DKR-KABUM-04-NGA-008: Difference between revisions
WikiBot2015 (talk | contribs) No edit summary |
m (Text replacement - "Khyentse Metadata" to "Text") |
||
(5 intermediate revisions by 2 users not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |||
< | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=བལ་ཡུལ་ཞེ་ཆེན་དགོན་པའི་ལོ་རྒྱུས། | |||
|fulltitle=bal yul zhe chen dgon pa'i lo rgyus | |||
|citation=[[Khyentse, Dilgo]]. ''Bal yul zhe chen dgon pa'i lo rgyus''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 4: 116-126. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |||
|author=Khyentse, Dilgo | |||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|tibgenre=History Texts - lo rgyus | |||
|terma=No | |||
|dkroutline=Two | |||
|language=Tibetan | |||
|volumenumber=004 | |||
|volnumtib=༤ | |||
|volyigtib=ང་ | |||
|totalvolumes=25 | |||
|textnuminvol=008 | |||
|pagenumbers=116-126 | |||
|totalpages=22 | |||
|beginfolioline=1a1 | |||
|endfolioline=11b6 | |||
|totalfolios=11 | |||
|multivolumework=No | |||
|rectonotes=lo rgyus | |||
|versonotes=zhe chen dgon | |||
|colophontib=།ཅེས་པའང་རྣམ་དཀར་གྱི་ལས་རྩོམ་པ་པོ་དིལ་མགོ་མཁྱེན་སྤྲུལ་བཀྲ་ཤིས་དཔལ་འབྱོར་པས་རབ་བྱུང་བཅུ་བདུན་པའི་མེ་ཡོས་མགོ་ཟླའི་ཚེས། འཕགས་པ་གནས་བརྟན་པའི་ལུགས་ལྟར་ན་སྟོན་པའི་འདས་ལོ་ ༢༥༣༡ ཕྱི་ལོ་ ༡༩༨༧ ཟླ་ཚེས་ལ་དད་ལྡན་སྤྲོ་བ་བསྐྱེད་ཕྱིར་ལོ་རྒྱུས་མདོར་བསྡུས་སུ་བརྗོད་པ་དགེ་ལེགས་འཕེལ།། | |||
|colophonwylie=/ces pa'ang rnam dkar gyi las rtsom pa po dil mgo mkhyen sprul bkra shis dpal 'byor pas rab byung bcu bdun pa'i me yos mgo zla'i tshes/_'phags pa gnas brtan pa'i lugs ltar na ston pa'i 'das lo _2531_phyi lo _1987_zla tshes la dad ldan spro ba bskyed phyir lo rgyus mdor bsdus su brjod pa dge legs 'phel// | |||
|pdflink=File:DKR-KABUM-04-NGA-008.pdf | |||
}} | |||
{{Header}} | |||
<h1 style="font-size: 24px !important;">Tibetan Text</h1> | |||
<onlyinclude> | <onlyinclude> | ||
{{TibP|༄༅། །གསུང་གི་རྡོ་རྗེས་ཡེ་ཤེས་ཉིན་མོར་བྱེད། །མཁྱེན་བརྩེ་ནུས་པའི་འོད་སྟོང་ཞིང་ཀུན་བྲེས། །ལྷག་པར་གངས་ཅན་པདྨོའི་གཉེན་གྱུར་ལ། །ཡིད་ཆེས་དད་བརྒྱས་འདུ་འབྲལ་མེད་པར་བསྟེན། །གསང་གསུམ་ཡེ་ཤེས་སྒྱུ་མའི་ཆོ་འཕྲུལ་ལས། །འཕགས་བོད་འཛིན་མར་མཛེས་པའི་མཁས་གྲུབ་དབང༌། །སངས་རྒྱས་གཉིས་པ་མཁན་སློབ་རྗེ་འབངས་གྲོགས། །བཤད་སྒྲུབ་ཤིང་རྟའི་ཚོགས་ཀུན་དྭངས་བས་བསྔགས། །ལེགས་བྱས་རྫོགས་ལྡན་སྤྲིན་གྱི་ཕྲེང་བ་བརྒྱ། །ཆོས་དབྱིངས་མཁར་རྒྱུ་སྐུ་གཉིས་ཉི་ཟླའི་འོད། །འཛུམ་ཕྱིར་ཕྲ་མོའི་རྣམ་དཀར་བ་ཐག་གི །རྟོགས་བརྗོད་སྒྲོ་སྐུར་སྐྱོན་བྲལ་ཆ་ཙམ་བརྗོད། །དེ་ཡང་སྐབས་སུ་བབ་པའི་ལེགས་བྱས་ཀྱི་ཆ་ཕྲ་མོ་སྒྲོ་བསྐུར་དང་བྲལ་བ་གསོང་པོར་སྨྲ་ན། བོད་ཆེན་པོ་མདོ་ཁམས་ཆུ་བོ་གསེར་ལྡན་གྱི་འགྲམ། ཕུན་ཚོགས་སྡེྃ་བཞི་དང༌། ཡུལ་དགེྃ་བ་བཅུས་མཛེས་པའི་ས་ཡི་ཚངས་པ་ཆེན་པོའི་རྒྱལ་ཁབ་ལུགས་བརྒྱའི་འདུན་སའི་དབང་ཕྱོགས་ལྷ་གཅིག་ཀོང་ཇོས་ཐུབ་དབང་གི་ཞལ་སྐྱིན་བོད་ཡུལ་བསྟན་འགྲོའི་བཙས་སུ་སྤྱན་དྲངས་སྐབས་བྲག་ལ་ཕྱག་སོར་གྱི་རྫུ་འཕྲུལ་བཀོད་པས་ཏཱ་རེ་པདྨོ་ཡོ་གའི་ཡེ་ཤེས་ཀྱི་སྐུ་བྲིས་པ་དངོས་སུ་བཞུགས་པའི་སྨན་ལྗོངས་འཛམ་གླིང་རྒྱན་མཆོག་སེང་ཆེན་ནོར་བུ་དགྲ་འདུལ་གྱི་བཀའི་བློན་ཆེན་གྱི་ཐུ་བོ། གྲུབ་པའི་དབང་ཕྱུག་ས་ར་ཧའི་རྣམ་འཕྲུལ་འདན་མས་གནས་གཞིར་བཟུང་ཞིང་རྒྱ་གར་གྱི་པཎ་གྲུབ་ཆེན་པོ་སྨྲྀ་ཏི་ཛྙཱ་ན། རྒྱལ་བ་གཉིས་པ་བློ་བཟང་གྲགས་པ། ཞུ་ཆེན་ལྡན་མ་ལོ་ཙཱ་བ་ཚུལ་ཁྲིམས་རིན་ཆེན། ཟུང་འཇུག་གྲུབ་པའི་རྒྱལ་པོ་སངས་རྒྱས་མཉན་པ། སྣང་བཞི་མཐར་སོན་གྱི་རྣལ་འབྱོར་ཆེན་པོ་རྫོགས་ཆེན་མི་འགྱུར་ནམ་མཁའི་རྡོ་རྗེ་སོགས་ལྡན་ལྗོངས་ལོ་པཎ་མཁས་གྲུབ་བཅོ་ལྔ་རིམ་པར་བྱོན་པ་དང་གདན་ས་མཛད་པ་སོགས་ཆོས་ཚིགས་ཀྱི་ཡུལ་དབུས་སུ་ཡ་རབས་དྲ་མ་མྱོས་ཀྱི་གདུང་དུ་སྐྱེས་པའི་ཀུན་ཏུ་རྒྱུ། འཇམ་པའི་རྡོ་རྗེ་མི་ཕམ་ཡབ་སྲས་དང་ཞེ་ཆེན་རྒྱལ་ཚབ་སོགས་འགྲན་བྲལ་གྱི་མཁས་གྲུབ་ལྔ་བཅུ་ལྷག་གིས་རྗེས་སུ་བཟུང་ཞིང༌། སྔ་འགྱུར་བཀའ་གཏེར་གཙོ་བོར་གྱུར་པའི་གངས་ཅན་བཤད་སྒྲུབ་ཀྱི་ཤིང་རྟ་བཅོ་བརྒྱད་ཀྱི་སྨིན་གྲོལ་བདུད་རྩིས་སྙིང་གི་བུམ་པ་ཁེངས་པའི་སྐལ་བཟང་ཅན་རྒྱལ་ཁམས་ངེས་མེད་དུ་རྐང་འཁྱམས་པ་མངྒ་ལ་ཤྲཱི་བྷཱུ་ཏིར་གྲགས་པ་གང༌། བསྟན་པ་སྙིགས་མའི་མཐར་ཐུག་པས་གསང་སྔགས་ཀྱི་དེ་ཉིད་བཅུ་དང་མི་ལྡན་བཞིན་རྡོ་རྗེ་སློབ་དཔོན་གྱི་མིང་ཁས་འཆེ་བའི་བརྫུ་བ་ལ་ཞུགས་པའི་ཚེ། སྡིག་པའི་རླུང་རྟ་དར་ཏེ་འདུ་འཛིའི་ཆུ་གཏེར་དབྱར་སྤྲིན་ལྟར་བརྡོལ་བས་ཟང་ཟིང་གི་ལོག་འཚོ་ནི་རང་ལུས་ཀྱི་ལྕིད་ལས་ཆེ་བས་ནོན་ཏེ་འཁུམས་པ་ན། ཀྱཻ་མ་ད་ནི་བསོད་ནམས་བྱ་བའི་དངོས་པོ་ཅི་ནུས་འདུ་མ་བྱས་ན་ཟིན་པའི་ཕུང་པོ་དམྱལ་མེའི་རླབས་ཀྱིས་བཟོད་དུ་མི་བཏུབ་པར་གདུང་ངེས་སྙམ་པའི་རྒྱུ་བྱས། ཚེ་རབས་བརྒྱུད་མར་མེ་ཏོག་ཕོག་པའི་ལྷ་སྐལ་རྒྱལ་བ་ཞེ་ཆེན་པ་རབ་འབྱམས་སྨྲ་བའི་སེང་གེའི་སྒྱུ་འཕྲུལ་ཀྱང་རིགས་ཀྱི་མྱུ་གུའི་བརྒྱུད་དུ་བྱོན་པའི་རྟེན་འབྱུང་གི་སྐལ་པ་བཟང་པོས་རྐྱེན་བྱས་ཏེ། སྔ་འགྱུར་བཤད་སྒྲུབ་བྱེ་བའི་འབྱུང་གནས་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གཉིས་པའི་ཆོས་སྡེ་ཞིག་རབ་བྱུང་བཅུ་དྲུག་པའི་དྲག་པོ་ཅེས་པ་འབྱུང་བ་གསུམ་ལྡན་ལྕགས་ཕོ་སྤྲེལ་ལོའི་ཟླ་ཚེས་ཉིན་འཛུགས་པ་ལ་ཡིད་གདུང་བ་སྐྱེས་པའི་ཚེ། གནའ་བོའི་མེས་པོ་ས་གསུམ་གྱི་སྒྲོན་མེ་འཇིག་རྟེན་མིག་ཅིག་མཁན་སློབ་ཆོས་གསུམ་གྱིས་གངས་ཅན་བོད་ཡུལ་གྱི་གདུལ་བྱ་ཐུགས་བསྐྱེད་ཀྱི་དཔུང་པ་བཙན་པོས་བདག་གིར་མཛད་པའི་གནས་རྡོ་རྗེ་ཐེག་པའི་གསང་སྔགས་ཀྱི་རིག་འཛིན་དང་མཁའ་འགྲོ་མ་ལུས་འདུ་བའི་ཉེ་བའི་ཚནྡྷོ་ཧ། འཇིག་རྟེན་གསུམ་གྱི་མགོན་པོ་སངས་རྒྱས་རབས་བདུན། རྒྱལ་བའི་སྲས་ཀྱི་ཐུ་བོ་འཇམ་དཔལ་དབྱངས། འཛམ་གླིང་རྒྱན་གྱུར་ཀླུ་སྒྲུབ་དང་དབྱིག་གཉེན། རྡོ་རྗེ་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝ་སོགས་བསྟན་འགྲོའི་དཔལ་མགོན་མཚུངས་མེད་དུ་མས་ཞབས་སེན་བཀྲ་ཤིས་རེ་ཁཱ་བཀོད་པའི་ལྗོངས། གདོད་ནས་གྲུབ་པའི་རྡོ་རྗེའི་གནས་ཆེན་དུ་མས་མཛེས་པར་བསྐོར་བའི་བལ་པོའི་ཡུལ་འདིར། རྩོད་བྲལ་སྤྲུལ་པའི་གཏེར་ཆེན་པདྨ་འོད་གསལ་མདོ་སྔགས་གླིང་པ་དང༌། མཆོག་གྱུར་བདེ་ཆེན་གླིང་པ་ཉི་ཟླ་ཟུང་གི་ཟབ་གཏེར་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་གསང་བའི་ལུང་བསྟན་ལས། སྙིགས་མའི་དུས་སུ་ལོ་པཎ་ཁ་ཡར་ཐུགས་བསྐྱེད་ཀྱི་དམ་བཅས་གནས་འདིར་འདུས་ནས་རྒྱལ་བསྟན་རིན་པོ་ཆེ་བཤད་སྒྲུབ་ལས་གསུམ་གྱི་ཕྱག་རྗེས་ཀྱིས་བསྟན་པ་ལ་ཕན་པ་འབྱུང་ངོ་ཞེས་རྡོ་རྗེའི་བདེན་ཚིག་ཀུན་གཟིགས་མཁྱེན་བརྩེ་དབང་པོའི་ཕྱག་བྲིས་དངོས་སྔར་མཇལ་བའི་དོན་ད་ལྟ་ཡིད་ཀྱི་རེ་ཁཱར་གསལ་བའི་མཐུས། བསླུ་མེད་རྡོ་རྗེའི་ལུང་དོན་བཞིན་འདོད་དོན་འགྲུབ་པའི་ཡིད་ཆེས་ཀྱིས་ཆོས་ཀྱི་སྡེ་འཛུགས་པའི་བྱ་བ་ལས་ཀྱི་འཁོར་ལོ་ལ་བརྩོན་པའི་ཚེ། སྒྱུ་མའི་ནོར་ལས་རྣམ་དཀར་གྱི་སྙིང་པོ་ལེན་པའི་བློ་དཀྱེལ་ཆེ་ཞིང༌། སྔ་འགྱུར་རྡོ་རྗེ་སྙིང་པོའི་རིང་ལུགས་ལ་ལྷག་པར་དད་པ། གཉའ་ནང་བསྟན་འཕེལ། འཆི་མེད། རྣམ་རྒྱལ་སྤུན་རྣམས་དང༌། ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་མ་ཧཱ་སནྡྷི་པ་ཀློང་ཆེན་ཡེ་ཤེས་རྡོ་རྗེའི་རིགས་ཀྱི་མྱུ་གུ་མཁྱེན་ཡོན་མཚུངས་མེད་སྤྲུལ་པའི་སྐུ་མཆོག་པདྨ་དབང་རྒྱལ་དང༌། ཕྱིའི་རྒྱལ་ཁབ་ན་གནས་ཀྱང་ཐེག་མཆོག་གི་སྟོན་དང་བསྟན་པ་ལ་ཡིད་ཆེས་དད་མོས་མཁའ་ལྟར་ཡངས་པ་ཕྱི་གླིང་པ་ཀུན་བཟང་རང་གྲོལ་དང༌། ཤཱཀྱའི་དགེ་སློང་དཀོན་མཆོག་བསྟན་འཛིན་མ་བུ་དང༌། བེལ་ཇོམ་བླ་མ་ཀུན་བཟང༌། དགེ་སློང་མ་ངག་དབང་ཆོས་སྒྲོན་སོགས་ནས་ཀྱང་དཀའ་ངལ་གྱིས་གཞན་ནས་ཞལ་འདེབས་ཞུ་རྒྱུ་དང་མོ་རང་ནས་ཀྱང་ཅི་འབྱོར་སོགས་ཕྱི་ནང་གི་དད་སྦྱིན་དུ་མས་གཏོང་བ་ནམ་མཁའ་མཛོད་ཀྱི་སྒོ་ཤིན་ཏུ་ཡངས་པོར་ཕྱེས་པ་དང༌། དད་ཟས་དང་གཤིན་དཀོར་ལ་བག་མེད་དུ་སྤྱོད་པ་ནག་པོའི་རྣམ་སྨིན་གྱི་ཁུར་ལྕི་བ་དང༌། གསོག་འཇོག་ལ་སྙིང་པོ་མ་མཆིས་པར་ཤེས་པ་ཐབས་གྲོགས་ལྷ་མོ་ནས་ཀྱང་རིན་ཐང་ཅན་གྱི་རྒྱན་ཆ་གྱ་ནོམ་པ་སོགས་དངོས་རྫས་ཐམས་ཅད་བསམ་སྦྱོར་དག་པས་ཕངས་མེད་དུ་བཏང་བ་དང༌། སྔ་འགྱུར་བསྟན་པའི་ཤིང་རྟ་ཆེན་པོ་རྫོགས་པའི་སངས་རྒྱས་དྲི་མེད་འོད་ཟེར་གྱི་རྣམ་འཕྲུལ་རིམ་བྱོན་ལ་ལས་སྨོན་གྱིས་འབྲེལ་ཞིང༌། བསྟན་པའི་སྦྱིན་བདག་ཆེན་པོ་ལྷོ་འབྲུག་ཆོས་ཀྱི་རྒྱལ་པོ་འཇིགས་མེད་སེང་གེ་དབང་ཕྱུག །རྒྱལ་ཡུམ་སྐུ་བགྲེས་ཕུན་ཚོགས་ཆོས་སྒྲོན། རྒྱལ་ཡུམ་སྐལ་བཟང་ཆོས་སྒྲོན་ཡུམ་སྲས། མ་ཡུམ་ཆོས་དབྱིངས་བཟང་མོའི་དབུས། རྒྱལ་བློན་འབངས་འཁོར་མཆོག་ཕལ་ཀུན་གྱིས་དངོས་རྫས་གནང་སྐྱེས་དང༌། སི་མན་ཀྲི །ཤིང་ཆ་གཙོ་བོར་གྱུར་པའི་ཕུན་སུམ་ཚོགས་པའི་མཐུན་རྐྱེན་འདོད་དགུ་མི་ཟད་པའི་བསྟི་སྟངས་དཔག་ཏུ་མེད་པ་དང་བཅས་ཐུགས་བརྩེ་དང་ལྷག་བསམ་བཟང་པོས་བསྐྱངས་པ་དང༌། ལས་སྨོན་བཟང་པོས་འབྲེལ་ཞིང་ལྷག་བསམ་གཡོ་ཟོལ་མེད་པའི་དགེ་སྦྱོང་དངོས་གྲུབ་རྒྱ་མཚོས་གཙོས་ལས་གྲོགས་རྣམས་ཀྱི་སྒོ་གསུམ་གྱི་ངལ་བ་ཁྱད་དུ་བསད་དེ་བླ་མ་དང་བསྟན་པའི་ཞབས་ཏོག་ལ་བསམས་ནས་ཉིན་མཚན་བར་མེད་དུ་བརྩོན་པར་བྱས་ཤིང༌། བོད་བཟོའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པའི་བཟོ་ཁྱད་ལ་རང་བྱན་ཚུད་པའི་ཨེམ་ཆི་ཀུན་བཟང་ནས་ཀྱང་ལྷ་ཁང་གི་སྤྱོད་ཡུལ་དང་ཟེའུ་ཁང་གི་དཔེ་རིས་བྲི་བཀོད་སོགས་གང་དགོས་གནང་ཞིང་བལ་པོའི་ཡུལ་གྱི་རྒྱལ་པོ་ཤྲཱི་ལྔ་ལྡན་བྷི་རན་དྷར་མཆོག་གི་མངའ་ཞབས་ཀྱི་ནང་ཆོས་དབུ་འཁྲིད་གྲངས་སུ་བཞུགས་པ་སྐུ་ཞབས་ཚེས་བཅུ་རིན་པོ་ཆེ་མཆོག་ནས་ཀྱང་ཆོས་སྡེ་འཛུགས་སྐྲུན་ཆོག་པའི་ཡིག་ཆ་སོགས་གཞུང་འབྲེལ་ཞུ་དགོས་རིགས་ལ་རོགས་མགོན་བླ་ན་མེད་པ་གནང་བ་དང༌། སྔ་འགྱུར་བསྟན་པའི་སྤྱི་མེས་རྒྱལ་བ་དཔལ་ཡུལ་པའི་རྫོང་ནོར་མཆོག་སྤྲུལ་འཇམ་དཔལ་བློ་གྲོས་ཀྱིས་དཔྱད་ལེགས་པའི་ས་ཡི་མཐུན་རྐྱེན་ཀྱང་མ་བསྒྲིགས་ལྷུན་གྲུབ་ཀྱི་རྟེན་འབྲེལ་དུ་བྱུང་བ་ལ། བརྟན་མཁས་ཡོན་ཏན་རྫོགས་པའི་སྔ་འགྱུར་གྱི་རྡོ་རྗེ་འཛིན་པ་འཁྲུལ་ཞིག་རིན་པོ་ཆེ་དང༌། ཀརྨའི་ཆོས་སྒར་གྱི་མཁན་ཆེན་རྡོ་རྗེའི་མཆེད་པོ་ཁྲ་འགུ་མཆོག་སྤྲུལ་རིན་པོ་ཆེ། ཟླ་བཟང་མཆོག་སྤྲུལ་རིན་པོ་ཆེ། འབྲོང་ངུར་སྤྲུལ་སྐུ་གྲུབ་སྲས་ཆོས་ཀྱི་ཉི་མ། ཁྲ་རིག་མཆོག་སྤྲུལ་རིན་པོ་ཆེ་སོགས་མཁན་སློབ་ཁྲིམས་གཙང་གི་འདུས་པས་རབ་རྒྱལ་ | |||
གཟའ་ཚེས་མཆོག་ཏུ་དགེ་བའི་སྔ་ཆར་བཀྲ་ཤིས་པའི་གསོ་སྦྱོང་དང༌། ཐམས་ཅད་མཁྱེན་གཟིགས་མཉྫུ་གྷོ་ཥའི་མཚན་ཙམ་གྱིས་སྙན་པ་བདག་གིས་ཀྱང་དཔལ་རྡོ་རྗེ་སེམས་དཔའི་སྒོ་ནས་ས་ཆོག་དང༌། རང་གཏེར་གཉགས་ལུགས་རྡོ་རྗེ་ཕུར་པའི་ཞི་བའི་སྦྱིན་སྲེག །གྲུབ་སྲས་ཨོ་རྒྱན་སྟོབས་རྒྱལ་མཆོག་གི་མཐུན་སྦྱོར་གྱིས་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཚོགས་ཀྱི་སྒྲུབ་པ་དམ་རྫས་མྱོང་གྲོལ་ཆེན་མོ་དང་འབྲེལ་བར་ལས་བཞིའི་སྦྱིན་སྲེག་དང་བཅས་པ། བཀའ་ནན་རབ་བརྗིད་ལྷ་སྲིན་དམ་བསྒྲགས་ཀྱང་རང་ཉིད་ཀྱིས་ལེགས་པར་བསྒྲུབས་པས་ས་གཞི་བྱིན་གྱིས་བརླབས་ཏེ། རྟེན་གཞི་གཙུག་ལག་ཁང་སྲ་མཁྲེགས་རྡོ་རྗེའི་རང་བཞིན་དུ་ལེགས་པར་བཞེངས་པ་ནི་བཀོད་ལེགས་ཤིང་རྒྱུ་བཟང་བ། སྟེང་གི་གཉྫི་ར་དང་རྒྱ་ཕིབས་ཀྱི་མཐའ་ཡི་ཟ་ར་ཚགས་ཕྱོགས་བཞིའི་རྒྱལ་མཚན་བཞི། རི་དྭགས་ཆོས་འཁོར་དང་བཅས་པ་རིན་ཆེན་ཟངས་ལས་སྒྲོས་གཙང་བསྒྲུབས་པ་ལ་བཙོ་སྦྱངས་ཞུན་མས་ཁྱབ་པར་བྱུག་པའི་མདངས་འོད་ཕྱོགས་ཀུན་འཕྲོ་བར་བྱས་པ་ལ། ནང་གི་རྟེན་གྱི་གཙོ་བོ་མི་མཇེད་ཞིང་གི་ཁྱོན་དང་རྩོད་ལྡན་གྱི་དུས་ངན་འདིར། འདི་ཕྱིའི་བློ་གཏད་འཆའ་འོས་དཀོན་མཆོག་རིན་ཆེན་རྣམ་པ་གསུམ་གྱི་ཐུགས་རྗེའི་ཉི་མ་འཇིག་རྟེན་དུ་སྣང་བའི་བཀའ་དྲིན་གྱི་འབྱུང་གནས་གཅིག་པུ་ད་ལྟའི་བདག་ཅག་གི་འདྲེན་པ་མཉམ་མེད་ཐུབ་པའི་དབང་པོ། གཡས་སུ་འདས་པའི་སངས་རྒྱས་འོད་སྲུང༌། གཡོན་དུ་མ་འོངས་པའི་སངས་རྒྱས་བྱམས་པ་གསུམ་གྱི་མཐོང་གྲོལ་སྣང་བརྙན་རིན་པོ་ཆེའི་སྐུ་ཚད་ཕིཊ་བཅོ་ལྔ་ལྷག །དེ་རེ་རེ་བཞིན་ཐོག་མར་ཐུགས་བསྐྱེད་པའི་ཡུལ་གྱི་སངས་རྒྱས། ཡབ་ཡུམ་སྲས་གསུམ། མཆོག་ཟུང་གཉིས། ཉེ་གནས་བཅས་པ་སྐུ་ཡི་རྒྱབ་ཡོལ་གྱི་ནང་དུ་བཞུགས་པ་དང༌། གཞན་ཡང་དེ་རྣམས་ཀྱི་གཡས་གཡོན་དུ་གསང་སྔགས་ཀྱི་སྟོན་པ་མཚོན་ཕྱིར་རྡོ་རྗེ་སེམས་དཔའ་དང༌། རྡོ་རྗེ་འཆང་ཐེག་ཆེན་གྱི་དགེ་འདུན་མཚོན་བྱེད་རྩོད་དུས་སྣོད་བཅུད་ཀྱི་རྒུད་པ་སེལ་བ་ལ་བསྔགས་པ་ས་ཡི་སྙིང་པོ་དང༌། བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་རྒྱན་ཡོངས་སུ་རྫོགས་པ་ཀུན་ཏུ་བཟང་པོ་གཉིས། ཀ་བའི་རྩེར་སངས་རྒྱས་རབས་བདུན་དང༌། རིན་ཆེན་གཙུག་ཏོར་ཅན། བདེ་གཤེགས་སྨན་བླ་མཆེད་བརྒྱད་དེ་བསྡོམས་པས་སྐུ་ཆུང་བཅུ་དྲུག །རྟེན་གཙོ་དུས་གསུམ་རྒྱལ་བའི་ཞལ་སྐྱིན་གྱི་གཡས་གཡོན་དུ་གངས་ལྗོངས་རྒྱལ་བསྟན་ཡོངས་རྫོགས་ཀྱི་ཕྱི་མོ་སྔ་འགྱུར་རྡོ་རྗེ་སྙིང་པོའི་རིང་ལུགས་དར་ཞིང་རྒྱས་པའི་རྟེན་འབྱུང་དུ་བསྟན་པའི་གཏད་རབས་ཀྱི་གཙོ་བོ་འོད་སྲུང་དང་ཀུན་དགའ་བོ་གཉིས་ལ་གཏད་རབས་ལྷག་མ་ལྔ་དང༌། འཕགས་པའི་གནས་བརྟན་ཆེན་པོ་བཅུ་དྲུག །བོད་ཡུལ་དུ་དར་བའི་སྟོད་སྨད་འདུལ་བའི་ཤིང་རྟ་ཆེན་པོ་མཁན་ཆེན་ཞི་བ་འཚོ་དང༌། ཁ་ཆེའི་པཎ་ཆེན་ཤཱཀྱ་ཤྲཱི་གཉིས་ཀྱིས་བསྐོར་བའི་སྣང་བརྙན་བྲག་རི་མ། གཞན་ཡང་སྔ་འགྱུར་བཀའ་གཏེར་གྱི་ཤིང་རྟ་ཆེན་པོ་སྨིན་གླིང་གཏེར་ཆེན་རིན་པོ་ཆེའི་འདྲ་འབག་བཅས་ཁ་བཞི་ལྷོ་ཡི་སྨན་ལྗོངས་ཆེན་པོའི་བཟོ་རིག་ཕུལ་ཕྱིན་སློབ་དཔོན་དམ་ཆོས་དང༌། ཨཾ་སྟོང་བཅས་བཟོ་བོ་བཅུ་ཕྲག་གིས་འགྲོ་བའི་མིག་གི་བདུད་རྩིར་བསྐྲུན་པ་བཅས་ལྡེར་བཟོའི་རིགས་དང༌། ལོགས་རིས་ལ་ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་དག་སྣང་གངས་ཅན་བསྟན་པ་ཡོངས་རྫོགས་ཀྱི་ཞལ་ཐང་ཚན་དགུ། སྨིན་གླིང་གཏེར་ཆེན་རིན་པོ་ཆེ་དང༌། འཇམ་མགོན་བླ་མ་མཁྱེན་ཀོང་རྣམ་གཉིས། རྒྱལ་བ་ཞེ་ཆེན་པའི་མཆོག་སྤྲུལ་རབ་འབྱམས་དང༌། རྒྱལ་ཚབ་རྣམ་གཉིས་ཀྱི་སྐྱེས་རབས་བཀའ་སྲུང་དང་བཅས་པ། རང་སློབ་བོད་ཀྱི་ལྷ་བྲིས་དཀོན་མཆོག་འོད་ཟེར་དང༌། ལྷོ་བྲག་ནམ་སྙིང་གི་དབུ་ཆེན་པོ་དགེ་སློང་དབང་འདུས། ལྷོ་འབྲུག་གི་ལྷ་བྲིས་སློབ་དཔོན་དཔའ་བོ་རྡོ་རྗེ་དང་ཨོ་རྒྱན་བསྟན་འཛིན་དཔོན་གཡོག་རྣམས་ནས་བཀོད་མཛེས་མཐོང་བས་ཡིད་འཕྲོག་པ་བསྐྲུན་པ་དང༌། ཐུགས་རྟེན་ཙནྡན་དཀར་པོ་ལས་གྲུབ་པའི་བདེ་གཤེགས་མཆོད་རྟེན་ཆ་བརྒྱད་བཅས་འདུ་ཁང་རིག་འཛིན་ཡོངས་འདུས་དགའ་ཚལ་དུ་བཞུགས་པའི་སྐུ་དང་ཐུགས་ཀྱི་རྟེན་རྣམས་དང༌། ཡང་སྟེང་གསུང་རྟེན་བཞུགས་ཡུལ་དཔེ་མཛོད་ཆེན་པོ་ལེགས་གསུང་བདུད་རྩིའི་དགའ་ཚལ་དུ་སྐུ་རྟེན་གཙོ་བོ་ཆོས་རབ་རྣམ་པར་འབྱེད་པའི་ཡེ་ཤེས་ཀྱི་སྣང་བ་མཚོན་པའི་རྒྱུད་ལུགས་འཇམ་དཔལ་དབྱངས་ཀྱི་སྣང་བརྙན་ལ་རྒྱན་དྲུག་མཆོག་བརྒྱད་ཀྱིས་བསྐོར་བ། གཡས་སུ་གངས་ཅན་བསྟན་པའི་མིག་གཅིག་གུ་རུ་རིན་པོ་ཆེ་སྣང་སྲིད་ཟིལ་གནོན་ལ་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱིས་བསྐོར་བ། གཡོན་དུ་ཀུན་མཁྱེན་རོང་ཀློང་གཉིས་ཀྱི་ཞལ་སྐྱིན་བདག་གི་རིགས་བདག་འཇམ་དབྱངས་མི་ཕམ་རྣམ་རྒྱལ་རྒྱ་མཚོ་ལ་བཤད་བརྒྱུད་ཀ་ཆེན་བཅུས་སྐོར་བའི་མཐའ་བསྐོར་གྱི་ཀུན་དགའ་ར་བའི་དྲྭ་མིག་མངོན་པར་མཛེས་པའི་ནང་དུ་གསུང་རྟེན་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་བསྟན་འགྱུར། རྙིང་མ་རྒྱུད་འབུམ། མཛོད་ཆེན་རྣམ་པ་ལྔ་དང་མཁྱེན་བརྩེ། མི་ཕམ། རྒྱལ་ཚབ་རིན་པོ་ཆེའི་གསུང་འབུམ་གྱི་གཙོས་མདོ་སྔགས་རིག་གནས་དང་བཅས་པའི་གླེགས་བམ་བགྲང་ཡས་བཞུགས་པ་དང༌། དེའི་སྟེང་ཁང་ཀུན་བཟང་ཡང་རྩེའི་རྒྱ་ཕིབས་ནང་དུ་ཐུགས་སྒྲུབ་རྣམ་བཞིའི་གནས་ཆེན་བྱིན་འབེབས་ཀྱི་བཅའ་གཞི་ཤིན་ཏུ་རྒྱས་པ་སྒྲུབ་ཐེངས་དུ་མས་བྱིན་དབབ་པར་བྱས་པ་སྟེང་དུ་བཞུགས་པའི་ནང་དུ་ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས་མཁའ་འགྲོ་གཉིས་དང་བཅས་པ་དང༌། འདུ་ཁང་ཆེན་མོའི་སྟེང་གི་གཟིམ་སྤྱིལ་ཁག་ཏུའང་རྟེན་གསུམ་གསར་རྙིང་དུ་མ་དང༌། མགོན་ཁང་ཨུ་ཙ་ལར་སྨིན་ལུགས་སྐོང་གསོལ་དངོས་གྲུབ་རོལ་མཚོའི་ཆོས་སྐྱོང་གཙོ་དགུ་དང༌། རྗེས་འབྲང་ཁ་ཤས། གསར་རྙིང་གི་བཀའ་སྲུང་གཙོ་ཆེ་རྣམས་དང༌། གཡང་སྒྲོམ་འདོད་དགུའི་དབྱིག་མཛོད་དུ་གུ་རུ་སྐྱེས་མཆོག་ཚུལ་བཟང་གཙོ་བོར་གྱུར་བའི་བཀའ་གཏེར་གྱི་ནོར་ལྷའི་རིགས་རྣམས་ཏེ། དེ་ལྟར་སྟེང་འོག་བར་གསུམ་ཡང་སྟེང་དང་བཅས་པར་བཞུགས་པའི་སྐུ་རྟེན་གསར་བཞེངས་རྣམས་ཀྱི་ནང་གཟུངས་སུ་བཞུགས་པའང་ཆེ་བ་རྣམས་ལ་ཡེ་ཤེས་སེམས་དཔའ་ལི་སྐུ་རྟེན་རྙིང་བྱིན་ལྡན་དང༌། ཆེ་ཆུང་ཐམས་ཅད་སྨིན་ལུགས་གཟུངས་ཆེན་སྡེ་ལྔ་ཚར་གྲངས་གང་འགྲོ་དང༌། ལྷ་སོ་སོའི་མཚན་སྔགས་གྲངས་མང༌། གནས་ཆེན་དུ་སྐྱེས་པའི་སྲོག་ཤིང་རྒྱུ་བཟང༌། སངས་རྒྱས་བྱང་སེམས་ཀྱི་ཡུངས་འབྲུ་ལྟ་བུའི་རིང་བསྲེལ། སྐུ་རྟེན་ཆེ་ཆུང་ཐམས་ཅད་ལ་རྡོག་རེ་རེ་དང༌། ཤོག་སེར་དང༌། རྒྱ་དཔེ་དང་ཕྱག་བྲིས་ཆོས་ཀྱི་རིང་བསྲེལ། སྐུ་བལ། སྐུ་གདུང་སོགས་རིང་བསྲེལ་རྣམ་བཞི། རྟེན་འདུས་རྙེད་དཀའ་ཁུངས་བཙུན་ཁྱད་འཕགས་སེལ་མེད་བགྲང་ཡས་དང༌། རིན་ཆེན་འབྲུ་སྨན། དར་གོས་སོགས་ལ་གཟུངས་སྒྲུབ་ལག་ལེན་ལྟར་ཞག་བརྒྱ་ཕྲག་ལྷག་གི་རིང་བསྒྲུབས་པར་བྱས་པ་རྣམས་འབུལ་བའི་སྐབས་གོང་འོག་འཁྲུགས་པ་སོགས་ལག་ལེན་མ་འཆོལ་བར་དགེ་སློང་ཁྲིམས་གཙང་ཁོ་ནས་སྔ་འགྱུར་མཁས་གྲུབ་གོང་མའི་ཕྱག་བཞེས་བཞིན་སྦྱང་ཁྲུས་ཡང་ཡང་བྱས་ཏེ་ཕུལ་བའི་སྐུ་རྟེན་ཆེ་ཆུང་རྣམས་ལ་འབྱོར་པ་དང་བསྟུན་ཏེ་སྐུ་ཡོངས་རྫོགས་དང༌། ཞལ་ཕྱག །དབུ་དང་ཕྱག་ཞབས་ཀྱི་རྒྱན་སོགས་ལ་ཆབ་གསེར་ཞུན་གྱིས་བྱུགས་ཤིང༌། དུས་གསུམ་སངས་རྒྱས་ཀྱི་སྨིན་མཚམས་མཛོད་སྤུར་དུང་གཡས་འཁྱིལ་རེ་རེ་ཕུལ་བ་དང༌། མཆོག་སྤྲུལ་རིན་པོ་ཆེ་པདྨ་དབང་རྒྱལ་དང༌། དད་སྦྱིན་བསྟན་འཕེལ་སྤུན་གཙོས་བསྟན་སྦྱིན་ནས་ཆེད་བསྐུལ་བཞིན་ལྷ་ཁང་ཆེན་མོའི་རྒྱབ་གུ་རུ་རིན་པོ་ཆེ་སྣང་སྲིད་ཟིལ་གནོན་སྐུ་ཚད་བླ་མ་སྐུ་གསུམ། རིག་འཛིན་བརྒྱད། རྗེ་འབངས་ཉེར་ལྔ་སོགས། གཟུངས་དང་རབ་གནས་ཚད་ལྡན་བགྱིས་པའི་ཚར་བཀོད་དང་མདུན་དུ་སྒྲོལ་མ་འཇིགས་པ་བརྒྱད་སྐྱོབས་ཀྱི་གཙོ་འཁོར་དང་གཡས་གཡོན་དུ་ཉེ་སྲས་བརྒྱད་བཅས་བཙོ་སྦྱང་ཞུན་མས་བྱུགས་ཤིང་གཟུངས་འབུལ་ལག་ལེན་ཚད་ལྡན་བགྱིས་པར་བཞུགས་པའི་ལྷ་ཁང་དང༌། གཞན་ཡང་འདུ་ཁང་ཆེན་མོའི་དབང་ཕྱོགས་སུ་གསུང་རྟེན་དུང་འཁོར་ཁང་ལོག་བྲིས་ལ་རྡོར་སེམས་སྟོང་སྐུ་ཡོད་པའི་ནང་དུ་མུ་ནེ་དང༌། མ་ཎི། བཛྲ། ཡིག་བརྒྱ་སོགས་གཙོ་བོར་གྱུར་པའི་དུང་འཁོར་གསུམ་རེ་རེ་ལ་བསྙེན་པ་དུང་བཅུ་གསུམ་ལྷག་ཙམ་འགྲོ་ངེས་གསེར་ཟངས་ལ་མ་ཎི་འབུར་དོད་བརྐོས་ཅན་གྱིས་གཡོག་པ་རབ་གནས་ཚད་ལྡན་ཅན་དང༌། ཐུགས་རྟེན་སྐུ་གདུང་ཆ་བརྒྱད་དྲི་མེད་རྣམ་གཉིས་ཀྱི་སྒོ་ནས་གཟུངས་ཞུགས་ལག་ལེན་ཚད་ལྡན་བགྱིས་པ་སོགས་ཕྱི་གཙུག་ལག་ཁང་དང༌། ནང་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ། སྙིགས་དུས་མ་ཧཱ་གུ་རུའི་ཞལ་ཚབ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་རིན་པོ་ཆེར་རྒྱལ་བའི་ཐུགས་རྗེ་འཇུག་པ་ལ་ས་ཐག་གི་ཉེ་རིང་མེད་པས་རྒྱང་རིང་པོ་ནས་ཡེ་ཤེས་དགོངས་པས་རྡོ་རྗེའི་ཡེ་ཤེས་འབེབས་པར་གསོལ་བ་བཏབ་པ་དང༌། གངས་ལྗོངས་སྐྱེ་འགྲོའི་ལྷ་སྐལ་འཕགས་མཆོག་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པ་ཞྭ་དེའུ་འཁྲུལ་ཞིག་ངག་དབང་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་སྨིན་གཏེར་ཐུགས་ཆེན་བདེ་གཤེགས་ཀུན་འདུས་སྒྲུབ་ཆེན་དང་འབྲེལ་བའི་རབ་གནས་དགེ་ལེགས་འདོད་འཇོ་ལྟར་དང༌། མཐའ་རྟེན་གར་དབང་ཚེ་སྒྲུབ་དང༌། མཁའ་འགྲོ་གསང་བ་ཡེ་ཤེས། བཀའ་སྲུང་ལྷ་ཆེན་དང་བཅས་པའི་སྒྲུབ་མཆོད་སྨིན་གླིང་ཕྱག་བཞེས་འཁྲུལ་མེད་ཀྱིས་བརྒྱན་པ་རབ་བྱུང་བཅུ་བདུན་པའི་མེ་ཡོས་དབོ་ཟླའི་གཟའ་ཚེས་དགེ་བར་རིག་པ་འཛིན་པའི་དགེ་འདུན་གྱི་སྡེ་བརྒྱ་ཕྲག་ལྷག་གིས་བསྒྲུབས་པ་དང༌། གཞན་ཡང་རིས་སུ་མ་ཆད་པའི་སྐྱེས་ཆེན་དམ་པ་གནས་འདིར་ཞབས་སོར་བཀོད་པ་རྣམས་ཀྱིས་ཡེ་ཤེས་དགོངས་པས་བྱིན་གྱིས་བརླབས་པར་མཛད་ཅིང༌། རང་ཉིད་ནས་ཀྱང་ལྷག་པའི་ལྷ་རབ་འབྱམས་ཀྱི་སྒོ་ནས་རབ་གནས་ཀྱི་ཆོ་ག་རྒྱས་བསྡུས་སུམ་བརྒྱ་ལྷག་གིས་བསྒྲུབས་པ་རྟེན་སྙིང་འབུམ་ཕྲག་འགྲོ་ངེས་བཅས་སྦྱོར་དངོས་རྗེས་གསུམ་ལེགས་པར་གྲུབ་པའོ། །དེ་ལྟར་ཕྱི་ནང་གི་རྟེན་དང་༧རྒྱལ་བསྟན་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བྱེད་པོ། ཁྲིམས་གཙང་སྤོང་ཀློག་ལས་གསུམ་ལ་བརྩོན་པའི་དགེ་འདུན་གྱི་སྡེ་མི་ཉུང་བ་བཙུགས་ཤིང༌། དེ་དག་ལ་བཞུགས་གནས་ཀྱི་གྲྭ་ཤག་དང་བསྙེན་བཀུར་གྱི་མི་ཕུངས་བའི་གཏོང་སྒོ་ཕར་གཏོང་བྱས། དེ་དག་རྣམས་ཀྱིས་ཉམས་བཞེས་ལོ་འཁོར་གྱི་དུས་མཆོད་བཀའ་གཏེར་གྱི་སྒྲུབ་མཆོད་ཀྱང༌། སྔ་འགྱུར་གྱི་བསྟན་པའི་མཚན་གཞི་ལུང་ཨ་ནུ་ཡོ་ག་ཐེག་པ་དགུ་རྫོགས་ཀྱི་ཚོགས་སྒྲུབ་མྱོང་གྲོལ་བདུད་རྩིའི་སྒྲུབ་པ་དང་འབྲེལ་བ་མཐའ་རྟེན་ལས་བཞིའི་སྦྱིན་སྲེག་དང་བཅས་པ། བླ་མ་གསང་བ་འདུས་པའི་སྒྲུབ་མཆོད་དང་འབྲེལ་བའི་མཐོང་གྲོལ་ཚེས་བཅུའི་གར་འཆམ། སྟོན་དང་བསྟན་པ་གཅིག་གྱུར་འདུལ་བ་གཞི་གསུམ་གྱི་ཕྱག་ལེན་སོགས་ད་ལྟ་མཚོན་ཙམ་ཚུགས་བཞིན་པ་དང༌། ལོ་བསྟར་རྒྱུད་རྒྱལ་གསང་བ་སྙིང་པོའི་བཤད་པ་ཉིན་བཅུ་ཉུང་མཐའ་བྱས་པ་དང༌། དབང་ལུང་གནད་ཆེ་བ་ཟླ་བ་གཅིག་ལས་མི་ཉུང་བ་འཆད་སྤེལ་མ་ཆད་པ་དང༌། སླད་ནས་རིམ་བཞིན་མདོ་ཁམས་ཞེ་ཆེན་མ་དགོན་དུ་བཀའ་གཏེར་གྱི་སྒྲུབ་པ་དང༌། སྒྲུབ་མཆོད། བཤད་སྒྲུབ་ཀྱི་སྡེ་སོགས་ཇི་ལྟར་ཡོད་པ་ལྟར་ཚུགས་པར་འགྱུར་བའི་རེ་སྨོན་ཚད་མེད་པ་ཡོད་པ་དེ་བཞིན་མཐའ་རྒྱས་སུ་འགྲུབ་པར་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་རློབས་པར་གསོལ། གཞན་ཡང་རྒྱུན་གྱི་ཉམས་བཞེས་ཀྱི་རིམ་པ་ནི། ཟླ་བ་འབྱུང་ངོ་ཅོག་གི་ཡར་མར་གྱི་ཚེས་བཅུ་ལ་གུ་རུ་ཞི་དྲག་དང་མཁའ་འགྲོའི་ཚོགས་མཆོད། ཉ་སྟོང་སོགས་དུས་ཆེན་ཁག་ལ་ཐུབ་དབང་ཉེ་སྲས་བརྒྱད་དང༌། སྨན་བླ་མཆེད་བརྒྱད། བསྐལ་བཟང་སངས་རྒྱས་སྟོང་རྩ། བསམ་པ་ལྷུན་འགྲུབ་མ་སོགས་ཀྱི་མཆོད་ཆོག །ཉེར་དགུར་དངོས་རོལ་དམ་ཅན་སྡེ་དགུ་གཙོར་གྱུར་གྱི་གསོལ་བསྐང༌། ཉིན་ལྟར་ཞོག་དགོང་གི་ཞལ་འདོན་གྱི་རིམ་པ་ཡང༌། སྨིན་ལུགས་ཆོས་སྤྱོད་སྐྱབས་སེམས་ཡན་ལག་བདུན་པ་དང་སྨོན་འཇུག་བྱང་སེམས་ཀྱི་སྡོམ་ཆོག །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་གསང་བ་སྙིང་པོའི་རྒྱུད་ཀྱི་ལེའུ་རེས་མོས་བཀླག་ཐབས་དང་འབྲེལ་བ། རྒྱལ་བའི་ཞལ་གསུང་འཇམ་སྡུད་བཟང་གསུམ། མངའ་རིས་པཎ་ཆེན་གྱི་སྡོམ་གསུམ་རྣམ་ངེས་ལེའུ་རེས་མོས། དཔལ་ཆེན་ཕུར་པའི་རྒྱུན་ཁྱེར་དང་སྨིན་ལུགས་དམ་ཅན་སྤྱི་གཏོར། རྒྱུད་མགོན་ལེགས་ལྡན། སྔགས་སྲུང༌། མ་ཧཱ་དེ་ཝ་དང་ཞིང་སྐྱོང་དུར་ཁྲོད་དབང་མོ། གཞན་ཡང་གསོལ་བསྡུས་རིགས་གང་འོས་སྦྱར་བ་ལ་ཆོས་སྤྱོད་བསྔོ་སྨོན་བསྟན་རྒྱས་སྨོན་ལམ་གྱིས་མཐའ་བརྒྱན་པ་སོགས་ཆོས་མཐུན་གྱི་བགྱི་བས་དུས་འདའ་བར་མཛད་པ་སྟེ། འདུས་པའི་སྡེ་དང་དེ་རྣམས་ཀྱི་ཐུགས་དམ་ཉམས་བཞེས་ཀྱི་ཚུལ་མཚོན་ཙམ་མོ། །དེ་ལྟར་རང་གཞན་སྦྱིན་པའི་བདག་པོར་བཅས་པས་ལེགས་བྱས་བསོད་ནམས་ཀྱི་ཕུང་པོ་ལེགས་པར་བསྒྲུབས་པའི་དགོས་པ་དང་ཕན་ཡོན་ཀྱང༌། ས་སྙིང་འཁོར་ལོ་བཅུ་པའི་མདོ་ལས། འཁོར་བར་ཡོངས་སུ་འཁོར་བ་ན། །སྦྱིན་པ་མ་གཏོགས་གཉེན་མེད་པས། །བློ་ལྡན་ཕུན་སུམ་ཚོགས་འདོད་ཀྱིས། །རབ་ཏུ་འབད་དེ་སྦྱིན་པ་སྦྱིན། །ཞེས་དང༌། དཔལ་ལྡན་ཟླ་བས། སྐྱེ་བོ་འདི་ཀུན་བདེ་བ་མངོན་འདོད་ཅིང༌། །མི་རྣམས་བདེ་བའང་ལོངས་སྤྱོད་མེད་མིན་ལ། །ལོངས་སྤྱོད་ཀྱང་ནི་སྦྱིན་ལས་འབྱུང་མཁྱེན་ནས། །ཐུབ་པས་དང་པོར་སྦྱིན་པའི་གཏམ་མཛད་དོ། །ཞེས་དང༌། འཕགས་པ་འཇིག་རྟེན་གྱིས་དྲིས་པའི་ལུང་བསྟན་པའི་མདོ་ལས། དེ་ལ་ཟང་ཟིང་གི་སྦྱིན་པས་ནི་བསོད་ནམས་ཀྱི་ཚོགས་རྫོགས་ལ། ཆོས་ཀྱི་སྦྱིན་པས་ནི་ཡེ་ཤེས་ཀྱི་ཚོགས་རྫོགས་ཏེ། འདི་གཉིས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྒྲུབ་པར་བྱེད་པའོ། །ཞེས་གསུངས། ཀུན་མཁྱེན་ཆོས་རྗེས། བདེ་གཤེགས་གཟུགས་བརྙན་ཐམས་ཅད་བཟོ་སྤྲུལ་པས། །རྒྱལ་བས་བྱིན་བརླབས་འགྲོ་ཀུན་མཆོད་པའི་ཞིང༌། །བེམ་པོ་གཞན་དང་འགྲན་དུ་ཡོད་མ་ཡིན། །དད་པའི་རང་བཞིན་བཟང་པོ་སྐྱེད་པར་མཛོད། །ཅེས་དང༌། ཆོ་འཕྲུལ་རྣམ་པར་བསྟན་པའི་མདོ་ལས། ཁ་གཅིག་གིས་མཆོད་རྟེན་བྱེད་དུ་འཇུག་པ་དང༌། གཙུག་ལག་ཁང་དུ་འཆག་པ་དང༌། སྐྱེད་མོས་ཚལ་བྱེད་དུ་གཞུག་པའི་དགེ་བའི་རྩ་བ་ལ་སྤྲོ་བ་བསྐྱེད་པས་འདུལ། ཁ་གཅིག་ནི་སྐུ་གཟུགས་བྱེད་དུ་གཞུག་པ་དང༌། རི་མོ་དང༌། གསེར་དང༌། དངུལ་དང༌། ར་གན་གྱི་སྐུ་གཟུགས་བྱེད་དུ་བཞུགས་པའི་དགེ་པའི་རྩ་བ་ལ་སྤྲོ་བ་བསྐྱེད་པས་འདུལ། ཞེས་དང༌། ཁྱད་པར་འཕགས་བསྟོད་འགྲེལ་པ་ལས། བརྒྱ་བྱིན་གཙུག་ལག་ཁང་གི་ཕྱིར། ས་ནི་སྦྱིན་པ་གཏོང་བྱེད་པ། །ཚངས་པའི་བསོད་ནམས་རབ་བསྐྱེད་དེ། །མཐོ་རིས་དག་ཏུ་སྐལ་པར་དགའ། །ཞེས་དང༌། དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་ལེའུར་ཡང༌། སའམ། རྡོ་ཐལ་ལམ། ཤིང་ངམ། རྡེའུ་འམ། ར་གན་ནམ། ལྕགས་སམ། གསེར་རམ། དངུལ་ལམ། བེཌཱུརྻ་འམ། ཤེལ་ལམ། མུ་ཏིག་དམར་པོ་འམ། རྡོའི་སྙིང་པོའམ། སྤུག་གམ། དུང་ངམ། མན་ཤེལ་ལམ། སྤོས་སམ། རས་སམ། ཤིང་ལེབ་བམ། རྩིག་ངོས་ལ་དེ་བཞིན་གཤེགས་པའི་སྐུ་གཟུགས་བཞེངས་བར་བྱ། དྲལ་བ་གསོ་བར་བྱ་བ་དང༌། གྲུམས་པ་བཅོས་པར་བྱས་ཏེ། དེ་བཞིན་གཤེགས་པའི་སྐུ་གཟུགས་བྱས་ན། རིགས་དམའ་བ་ཐམས་ཅད་དང༌། སྡིག་པ་བྱེད་པའི་རིགས་རྣམས་དང༌། ལོག་པར་ལྟ་བའི་རིགས་སུ་མི་སྐྱེ། ཡན་ལག་གང་ཡང་མ་ཚང་བར་མི་འགྱུར་རོ། །གལ་ཏེ་མཚམས་མེད་པ་ལྔ་བྱས་སུ་ཟིན་ཀྱང༌། དེ་བཞིན་གཤེགས་པ་ལ་དད་པ་རྙེད་དེ་སྐུ་གཟུགས་བྱས་ན། ལས་དེས་སེམས་ཅན་དམྱལ་བ་མྱོང་བ་ཆུང་ངུ་མྱངས་ཏེ། ཐེག་པ་གསུམ་གང་ཡང་རུང་བས་ངེས་པར་འབྱུང་བར་འགྱུར་རོ། །དཔེར་ན་མི་ཞིག་མི་གཙང་བས་རེག་པ་ལ་རབ་ཏུ་དག་པར་བཀྲུས་ཏེ། སྤོས་ཀྱི་བྱུགས་ན་དྲི་མི་ཞིམ་པ་དེ་མེད་པར་འགྱུར་རོ། །དེ་བཞིན་དུ་མཚམས་མེད་པ་བྱས་པ་དེའི་སྡིག་པ་ཡང་མེད་པར་འགྱུར་རོ། །མི་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ་ཡང༌། དེ་བཞིན་གཤེགས་པ་ལ་དད་པ་རྙེད་དེ། དེའི་སྐུ་གཟུགས་བྱས་ན་དེའི་སྡིག་པ་དེ་ཇི་ལྟར་མེའི་ཕུང་པོས་མར་འཚིག་སྟེ། དུ་བ་ཡང་མི་མངོན་པ་བཞིན་དུ་དེའི་སྡིག་པ་དེ་ཡང་མི་སྣང་བར་འགྱུར་རོ། །ཞེས་དང༌། འཕགས་པ་རྨད་དུ་བྱུང་བའི་མདོར། ཀུན་དགའ་བོ་འཛམ་བུའི་གླིང་ཡང་ལྟ་ཞོག །ཤར་གྱི་ལུས་འཕགས་གླིང་ཡང་ལྟ་ཞོག །ནུབ་ཀྱི་བ་གླང་སྤྱོད་ཀྱང་ལྟ་ཞོག །བྱང་གི་སྒྲ་མི་སྙན་ཡང་ལྟ་ཞོག །ལྷའི་དབང་པོ་བརྒྱ་བྱིན་གྱི་ཁང་བཟང་རྣམ་པར་རྒྱལ་བྱེད་ཅེས་བྱ་བ་ཡང་ལྟ་ཞོག །ཀུན་དགའ་བོ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་གང་ལ་ལ་ཞིག་གིས་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་བྱས་ཏེ། རྒྱུན་དུ་ཞུགས་པ་རྣམས་དང༌། ལན་གཅིག་ཕྱིར་འོང་བ་རྣམས་དང༌། ཕྱིར་མི་འོང་བ་རྣམས་དང༌། དགྲ་བཅོམ་པ་རྣམས་དང༌། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་བ་བས་གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་སྐྱུ་རུ་རའི་འབྲུ་ཙམ་བྱས་ལ། ཁབ་ཙམ་གྱི་སྲོག་ཤིང་བཙུགས་ཏེ། རྒྱ་ཤུག་གི་ལོ་མ་ཙམ་གྱི་གདུགས་གསོལ་ནས། ནས་ཀྱི་འབྲུ་ཙམ་གྱི་སྐུ་གཟུགས་བྱས་ལ་ཡུངས་འབྲུ་ཙམ་གྱི་རིང་བསྲེལ་བཅུག་ན་དེ་ནི་དེ་བས་བསོད་ནམས་ཆེའོ། །ཞེས་པ་སོགས་བདེན་གསུང་རྒྱལ་བའི་བཀའ་དང་བསྟན་བཅོས་རྣམས་ལས་ལེགས་བྱས་འདི་ལྟ་བུའི་ཚུལ་ལ་དགོས་པ་ཕན་ཡོན་མཐའ་ཡས་པ་གསུངས་པ་ལ་ཡིད་རྟོན་ཏེ་རང་གཞན་ཐམས་ཅད་སྤྲོ་བ་བསྐྱེད་པར་བྱའོ། །ལེགས་བྱས་རྣམ་དཀར་དག་བྱེད་གཏེར་བསྐྲུན་པར། །སྲས་བཅས་རྒྱལ་བས་ཡོངས་བསྔོའི་ཟླ་ཟེར་གྱིས། །རེག་པས་བྱང་ཆུབ་སྤྱོད་པའི་རླབས་ཕྲེང་གི །འཇམ་དབྱངས་ཀུན་བཟང་རྣམ་ཐར་རྗེས་སྙེགས་ཤོག །བཀའ་དང་བསྟན་བཅོས་རྒྱ་མཚོའི་མཐར་བགྲོད་ཕྱིར། །མཁས་ཚུལ་དགུ་ཡི་བ་དན་མཛེས་གཡོ་བར། །རྒྱལ་ཀུན་དགྱེས་པའི་ལམ་བཟང་ནོར་བུའི་གཏེར། །རྣམ་དཔྱོད་རྒྱལ་མཚན་ཏོག་ཏུ་མཆོད་ནུས་ཤོག །ཟབ་དོན་སྨིན་གྲོལ་བདུད་རྩིའི་ཆར་བཟང་གིས། །རྣམ་བཞིའི་རིག་འཛིན་རིན་ཆེན་སྙེ་མའི་ཚོགས། །མཛེས་ནས་ངེས་གསང་བསྟན་མཆོག་ཀུན་དགའི་ཚལ། །དར་བབ་འབྲེལ་ཚད་རྡོ་རྗེའི་སར་ཕྱིན་ཤོག །ཅེས་པའང་རྣམ་དཀར་གྱི་ལས་རྩོམ་པ་པོ་དིལ་མགོ་མཁྱེན་སྤྲུལ་བཀྲ་ཤིས་དཔལ་འབྱོར་པས་རབ་བྱུང་བཅུ་བདུན་པའི་མེ་ཡོས་མགོ་ཟླའི་ཚེས། འཕགས་པ་གནས་བརྟན་པའི་ལུགས་ལྟར་ན་སྟོན་པའི་འདས་ལོ་ ༢༥༣༡ ཕྱི་ལོ་ ༡༩༨༧ ཟླ་ཚེས་ལ་དད་ལྡན་སྤྲོ་བ་བསྐྱེད་ཕྱིར་ལོ་རྒྱུས་མདོར་བསྡུས་སུ་བརྗོད་པ་དགེ་ལེགས་འཕེལ།། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | |||
</ | <headertabs/> | ||
== Footnotes == | |||
<references/> | |||
==Other Information== | |||
{{Footer}} | |||
[[Category:DKR-KABUM-Volume-04-NGA]] | |||
[[Category:DKR-KABUM-Volume-04-NGA]] | [[Category:DKR-KABUM-Volume-04-NGA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] | ||
Latest revision as of 08:01, 1 June 2024
Wylie title | bal yul zhe chen dgon pa'i lo rgyus | |
---|---|---|
Location | dil mgo mkhyen brtse bka' 'bum Volume 4, Text 8, Pages 116-126 (Folios 1a1 to 11b6) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | Khyentse, Dilgo. Bal yul zhe chen dgon pa'i lo rgyus. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 4: 116-126. Delhi: Shechen Publications, 1994. | |
Genre | History Texts - lo rgyus | |
Colophon |
།ཅེས་པའང་རྣམ་དཀར་གྱི་ལས་རྩོམ་པ་པོ་དིལ་མགོ་མཁྱེན་སྤྲུལ་བཀྲ་ཤིས་དཔལ་འབྱོར་པས་རབ་བྱུང་བཅུ་བདུན་པའི་མེ་ཡོས་མགོ་ཟླའི་ཚེས། འཕགས་པ་གནས་བརྟན་པའི་ལུགས་ལྟར་ན་སྟོན་པའི་འདས་ལོ་ ༢༥༣༡ ཕྱི་ལོ་ ༡༩༨༧ ཟླ་ཚེས་ལ་དད་ལྡན་སྤྲོ་བ་བསྐྱེད་ཕྱིར་ལོ་རྒྱུས་མདོར་བསྡུས་སུ་བརྗོད་པ་དགེ་ལེགས་འཕེལ།། | |
/ces pa'ang rnam dkar gyi las rtsom pa po dil mgo mkhyen sprul bkra shis dpal 'byor pas rab byung bcu bdun pa'i me yos mgo zla'i tshes/_'phags pa gnas brtan pa'i lugs ltar na ston pa'i 'das lo _2531_phyi lo _1987_zla tshes la dad ldan spro ba bskyed phyir lo rgyus mdor bsdus su brjod pa dge legs 'phel// |