདི་སྲིད་ཞིའི་དགེ་ལེགས་འབྱུང་གནས་ཡིན། །དག་པའི་ཞིང་བཞུགས་སྲས་བཅས་རྒྱལ་བའི་ཚོགས། །ཕ་མཐའ་མི་མངོན་ངོ་མཚར་བསམ་ཡས་ཀུན། །རིན་ཆེན་བྱང་ཆུབ་སེམས་ཀྱི་མཐུ་ལགས་པས། །འདི་སྒོམས་འདི་སོམས་གནད་ཀུན་འདིར་འདུས་ལགས། །དེ་སྐད་དམ་ཆོས་བདུད་རྩིའི་སྐྱེས་ལེན་ཞིག །ལྷོ་འབྲུག་ཆོས་ཀྱི་རྒྱལ་ཁབ་ཤིང་ནགས་ནས། །ཁུ་བྱུག་ལང་ཚོས་རྒྱགས་པའི་མྱོས་གླུའི་འཕྲིན། །རྒྱ་མཚོ་ཆེན་པོའི་ཕ་རོལ་འཕུར་ཏེ་སོང༌། །ཕྱོགས་དེར་ཆོས་ཀྱི་རྒྱ་མཚོ་ལ་བརྟེན་པའི། །དད་སློབ་མོས་བརྩོན་ས་མོས་གསར་པའི་ཚོགས། །རྣམ་གྲོལ་འདབ་སྟོང་བཞད་ཅིང་འཛུམ་པ་ཡི། །རབ་གསལ་ཟླ་བའི་འོད་ཟེར་གྱུར་ཅིག་གུ ༈ གསང་སྔགས་སྔ་འགྱུར་གྱི་ཕྱོགས་ལ་ལོ་ཙཱ་བ་འགོས་དང་ཆག་སོགས་ཁ་གཅིག་གིས་ཐེ་ཚོམ་དུ་མཛད་པ་ན། འབྲོག་མི་ལོ་ཆེན་གྱིས་རྡོ་རྗེ་གདན་གྱི་སྒོར་གོང་དུ་རུ་ལུ་འབྲུ་བརྒྱད་ཀྱི་སྔགས་བྲིས་པ་དང༌། པཎྜི་ཏ་འགའ་ཞིག་གི་ཕྱག་དཔེའི་གསེབ་ཏུ་ཡང་ཕུར་རྒྱུད་ཀྱི་དུམ་བུ་འདྲ་གཟིགས་ཀྱང་མན་ངག་མ་གསན་གསུངས་ཏེ། དེ་ལ་དཔགས་ན་སྔ་འགྱུར་རྒྱུད་སྡེའི་སྙིང་པོ་རྣམས་ཕྱིས་པཎ་གྲུབ་རྣམས་ཀྱིས་ཤིན་ཏུ་གསང་བའི་ཡི་དམ་དུ་མཛད་པར་མངོན་ཞེས་མཁས་པ་དག་གིས་གསུངས་པ་དང༌། ཁྱད་པར་ཁ་ཆེའི་མ་ཧཱ་པཎྜི་ཏ་ཤཱཀྱ་ཤྲཱི་ལ་སློབ་དཔོན་ཆེན་པོས་དངོས་སུ་གནང་བའི་ཡང་དག་མེ་གཅིག་གི་གདམས་པ་ལོ་ཙཱ་བ་མཆོག་རབ་དཔལ་གྱིས་བསྒྱུར་བ་དང༌། འཇམ་མགོན་ས་སྐྱ་པཎྜི་ཏ་ཤངས་སྲེག་ཞིང་གི་དགོན་པར་བཞུགས་པའི་ཚེ། སྔགས་པ་ཞིག་གི་རྒྱ་དཔེ་ཞིག་ཕུལ་བ་ལ་གཟིགས་པའི་ཚེ། ཕུར་པ་རྩ་བའི་དུམ་བུ་སློབ་དཔོན་རིན་པོ་ཆེའི་ཕྱག་དཔེ་འཁྲུལ་མེད་ཡིན་པར་དགོངས་ཏེ། ཡིད་བཞིན་གྱི་ནོར་བུ་འདི་ལྟ་བུ་རྙེད་པ་ནི་ཤིན་ཏུ་སྐལ་པ་བཟང་བས། ཁྱེད་རང་རི་གདོང་ཕ་གིར་དཔེ་ཆ་བསྣམས་ལ་བཞུགས་ཤིག །ངེད་ཅག་གིས་བསུ་བ་བྱེད་པ་ཡིན་ནོ་གསུངས་ཏེ་རྗེ་ཉིད་ཀྱི་གཙོས་མཛད་པའི་འདུས་པ་རྒྱ་མཚོས་མཆོད་པའི་སྤྲིན་ཆེན་པོ་དང་བཅས་ཏེ་བསུ་བའི་བཀོད་པ་རྒྱས་པར་མཛད་དོ། །དེ་ཉིད་དུ་རང་འགྱུར་གནང་བ་སོགས་ལ་བརྟེན་ནས། སྔ་འགྱུར་ལ་ཀླན་ཀ་བྱེད་པ་རྣམས་ཀྱིས་སླར་ཡང༌། དཔལ་ཡང་དག་དང༌། རྡོ་རྗེ་ཕུར་པའི་ཆོས་ནི་རྩོད་མེད་ཉི་ཟླ་ལྟ་བུ་ཞེས་གྲགས་ལ་ཕྲིན་ལས་རྒྱ་ཆེར་འཕེལ་བའི་བདག་པོའི་རྐྱེན་ཕུན་སུམ་ཚོགས་པར་གྱུར་ཏོ། །མངྒ་ལས་སོ། །སརྦ་དཱ་ཀ་ལྱ་ཎཾ་བྷ་ཝནྟུ། ༈ རྫོང་གསར་དགོན་པའི་ལོ་རྒྱུས་ནི། སྤྱིར་མདོ་ཁམས་སྨད་དུ་སྐྱི་ཤོད། ཏྲེ་ཤོད། སྨད་ཤོད། རྟ་ཤོད་བཅས་ཤོད་ཆེན་བཞིར་གྲགས་པ་ལས། སྨད་ཤོད་དུ་དཔལ་ལྡན་ས་སྐྱའི་དགོན་པ་སྡེ་དགེའི་མངའ་འོག་ཏུ་ཉི་ཤུ་རྩ་ལྔ་ལས་ཨང་གཉིས་པ། སྔར་བེ་རི་རྒྱལ་པོའི་རྫོང་ཡིན་པས་རྫོང་གསར་ཞེས་གྲགས། ཀོང་སྤྲུལ་རིན་པོ་ཆེས་དང་པོ་བཀའ་གདམས་པའི་གདན་ས་ཞིག་ཡོད་པར་གསུངས། ས་སྐྱའི་འགྲོ་མགོན་ཆོས་འཕགས་བོད་དུ་ཕེབས་པའི་སྐབས་སྨད་ཤོད་བཀྲ་ཐང་དུ་བཞུགས་སྒར་ཞག་གཅིག་མཛད་པས། རྫོང་གསར་དགོན་གནས་དེར་ས་སྐྱའི་དགོན་པ་ཞིག་བཏབ་ན་དགོས་པ་ཆེ་བར་གཟིགས་ནས་ཐུགས་དམ་གྱི་རྟེན་ཙནྡན་ལས་གྲུབ་པའི་མགོན་པོའི་སྐུ་ནང་རྟེན་དུ་གནང་ནས་དགོན་པ་བཏབ་པ་འཇམ་མགོན་མཁྱེན་བརྩེ་རིན་པོ་ཆེའི་གསུང་དུ་གསལ་བས། ཆོས་རྒྱལ་འཕགས་པ་རབ་བྱུང་གསུམ་པའི་ནང་བྱོན་པས། དེང་སང་རབ་བྱུང་བཅུ་དྲུག་ཡིན་པའི་ལོ་གྲངས་དེ་ཙམ་སོང་ཡོད་པ་འདྲ། མངའ་རིས་དང་སྒང་སྣ་བླ་བྲང་གཉིས་ཀྱི་ལོ་རྒྱུས་ཕྲན་ལ་གསལ་པོ་མི་འདུག །རབ་བྱུང་བཅུ་བཞི་པའི་ནང་མཁྱེན་བརྩེ་སྐུ་ཕྲེང་དང་པོ་དིལ་མགོ་ཚང་གྲྭ་ཚང་གྲྭ་ཤག་ཏུ་བཞུགས་ནས་མཛད་ཕྲིན་རྒྱས་སྲོལ་མཁྱེན་གསལ་ལྟར་ལགས། ནང་རྟེན་དགོན་པ་ལ་ཇི་ཡོད་ཞུ་མ་ཤེས། མཁྱེན་བརྩེ་རིན་པོ་ཆེ་བླ་བྲང་དུ་ནང་རྟེན་གཙོ་བོ་མཁྱེན་བརྩེ་སྐུ་ཕྲེང་དང་པོའི་ཐུགས་དམ་རྟེན་རྒྱ་གར་ཤར་ལི་སྟོན་པ་ཐུབ་དབང་གི་སྐུ། མཆོག་གླིང་དང་མཁྱེན་བརྩེ་ལྷན་རྒྱས་ཀྱི་གཏེར་བྱོན་མཆོག་གི་སྐུ་ཚབ་དངོས་གྲུབ་དཔལ་འབར། མཁྱེན་བརྩེ་རིན་པོ་ཆེ་གཏེར་སྟོན་རྒྱལ་པོ་ལྔ་པའི་རྟགས་སུ་ཞི་རྒྱས་དབང་དྲག་སྐུ་ཚབ་བཞི་བཞུགས་པ། ཞི་བའི་སྐུ་ཚབ་སྐུ་གཤེགས་རྗེས་དཔལ་སྤུངས་དགོན་དུ་མཁྱེན་བརྩེའི་སྐུ་གདུང་དཔལ་སྤུངས་ལྷ་གསར་ཁང་དུ་ཡོད་པ་དེར་བཞུགས། རྒྱས་པའི་སྐུ་ཚབ་དགོན་ཆེན་གསེར་གདུང་འཛམ་གླིང་རྒྱན་གཅིག་ཏུ་བཞུགས། དབང་དང་དྲག་པོའི་སྐུ་ཚབ་རྫོང་གསར་དགོན་དུ་མཁྱེན་བརྩེའི་སྐུ་གདུང་མཆོད་རྟེན་དང་ཟངས་གསེར་གྱི་འདྲ་སྐུའི་ནང་དུ་བཞུགས། གཉན་ཆེན་ཐང་ལྷས་ཕུལ་བའི་ཛྷི་ཀྵིཾ་གྱི་སྐུ་ཚབ་སོགས་ཁ་ཤས་ཡོད་པ་རྣམ་ཐར་ལས་གསལ། ཛམ་པདྨ་ཤེལ་ཕུག་ནས་གཏེར་བཞེས་པས་ཛམྦྷ་ལྷའི་སྐུ་རྟེན་བཞུགས་པའི་གཏེར་སྒྲོམ་སོགས་གཏེར་སྒྲོམ་ཁ་ཕྱེ་བ་དང་མ་ཕྱེ་བ་དྲུག་བདུན་ཞིག་ཕྲན་གྱིས་ཀྱང་མཇལ་མྱོང༌། ཤོག་སེར་སྐོར་ལས། མཁའ་འགྲོ་གསང་འདུས་ཀྱི་ཤོག་སེར་ལྡེབ་གཉིས། ཡང་ཤོག་སེར་ལྡེབ་ཁ་ཤས། ཐུགས་རྟེན་རྩ་གསུམ་བདེ་གཤེགས་འདུས་པའི་ཐུགས་རྟེན་ལི་དམར་གྱི་རྡོ་རྗེ་རྩེ་ལྔ། བལ་པོ་བྷ་སུ་དྷཱ་རའི་དབུ་ཐོད་མཆོག་གླིང་གཏེར་བྱོན། ཆོས་རྒྱལ་ཁྲི་སྲོང་དབུ་ཐོད། ཞིང་སྐྱོང་ཀུན་དགའ་གཞོན་ནུས་ཕུལ་བའི་ཙཱ་རི་ཐོད་པ་སྨུག་ཆུང༌། ཁ་རག་རྡོ་རྗེ་ཁྱུང་བཙུན་མའི་ཕུལ་བའི་གནམ་ལྕགས་ཀྱི་ཕུར་པ། དམ་ཅན་རྡོ་རྗེ་ལེགས་པའི་བླ་རྡོ་གཡུ་མདོག་དམ་ཅན་རང་བྱོན་ཅན་རྣམས་ནི་ཡིད་ཀྱི་ཡུལ་དུ་གསལ་འདུག །འཇམ་མགོན་མཁྱེན་བརྩེ་སྐུ་ཕྲེང་གཉིས་པ་ཆོས་ཀྱི་བློ་གྲོས་རིན་པོ་ཆེའི་ཕྱག་ཏུ་འབྱོར་བའི་རྟེན་རྣམས་ད་ལྟ་ཞིབ་པར་མ་དྲན། སྐུ་རྟེན་ལི་མ་གཏེར་མ་ལྔ་བཅུ་ལྷག་ཙམ་ཆེ་ཆུང་མ་ངེས་པ། ཐུགས་རྟེན་རྡོ་རྗེ་ཕུར་པ་སོགས་བཅུ་སྐོར་ཡོད་སྙམ་ལགས། གཞན་ཞུ་མ་ཤེས། རྫོང་གསར་དགོན་དུ་ངོར་མཁན་རབ་དུ་བྱོན་གསལ་པོ་ཞུ་རྒྱུ་མེད། ཕྲན་གྱི་ཡིད་ལ་ཡོད་ཚད་ཞུས་པ་ལགས། ༈ སྲིད་ཞིའི་དགེ་ལེགས་ཐུབ་བསྟན་དཔལ་ལས་ཏེ། །དེ་ཡི་སྙིང་པོ་སྒྲུབ་བརྒྱུད་ཤིང་རྟ་བརྒྱད། །རེ་རེ་ཡང་སྨིན་གྲོལ་ལམ་ཀུན་རྫོགས། །གདམས་ཕྲན་རེས་ཀྱང་ངེས་པའི་གྲོལ་བ་སྟེར། །ཟབ་དང་རྒྱ་ཆེའི་ངོ་མཚར་རིན་ཐང་ནི། །ཚངས་ཆེན་ཞིང་གི་འབྱོར་པས་མི་མཚོན་པས། །འདོད་དགུའི་སྐྱེས་བཟང་ཐང་མར་བརྡལ་བ་ཡི། །ཐུགས་བསྐྱེད་དུས་སུ་བབ་པའི་ཕྲིན་ལས་རྨད། །འཇམ་པའི་དབྱངས་དང་གསང་བདག་རྡོ་རྗེ་ཅན། །ཤིང་རྟ་ཆེན་པོའི་ཚུལ་གྱིས་གཅིག་བསྡུས་པ། །ཐུགས་རྗེའི་དབང་ཕྱུག་ཁྱབ་བདག་བི་ཛ་ཡ། །རྫོགས་པའི་སངས་རྒྱས་དེ་ཡི་དྲིན་ལས་རྙེད། །སྟོན་མཆོག་དེ་དང་ཉེ་བའི་ཐུགས་ཀྱི་སྲས། །རྡོ་རྗེའི་རིགས་ཅན་འདུས་པའི་ཞབས་སེན་རྡུལ། །ཚེ་རབས་ཀུན་ཏུ་ཚངས་པའི་གནས་མཆོད་དེ། །བླ་མའི་བྲན་བགྱིད་མཉེས་པ་ཀུན་སྒྲུབ་ཤོག །ཕྱོགས་རིས་མིག་གི་ར་རི་དྲི་མ་དང༌། །བྲལ་ནས་ཡོངས་རྫོགས་ཐུབ་བསྟན་རིན་པོ་ཆེའི། །སྨིན་གྲོལ་གདམས་པའི་ཆུ་ཀླུང་མཐའ་དག་ཀུན། །བློ་ཡི་རྒྱ་མཚོར་ངོམས་མེད་འཐུང་གྱུར་ཅིག །རྣམ་དཔྱོད་སྤོབས་པའི་དེ་དག་ཀུན་འཛིན་ཞིང༌། །ཡང་དག་ལྟ་སྒོམ་སྤྱོད་པའི་རྒྱན་གྱིས་སྤུད། །གདུལ་བྱའི་བློ་བཞིན་འདོད་དགུའི་ཆོས་སྒོ་ཡིས། །དོན་གཉིས་ལྷུན་གྲུབ་ཆོས་ཀྱི་སྲིད་སྐྱོང་ཤོག །སྐད་ཅིག་རེར་ཡང་ཟབ་རྒྱས་གསང་བའི་ལམ། །སྟོན་དང་སྡུད་ཅིང་རང་དབང་ཐོབ་པ་ཡི། །ཆོས་རྒྱུན་ཏིང་ངེ་འཛིན་ལ་དབང་འབྱོར་བས། །བསྟན་པའི་ཤིང་རྟ་འདྲེན་པའི་མཐུ་ཐོབ་ཤོག །ཁེངས་དང་སྙེམས་པའི་རྒྱགས་པ་རིང་སྤངས་ནས། །ཆོས་ཕྱིར་སྲོག་ཀྱང་འདོར་ལ་ཞུམ་མེད་པས། །ཟབ་རྒྱས་ཟེགས་མ་རེ་ཡང་དད་པའི་མགྲིན། །འཐུང་བས་ཀུན་མཁྱེན་ལང་ཚོ་རྒྱས་གྱུར་ཅིག །ཚུལ་འདི་སྟོན་དང་སྤེལ་བའི་བཤེས་གཉེན་ཀུན། །སངས་རྒྱས་དངོས་དང་མཉམ་པའི་གནས་ཐོབ་ནས། །ཡིད་ཆེས་མོས་པ་མཉེས་པ་གསུམ་གྱི་སྒོས། །རྟག་ཏུ་དགེ་བའི་བཤེས་ལ་བསྙེན་གྱུར་ཅིག། །མངྒ་ལས་སོ། ༈ ཡིད་འོང་མཐོ་རིས་གྲོང་ལ་འགྲན་པའི་དབུས། །དགའ་སྐྱིད་ནོར་བུའི་སྣང་བས་ཁྱབ་བརྡལ་ཡང༌། །སྙེམས་བྱེད་ལུས་མེད་རྒྱུ་བའི་ཡིད་ཀྱི་གྲོང༌། །དྲན་ཤེས་དབྱིག་མཆོག་སྟེར་སྙམ་ཨོ་ཌིའི་དྲུང༌། །རབ་དགྱེས་ཡིད་ཀྱི་ཆུ་གཏེར་ཡངས་པ་ལ། །ན་ཚོད་སྨིན་པའི་གཉེར་མ་ཆེས་མང་ཡང༌། །ཁྱེད་སེམས་མགྲིན་རིང་ཀུན་དགའི་དཔལ་བསྐྱེད་ཕྱིར། །ཚིགས་བཅད་མེ་ཏོག་གསར་པ་འཛུམ་བཞིན་དགོད། །ལྷ་བས་ལྷག་པའི་རྟེན་བཟང་ཨུཏྤལ་མིག །སྐད་ཡིག་སྒྱུ་རྩལ་དྲུག་ཅུ་འཆད་མཁས་ཀྱང༌། །དོན་གནད་སྙིང་པོའི་དགའ་སྟོན་མ་སྟོར་བར། །བཞུགས་ན་ཡི་རང་པདྨའི་མགུལ་རྒྱན་འབུལ། །ན་ཚོད་ཉིན་བྱེད་ཆུ་ལྷར་ཕྱོགས་ན་ཡང༌། །བགྱི་སྒོ་འོད་ཀྱི་དྲ་བ་ཆེས་མང་བས། །འདུ་འཛིའི་སྟེང་འཐུང་ཆེ་ཕྲ་དར་བབ་པའི། །ཚལ་དུ་སེམས་ཀྱི་བུང་བ་གཡེང་བཞིན་མཆིས། །སྐྱེ་ས་དད་མོས་ལྡན་པའི་གདུལ་བྱ་ཡིས། །རེ་བའི་ཟུང་མིག་མཁའ་ལ་གཡོ་བཞིན་དུ། །ཞུ་བསྐུལ་ཀུ་ཧུའི་གླིང་བུ་སྙན་གཙེར་ཡང༌། །རེ་དོགས་བྲལ་བའི་ཀུན་གསལ་སྤྲིན་ཐག་ཆད། །རིགས་ཀྱི་མྱུ་གུ་མྱ་ངན་མེད་པའི་མཚན། །སྙན་ཡང་མཐའ་འཁོབ་ལྟ་སྤྱོད་ནགས་ཚལ་དུ། །རྣམ་རིག་ཡལ་གའི་རི་དྭགས་ཆེས་རྒོད་པས། །ཕན་བདེའི་གྲིབ་བསིལ་སྣུམ་པོའི་རེ་བ་བྲལ། །རྒན་པོའི་ལུས་ཀྱི་གྲུ་གཟིང་དེར་གཡོ་ཡང༌། །ཨམ་ཅོག་བོང་བུ་བཞིན་དུ་རིང་བ་ལས། །ངེས་དོན་གྲུབ་འབྲས་ནམ་མཁའི་ཨུཏྤ་ལར། །སེམས་པས་རེ་ཞིག་འོང་བའི་འདུན་པ་མེད། །ཤིན་ཏུ་སྙིང་ཉེའི་སློབ་བུར་གུ་ཧྲའི་ངག །བཅོས་མེད་རྒན་པོས་ཅ་ཅོ་སྒྲོགས་པ་འདི། །ཁྱེད་སེམས་ཕུག་ནོར་བཞིན་དུ་སྦ་བ་ལས། །ཀུན་གྱི་སྤྱོད་ཡུལ་མིན་པས་ཨ་ཐམ་རྒྱ། །དེ་ནས་ལག་ཁྱེར་པ་སེ་ལེན་བདེ་ན། །མི་བརྟན་དུས་ཀྱི་འཕོ་འགྱུར་ཕན་སྲིད་པས། །འཇིགས་སྐྱོབ་ཙམ་ཕྱིར་ཉེས་འགལ་ཆུང་བས་ན། །བླང་ཡང་འགལ་བ་མེད་སྙམ་ཡིད་ལ་སེམས། །དེ་སྐད་ཡུལ་གྱི་བཀོད་པ་ལེགས་བྲིས་ཚལ། །རང་བྱུང་རྡོ་རྗེའི་བྲག་གི་ཀེའུ་ཚང་མདུན། །གཡུ་ཞུན་ལྷ་ཡི་དོ་ར་སྨན་ཤིང་གིས། །ཟློས་གར་མཛེས་པར་གཡོ་དབུས་སྙུག་མའི་ཁང༌། །དྭངས་བསིལ་བག་ཕེབས་ཉལ་བའི་མི་རྒན་གྱི། །ལུས་སྒུར་སྐྲ་བྱི་གཉེར་མ་མི་སྡུག་པའི། །བཞིན་ལྡན་རྐང་ལག་སོར་མོ་འཁྱོག་པ་དེས། །སྣྲོན་ཟླའི་དགའ་བ་ལྔ་པའི་ཆུ་ཚོད་ནི། །མཚོ་ཡི་གྲངས་ལྡན་སོན་ཚེ་ཕུལ་བ་དགེ །རིང་འཚོའི་ཚེ་དང་ཕུན་ཚོགས་ལུང་རྟོགས་དཔལ། །དོན་ལྡན་བྱ་བ་དཀར་ཕྱོགས་ཚེས་བཞིན་དུ། །དགའ་བའི་བཞིན་རས་པ་སངས་ལྟར་དཀར་བ། །རིང་མིན་འདྲེན་བྱེད་དགའ་སྟོན་ངོམས་གྱུར་ཅིག ༈ དད་པའི་འཁྲི་ཤིང་རྒྱས་པའི་སྐྱེད་མོས་ཚལ། །རྣམ་བཀྲའི་བློ་གྲོས་མེ་ཏོག་མདངས་བཀྲ་ཞིང༌། །ཆོས་བཞིན་སྤྱོད་པའི་གྲིབ་བསིལ་ཡིད་འོང་བ། །ཨོ་རྒྱན་མིང་གི་འབྲས་བུས་དུད་དེའི་དྲུང༌། །མཐའ་ཀླས་རྒྱ་མཚོའི་ཕ་མཐར་ནུབ་གླིང་དུ། །གནས་ཀྱང་དད་གདུང་བརྩེ་བའི་སྤྲིན་གྱི་རྟ། །ཆད་མེད་ལྡང་ལ་སྙིང་ནས་བརྩེ་བ་ཡིས། །གདུང་སེལ་སྤྲིང་ཡིག་བསྲིངས་ལ་སྤྲོ་བ་བརྟས། །མཐའ་འཁོབ་མུན་པར་ངེས་དོན་ཆོས་སྒྲོན་གྱིས། །འགྲོ་ཀུན་འདྲེན་མཛད་ཆོས་ཀྱི་རྒྱ་མཚོ་ཆེའི། །ཐུགས་བསྐྱེད་ཞབས་ཏོག་བརྩོན་པར་མཆིས་བཞིན་དུ། །རྒྱུ་ལུས་གཡར་ཁང་བདེ་ལ་བདག་ཀྱང་རང༌། །འདིར་གནས་ན་ཚོད་ཡོལ་བའི་རྒན་པོ་ཡང༌། །བསྟན་འགྲོའི་ཞབས་ཏོག་རློམས་པས་གཏེར་མཛོད་ཀྱི། །གསང་ཆོས་གྲོང་གསེབ་འཐོར་བའི་བྲེལ་ཙམ་ལས། །དགའ་སྐྱིད་དཔལ་ལ་ངོམས་པའི་ཚུལ་དུ་མཆིས། །འདིར་སྣང་རི་མོའི་རྗེས་སུ་འབྲང་བ་ཡི། །ཆོས་ལྟར་བཅོས་པའི་རྩེ་འཇོ་འདི་མཐོང་ཚེ། །ལུང་རྟོགས་བསྟན་པ་རྟགས་ཙམ་འཛིན་པའི་སྟེང༌། །སླེབས་སྙམ་ཡིད་ལ་སྐྱོ་བའི་རླུང་བསིལ་ལྡང༌། །རང་བཙན་སྟོན་དང་བསྟན་པ་གཞན་ལག་ཏུ། །ཤོར་བའི་དུས་ཀྱི་རང་རྟགས་མངོན་སུམ་འདིས། །བསྟན་པ་ནམ་ལངས་སྐར་མ་ལྟར་མཐོང་ནས། །ཤུགས་རིང་མི་འདོན་ཀ་མེད་མང་ན་ཡང༌། །བདག་ཅག་གཞོན་དུས་མཚུངས་མེད་དགེ་བའི་བཤེས། །ཐོས་བསམ་སྒོམ་པའི་ངང་ཚུལ་རྗེས་དྲན་ཚེ། །རང་ཚོད་བསོད་ནམས་སྐལ་པ་བཟང་སྙམ་ནས། །ཡིད་ཆེས་དད་པས་ངེས་ཤེས་ཡང་ཡང་སྐྱེས། །ཀྱེ་མ་ཀྱི་རྐ་བླ་མ་རིན་པོ་ཆེ། །འདི་ཕྱི་ཚེ་རབས་ཀུན་ཏུ་ཐུགས་རྗེས་ཟུངས། །གསོལ་འདེབས་རྒྱང་གླུས་འབོད་པ་འདི་གསན་ནས། །སྐྱེ་འཆི་བར་དོར་འབྲལ་མེད་རྗེས་ཟུངས་ཤིག །རྒན་པ་ཡི་མུག་སྐྱོ་བའི་ཤུགས་རིང་གི །ཞེན་པས་ཚིག་དོན་རྗེས་སུ་དྲན་པའི་ངག །མ་སྦས་ཚིགས་སུ་བཅད་པ་འདི་ཉིད་ཀྱང༌། །ཁྱེད་ལ་ཕུལ་བས་ཀུན་ཏུ་ཤིས་གྱུར་ཅིག ༈ དམ་པ་ཆོས་ཞུགས་མདོ་སྨད་གསེར་ཐང་ལྗོངས། །ལུང་རིས་ཆུ་སྐྱེས་དབང་གཞུ་ལྟར་བཀྲ་བར། །བློ་ལྡན་རྐང་འཐུང་རྩེན་པར་ལེགས་བཞུགས་པའི། །དགེ་རྩེ་མཆོག་སྤྲུལ་ཆོས་ཀྱི་གྲོགས་དེའི་དྲུང༌། །ན་ཚོད་མཁར་བའི་འཁྲི་ཤིང་ལ་བརྟེན་ཀྱང༌། །ལང་ཤོར་འཁྱོག་པོའི་སོར་མོ་མི་དལ་བས། །སྙན་ཚིག་མཚོ་བྱུང་ཕྱག་གི་རྒྱུད་མང་ལས། །ཞུས་ཏེ་ཁྱེད་མདུན་འདྲེན་བྱེད་འབབ་སྟེགས་ཕུལ། །མཚམས་པའི་སྤྲིན་མཚུངས་ཐར་པའི་རྒྱལ་མཚན་གྱིས། །ཀླུབས་པའི་ཁྲིམས་གཙང་ཡོངས་འདུས་རྐང་འཐུང་ཅན། །མཁས་གྲུབ་བྱེ་བའི་མདུན་སར་བཞུགས་པའི་འཕྲིན། །ལེགས་འབྱོར་མདོངས་མཐའི་རྣ་བར་དབྱར་རྔ་བཞིན། །དམ་པའི་ཡོན་ཏན་ཕུན་ཚོགས་མེ་འབྲས་ཀྱིས། ཕྱུག་བཞིན་སྙམ་མེད་བསླབ་གསུམ་གྲིབ་བསིལ་གྱིས། །སྙིགས་དུས་བསྟན་འགྲོའི་གདུང་བ་སེལ་བཞིན་དུ། །སྤྲིང་ཡིག་གཞན་གསོས་གླུ་སྙན་ཡང་ཡང་སྩོལ། །རྒྱ་བོད་མཚམས་ནས་ལྷོ་ལྗོངས་འབྲུག་གི་བར། །མཚོ་སྐྱེས་རྒྱལ་བས་ཕྲིན་ལས་ལྷ་མཆོག་གི །ཕོ་བྲང་བྱིན་རླབས་སྟག་ཚང་སེང་ཕུག་མདུན། །དབྱར་སྐྱེས་མྱུ་གུ་མེ་ཏོག་ཐོད་ཆིངས་ཅན། །རིང་པོའི་རྐང་འཐུང་གྲལ་དུ་སྙེགས་པ་ལ། །འཕྱ་སེམས་བྱིའུ་གླུ་ལེན་བྱེད་པ་དེར། །ལྟ་བ་དམན་ཀྱང་བག་ཡངས་སེམས་རྩ་དྲུང༌། །སྒོམ་པ་མེད་ཀྱང་ལུས་བདེ་སྐྱིད་ཉལ་གྱིས། །ཕྱི་དལ་ནང་ལྷོད་ཆོས་བྱེད་གཟུགས་བརྙན་གྱིས། །དཀོར་དང་འདུ་འཛིའི་ཆུ་གཉེར་དེད་བཞིན་མཆིས། །ཉི་བུའི་བེ་ཅོན་མགོ་ལ་མ་ཕོག་པར། །གོམས་འགྲོས་ཆོལ་ལའི་མི་རྒན་ཐང་ཤིང་གིས། །ཞལ་རས་མཇལ་བའི་བཀྲ་ཤིས་བདེ་ལེགས་ཞུ། །བོད་ལྕགས་ལུག་ཟླ་༦ཚེས་༧ལ་ཕུལ། ༈ ཀརྨའི་གདུང་འཚོབ་མཁྱེན་རྟོགས་བདུད་རྩི་ཡིས་མཛེས་བྱེད། །མཐའ་འཁོབ་དད་ལྡན་གདུལ་བྱ་བྱང་གྲོལ་གྱི་ལུས་ཟུངས། །རྒྱས་བཞིན་རྡོ་རྗེའི་ཕུང་ཁམས་བདེ་བ་རུ་བཞུགས་ངང༌། །ཡིན་སྙམ་རབ་དགའི་ས་ཡི་ངོ་མཚར་བཞིན་རྒྱས་འདུག །ན་ཚོད་ཐལ་བའི་རྒན་པོ་མགོ་སྐྱེས་ནི་རབ་དཀར། །ཆ་སྙོམས་འདུ་བ་མ་འཁྲུགས་འདུ་འཛི་བརྒྱས་བྲེལ་བའི། །རྗེས་གཅོད་ངང་ནས་མི་ཚེ་པྲ་འཁྱལ་དུ་རྒས་ཏེ། །བལ་ཡུལ་ལྗོངས་སུ་བཛྲ་སཏྭ་ཡི་སྒྲུབ་ཆེན། །དག་སྣང་ལམ་དུ་ཁྱེར་ནས་གནས་པ་ཙམ་སྐད་དོ། །སླད་ཀྱང་ཡ་མ་རཱ་ཛའི་ཕེབས་བསུ་ཡིས་བཤོལ་ཚེ། །དགྱེས་སྤྲོའི་ཞལ་དང་ཆོས་མཐུན་གསུང་འཕྲོས་ཀྱི་དགའ་སྟོན། །རིང་མིན་ལོངས་སུ་སྤྱོད་པའི་རྟེན་འབྱུང་གི་རྫས་བཅས། དིལ་མཁྱེན་རྒད་པོའི་ཀ་ཋའི་རྒྱལ་ཁབ་ནས་འཕྲལ་ཕུལ། ༈ ཀུན་སྤང་བྱང་ཆུབ་སེམས་དཔའ་ཆེ། །སངས་རྒྱས་རྡོ་རྗེའི་གསུང་བཞིན་དུ། །ཀློང་ཆེན་ནམ་མཁའི་རྣལ་འབྱོར་པ། །ཀུན་མཁྱེན་ཡབ་སྲས་བརྒྱུད་བཅས་ཀྱི། །སྲོག་བསླུ་སྲོག་སྦྱིན་མཛད་ཚུལ་ལ། །བསམ་ནས་ཅི་ནུས་སྒྲུབ་པ་དང༌། །རོང་མཚམས་རྣམས་ནས་དམར་མཆོད་ཀྱིས། །ནག་ཕྱོགས་འབྱུང་པོ་མཆོད་པ་ནི། །ཀླ་ཀློའི་ཆོས་ལུགས་དངོས་ཡིན་པས། །སྐྱབས་འགྲོ་དང་འགལ་རང་གཞན་ཕུང༌། །ལས་ཀྱི་ཤི་བའི་ཤ་ཚིལ་ཁྲག །སྐྱེ་བདུན་མྱོང་གྲོལ་བསྲེས་པ་ཡིས། །དམར་གསུར་བཏང་ན་རང་གཞན་ལ། །ཕན་ལས་གནོད་པ་གཏན་ནས་མེད། །རྒྱལ་འགོང་དམ་སྲིའི་གནོད་པ་ཞི། །མི་ཕྱུགས་རིམས་ཞི་ལོ་ཕྱུགས་ལེགས། །ཆར་ཆུ་དུས་བབ་ཀུན་ཏུ་དགེ། །ཚེ་ཐར་རྒས་ཁོག་གསར་པ་ལ། །སྤོ་ནས་རྙིང་པ་གསོད་པ་སོགས། །བླུན་པོའི་སྤྱོད་པ་མི་རུང་ངོ༌། །དེ་སྐད་དགེ་བསྐུལ་ངག་འདི་ཡང༌། །རང་སློབ་རྡོ་རྗེ་ཚེ་རྒྱལ་གྱིས། །བསྐུལ་ངོར་དིལ་མཁྱེན་རྒད་པོས་བྲིས། །ཀུན་ཕན་བྱང་ཆུབ་སེམས་ལྡན་ཤོག ༈ དབྱིངས་བདེ་ཆེན་སྒྱུ་འཕྲུལ་དྲྭ་བའི་གར། །ཕན་བདེ་བའི་འབྱུང་གནས་རྫོགས་སངས་རྒྱས། །ཕ་བླ་མ་དྲིན་ཅན་རྡོ་རྗེ་འཆང༌། །སྙིང་དད་པའི་གདུང་བས་ཡང་ཡང་དྲན། །ཁྱེད་མཁས་བཙུན་ཀརྨ་ཕྲིན་ལས་དང༌། །ང་རྒྱལ་ཁམས་འཁྱམས་པའི་མི་རྒན་གཉིས། །གདོང་དངོས་སུ་འཕྲད་ངང་གཏམ་མོལ་ཚབ། །ལུས་རྒས་ཀྱང་གླུ་ཞིག་ལེན་སྙིང་བྲོ། །རྗེ་འཇིག་རྟེན་མིག་གཅིག་མཁས་གྲུབ་ཚོགས། །ཆོས་མི་རྟག་སྒྱུ་མའི་བརྡ་སྟོན་མཛད། །ཚུལ་དེ་ལ་དགོངས་ནས་བདག་ཅག་ཀྱང༌། །བློ་ཆོས་ལ་བསྐུལ་བ་འདུན་མའི་རྩེ། །ཚེ་འདི་སྣང་སྒྱུ་མའི་ཟློས་གར་ལ། །སེམས་ཞེན་པ་མེད་པས་འབྲེལ་ཚད་ཀུན། །བློ་དམ་པའི་ཆོས་ལ་བསྐུལ་བའི་ཐབས། །སེམས་གཞན་ཕན་བསམས་ནས་སྒྲུབ་པ་གཅེས། །མགོན་བླ་མ་རྣམས་ཀྱི་ཕྲིན་ལས་ཀྱིས། །མཐའ་རྒྱལ་ཁབ་རྣམ་གཡེང་ཅན་རྣམས་ཀྱང༌། །ཆོས་དོན་དུ་གཉེར་བའི་ཚུལ་བསམས་ན། །རྗེ་བྱང་ཆུབ་སེམས་དཔའི་ཁྱད་ཆོས་ལགས། །མགོན་དེ་དག་རྣམས་ཀྱིས་རྗེས་སུ་བཟུང༌། །ཆོས་སྨིན་གྲོལ་བདུད་རྩི་ལྷུག་པར་བསྩལ། །དེའི་དབང་གིས་མིང་ལ་སྙན་པར་གྲགས། །ལོ་ཕ་མཐར་སོན་པའི་མི་རྒན་བདག །གཟུགས་སྒྱུ་མའི་འཁྲུལ་འཁོར་བདེ་སྟེ་མཆི། །སེམས་སྡུག་བསྔལ་མེད་པས་གུ་རེ་ཡངས། །ལས་འདི་བྱའི་གཏད་སོ་མ་མཆིས་པས། །དུས་ད་ལྟ་ཤི་ཡང་འགྱོད་པ་མེད། །ཚིག་དེ་ལ་ཟབ་དོན་མ་མཆིས་ཀྱང༌། །འདྲིས་ཆེ་བའི་གྲོགས་ཀྱི་སྐྱེས་ལན་དུ། །ཕུལ་འདིས་ཀྱང་ཁྱེད་ཐུགས་རབ་དགྱེས་ནས། །འཕྲལ་མྱུར་དུ་མཇལ་བའི་སྨོན་ལམ་ཞུ། ༈ ཨོཾ་སྟ་སྟི་ཤྲཱི་བི་ཛ་ཡནྟུ། རབ་འབྱམས་རྒྱལ་བའི་མཁྱེན་བརྩེའི་ཆར། །འཆི་མེད་བདུད་རྩིའི་མཚོར་འཁྱིལ་བ། །དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཚེ་རབས་གཏན་གྱི་སྐྱབས་སུ་བསྙེན། །གང་གི་ཐུགས་བསྐྱེད་རྣམ་པར་ཐར། །ཟབ་ཅིང་རྒྱ་ཆེ་རྨད་བྱུང་བའི། །ངོ་མཚར་སྐྱ་རེངས་གསར་པ་ཡིས། །ཕན་བདེའི་ཉིན་བྱེད་རྟག་ཏུ་འདྲེན། །ཁྱད་པར་མ་ཧཱ་བྷོ་ཊའི་ཞིང༌། །རྒྱལ་བསྟན་ཡོངས་རྫོགས་མགྲོན་འབོད་པའི། །ཚངས་ཆེན་ལྷ་ཡི་མེ་ཏོག་གི །བྱིན་རླབས་བདུད་རྩིའི་བསྐྱེད་བསྲིངས་བའི། །སོ་སྐྱེའི་ཨུཏྤལ་གཞོན་ནུ་ཞིག །ལྷོ་ལྗོངས་ནགས་སུ་རྐང་འཁྱལ་བ། །རྣམ་དཀར་ནོར་བུའི་རྒྱན་མང་ཞིང༌། །དད་འབྱོར་ལང་ཚོ་རྣམ་བཀྲ་བའི། །ལྷ་རིགས་ས་སྐྱོངས་དབང་མོ་ཡིས། །རྒྱུ་མཚན་ཤེས་པས་ཉེ་བར་བཀུར། །ཀྱེ་མ་ཁྱོད་ནི་ཡོན་ཏན་ལྡན། །འགྲོ་ལ་ཕན་པར་བྱེད་གྲགས་ན། །ཕ་མ་སྤུན་སྲིང་རིགས་བརྒྱུད་བཅས། །འཇིག་རྟེན་འདི་དང་ཕ་རོལ་དུ། །བདེ་དགའི་རོལ་སྟོན་སྤྱོད་པའི་ལས། །ཁུར་དུ་ལོངས་ཞེས་བསྐུལ་བ་ལས། །ཟག་མེད་མཁྱེྃན་པའི་སྤྱན་སྟོང་བཀྲ། །བསྟན་འགྲོའི་དོན་ལ་གཅིག་ཏུ་བརྩེྃ། །བདུད་འདུལ་ནུས་འཆང་དབྃང་པོའིྃ་གཟུགས། །དག་གིས་དགོྃངས་མཚོར་གསལ་བ་དང༌། །རྗེས་མཐུན་གངས་ཅན་ས་ཡི་མིག །སྲིན་མོའི་རྐང་གཡོན་རུ་གནོན་གྱི། །ཆོས་རྒྱལ་སྲོང་བཙན་ཐུགས་བསྐྱེད་གཟུགས། །སྤ་གྲོ་སྐྱེར་ཆུའི་གཙུག་ལག་ཁང༌། །གངས་བྲག་རྫ་ཡི་ཕུ་བཙན་ཞིང༌། །ལྷུན་ཆགས་རི་བོའི་མཐའ་སྐྱོར་བརྟན། །ཕྱོགས་ཀུན་བཀོད་མཛེས་རི་གླིང་དབུས། །གསེར་གཞོང་མར་ཞུན་གྱིས་བཀང་ལྟར། །རྨོས་ལེགས་རིན་ཆེན་སྙེ་མ་དང༌། །ལྗོན་བཟང་ཟློས་གར་གཡོ་བའི་དབུས། །སྤྲུལ་པའི་གནྡྷོ་ལ་བརྗིད་པ། །གསེར་གྱི་ས་གཞིར་རི་དབང་བཞིན། །རབ་འབྱམས་རྒྱལ་ཀུན་འདུས་པའི་གཟུགས། །སྙིགས་མའི་གདུལ་དཀའི་སྐྱབས་གཅིག་པུ། །བྱིན་རླབས་ཐུགས་རྗེ་ཚད་མེད་པ། །ཨོ་ཌི་ཡཱ་ནའི་སློབ་དཔོན་གྱི། །རྒྱུད་གསུམ་སྒྱུ་འཕྲུལ་དྲྭ་བའི་སྤྲིན། །རྩ་གསུམ་ཡོངས་རྫོགས་སྒྲུབ་བཀའ་བརྒྱད། །བྱིན་རླབས་གཟི་བརྗིད་དཔལ་འབར་བའི། །གཟུགས་སྐུའི་འཇའ་ཚོན་རྣམ་བཀྲ་བའི། །སྣང་བརྙན་རྣམ་བཞིའི་རིང་བསྲེལ་གྱིས། །ལེགས་གཏམས་སྔོན་དངོས་རྗེས་ཀྱི་ལས། །རྒྱུད་ལུང་མན་ངག་དང་མཐུན་ཅིང༌། །མཁའ་ཁྱབ་ཆེན་པོའི་ཕྱག་བཞེས་ལྟར། །ལག་ཏུ་བསྟར་བའི་མོད་ཉིད་ནས། །གཏོང་བའི་སྒོ་འཕར་ལེགས་ཕྱེས་ཤིང༌། །དད་མོས་ས་ཆེན་རི་ལྟར་བརྟན། །རྣམ་དཀར་རིགས་ཀྱི་ནུས་སད་པའི། །ས་སྐྱོང་སྐལ་བཟང་དབང་མོའི་ཡིད། །ཨེ་མ་འདི་ནི་སྔ་མ་ནས། །ལས་སྐལ་དད་བསོད་ཤིང་རྟ་ཡིས། །དྲང་ཕྱིར་ཚུལ་འདིའི་གནས་སྐབས་དང༌། །མཐར་ཐུག་དོན་ཆེན་ངེས་བསྐྱེད་ཕྱིར། །བསྙེན་སྒྲུབ་ཡན་ལག་རྣམ་པ་བཞིས། །ལྷག་པར་གནས་པ་ཆོས་རྒྱལ་པས། །བྱིན་གྱིས་རློབས་ཞེས་བསྐུལ་བ་བཞིན། །ཕྱག་ན་པདྨོ་ཀརྨ་ཀས། །ཡེ་ཤེས་ཆེན་པོའི་གསང་བ་དག །དབྱེར་མེད་ཉིད་དུ་ལྷག་པར་གནས། །ཨོ་རྒྱན་དངོས་དང་གཉིས་མེད་མཛད། །ཕྱི་ལྟར་བྱང་སེམས་ནང་རིག་འཛིན། །གསང་བ་དཔྃལ་ཆེནྃ་སྒྲུབ་སྡེ་བརྒྱད། །ཀུན་འདུསྃ་བླ་མ་དྲག་པོའི་ལྷ། །སྙིགས་དུས་རྒྱལ་བསེན་དམ་སྲིའི་གཤེད། །རིག་འཛིན་བརྒྱད་དང་མཁས་པ་བཞིའི། །དགོངས་བཅུད་ཆུ་བོ་བཞི་ལྡན་པ། །འཕྲད་ཆོག་ལྷག་པའི་ལྷ་གཅིག་དེའི། །ཚོམ་བུ་ཚོགས་སུ་སྒྲུབ་པ་ཡི། །གཟི་བྱིན་བསྐྱེད་ཅིང་ནུས་རྩལ་གྱིས། །ནག་ཕྱོགས་མིང་གི་ཕ་མཐར་བསྐྲད། །ལྷ་དང་ཌཱཀྐིའི་འདུ་བ་ཡིས། །བཤད་སྒྲུབ་ལས་ཀྱི་རྫོང་བཙན་བཟུང༌། །ཚེ་དཔལ་འདོད་དགུའི་མཛོད་ཀྱིས་གཏམས། །བཀྲྃ་ཤིསྃ་དཔྃལ་གྱི་སྣང་བ་བརྒྱས། །འཇིག་རྟེན་གསུམ་དུ་འབྱོྃར་པ་བྱས། །སྣོད་བཅུད་རྒུད་ཞི་འབྲུ་ནོར་འཕེལ། །འགྲོ་རྣམས་སྒོ་གསུམ་རྣམ་དཀར་སྤྱོད། །ཕྱི་ནང་བར་ཆད་ལས་རྒྱལ་ནས། །བསམ་དོན་ཆོས་བཞིན་འགྲུབ་པར་གྱུར། །དེ་ཚེ་ལྷ་དང་མི་ཀུན་གྱིས། །དགེ་མཚན་བ་དན་གྱིས་བསྐུལ་བས། །འདོད་དགུའི་དབྱིག་གིས་རིན་ཆེན་གཟེངས། །ཁེངས་པའི་སངས་རྒྱས་ཕྲིན་ལས་དཔལ། །རྒྱལ་བསྟན་སྙིང་པོ་བཤད་སྒྲུབ་ལས། །འཛིན་པའི་སྐྱེས་ཆེན་མཁས་དང་གྲུབ། ཆོས་བཞིན་སྤྱོད་པས་ལྗོངས་འདིར་ཁེངས། །ཤིན་ཏུ་སྐལ་བཟང་གྱུར་ཅེས་གླེང༌། །དེ་སྐད་ཉུང་ངུའི་གཏམ་གྱི་ཕྲེང༌། །དྲང་པོའི་ངག་གི་གསེར་སྦྱངས་ལ། །སྙན་ཚིག་རིན་ཆེན་ཕྲ་ཚོམ་གྱིས། །སྤྲས་འདི་མདོྃ་སྔགྃས་ཆོསྃ་ཀྱི་གླིངྃ༌། །འཕགས་ཡུལ་གཉིས་པར་སྐྱེས་པ་ཡི། །ལག་རྗེས་མཛུབ་མོའི་རྗེས་མཚོན་ཕྱིར། །བྲིས་པའི་ཚིགས་བཅད་ཛ་ཡནྟུ། ༈ ཨོཾ་སྭསྟི་ཤྲཱི་བི་ཛ་ཡནྟུ། བཀྲ་ཤིས་འཇིགྃས་མེདྃ་མཆོག་གསུམ་རིན་ཆེན་གདུགས་དཀར་དཔལ་མཛེས་བཀྲ་ཤིས་ཚོགས་གཉིས་གསེར་ཉ་འཁྱིལ། །བཀྲ་ཤིས་ཕུན་ཚོགས་སྡེ་བཞིའི་བུམ་བཟང་འདོད་དགུ་གཡང་འཁྱིལ་བཀྲ་ཤིས་སེངྃ་གེྃ་པདྨས་བཀྲ། །བཀྲ་ཤིས་སྙན་གྲགས་གཡས་འཁྱིལ་དུང་སྒྲོག་འགྲོ་ཀུན་དབྃང་ཕྱུགྃ་དཔའ་མཛངས་བཀྲ་ཤིས་དཔལ་བེའུ་བརྗིད། །བཀྲ་ཤིས་ཆོས་སྲིད་མི་ནུབ་རྒྱལ་མཚན་རྫོགས་ལྡན་རབ་དགའི་བཀྲ་ཤིས་འཁོར་ལོས་བསྒྱུར་གྱུར་ཅིག །ཅེས་པའང་སྣང་སྲིད་ཟིལ་གནོན་རྒྱལ་དབང་མཚོ་སྐྱེས་རྡོ་རྗེའི་ཕྲིན་ལས་ཀྱི་གདུང་འཛིན་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པ་བཀྲ་ཤིས་དཔལ་འབྱོར་དོན་ཐམས་ཅད་གྲུབ་པའི་སྡེས་ལྷོ་ལྗོངས་ཆོས་རྒྱལ་ཆེན་པོའི་ལྷ་སྲས་མཆོག་ལ་ཤིང་སྟག་རྒྱལ་ཟླའི་འཕེལ་ཚེས་༡༦རྒྱལ་དང་ཕུར་བུའི་གྲུབ་པའི་སྦྱོར་བ་ལ་ཐིམ་ཕུ་རྫོང་བཀྲ་ཤིས་ཆོས་རྫོང་དུ་མངའ་དབང་རིན་པོ་ཆེ་འབར་བའི་སྐབས་རྡོ་རྗེའི་སྐུ་གསུང་ཐུགས་ཀྱི་རྟེན་དང་བཅས་ཏེ་ཆེད་དུ་བརྗོད་པའི་ཤིས་པའི་གླུ་དབྱངས་དགེ་ལེགས་རྣམ་པར་རྒྱལ་བའི་ལྷའི་རྔ་གསང་སརྦ་ཨརྠ་སིདྡྷི་ཧཱུྃ། ༈ ཟག་མེད་འབྲས་བུའི་ཟིལ་མངར་ཀུན་འཛིན་ཅིང༌། །སྙིང་རྗེའི་འདབ་སྟོང་བཞད་པའི་ཡེ་ཤེས་དཔྱིད། །བསིལ་ལྡན་གངས་ཅན་འགྲོ་བའི་ལྷག་པའི་ལྷ། །འཇིག་རྟེན་དབང་ཕྱུག་ཤེར་ཕྱོགས་ཕྱག་གི་རྩེར། །སྲབ་འཇམ་རེག་བྱའི་ལྡིང་གུར་ཡངས་པའི་དབུས། །བཅུད་རྒྱལ་གེ་སར་འཛུམ་པའི་སོ་ཡི་ཕྲེང༌། །འཕགས་མཆོག་བསམ་མི་ཁྱབ་པའི་རྣམ་ཐར་ལ། །གུས་པའི་ཆུ་བས་བཏུད་དེ་ཕུལ་བའི་མཐུས། །འགྲོ་འདི་ཇི་སྲིད་འཁོར་བའི་འདམ་གནས་པས། །རྒྱལ་སྲས་སྤྱོད་པའི་པད་དཀར་རྒྱས་པ་ཡིས། །ཕྱོགས་གཅིག་ཞི་བའི་གདུང་བ་བསིལ་བྱེད་ཤོག །ངོ་མཚར་རྒྱལ་སྲས་སྤྱོད་པའི་ཁ་དོག་གིས། །རྣམ་བཀྲའི་འདབ་མའི་ཁོང་གསེང་ནས་རྒྱུ་བའི། །གཞན་ཕན་ཟིལ་པ་མངར་པོའི་བསུང་ཞིམ་གྱིས། །རྒྱུན་རིང་སྲིད་པའི་གཅོང་ནད་སེལ་གྱུར་ཅིག །རང་བྱུང་སྙིང་རྗེའི་ཟིལ་མངར་མི་ཟད་པས། །གཞན་ཕན་ཁ་དོག་ཅིར་ཡང་བཀྲ་བའི་ཚོན། །འགྲོ་ཁམས་རྒྱ་མཚོར་གང་འདུལ་དེར་སྣང་ལ། །ཕྲིན་ལས་སྤྱན་རས་གཟིགས་དང་མཉམ་གྱུར་ཅིག །རྡོ་རྗེ་ཆགས་པའི་ཉི་མས་བཞུས་པའི་བཅུད། །མཆོག་ཏུ་མི་འགྱུར་པདྨའི་ལང་ཚོའི་མདངས། །གསུང་གི་རྡོ་རྗེའི་རིགས་ཀུན་ཁྱབ་བདག་ཏུ། །གར་གྱི་དབང་ཕྱུག་སྒྱུ་འཕྲུལ་རྩེན་ནུས་ཤོག །ཀུན་དགའི་མཆོག་གི་ཟག་མེད་བདེ་ཆེན་ཏེ། །དེ་ཉིད་གཟུགས་ཅན་བཞིན་ཤར་ལྷག་པའི་ལྷ། །པདྨ་རྒྱས་པ་ལྟ་བུའི་གསང་གསུམ་དཔལ། །བདག་གི་དཔྱིད་དུ་ལེགས་བྱས་འདིས་འདྲེན་ཤོག །རྒྱལ་ཀུན་ཕྲིན་ལས་མཐར་ཐུག་གསུང་རྡོ་རྗེ། །ཟབ་རྒྱས་ནཱ་དའི་བརྗོད་པ་ལུང་རྟོགས་ཆོས། །ཀུན་ཕན་ཕྲིན་ལས་པདྨའི་ཕྲེང་བ་ཡིས། །སྤུད་པས་ཐུབ་བསྟན་ཆུ་མཚོ་མཛེས་ནུས་ཤོག །པདྨའི་རིག་འཛིན་གྲུབ་པ་ཡོངས་ཀྱི་རྗེ། །པདྨ་རྒྱལ་པོ་སྣང་སྲིད་དབང་བསྒྱུར་མགོན། །པདྨ་འབྱུང་གནས་སྲིད་ཞིའི་མགོན་གྱུར་པའི། །ངོ་མཚར་པདྨའི་དཔལ་དེ་མངོན་གྱུར་ཤོག །གསུང་མཆོག་རྡོ་རྗེ་སོར་རྟོག་པདྨའི་རིགས། །འཁོར་འདས་རྗེ་བཙན་ཆེ་མཆོག་པདྨའི་ལྷ། །ཞི་ཁྲོ་རབ་འབྱམས་པདྨའི་ཚོན་སྣ་བཞིན། །སྟོན་པས་དངོས་གྲུབ་སྦྲང་རྩིའི་དགའ་སྟོན་དེའི། །བདེ་ཆེན་འབྱུང་གནས་མ་ཆགས་པདྨའི་གདུང༌། །བདེ་སྟེར་གར་གྱིས་རིག་འཛིན་སྒྲུབ་པོའི་གྲོགས། །པད་ཅན་པདྨའི་དགའ་མཆོག་སྦྱིན་པའི་མ། །པདྨའི་ཌཱ་ཀིའི་ཚོགས་རྗེ་བདག་གྱུར་ཅིག །པདྨའི་དཔལ་གྱིས་སྡུག་བསྔལ་ཅན་ཡང་སིམ། །ལེགས་པའི་ཡོན་ཏན་པདྨས་མཚོན་བྱེད་ཕྱིར། །པདྨ་དཀར་པོ་ལྟ་བུའི་རྒྱལ་བ་བཞིན། །ལེགས་བྱས་པདྨའི་སྡོང་བུའི་འགུགས་བྱེད་ཤོག །རྣམ་དཀར་ཆུ་བོ་ཆེས་ཆེར་ཕྲ་ན་ཡང༌། །བསམ་སྦྱོར་སྨོན་པའི་བརླན་དྲོད་ཀྱིས་རེག་པས། །ཕུན་ཚོགས་དོན་གཉིས་པདྨའི་འདབ་སྟོང་གིས། །མཛེས་པ་སྲིད་ཞིའི་རྒྱན་དུ་བདག་གྱུར་ཅིག །ཅེས་པའང་མདོ་ཁམས་སྨད་ཀྱི་མུ་ཏོ་བ་མངྒ་ལས་རིན་ཆེན་གཉིས་པ་ལས་གྲུབ་པའི་པདྨའི་ཆུན་འཕྱང་ཞིག་འཕགས་མཆོག་སྙིང་རྗེའི་མངའ་བདག་ལ་ཕྱག་མཚན་དུ་ཕུལ་བའི་མཐར་སྨོན་པའི་བདེན་ཚིག་བསམ་སྦྱོར་དག་པས་བཏབ་པ་བཞིན་འགྲུབ་པས་འགྲོ་ཀུན་རྗེ་བཙུན་ཕྱག་ན་པདྨོའི་རྣམ་ཐར་ལ་འཇུག་པའི་རྒྱུར་གྱུར་ཅིག ༈ ཀྱེ་ཧོ། ཀ་བ་མེད་པའི་བྲག་ཕུག་རང་ཤོང་ནང་དགྱེས་ཤིང༌། །ཁ་འཁོས་སྤྲོས་མེད་རྗེ་བཙུན་མི་ལ་ཡི་རས་པ། །ག་བུར་ལྟར་བསིལ་ཆོས་ཀྱི་བརྒྱུད་འཛིན་གྱི་གཙོ་བོ། །ང་ཡི་སྙིང་གྲོགས་ཞྭ་དམར་མཆོག་སྤྲུལ་གྱི་དྲུང་དུ། ཅ་ཅོའི་ཁ་གསག་ཙམ་མིན་སྙིང་དབུས་ནས་དགའ་སྤྲོས། །ཆ་བྱད་གུས་གུས་ཙམ་མིན་མི་རྒན་གྱི་ངག་འདི། །ཇ་ཆང་ལྟར་ཞིམ་མེད་ཀྱང་ལྷག་བསམ་གྱི་ཀུན་སློང༌། །ཉ་རྒྱས་ཟླ་བ་རྒྱས་པའི་དཀྱིལ་འཁོར་ལ་འགྲན་སྙམ། །ཏ་ཐཱ་ག་ཏ་ཐུབ་བསྟན་ཁང་བཟང་གི་རྨིང་གཞི། །ཐ་མལ་ཉེས་པའི་སྐྱོན་བྲལ་དྲི་མེད་ཀྱི་འདུལ་ཁྲིམས། །ད་ལྟ་སྙིགས་དུས་ཚུལ་བཞིན་འཛིན་པ་ཡི་གཏམ་འདི། །ན་རྒ་འཆི་བའི་འཇིགས་སྐྱོབ་བདུད་རྩི་ལས་ལྷག་བྱུང༌། །པ་སངས་ཤར་རིའི་ཕྲག་མཛེས་ནམ་ལངས་ཀྱི་སྔ་ལྟས། །ཕ་མཐའ་བྲལ་བའི་འཕགས་པའི་ཡོན་ཏན་གྱི་སྣོད་གྱུར། །བ་གླང་ལྟ་བུའི་འགྲོ་སྒྲོལ་གནས་བརྟན་ནི་ཆེན་པོ། །མ་ལུས་སྐྱེ་དགུའི་མཆོད་སྡོང་ཁྱེད་གྱུར་པས་དགའ་ཡོ། །ཙཱ་རི་གཉིས་པ་སྦས་གནས་འབྲས་ལྗོངས་ཀྱི་རི་སུལ། །ཚ་གྲང་ཆ་སྙོམས་བཤད་སྒྲུབ་ཆོས་འཁོར་གྱི་གླིང་དུ། །ཛ་ལནྡྷ་སོགས་རྡོ་རྗེའི་གནས་ཆེན་དང་མཚུངས་པ། །ཝ་ལེར་མཛེས་པ་ཐུབ་པའི་རྒྱལ་ཚབ་ཀྱི་ཡབ་སྲས། །ཞ་ཉེ་ལྟར་གནག་སྙིགས་མའི་མུན་པ་ཀུན་སེལ་བྱེད། །ཟ་འདོད་ཆགས་སྡང་ཙམ་མིན་བཤད་སྒྲུབ་ལས་གསུམ་ལྡན། །འ་འུར་སྙན་པས་དཀར་ཕྱོགས་ལྷ་མི་ཀུན་དགའ་བསྐྱེད། །ཡ་མཚན་སྟོན་པ་ཁྱེད་གྱུར་དགའ་བ་འདི་སུས་མཚོན། །ར་བ་གངས་རིའི་ལྗོངས་ཀྱི་ཐུབ་བསྟན་གྱི་དཔལ་ཡོན། །ལ་ཀླུང་སྦས་པའི་གནས་སུ་དབྱར་མཚོ་ལྟར་བརྡོལ་བས། །ཤ་ཟ་ཀླ་ཀློའི་མི་འཇིགས་ངོ་མཚར་གྱི་དཔལ་ཡོན། །ས་གསུམ་སྙན་པས་འགེངས་པའི་ཡ་མཚན་འདི་ཨ་ཧོ། །ཧ་རིའི་ནགས་རོང་སྟུག་པོ་དྲེད་མོང་ལྟར་ཡིབ་དེའི། །ཨ་མཚར་རྩེད་མོ་ཙམ་མིན་སྙིང་དབུས་ཀྱི་དད་སྤྲོས། །ཨ་ལ་ལ་ཞེས་བསྟོད་སྔགས་ཨཀྵ་ར་ཕུལ་བས། །ཧ་ལོ་ལྟ་བུའི་སྡིག་ཅན་ཐུགས་རྗེ་ཡིས་ཟུངས་ཤིག །ཨི་ཤྭ་ར་བཞིན་སྙོད་མེད་གྲོགས་ལྡན་གྱི་མི་རྒན། །ཨུ་རྒྱན་བླ་མའི་རྗེས་འཇུག་ཡིན་པ་སྐད་དེ་ཡིས། །ཨེ་མ་གུས་བསྔགས་ཟོལ་མེད་ཀྱག་ཀྱོག་འདི་ཕུལ་བས། །ཨོ་ཌི་ཡ་ཕྱོགས་བཞུགས་ཁྱེད་དགྱེས་བསྐྱེད་དུ་གྱུར་ཅིག །མངྒ་ལས་ཕུལ་ལོ། ༈ རྒྱལ་ཀུན་ཐུགས་རྗེའི་རང་གཟུགས་འཕགས་མཆོག་ལ། །རྒྱལ་བས་ཕྱག་མཚན་བཞེས་པར་ལུང་བསྟན་བཞིན། །རྒྱལ་བསྟན་ཡོངས་རྫོགས་བདུད་རྩིའི་སྤྲིན་ཕུང་གིས། །རྒྱལ་བ་དངོས་བྱོན་འགྲན་བཟོད་དབུས་གྱུར་འཆང༌། །སྟོན་པ་རྨད་བྱུང་གངས་ཅན་མཁས་གྲུབ་གཙོ། །དག་པའི་འཁོར་གཙོ་རྡོར་སྨིན་ཤིང་རྟ་ཟུང༌། །བོད་སྤྲུལ་མཁས་གྲུབ་ཆོས་སྤྱན་མངའ་དབུས་སུ། །རྩ་གསུམ་སྲུང་མ་སྒྲུབ་སྡེ་བརྒྱད་ཀུན་འདུས། །སྨིན་གྲོལ་ཡོངས་རྫོགས་སྔ་འགྱུར་བསྟན་པའི་ཟུང༌། །གསེར་བཟང་ལྟར་བྲིམ་ངོ་མཚར་བརྒྱ་ལྡན་ཡང༌། །དུས་ཀྱི་རྒུད་པས་སྨིན་གྲོལ་ཉག་ཕྲ་ཞིང༌། །ལེགས་བཤད་ས་བོན་ཙམ་ལས་ཡིག་ཆས་ཕངས། །བླུན་རྒན་ལྷག་བསམ་མཁར་བརྟེན་བདག་འདྲས་ཀྱང༌། །གོང་མའི་གསུང་ལ་བརྟེན་ནས་འདིར་གསལ་བྱ། །ཆ་ཤས་ཐོས་ལས་བསམ་དང་སྒོམ་པའི་ནོར། །བློ་ཡི་བུ་གར་ཕོད་ཀ་སོང་བའི་ཕྱིར། །འགལ་འཁྲུལ་སྡེབ་ཉེས་ནོངས་པའི་ལས་མཐའ་དག །ཆོས་སྤྱན་མངའ་བའི་སྤྱན་སྔར་སྙིང་ནས་འཆགས།། མངྒ་ལས་སོ། ༈ ཀ་དག་རང་བྱུང་རྡོ་རྗེ་དབྱིངས་ཆེན་པོ། །ལྷུན་གྲུབ་འོད་གསལ་ཡོན་ཏན་པདྨའི་ཚལ། །དབང་ཆེན་ཡེ་ཤེས་རོལ་པའི་རིག་རྩལ་འཆང༌། །སྐུ་གསུམ་དབྱེར་མེད་འཇིགས་བྲལ་གླིང་པས་སྐྱོངས། །ཐུགས་རྗེའི་ཕྲིན་ལས་རྟོགས་པ་ཆོས་ཀྱི་སྐུའི། །འདྲ་འབག་ཡོངས་རྫོགས་བསྟན་པའི་མཆོད་སྡོང་ཆེ། །ཡོན་ཏན་རིན་ཆེན་མཛོད་ཀྱི་ཤིང་རྟའི་ལམ། །གསལ་བྱེད་སྐལ་བཟང་ཀུན་དགའི་དཔལ་དུ་སྤེལ། །འཁྲུལ་པའི་བློ་རྒྱུད་ཆོས་བཟང་ཚལ་ཁུག་ནས། །ཐེག་གསུམ་འགལ་མེད་ཆོས་ཀྱི་ལམ་བགྲོད་གཉེན། །མ་འཁྲུལ་བདེ་མྱུར་ཡེ་ཤེས་མཆོག་གི་སར། །སྦྱོང་བྱེད་ལེགས་བཤད་ལྷ་བུའི་ལང་ཚོའི་གསོས། །ཚིག་དོན་གསལ་བྱེད་ནོར་བུའི་མེ་ལོང་འདི། །རང་ཉིད་ཐོས་བསམ་སྒོམ་པའི་ལག་རྗེས་དང༌། །དོན་མཐུན་ཆོས་གྲོགས་དགྱེས་སྟོན་འགྱུར་སྙམ་གྱིས། །འགྲོ་ཀུན་རྣམ་གྲོལ་བགྲོད་པའི་མིག་གྱུར་ཅིག །ཐེག་མཆོག་བསྟན་པའི་བཤད་སྒྲུབ་ལས་གསུམ་འཕེལ། །སྙིགས་མའི་སྐྱེ་དགུ་ཕན་བདེའི་དཔལ་གྱིས་འབྱོར། །བདག་གཞན་ཡང་དག་གཞུང་བཟང་འདི་ལྟ་བུ། །འཆད་ཉན་སྒོམ་པས་དོན་གཉིས་གྲུབ་གྱུར་ཅིག །ཅེས་མཁས་གྲུབ་བཟང་པོའི་སྤང་རྟོགས་ཀྱི་ཡོན་ཏན་ཕུལ་དུ་ཕྱིན་པའི་རྡོ་རྗེ་སློབ་དཔོན་ངག་དབང་གྲགས་པ་བསྟན་འཛིན་ཀློང་ཆེན་ཡེ་ཤེས་རྡོ་རྗེའི་ཡོན་ཏན་མཛོད་མཆན་འགྲེལ་གཞུང་ཟུར་དུ་མ་ཕྱག་བྲིས་དངོས་ལས་ཞལ་བཤུས་ཀྱིས་གཞུང་གཅིག་ཏུ་བསྡེབས་པ་འཕྲུལ་སྤར་དུ་སྤེལ་འགྲེམ་སྐབས་དབུ་གཤམ་གྱི་ཚིགས་བཅད་འདི་ལྟར་བྲིས་ཞེས་རྗེ་དེའི་སྐུ་གསུང་ཐུགས་ཀྱི་སྲས་ལྕམ་དྲལ་དང་དད་སློབ་དཀོན་མཆོག་བསྟན་འཛིན་ནས་ཡང་ཡང་བསྐུལ་བ་བཞིན་སློབ་གྲལ་དུ་གཏོགས་པ་མངྒ་ལ་ཤྲཱི་བྷཱུ་ཏིས་རྡོར་གླིང་ཀུན་བཟང་ཆོས་འཁོར་གླིང་ནས་བྲིས་པ་ཐེག་པ་མཆོག་གི་ལམ་སྲོལ་ལ་བྱ་བ་བྱེད་པར་གྱུར་ཅིག ༈ སྤྲུལ་སྐུ་རིན་པོ་ཆེ་རྣམ་པ་ལགས། ད་རེས་རབ་འབྱམས་མཆོག་གི་ཐུགས་འཁུར་ཆེ་བཞེས་ཀྱིས་འཆི་མེད་འཕགས་མའི་སྙིང་ཐིག་གི་སྒྲུབ་ཆེན་རྒྱས་ཚུགས་རྟེན་འབྲེལ་ཤིན་ཏུ་ལེགས་པ་བྱུང༌། འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་སྐུ་ཚེ་བསྲིང་བའི་ལྷ་ཐུན་མོང་མ་ཡིན་པ་སྒྲོལ་དཀར་ཡིན་གསུང༌། སྒྲོལ་དཀར་གྱི་ཞལ་ཡང་ཡང་གཟིགས་པ་རེད། དགོངས་གཏེར་འཕགས་མའི་སྙིང་ཐིག་འདི་རྩ་བའི་ཆོས་བདག་འཇམ་མགོན་ཀོང་སྤྲུལ། མཆོག་གླིང༌། མཁན་ཆེན་བཀྲ་ཤིས་འོད་ཟེར། ཀརྨ་པ་མཁའ་ཁྱབ་རྡོ་རྗེ། འཇམ་དབྱངས་བློ་གཏེར་དབང་པོ་སོགས་དུ་མ་སྐུ་ཚེའི་བར་ཆད་སེལ་བའི་ལོ་རྒྱུས་ཡོད། མཁྱེན་བརྩེ་གཉིས་པ་རྡོ་རྗེ་འཆང་ཆོས་ཀྱི་བློ་གྲོས་ཀྱང་འཕགས་མའི་སྙིང་ཐིག་འདིའི་སྐུ་ཚེ་བསྲིང་བ་དང་རྗེས་སུ་བཟུང་བ་རེད། སྔར་རྫོང་སར་ནས་མཁྱེན་བརྩེའི་དབང་པོའི་ཚེ་སྒྲུབ་བརྒྱ་དང་བརྒྱད་ཀྱི་བསྙེན་བཟླས་རྟགས་ཐོན་མཛད་པ་རེད། དེའི་རྟེན་འབྲེལ་གྱིས་མཁྱེན་བརྩེའི་སྤྲུལ་སྐུ་ཞིག་སྐུ་ཚེ་རིང་པོར་བཞུགས་ཀྱི་རེད་གསུངས་པ་ཕྲན་ཡང་ལོ་བརྒྱད་ཅུ་གྱ་གཉིས་བསྡད་སོང༌། ཁྱེད་རྣམས་ལ་འཕགས་སྙིང་གི་དབང་ལུང་ཕུལ་མཁན་རྒད་པོ་རེད། ཕྲན་གྱིས་ཀྱང་བསྙེན་སྒྲུབ་རྒྱས་བསྡུས་མང་པོ་ཞིག་བྱས་པ་ཡིན། སྒྲུབ་ཆེན་ད་རེས་ལས་བཙུགས་མ་ཐུབ། ད་ལྟ་གནས་སྟག་ཚང་གི་མདུན། སྟོན་འཁོར་དམ་གཙང་སེལ་མེད། དུས་ས་ག་ཟླ་བ་སོགས་ཕུན་ཚོགས་ལྔ་ལྡན་བྱུང་བས་༧གོང་ས་ཡིད་བཞིན་ནོར་བུ། འཁྲུལ་ཞིག་རིན་པོ་ཆེ། རྫོང་མཁྱེན་རིན་པོ་ཆེ་སོགས་བསྟན་འཛིན་གྱི་བྱེ་བྲག་བསྟན་སྦྱིན་འབྲུག་རྒྱལ་གཙོས་བོད་ཁམས་དང་འཛམ་གླིང་སྐྱེ་དགུ་ཚེ་དཔལ་སོགས་མཐོ་རིས་ཀྱི་ཡོན་ཏན་བདུན་གྱི་བདེ་སྐྱིད་ཀྱིས་ནད་མུག་འཁྲུགས་རྩོད་ཞི་ཞིང༌། ཆོས་ལ་སྤྱོད་པས་དོན་གཉིས་འགྲུབ་སྨོན་ཡང་ཞུ་ངང་ཡིན་པས་མཆོག་སྤྲུལ་རྣམས་ཀྱི་དེ་བཞིན་ཐུགས་སྨོན་གནང་བ་ཞུ་ཞུ་ཞུ། ༈ ཨོཾ་སྭ་སྟི་ཤྲཱི་བི་ཛ་ཡནྟུ། སྲིད་ཞིའི་ཕན་བདེ་འབྱུང་གནས་ཐུབ་བསྟན་རིན་པོ་ཆེ། དེའི་ཆོས་ཀྱི་ཡང་སྙིང་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་དང༌། དེ་ལས་ཡང་ཟབ་སྙིང་པོ་ནང་རྒྱུད་སྡེ་གསུམ་གཙོ་བོར་གྱུར་པ་གསང་སྔགས་སྔ་འགྱུར་རྙིང་མའི་རྒྱུད་འབུམ་རིན་པོ་ཆེ་འདི་དག་རིག་འཛིན་མཁའ་འགྲོའི་གནས་དང༌། འཕགས་ཡུལ་སོགས་པཎ་གྲུབ་རྣམས་ཀྱི་ཕྱག་ཏུ་བཞུགས་པ་ཐམས་ཅད་འཇམ་དཔལ་དབྱངས་དངོས་ཀྱི་ཆོས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་བི་མ་མི་ཏྲ། གུ་རུ་རིན་པོ་ཆེ། མཁན་ཆེན་བྷོ་དྷི་སཏྭ་སོགས་རྒྱ་གར་གྱི་པཎྜི་ཏ་སངས་རྒྱས་དངོས་ལྟ་བུ་བརྒྱ་རྩ། སྤྲུལ་པའི་བོད་ཀྱི་ལོ་ཙཱ་བ་བཻ་རོ་ཙ་ན། སྐ་ཅོག་ཞང་གསུམ་སོགས་བརྒྱ་རྩས་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་སྒྲ་བསྒྱུར་རྒྱ་གར་གླིང་དུ་རྒྱ་སྐད་ལས་བོད་སྐད་དུ་བསྒྱུར། ཤར་གྱི་འཇམ་དཔལ་གླིང་དུ་འཆད་ཉན་གྱིས་གཏན་ལ་ཕབ། བསམ་ཡས་མཆིམས་ཕུ་བྲག་དམར་ཀེའུ་ཚང་དུ་སྨིན་བྱེད་དབང་གི་སྒོ་ཕྱེས། མི་གཡོ་བསམ་གཏན་གླིང་དང་མཆིམས་ཕུ་བྲག་ཡེར་པ་སོགས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྒྲུབ་གནས་རྣམས་སུ་ཉམས་སུ་བླང་བས་མཁས་གྲུབ་ཀྱི་སྐྱེས་བུ་རྗེ་འབངས་ཉེར་ལྔ། ཡེར་པའི་གྲུབ་ཆེན་བརྒྱད་ཅུ་སོགས་བསམ་གྱིས་མི་ཁྱབ་པ་ནམ་མཁའི་སྐར་ཚོགས་ལྟར་བྱོན་པའི་གཅེས་ནོར་ཁྱད་པར་ཅན་འདི་དག་གི་རྒྱ་དཔེ་པེ་ཧར་དཀོར་མཛོད་གླིང་དུ་བཞུགས་པ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་གཟིགས་པས་གསང་སྔགས་ཀྱི་རྒྱུད་སྡེ་ལ་མཐའ་མི་དཔོགས་པའི་ཐུགས་ཀྱི་སྙེམས་པ་ཆགས་པའི་ཚུལ་གྱིས་འདི་ལྟ་བུའི་སྔགས་ཀྱི་བསྟན་པ་རྒྱ་གར་དུའང་མ་དར་བས་ཨོ་རྒྱན་མཁའ་འགྲོའི་གླིང་དུ་དང་མཚུངས་པར་བསྔགས་པ་དང༌། རྡོ་རྗེ་ཕུར་པའི་རྩ་དུམ་གྱི་རྒྱ་དཔེ་སློབ་དཔོན་རིན་པོ་ཆེའི་ཕྱག་དཔེ་འཛམ་གླིང་མཁས་པའི་གཙུག་རྒྱན་ས་སྐྱ་པཎྜི་ཏའི་ཕྱག་ཏུ་འབྱོར་ཚེ་རྗེ་རང་ཉིད་ཀྱིས་སྐུ་ཕྱག་མཛད་ཅིང་སེར་ཕྲེང་དང་མཆོད་པས་བསུས་ཤིང་བོད་སྐད་དུ་བསྒྱུར་བ་རྣམས་ཀྱི་རྐྱེན་ལས་ཕྱོགས་ཞེན་དང་ཕྲག་དོག་གི་སྒྲོ་བསྐུར་ཞི་སྟེ། མངའ་རིས་པཎ་ཆེན་སྐུ་མཆེད་དང༌། སྨིན་གླིང་གཏེར་ཆེན་ཡབ་སྲས་ཀྱི་བཀའ་དྲིན་ལས་ད་ལྟའི་བར་སྒྱུ་འཕྲུལ་གྱི་བཤད་རྒྱུད་དང༌། གཞན་དབང་ལུང་གི་རྒྱུན་མ་ཉམས་པར་བཞུགས་པ་རྣམས་གཏེར་ཆེན་རཏྣ་གླིང་པས་རྒྱུད་འབུམ་རིན་པོ་ཆེ་ཕྱོགས་གཅིག་ཏུ་བསྡུས་པ་དང༌། ཀུན་མཁྱེན་འཇིགས་མེད་གླིང་པས་ཕྱག་དཔེ་གསར་བསྐྲུན་མཛད་པ་ཕྱིས་སུ་ཆེ་ཡོལ་རིག་འཛིན་ཆེན་པོའི་བཀས་བསྐུལ་ནས་སྡེ་དགེ་ཆོས་རྒྱལ་ཆེན་པོའི་བཙུན་མོ། ལྷ་ལྕམ་ངང་ཚུལ་རྒྱལ་མོའི་རྣམ་འཕྲུལ་རྒ་རྗེ་བཟའ་ཚེ་དབང་ལྷ་མོས་ཤིང་དཔར་དུ་བཞེངས་ཏེ་དཀར་ཆག་ཀཿཐོག་དགེ་རྩེ་པཎྜི་ཏ་ཚེ་དབང་མཆོག་གྲུབ་ཀྱིས་མཛད་པ་འདི་དག་སྔ་འགྱུར་གྱི་བསྟན་དང་སྟོན་པ་ལ་ཆོས་རྗེས་འབྲང་བའི་བློ་གྲོས་ཀྱི་མིག་ཕྲ་མོ་ཐོབ་པ་དིལ་མགོ་མཁྱེན་སྤྲུལ་བདག་གིས་སྤར་ཞིག་བསྐྲུན་ན་བསྟན་པའི་སྙིང་པོ་ལ་བྱ་བ་བྱས་པར་རློམ་སྟེ་རབ་བྱུང་བཅུ་དྲུག་པ། མེ་ལུག་ནས་ཤིང་སྤར་གྱི་ལས་འགོ་ཚུགས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱག་དཔེ་གཡར་སྩོལ་བཀའ་དྲིན་བསྐྱངས་ཀྱང་གནས་དུས་ཀྱི་མཐུན་རྐྱེན་མ་ཚོགས་པས་ལས་ཤོལ་བྱུང་བ། རྒྱལ་ཡུམ་ཕུན་ཚོགས་ཆོས་སྒྲོན་དང༌། ལྷ་བཙུན་སྐལ་བཟང་ཆོས་སྒྲོན་ཟུང་གིས་འགྲོ་སོང་མཐུན་སྦྱོར་གནང་བ་དང༌། འཇམ་དབྱངས་རྣམ་རྒྱལ་ནས་ཀྱང་དད་བརྩོན་རྣམ་པར་དཀར་བའི་ཐུགས་བསྐྱེད་ཀྱིས་མཐུན་སྦྱོར་གནང་བས་ཆུ་བྱི་གནམ་ལོ་གསར་ཚེས་ནས་སྤར་བསྐྲུན་ཞུས་པའི་ཚེ་མ་ཕྱི་ཡོལ་མོ་རིག་འཛིན་བསྟན་འཛིན་ནོར་བུའི་མཆོག་སྤྲུལ་གྱི་གདན་ས་དགོན་པ་བྱང་གི་ཕྱག་དཔེ་རྙིང་པ་གཡར་ཞུས་ལ་བརྟེན་ཏེ་གློག་སྤར་དུ་བསྐྲུན་པའི་རྣམ་དཀར་འདུ་བགྱིས་པའི་ཚེ་འབྲེལ་ཐོག་སྦྱིན་བདག་གི་མཚན་ཐོ་ཟུར་བཀོད་རྣམས་དང༌། རི་ཆེའི་བཀའ་འགྱུར་རིན་པོ་ཆེའི་སྲས་པདྨ་དབང་རྒྱལ། རང་གྲྭ་དངོས་གྲུབ་རྒྱ་མཚོ། གཡག་ཟེ་བ་འགྱུར་གྲགས། རྡོ་གྲུབ་གྲྭ་སངས་རྒྱས། དད་བློ་རྣམ་གསལ་ཨོ་རྒྱན། ཤེས་རབ་དྲི་མེད་སོགས་ཀྱིས་སྦྱོར་བརྩོན་དད་གུས་ཀྱིས་ཞབས་ཏོག་བགྱིས་པ་དང༌། རྙིང་བཙུན་དཀོན་མཆོག་ནས་དབུ་ལྷ་རིགས་གསར་བྲིས་སོགས་མདོར་ན་ལེགས་བྱས་འདིར་འབྲེལ་ཚད་དང༌། རང་གི་རྩ་བའི་ཕ་མ་སྤུན་སྲིང་རིགས་རྒྱུད་དང་བཅས་པས་མཚོན་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཁྱབ་བདག་རྡོ་རྗེ་སེམས་དཔའི་གོ་འཕང་ཐོབ་པ་དང༌། ཚེ་རབས་ཀུན་ཏུ་ཟབ་མོའི་ཤིང་རྟའི་རིང་ལུགས་འདི་ཉིད་འཛིན་སྤེལ་སྡུད་པའི་ལས་ཀྱིས་དོན་གཉིས་ལྷུན་གྱིས་གྲུབ་པར་གྱུར་ཅིག །ཅེས་མདོ་ཁམས་སྔ་འགྱུར་བསྟན་པའི་འབྱུང་གནས་ཞེ་ཆེན་པའི་བཀའ་འབངས་མཁྱེན་སྤྲུལ་རང་ཉིད་ཀྱིས་བྲིས་པ་དགེ་ལེགས་འཕེལ། ༈ ན་མོ་གུ་རུ་བྷྱཿ ཟབ་རྒྱས་ཆོས་ཀྱི་བདུད་རྩིའི་སྐྱེས་རྨད་བྱུང༌། །མཆོག་དམན་འགྲོ་ལ་ཕུལ་བས་བླ་མ་རུ། །མཐོང་ནས་དེ་ཚུལ་རྣལ་འབྱོར་པ་རྩམ་འོས་ཞེས། །ཆོས་སྤྱན་མངའ་བའི་དམ་པས་བཀའ་བསྩལ་བས། །ལྡོག་མ་ནུས་པས་འཇམ་མགོན་ཆོས་ཀྱི་རྗེའི། །རིས་མེད་སྐྱེས་ཆེན་དབང་པོ་གཞུ་རིས་ཀྱིས། །བདག་མིང་ཆར་སྤྲིན་བརྒྱན་པའི་ཚུལ་འདི་ཉིད། །དད་མོས་ཆོས་འབྲེལ་ཀུན་ལ་ཕན་པའི་བློས། །ཉེ་གནས་དགེ་སྦྱོང་དངོས་གྲུབ་རྒྱལ་མཚོ་ཡིས། །འཕྲུལ་པར་རྣམ་དཀར་ཟླ་བའི་བདུད་རྩི་འདི། །ཨ་མ་གཡང་འཛོམས་ཐོག་གྲང་མཁའ་མཉམ་འགྲོའི། །ལས་ཉོན་མུན་བསལ་ཕན་བདེའི་ཀུ་མུད་བཞད། །རྗེ་བཙུན་བླ་མ་ཞབས་པད་བསྐལ་བརྒྱར་བརྟན། །དད་སློབ་སྐྱེས་བུའི་བསམ་དོན་ཆོས་བཞིན་འགྲུབ། །རིས་མེད་བསྟན་འགྲོའི་དགེ་མཚན་འཕེལ་རྒྱས་བརྟན། །མཁྱེན་བརྩེའི་དབང་པོའི་རྣམ་ཐར་མངོན་གྱུར་ཤོག །ཅེས་རྣམ་དཀར་བྱེད་པོའི་མོས་འདུན་བཞིན་མངྒ་ལས་བྲིས་པའོ། །དགེའོ། །བཀྲ་ཤིས། ༈ སྔོན་བརྗོད། ཨུ་རྒྱན་དུས་གསུམ་མཁྱེན་པས་སྙིགས་མའི་གདུལ་བྱ་ཐམས་ཅད་ལྷག་པར་ཐུགས་རྗེས་སྐྱོང་བའི་སྤྲུལ་པ་རྒྱུན་མི་འཆད་པར་འབྱུང་བ་རྡོ་རྗེའི་གསུང་གིས་ཞལ་གྱིས་བཞེས་པ་བཞིན་གཏེར་སྟོན་པད་རྒྱལ་གླིང་པ་འདི་གཏེར་སྟོན་ཚད་མ་ཡིན་པ་ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་ཞལ་བཞེས་གནང་བ་བཞིན། ཁམས་སྤྲུལ་རིན་པོ་ཆེ་སྐལ་བཟང་དོན་བརྒྱུད་ཉི་མ་དང༌། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་རྣམས་ཀྱིས་ཀྱང་དེ་བཞིན་བསྔགས་པ་དང༌། ཁོ་བོས་ཀྱང་ལས་ཅན་སྐྱེས་བུ་ཡིན་པ་ཡིད་ཆེས་ངེས་ཤེས་རྙེད་པ་ཡིན་པས་གཏེར་ཆོས་སྐོར་འཕྲུལ་སྤར་དུ་བསྐྲུན་པ་འདི་ལ་ཀུན་གྱིས་དྭངས་ལེན་དང་དབང་ལུང་ཞུས་ཏེ་དོན་གཉིས་སྒྲུབ་པའི་ཕྱག་ཆར་བཞེས་པ་གལ་ཆེ་ཞེས་དིལ་མགོ་མཁྱེན་སྤྲུལ་པས་སྤེལ་བ་དགེ ༈ ན་མོ་གུ་རུ་ཤཱཀྱ་མུ་ན་ཡེ། །མཁའ་ཁྱབ་རང་བྱུང་ཐུགས་རྗེའི་ཕྱག་མཆོག་གིས། །བདག་སོགས་སྙིགས་འགྲོའི་ཅོ་ནས་འདྲེན་མཛད་པས། །སངས་རྒྱས་སྟོང་ལས་པདྨ་དཀར་པོ་བཞིན། །སེང་གེའི་སྒྲས་བསྔགས་བླ་མ་ཐུབ་པའི་དབང༌། །ཁྱོད་ཀྱི་ཕྲིན་ལས་གཟུགས་ཅན་དུ་སྣང་བའི། །ཡེ་ཤེས་ཆོས་སྐུའི་མཆོད་སྡོང་བསྐྲུན་པའི་དགེ །སྟོན་ཟླ་ལྟར་དཀར་བདུད་རྩིའི་སྣང་བ་འདིས། །རྙོགས་པ་ལྔས་གདུང་རྩོད་ལྡན་ཕ་མས་གཙོས། །མཁའ་ཁྱབ་ཡིད་ཅན་གནས་སྐབས་ནད་མུག་མཚོན། །ངན་འགྲོ་ལས་གྲོལ་བྱང་ཆུབ་སྤྱོད་ལ་འཇུག །རྒྱལ་བ་དགྱེས་མཛད་མཐར་ཐུག་སྐུ་བཞི་ཐོབ། །དོན་གཉིས་ལྷུན་གྲུབ་མགོན་པོ་ཁྱོད་མཚུངས་ཤོག །ཁྱད་པར་བཟང་ངན་འབྲེལ་དང་སྡིག་ལྟུང་ལས། །སངས་རྒྱས་བསྟན་བཤིག་དམ་སྡོམ་ཉམས་ཆག་གིས། །ནོངས་པའི་ལས་སྒྲིབ་རྣམ་དཀར་འདིས་བྱང་ནས། །བདེ་ལྡན་ཞིང་སྐྱེས་ཡང་དག་ལམ་བགྲོད་ཤོག །བསླབ་པ་གསུམ་ལྡན་དགེ་འདུན་སྡེ་འཕེལ་ཞིང༌། །ཐུགས་མཐུན་བཤད་སྒྲུབ་ཆོས་སྤྱོད་ལས་ཀྱིས་འཚོ། །རྒྱལ་བསྟན་སྣང་བ་འཕེལ་རྒྱས་བརྟན་མཛད་པའི། །དམ་པའི་སྐྱེས་བུས་ས་སྟེང་ཁྱབ་གྱུར་ཅིག །བདག་ཉིད་མཐོང་ཐོས་དྲན་ཀུན་མཆོག་གསུམ་གྱི། །ཐུགས་རྗེས་ལེགས་བསྐྱངས་མངོན་མཐོ་ངེས་ལེགས་ཀྱི། །ཡོན་ཏན་ཀུན་རྫོགས་སྟོན་པ་མཚུངས་མེད་ཀྱི། །མཛད་པའི་རྗེས་སློབ་དགེ་མཚན་རྒྱས་གྱུར་ཅིག །ཅེས་བྱང་ཆུབ་མཆོད་རྟེན་ཆེན་པོའི་སྲོག་ཤིང་གི་འདོད་གསོལ་དུ་ཤཱཀྱའི་རྗེས་འཇུག་བཀྲ་ཤིས་དཔལ་འབྱོར་གྱིས་སྨོན་འདུན་བགྱིས་པ་བཞིན་གྲུབ་པར་གྱུར་ཅིག ༈ ཀུན་གཟིགས་མཁྱེན་བརྩེའི་དབང་པོས། གང་དུ་གཤེགས་ན་བྱང་ཆུབ་ཤིང་གི་དྲུང༌། །སྙིང་རྗེའི་ཀུན་ཕན་གཞོན་ནུ་དཀྲིས་པའི་ཟེར། །སྡེར་ཅན་བདུད་སྡེའི་མུན་པ་ཕམ་བྱས་ཏེ། །ས་ལམ་ཆ་ཤས་ཡོངས་སུ་རྫོགས་པར་མཚོན། །ཞེས་རྒྱུ་མཚན་དང་བཅས་ཏེ་བཀའ་བསྩལ་བ་བཞིན། སྟོན་པ་བཀའ་དྲིན་ཅན་དགུང་གྲང་སོ་ལྔ་བཞེས་པ་ཤིང་རྟ་ལོར་ས་ག་ཟླ་བའི་ཚེས་བཅོ་ལྔར་རྒྱ་གར་རྡོ་རྗེ་གདན་བྱང་ཆུབ་ཤིང་གི་དྲུང་དུ་མངོན་པར་སངས་རྒྱས་པའི་མཛད་པ་རྗེས་སུ་དྲན་པའི་བྱང་ཆུབ་མཆོད་རྟེན་རབ་བྱུང་བཅུ་དྲུག་ཤིང་ཁྱི་༡༩༨༤ལོར་དིལ་མཁྱེན་ནས་བསམ་སྦྱོར་དག་པས་བཞེངས་ཤིང་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་དང༌། བཀའ་བརྒྱུད་སྤྲུལ་སྐུ་བསྟན་འཛིན་རྣམ་རོལ་གྱིས་དྲི་མེད་རྣམ་གཉིས་ཆོ་གས་ཚད་ལྡན་དུ་བསྒྲུབས་ཤིང་རིས་མེད་བསྟན་འཛིན་སྐྱེས་བུས་རབ་གནས་མཛད་པ་དགེ་ལེགས་འཕེལ། ༈ ཨོཾ་ཨཱཿཧཱུྃ། རིན་ཆེན་ལས་གྲུབ་རྒྱ་ཆེའི་ཀོང་བུ་རུ། །བརྟན་གཡོའི་དྭངས་མའི་རྩི་བཅུད་འཁྱིལ་བའི་དབུས། །ལྔ་ལྡན་ཡེ་ཤེས་སྒྲོན་མེའི་སྣང་བ་ལས། །ཀུན་བཟང་བདེ་ཆེན་མཆོད་པའི་སྤྲིན་ཆེན་པོ། །ཆོས་དབྱིངས་རྒྱས་པར་གང་བས་ཕྱོགས་དུས་ཞིང༌། །རྟག་ཁྱབ་ལྷུན་གྱིས་གྲུབ་པའི་དེ་བཞིན་གཤེགས། །སྲས་བཅས་རྩ་གསུམ་ལྷ་ཚོགས་མ་ལུས་མདུན། །རྒྱུན་མི་འཆད་པར་མཆོད་པའི་ཨཱ་ལོ་ཀེ །དད་གཏོང་བསམ་སྦྱོར་རབ་དཀར་བསྟན་འཕེལ་གྱིས། །ཕུལ་བའི་ལེགས་བྱས་སྤྲིན་དཀར་ཆོས་ཀྱི་དབྱིངས། །གཉིས་མེད་གྱུར་ཏེ་སྦྱིན་བདག་འབྲེལ་ཐོག་གཙོས། །མཁའ་ཁྱབ་སེམས་ཅན་སྲིད་ལས་རྣམ་གྲོལ་ཏེ། །གནས་སྐབས་མཐོ་རིས་ཡོན་ཏན་བདུན་གྱིས་ཕྱུག །མཐར་ཐུག་རྣམ་གྲོལ་གོ་འཕང་མངོན་སུམ་ཐོབ། །ཕུན་ཚོགས་བསྟན་འགྲོའི་དགེ་མཚན་སྣང་བ་ཡིས། །བཀྲ་ཤིས་འཇིག་རྟེན་གསུམ་དུ་འབར་གྱུར་ཅིག །ཅེས་པའང་བསྟན་པའི་སྦྱིན་བདག་མཆོག་ནས་བསྟན་གཉིས་དར་རྒྱས་གླིང་དུ་འབུལ་བའི་ཚེ་ཇི་ལྟར་བསྐུལ་བ་བཞིན་མངྒ་ལ་ཤྲཱི་བྷཱུ་ཏིས་བསམ་སྦྱོར་དག་པས་བྲིས་པ་སིདྡྷི་རསྟུ། ༈ ཐེགྃ་མཆོྃག་སྔ་འགྱུར་བཀའ་གཏེར་རིང་ལུགས་ཆེའི། །བཤྃད་སྒྲུབྃ་བསྟན་པ་ཡར་ངོའི་ཟླ་བཞིན་དུ། །སྤེལ་མཛད་མཁས་གྲུབ་འདུས་པ་རྒྱུན་མི་ཆད། །ཕྲིན་ལས་དརྃ་རྒྱྃས་འཛམ་གླིང་ཀུན་ཁྱབ་ཤོག །ཅེས་པའང་སིབ་མདའ་སྒྲུབ་བརྒྱུད་སྤྲུལ་པའི་སྐུའི་གསུང་བསྐུལ་ངོར་ཆོས་ཀྱི་རྒྱལ་པོ་ཞེ་ཆེན་པའི་འབངས་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ནས་སྨོན་པ་བཞིན་འགྲུབ་པར་གྱུར་ཅིག ༈ ཨོཾ་སྭསྟི། ཡེ་ཤེས་འདོད་དགུར་བསྒྱུར་བ་མཚོ་སྐྱེས་རྗེས། །གངས་ཅན་ཕན་བདེ་སྤེལ་བའི་ཕྲིན་ལས་ཀྱི། །རང་རྩལ་འགྲོ་འདུལ་པད་རྒྱལ་གླིང་པ་ཡི། །ཟབ་གཏེར་སྐུ་གསུམ་དགོངས་པ་ཀུན་འདུས་ཀྱི། །འགྲོ་འདུལ་ཕྲིན་ལས་རྒྱས་ཕྱིར་འཕྲུལ་སྤར་དུ། །བསྐྲུན་པའི་རྣམ་དཀར་ཆོས་དབྱིངས་ཆེན་པོ་དང༌། །གཉིས་མེད་བསྔོས་འདིས་གུ་རུའི་ཐུགས་བསྐྱེད་དང༌། །སྨོན་ལམ་ཇི་བཞིན་འཛམ་གླིང་ཐ་གྲུར་བདེ། །ནད་མུག་མཚོན་སོགས་ལྔ་བདོའི་རྒུད་པ་ཞི། །འགྲོ་རྒྱུད་དགེ་ལ་འདུན་ཅིང་ཆོས་བཞིན་སྤྱོད། །བསྟན་འཛིན་ཞབས་བརྟན་བཤད་སྒྲུབ་བསྟན་པ་རྒྱས། །ཟབ་གཏེར་སྨིན་གྲོལ་ཕྱོགས་བཅུར་རྒྱས་པ་དང༌། །འབྲེལ་ཚད་པདྨ་འོད་དུ་སྐྱེས་ནས་ཀྱང༌། །ཚོམ་བུ་གཅིག་ཏུ་སངས་རྒྱས་བཀྲ་ཤིས་ཤོག །ཅེས་པའང་བློ་ལྡན་དད་དམ་རྣམ་དཀར་སྤྲུལ་སྐུ་ཀུན་དགའ་བཀྲ་ཤིས་ནས་རྟེན་བཅས་བསྐུལ་ངོར་དིལ་མཁྱེན་མངྒ་ལས་ལྷག་བསམ་དག་པས་སྨོན་པ་བཞིན་འགྲུབ་པར་གྱུར་ཅིག ༈ སྔ་འགྱུར་རིང་ལུགས་བཀའ་གཏེར་མཐའ་དག་གི །སྨིན་གྲོལ་གདམས་པས་རྒྱུད་གྲོལ་ཟབ་ལམ་གྱི། །ཡོན་ཏན་མངོན་གྱུར་རིག་འཛིན་འདུས་པའི་སྡེའི། །ས་སྤྱོད་པྃདྨྃ་འོདྃ་ཀྱི་གླིངྃ་གྱུར་ཅིག །ཅེས་མཆོག་གི་རྡོ་རྗེ་སློབ་དཔོན་འགྱུར་མེད་པདྨ་རྣམ་པར་རྒྱལ་བའི་རྡོ་རྗེའི་སློབ་བུ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ཞེ་ཆེན་སྒྲུབ་སྡེ་པདྨ་འོད་གླིང་ཉམས་གསོའི་སྐབས་སྙིང་ནས་སྨོན་པ་བཞིན་འགྲུབ་པར་གྱུར་ཅིག ༈ ཨོཾ་སྭ་སྟི། བསྐལྃ་བཟྃང་རྣམ་འདྲེན་བཞི་པའི་ལུང་རྟོགས་ཆོསྃ། །བཤད་སྒྲུབ་ལས་ཀྱིྃ་སྤེལ་བའི་ཕྲིན་ལས་ཀྱིས། །དཔལ་ལ་མཁས་གྲུབ་ཀུན་ཏུ་དགྃའ་བའི་ཚལྃ། །ཕྱོགས་དུས་མི་ནུབ་དར་རྒྱས་བརྟན་གྱུར་ཅིག །ཅེས་པའང་འཇམ་མགོན་ཆོས་ཀྱི་རྒྱལ་པོ་མཁྱེན་བརྩེའི་དབང་པོའི་ཕྱག་རྗེས་ལ་རྒྱུ་མཚན་ཤེས་པའི་དད་པ་ཐོབ་པ་བཀྲ་ཤིས་དཔལ་འབྱོར་གྱིས་ཆེད་དུ་བརྗོད་པ་དགེ་ལེགས་རྣམ་པར་རྒྱལ་བར་གྱུར་ཅིག ༈ སྲིད་ཞིའི་དགེ་ལེགས་ཀུན་སྩོལ་ལྷག་པའི་ལྷ། །འཕགས་བཞིའི་འབྱུང་གནས་རྗེ་བཙུན་སྒྲོལ་མ་ཡི། །ཆོས་ནོར་འདོད་ཐར་སྡེ་བཞིའི་དཔལ་གྱི་གླིང༌། །རྟག་སྐྱོངས་དོན་ཀུན་འགྲུབ་པའི་མཆོག་སྩོལ་ཅིག །ཅེས་པའང་དིལ་མགོ་མཁྱེན་སྤྲུལ་བཀྲ་ཤིས་དཔལ་འབྱོར་གྱིས་བྲིས་པ་དགེ་ལེགས་འཕེལ། ༈ མཆོག་གསུམ་རིན་ཆེན་གདུགས་དཀར་བླ་ན་མཛེས། །དཔལ་གྱི་རྒྱ་མཚོར་བཀྲ་ཤིས་གསེར་ཉ་འཁྱུགས། །ཕུན་ཚོགས་སྡེ་བཞིའི་འདོད་འབྱུང་བུམ་པ་བཟང༌། །ས་གསུམ་སྐྱེ་དགུའི་ཡིད་འོང་པདྨའི་ཚལ། །སྙན་གྲགས་དུང་དཀར་དབྱངས་ཀྱི་འགྱུར་ཁུག་བརྗིད། །མངོན་མཐོ་ངེས་ལེགས་ཕུན་ཚོགས་དཔལ་བེའུ་བཀྲ། །དགེ་མཚན་མི་ནུབ་རྒྱལ་མཚན་བརྗིད་ལ་བརྟན། །ཛམ་གླིང་དབང་བསྒྱུར་གསེར་གྱི་འཁོར་ལོ་སྟེ། །ཐུབ་པས་བྱིན་བརླབས་བཀྲ་ཤིས་རྟགས་བརྒྱད་ཀྱིས། །སྐྱེས་འདི་ཁྱོད་ལ་འཇམ་དབྱངས་ཐུགས་རྗེའི་འོད། །བློ་ཡི་པདྨོར་ཡང་ཡང་སིམ་པའི་མཐུས། །ཕྱོགས་ལས་རྣམ་རྒྱལ་དགའ་སྟོན་འབར་གྱུར་ཅིག །ཅེས་པའང་ཤིས་པའི་ཚིག་གི་མེ་ཏོག་འཐོར་བ་པོ་བཀྲ་ཤིས་དཔལ་འབྱོར་དོན་ཐམས་ཅད་གྲུབ་པའི་སྡེའི་ལྷག་བསམ་གྱི་ཆུ་གཏེར་ལས་བྱུང་བ་སརྦ་ཨརྠ་སིདྡྷི་ཧོ།། །།}} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Latest revision as of 08:01, 1 June 2024
🚧 This website is under continued development. We appreciate your patience!
Wylie title | gtam tshogs phyogs bsdus skor | |
---|---|---|
Location | dil mgo mkhyen brtse bka' 'bum Volume 4, Text 12, Pages 150-198 (Folios 1a to 49b3) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | Khyentse, Dilgo. Gtam tshogs phyogs bsdus skor. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 4: 150-198. Delhi: Shechen Publications, 1994. | |
Genre | Discourses - gtam |