DKR-KABUM-04-NGA-002: Difference between revisions
From Khyentse Lineage - A Tsadra Foundation Project
DKR-KABUM-04-NGA-002
No edit summary |
m (Text replacement - "Khyentse Metadata" to "Text") |
||
(One intermediate revision by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib= | |sectionheading=No | ||
|fulltitle= | |fulltitletib=མཎྜལ་བཤད་པ་མདོར་བསྡུས། | ||
|citation=[[Khyentse, Dilgo]]. ''''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 4: . Delhi: Shechen Publications, 1994. | |fulltitle=maN+Dal bshad pa mdor bsdus | ||
|citation=[[Khyentse, Dilgo]]. ''MaN+Dal bshad pa mdor bsdus''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 4: 8-14. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | ||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|tibgenre=Discourses - gtam | |tibgenre=Discourses - gtam, Explanation of Maṇḍalas - maN+Dal bshad pa | ||
|terma=No | |terma=No | ||
|dkroutline=Two | |dkroutline=Two | ||
Line 17: | Line 18: | ||
|volyigtib=ང་ | |volyigtib=ང་ | ||
|totalvolumes=25 | |totalvolumes=25 | ||
|textnuminvol=002 | |textnuminvol=002 | ||
|pagenumbers=8-14 | |||
|totalpages=13 | |||
|beginfolioline=1a1 | |||
|endfolioline=7a3 | |||
|totalfolios=7 | |||
|multivolumework=No | |||
|versonotes=maN+Dal bshad pa | |||
|colophontib=།ཞེས་པ་འདིའང་མངྒ་ལས་བྲིས་པ་དགེའོ།། | |||
|colophonwylie=/zhes pa 'di'ang mang+ga las bris pa dge'o// | |||
|pdflink=File:DKR-KABUM-04-NGA-002.pdf | |pdflink=File:DKR-KABUM-04-NGA-002.pdf | ||
}} | }} | ||
Line 24: | Line 33: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། མཎྜལ་བཤད་པ་མདོར་བསྡུས་ནི། ཨོཾ་སྭསྟི། འཇིག་རྟེན་གྱི་ཁམས་གང་ན་སྒྲོན་མ་རྣམ་པར་བཀོད་པའི་ཚེ་ཕུན་སུམ་ཚོགས་པ་ལྔ་འབྱུང་བ་ཆོས་ཉིད་དུ་གྲུབ་པ་ལྟར་གླེང་གཞི་ཕུན་ཚོགས་ལྔ་ལས། ཐོག་མར་སྟོན་པ་ཕུན་སུམ་ཚོགས་པ་ནི། འགྲོ་བ་ལྷ་དང་བཅས་པའི་སྐྱབས་གཅིག་རྒྱལ་དབང་ཐམས་ཅད་མཁྱེན་པ་ཉིད་ངེས་པའི་དོན་དུ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་སྐུར་གདོད་ནས་མངོན་པར་བྱང་ཆུབ་ཅིང༌། ལོངས་སྤྱོད་ཡོངས་སུ་རྫོགས་པའི་སྐུར་ངེས་པ་ལྔ་དང་ལྡན་པ་ལས་སྐུ་དང་ཞིང་ཁམས་ཀྱི་སྤྲིན་རྒྱ་མཚོ་བཀོད་དེ། ནམ་མཁའ་ཇི་སྲིད་བར་དེ་སྲིད་དུ་མཐའ་ཡས་པའི་འགྲོ་བ་འཁྲུལ་པའི་གཞན་དབང་དུ་གྱུར་པ་རྣམས་གང་འདུལ་སྤྲུལ་པའི་རོལ་པའི་བསམ་གྱིས་མི་ཁྱབ་པས་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་ཡང་དག་པ་བསྒྲལ་བའི་སྙིང་སྟོབས་རླབས་ཆེན་གཅིག་པུས་སྲས་དང་བཅས་པའི་རྒྱལ་བ་རྣམས་ཀྱི་ཕྲིན་ལས་ཡོངས་སུ་བཟླུམ་པའི་ཕྱིར་ཕྱག་ན་པདྨོ་འཇིག་རྟེན་དབང་ཕྱུག་ཅེས་ཞིང་ཁམས་རྒྱ་མཚོར་མཚན་གྱིས་གདུགས་གཅིག་གིས་ཁེབས་པ་དང༌། རྣམ་པ་ཙམ་དུའང་གངས་ཅན་མགོན་པོ་པད་དཀར་འཆང་བ་ཞེས་ཐོག་མར་མིའི་འགྲོ་བ་མཆེད་པ་ནས་བཟུང༌། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ནས་ལྷ་ཆོས་དགེ་བ་བཅུ་དང༌། མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་བཙུགས་ཏེ་དམ་པ་ཆོས་ཀྱི་སྲོལ་བཏོད་པ་ནས་ད་ལྟའི་བར་རྒྱལ་བློན་བྱང་སེམས། ལོ་པཎ་མཁས་གྲུབ། ཁྱིམ་པ་ཕོ་མོ་སོགས་གང་འདུལ་དེར་སྣང་གི་རྣམ་རོལ་མཁའ་ཟླ་ཆུ་སྣོད་ཀྱི་རྟེན་འབྱུང་རྒྱུན་མི་ཆད་པའི་ཡ་གྱལ། ཆོས་ཐམས་ཅད་ཀྱི་དབང་ཕྱུག །རྒྱལ་བ་ཀུན་གྱི་ཡབ་གཅིག །བླ་ན་མེད་པའི་སྟོན་པ། གཞན་མཚུངས་མ་མཆིས་པའི་རྣམ་འདྲེན། མཁྱེན་བརྩེ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པ། ཚུལ་གནས་གསན་བསམ་སྒོམ་པའི་ཡོན་ཏན་རྒྱ་མཚོའི་ཕ་མཐར་སོན་པ། མཁས་བཙུན་བཟང་གསུམ་གྱིས་ཆོས་སྲིད་ཉི་ཟླའི་ཤིང་རྟ་འདྲེན་བཞིན་པ་བདག་ཅག་ཁ་བ་རི་པའི་དད་པའི་མགྲོན། བསོད་ནམས་ཀྱི་བགོ་སྐལ་དུ་སྐུ་མཚན་དཔེའི་གཟི་བྱིན་ལྷམ་མེ། གསུང་ཟབ་རྒྱས་ཆོས་འཁོར་ལྷང་ངེ༌། ཐུགས་གདུལ་དཀའི་འགྲོ་བ་ཐུགས་རྗེ་ཆེན་པོའི་ལྷན་ནེར་གཟིགས་བཞིན་པས་འཇིགས་བྲལ་སེང་གེའི་ཁྲི་ལ་ཞབས་སེན་བཀྲ་ཤིས་ཀྱི་རེ་ཁཱ་བཀོད་བཞིན་པ་དང༌། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་ལྟ་བུར། དུས་གསུམ་ཀུན་མཁྱེན་རྡོ་རྗེ་སློབ་དཔོན་པདྨ་སཾ་བྷ་ཝའི་ཞལ་སྐྱིན། སྔ་འགྱུར་བཀའ་གཏེར་ཆོས་ཀྱི་འཁོར་ལོས་བསྒྱུར་བ་ཆེན་པོ། འབྲོག་བན་ཁྱེའུ་ཆུང་ལོ་ཙཱའི་རྣམ་འཕྲུལ་དུ་སྟོན་པས་ཟབ་གཏེར་གྱི་བཀའ་བབ་འགྲོ་འདུལ་གླིང་པ་ཞེས་མཚན་དང་ཕྲིན་ལས་ཀྱི་རྒྱ་མཚོ་ཆེན་པོའི་ཕ་མཐར་བརྒལ་བ། གངས་ལྗོངས་ལྷ་མིའི་བླ་མ་སོགས་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན། འབྲེལ་ཚད་དོན་ལྡན་གྱི་གསང་ཆེན་སེམས་དཔའ་ཆེན་པོ། མི་སྲུན་བདུད་སྡེ་མཐར་མཛད་སྙིགས་དུས་བསྟན་འགྲོའི་སྐྱབས་མཆོག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་དགེ་ལེགས་རྣམ་རྒྱལ་དཔལ་བཟང་པོ། །གཉིས་པ་གནས་ཕུན་སུམ་ཚོགས་པ་ནི། འཛམ་གླིང་དུམ་བུ་བཅུ་གཉིས་ཀྱི་ནང་ཚན་འཛམ་གླིང་ཆུང་ངུ་རྫོགས་པའི་སངས་རྒྱས་སྟོང་རྩ་བྱོན་ཞིང་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཞིང་གི་མུ་ཁྱུད་ལྟ་བུ། སྟོབས་འབྱོར་དང་སྙན་གྲགས། ཤེས་རིག་དང་འཕྲུལ་འཁོར། མི་མང་གི་འདུ་བ་སོགས་རྣམ་སད་ཀྱི་གྲོང་ཁྱེར་ས་ལ་འཕོས་པ་ལྟ་བུའི་བདེ་སྐྱིད་ཀྱི་འབྱོར་བས་ས་དང༌། བར་སྣང་རྒྱ་མཚོའི་གཏིང་ཐམས་ཅད་དུ་བརྩེ་དགའ་འབའ་ཞིག་གིས་དུས་འདའ་བ་གང་དེར། སངས་རྒྱས་ཀྱི་ཕྲིན་ལས་དང༌། གདུལ་བྱའི་བསོད་ནམས་ནང་འཛོམས་པས་འཕགས་པའི་ས་ལ་བཞུགས་པའི་སྐྱེས་ཆེན་དུ་མའི་གདུལ་བྱ་དུས་ལ་བབ་པས་སྐུ་དངོས་སུ་བྱོན། གསུང་ཐེག་པ་གསུམ་གྱི་ཆོས་འཁོར་བསྐོར། ཐུགས་དགོངས་པ་རྗེས་སུ་བཟུང་བའི་བཀའ་དྲིན་གྱིས་དམ་པའི་ཆོས་ཀྱི་འཆར་ཀའི་འོད་སྣང་བྱེ་བས་བོད་ཡུལ་ཆོས་ལུགས་ཆེན་པོ་བཞི་སྲོལ་ཚུགས། བཤད་སྒྲུབ་ཀྱི་མེ་བཙའ་བཏབ། མཆོག་ཕལ་ཐམས་ཅད་དཀར་པོའི་སྣང་བ་ལ་ལོངས་སྤྱོད་པ་གང་དེར། དུས་ཕུན་སུམ་ཚོགས་པ་ནི། གསུང་རབ་ཀྱི་དབང་དུ་བྱས་ན་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་ཉིད་མཉན་དུ་ཡོད་པར་ཆོ་འཕྲུལ་གྱི་འདུན་ཁང་ཆེན་པོ་ལྷ་དང་བཅས་པའི་འཁོར་ཚོགས་རྒྱ་མཚོ་ལྟ་བུའི་དབུས་སུ་བཞུགས་ཏེ། གསལ་རྒྱལ་ལ་སོགས་པས་གསོལ་བ་བཏབ་པའི་ངོར་དགུང་ཞག་བཅོ་ལྔའི་བར་འཇིག་རྟེན་གསུམ་ན་རྨད་དུ་བྱུང་བའི་ཐུན་མོང་དང༌། ཐུན་མོང་མ་ཡིན་པའི་ཆོ་འཕྲུལ་ཆེན་པོ་བསྟན་ཏེ། བདུད་སྡེ་མུ་སྟེགས་དང་བཅས་ཚར་བཅད། སངས་རྒྱས་ཀྱི་བསྟན་པ་སྤྲིན་བྲལ་གྱི་ཟླ་བ་ལྟར་སྲིད་པ་གསུམ་ན་ལྷམ་མེར་སྣང་བར་མཛད་པས་བཀྲ་ཤིས་དགེ་བའི་བྱ་བ་སྟོབས་དང་འགྱུར་ཆེ་བའི་དུས་ཆེན་ཡོངས་སུ་གྲགས་པ་དང༌། གཙུག་ལག་གི་དབང་དུ་བྱས་ན། གནམ་ལོ་ཆེ་གེ་མོ་གསར་དུ་བཞད་པའི་དཀར་ཕྱོགས་ཀྱི་འཕེལ་ཚེས་བཅུ་ལ་ཨོ་རྒྱན་གྱི་སློབ་དཔོན་པདྨ་སཾ་བྷ་ཝ་ཉིད་རྒྱལ་སྲིད་སྤངས་ནས་དུར་ཁྲོད་བསིལ་བའི་ཚལ་དུ་བརྟུལ་ཞུགས་ཀྱི་སྤྱོད་པ་བསྐྱངས་ཏེ་མ་མོ་མཁའ་འགྲོ་དབང་དུ་བསྡུས་བར་མཛད་པའི་དུས། བགྲོད་པ་གཉིས་ལས་འཇིག་རྟེན་སྣང་བའི་ཁྱིམ་བྱང་བགྲོད་ལྷ་ཡི་ཉིན་མོར་ཚེ་བསོད་དཔལ་འབྱོར་སྟོབས་དང་རྩལ་སྙན་གྲགས་རྒྱས་པའི་ལས་ལ་ཤིན་ཏུ་བསྔགས་པ། དུས་ཚིགས་རྣམས་ལས་དཔྱིད་ར་བ་སྐྱེ་དགུ་ཉེར་འཚོའི་དབྱར་སོས་ཀྱི་ཡོན་ཏན་མཐའ་དག་ཐོག་མར་འབྱུང་བའི་སྒོར་གྱུར་པ། ཟླ་བའི་ཕྱོགས་གཉིས་ལས་བཀྲ་ཤིས་དགེ་ལེགས་ཀྱི་དཀྱིལ་འཁོར་གོང་དུ་འཕེལ་བའི་དཀར་པོའི་ཕྱོགས། ཚེས་ཀྱི་གྲངས་ལས་བསམ་དོན་ཐམས་ཅད་ཡོངས་སུ་རྫོགྃས་པྃ་མཚོན་པའི་དངྃ་པོའིྃ་ཆྃ། གཟའ་ཉི་ཟླ་སྐར་མ་སྦྱོར་བ་བྱེད་པ་སྟེ་དཔལ་དུས་ཀྱི་འཁོར་ལོ་ལས་གསུངས་པའི་ཡན་ལག་ལྔ་རྩ་བ་འཕྲད་དང་བཅས་པ་ཤིན་ཏུ་དགེ་བ། དབྱངས་འཆར་ནས་བཤད་པའི་ཏཏྐཱལ་དང༌། མ་ཧཱ་ཙི་ནའི་གཞུང་ལས་བྱུང་བའི་གཙུག་ལག་གི་རྩིས་འབྲས་ཉེས་དགུ་རིང་དུ་སྤངས་ཤིང་ལེགས་དགུ་འགྲུབ་པ་ཉིད་དོ། །འདིར་ཟླ་བ་དང་པོའི་དབང་དུ་བྱས་ཀྱི་དུས་སོ་སོར་སྦྱོར་དགོས་སོ། །བཞི་པ་འཁོར་ཕུན་སུམ་ཚོགས་པ་ནི། བསྟན་འགྲོའི་དོན་རླབས་ཆེན་མཛད་པའི་མཆོག་སྤྲུལ། རང་གཞན་གྱི་དོན་རྒྱ་ཆེར་མཛད་པའི་བཤེས་གཉེན། སྡོམ་པ་གསུམ་གྱིས་རྒྱུད་ཕྱུག་པའི་བསོད་ནམས་ཀྱི་ཞིང་དགེ་འདུན་གྱི་སྡེ། འབྱོར་ལྡན་གྱི་སྦྱིན་བདག །སྙན་གྲགས་ཀྱིས་མཐོ་བའི་མི་ཆེན། རྣམ་དཀར་གྱི་བློ་དང་ལྡན་པའི་ཁྱིམ་བདག་ཕོ་མོ་དཀར་ཕྱོགས་ཀྱི་ལྷ་ཀླུ་གནོད་སྦྱིན་སོགས་སྐལ་བཟང་གི་འདུས་པས་ཟླ་བ་རྒྱུ་སྐར་གྱིས་བསྐོར་བ་ལྟ་བུའོ། །ལྔ་པ་ཆོས་ཕུན་སུམ་ཚོགས་པ་ནི། དེ་ཡང་མཚན་ཉིད་ཀྱི་དབང་དུ་བྱས་ན་ལུང་དང་རྟོགས་པ། ངོ་བོའི་དབང་དུ་བྱས་ན་སེམས་ཅན་གྱི་སྡུག་བསྔལ་སེལ་བྱེད་དང་སྒྲིབ་པའི་གཉེན་པོར་གྱུར་པ་དམ་པའི་ཆོས་ཀྱི་རང་བཞིན་སྟེ། གྲངས་ཀྱི་དབང་དུ་བྱས་ན། དེ་ཡང་བདག་ཅག་གི་སྟོན་པས་ཆོས་འཁོར་རིམ་པ་གསུམ་དུ་བསྐོར་བ་ལྟ་བུ་སྟེ། ཆོས་ཞེས་པའི་སྒྲ་འཛིན་པ་དང༌། འཁོར་ལོ་ཞེས་པ་འཕོ་བ་དང་ཚོགས་པ་དང་གཅོད་པ་སོགས་ལ་འཇུག་པས་གདུལ་བྱའི་རྒྱུད་ལ་བྱིན་རླབས་འཕོ་བ་དང༌། དགེ་བའི་བྱ་བ་མང་པོ་ཚོགས་པ། སྒྲིབ་པ་དང་ཉོན་མོངས་གཅོད་པས་ཏེ། སངས་རྒྱས་བྱང་སེམས་འཕགས་པ་རྣམས་ཀྱིས་སྐུ་གསུང་ཐུགས་ཀྱི་མཛད་པ་ཇི་ལྟར་བསྟན་ཀྱང་གཞན་གྱི་སྡུག་བསྔལ་གཅོད་པ་དང༌། སྒྲིབ་པ་སེལ་བའི་ཐབས་ཁོ་ན་ཡིན་པའི་ཕྱིར་གསང་གསུམ་ཡོན་ཏན་ཕྲིན་ལས་དང་བཅས་པའི་མཛད་པ་ཐམས་ཅད་ཆོས་ཀྱི་འཁོར་ལོ་ལྷུན་གྱིས་གྲུབ་པ་སྟེ། དེང་གི་སྐབས་འདིར་སྐྱབས་རྗེ་འགྲོ་བའི་མགོན་པོ་མཆོག་གི་ཞབས་སེན་བཀྲ་ཤིས་ཀྱི་རེ་ཁཱ་ལྗོངས་འདིར་བཀོད། སྐུ་མཚན་དཔེའི་ཉིན་བྱེད་མཇལ། གསུང་བདུད་རྩིའི་སྦྲང་ཆར་བབ། ཐུགས་གདུལ་བྱ་རྗེས་སུ་བརྩེ་བས་ཕྲིན་ལས་དུས་ལ་བབ་པས་འབྲེལ་ཚད་དོན་ལྡན་དུ་བཞུགས། གཉིས་པ་གླེང་བསླང་བ་ལ། རང་དོན་ཞི་བདེའི་བདུད་རྩི་ལ་མ་ཆགས་པར། སྲིད་ལས་འདས་ཀྱང་སྲིད་པའི་རྣམ་པས་གདུལ་བྱའི་དོན་མཛད་པ་འཕགས་པ་རྣམས་ཀྱི་ཆོས་ཉིད་དུ་གྲུབ་པས། རྩོད་ལྡན་སྙིགས་དུས་འདི་ལྟ་བུར་ཡང་ཁམས་གསུམ་གྱི་འདྲེན་པ། ལྷ་དང་བཅས་པའི་འཇིག་རྟེན་གྱི་མཆོད་འོས། སྟོན་པ་སངས་རྒྱས་ཀྱི་ཞལ་སྐྱིན། ལུང་རྟོགས་དམ་ཆོས་ཀྱི་འབྱུང་གནས། རིག་གྲོལ་དགེ་འདུན་གྱི་གཙོ་བོ་གང་ཉིད། མི་འཇིགས་སེང་གེའི་ཁྲི་ལ་དགྱེས་བཞིན་བཞུགས་ཏེ་བསོད་ནམས་ཀྱི་མགྲོན་དུ་ཁུགས་ཏེ་བསོད་ནམས་བྱ་བའི་དངོས་པོ་ལ་འཇུག་པའི་སྐལ་བཟང་གི་དགའ་སྟོན་རྗེས་སུ་དྲན་པས་གླེང་སློང་གི་དམིགས་ཕྱེ་སྟེ་རང་གཞན་མཁའ་ཁྱབ་ཀྱི་ལུས་ཞིང་རྡུལ་དང་མཉམ་པར་སྤྲུལ་ནས་སྒོ་གསུམ་གུས་པས་ཕྱག་འཚལ། དངོས་འབྱོར་ཡིད་སྤྲུལ་གྱི་ཀུན་ཏུ་བཟང་པོའི་མཆོད་སྤྲིན་འབུལ། སྒོ་གསུམ་གྱི་སྡིག་ལྟུང་ཐམས་ཅད་བཤགས་སྡོམ་བྱ། འཕགས་དང་སོ་སྐྱེའི་དགེ་བ་ལ་རྗེས་སུ་ཡི་རང༌། ཐེག་པ་གསུམ་གྱི་ཆོས་འཁོར་བསྐོར་བར་གསོལ་བ་འདེབས། གཟུགས་སྐུ་བསྐལ་པ་མ་སྟོང་གི་བར་བཞུགས་པར་གསོལ། དགེ་རྩ་ཐམས་ཅད་མཐའ་གཉིས་ལ་མི་གནས་པའི་བྱང་ཆུབ་ཆེན་པོར་བསྔོ་བ་སྟེ་བསགས་སྦྱང་གི་རྒྱལ་པོ་ཡན་ལག་བདུན་པ་སྔོན་དུ་འགྲོ་བས། བྱེ་བྲག་ཞིང་དང་བསམ་པ་དངོས་པོ་གསུམ་ཤིན་ཏུ་རྒྱ་ཆེ་ཞིང་རྣམ་པར་དག་པའི་མཆོད་པའི་མཆོག་མཎྜལ་གྱི་མཆོད་པ་འབུལ་བ་ལ། མདོ་ལྟར་ན་སངས་རྒྱས་མཆོག་གི་སྤྲུལ་སྐུ་གཅིག་གི་གདུལ་ཞིང་གླིང་བཞི་བྱེ་བ་ཕྲག་བརྒྱས་མཚོན་པའི་རྒྱལ་བའི་ཞིང་རབ་འབྱམས་མཆོད་སྤྲིན་གྱིས་ཕྱུར་བུར་བཀང་སྟེ་འབུལ་བ་དང༌། སྔགས་ལྟར་ན་ཕྱི་ནང་གཞན་གསུམ་དེ་ཁོ་ན་ཉིད་ཀྱི་རང་བཞིན་ཅན་གྱི་རྡོ་རྗེའི་ཞིང་ཁམས་བདེ་སྟོང་གི་རོལ་མོ་འཆར་བས་མཚོན། མཎྜལ་གྱི་སྒྲ་ལས་དྲངས་ན་སྙིང་པོའི་དཀྱིལ་འཁོར་དང་ལྡན་པའི་ཁོར་ཡུག་ལ་འཇུག་པས་རྒྱན་གྱི་རང་བཞིན་ཅན་གྱི་རྡོ་རྗེའི་ཞིང་ཁམས་མཚོན། འབུལ་ཚུལ་ཕྱག་ལེན་གྱི་དབྱེ་ན་སྔ་འགྱུར་གྱི་ལུགས་ལ་སྐུ་གསུམ་གྱི་ཞིང་གི་མཎྜལ་དང༌། རྒྱ་གཞུང་དུ་སློབ་དཔོན་ཆེན་པོ་སངས་རྒྱས་གསང་བས་ཚོམ་བུ་ཉེར་གསུམ་དང༌། ཛེ་ཏཱ་རིས་ཚོམ་བུ་བཅུ་བདུན་དང༌། དུས་འཁོར་བ་རྣམས་ཀྱི་ཚོམ་བུ་དགུ་མ་དང༌། བོད་དུ་གྲུབ་མཐའ་ཀུན་ལ་གྲགས་པ་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེས་མཛད་པའི་ཚོམ་བུ་སོ་བདུན་མ་སྟེ། གང་ལྟར་ཡང་མཎྜལ་གྱི་བྱ་བ་གཅིག་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ཚང་བ་སྟེ། རི་གླིང་གི་བཀོད་པ་དང་མདོ་སྔགས་ཐུན་མོང་བ་ཉིད་ཀྱི་ཕྱིར་མངོན་པ་མཛོད་ཀྱི་གནས་གསུམ་པ་དང་མཐུན་པར་བཞེད་པ་ལྟར། རིན་པོ་ཆེ་ཡི་མཎྜལ་བྱི་དོར་ལེགས་པར་བྱས་པ་ལ། རིན་ཆེན་འབྲུ་སྨན་གཙང་མ་བྱང་ཆུབ་སེམས་ཀྱིས་བརླན་པ་མཚོན་པའི་དྲི་བཟང་གི་ཆུས་གཤེར་བས་ཚོམ་བུ་རྣམས་ལེགས་པར་བཀོད་དེ། འོག་གཞི་འབྱུང་བཞིའི་དཀྱིལ་འཁོར་སྟེང་དབང་ཆེན་གསེར་གྱི་ས་གཞི། རྟ་གདོང་རྒོད་མ་ཁའི་ལྕགས་རི་ཁོར་ཡུག །དེའི་དབུས་སུ་རི་རྒྱལ་ལྷུན་པོ་གྲུ་བཞི། བང་རིམ་བཞི་གསེར་གྱི་རི་བདུན་དང་རོལ་མཚོས་བསྐོར་བ། རི་རབ་ཀྱི་སྟེང་མཚམས་བཞིར་ལྕོག་བཞི། དབུས་སུ་རྣམ་རྒྱལ་ཁང་བཟང་དང་བཅས་བལྟ་ན་སྡུག་གི་གྲོང་ཁྱེར། དེའི་ཕྱོགས་བཞིར་ཤིང་རྟ་སྣ་ཚོགས་སྐྱེད་ཚལ་བཞི། བྱང་ཤར་ན་ཡོངས་འདུས་ས་བརྟོལ། དེའི་མདུན་ཨ་མོ་ལི་ཀའི་རྡོ་ལེབ། ལྷོ་ནུབ་ཏུ་ཆོས་བཟང་ལྷའི་འདུན་ས་སོགས་བཀོད་པ་ཁྱད་པར་ཅན། རི་རབ་ཀྱི་ཕྱོགས་བཞིར་ལུས་འཕགས་གླིང་ཟླ་གམ་ཆུ་ཤེལ། འཛམ་གླིང་སོག་ཁ་བཻ་ཌཱུ་རྻ། བ་གླང་སྤྱོད་ཟླུམ་པོ་པདྨ་རཱ་ག །སྒྲ་མི་སྙན་གྲུ་བཞི་གསེར། སོ་སོའི་གླིང་གཡོག་དང་བཅས་པ་རྣམས་རི་རབ་ཀྱི་ངོས་བཞི་དང་མཚུངས་པ། ནམ་མཁའ་ཡང་དེའི་ཁ་དོག་ཅན་དེ་བཞིན་དུ་ཕྱོགས་བཞིར་ནོར་བུ་རིན་པོ་ཆེའི་རི་བོ། དཔག་བསམ་ཤིང་གི་ནགས་ཚལ། འདོད་འཇོའི་བ་ཡི་ཁྱུ། མ་རྨོས་ལོ་ཏོག་གི་ཞིང༌། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་བསོད་ནམས་ཀྱི་མཐུ་ལས་གྲུབ་པའི་འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ་ཡོན་ཏན་བཞི་ལྡན། མཚམས་བཞིར་གླང་པོ་རིན་པོ་ཆེ་ཡོན་ཏན་བརྒྱད་ལྡན། རྟ་མཆོག་རིན་པོ་ཆེ་ཡོན་ཏན་བརྒྱད་ལྡན། དམག་དཔོན་རིན་པོ་ཆེ་ཡོན་ཏན་བརྒྱད་ལྡན་ཏེ་རྒྱལ་སྲིད་རིན་པོ་ཆེ་བདུན། འདོད་དགུ་འཇོ་བའི་གཏེར་ཆེན་པོའི་བུམ་པ། ཡང་ཕྱོགས་མཚམས་བརྒྱད་དུ་མཆོད་པའི་ལྷ་མོ་སྟེ་སྒེག་མོ་དཀར་མོ། ཕྲེང་བ་མ་སེར་མོ། གླུ་མ་དཀར་དམར། གར་མ་སྣ་ཚོགས་མདོག་ཅན། མེ་ཏོག་མ་དཀར་པོ། བདུག་སྤོས་མ་སེར་མོ། སྣང་གསལ་མ་དམར་མོ། དྲི་ཆབ་མ་ལྗང་གུ་གཞོན་མཛེས་ཡིད་དུ་འོང་བ། དར་དང་རིན་པོ་ཆེའི་རྒྱན་མཛེས། ཤར་གླིང་གི་ནམ་མཁར་ཉི་མ། ནུབ་གླིང་དུ་ཟླ་བ། ལྷོ་གླིང་དུ་རིན་པོ་ཆེའི་གདུགས། བྱང་གླིང་དུ་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན། དེ་དག་གི་ས་དང་བར་སྣང་དུ་ལྷ་ཀླུ་མི་ཡི་དཔལ་འབྱོར་ལོངས་སྤྱོད་བཀྲ་ཤིས་རྫས་རྟགས། ཉེ་བའི་རིན་པོ་ཆེ་བདུན། འདོད་པའི་ཡོན་ཏན། འཆི་མེད་བཅུད་ལེན། འཆི་གསོས་སྨན། ཞམ་རེང་རིམ་གྲོ། ཁྲི་སྟན་ན་བཟའ། རྒྱན་དང་ཉེར་མཁོ་སོགས་སྲིད་ཞིའི་འབྱོར་པ་མ་ཚང་བ་མེད་པས་ཕྱུར་བུར་བཀང་བའི་འཇིག་རྟེན་གྱི་ཁམས་གཅིག་ཇི་ལྟ་བར་ཕྱོགས་བཅུའི་ཞིང་རབ་འབྱམས་བཀང་བའི་ཏིང་ངེ་འཛིན་རྣམ་ཐར་དང་སྨོན་ལམ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་མཆོད་པའི་དཔལ་ལ་འདུན་པ་བཀོད་པས་དུས་འཁོར་བ་ཇི་སྲིད་དུ་འབུལ་བ་སྟེ། བསོད་ནམས་ཀྱི་ལས་སུ་བྱ་བ་དེ་ཡང་བསམ་སྦྱོར་དུག་ཅན་དང་མ་འདྲེས་པ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཆོས་ཀྱི་དབྱིངས་སུ་བསྔོ་བ་འཁོར་གསུམ་ཡོངས་དག་གིས་བསྔོས་པས་དཀོན་མཆོག་རྒྱལ་བ་རྒྱ་མཚོའི་སྤྱི་གཟུགས་དཔལ་ལྡན་བླ་མ་རིན་པོ་ཆེའི་ཞབས་པད་འཁོར་བ་ཇི་སྲིད་དུ་བརྟན་ཅིང་མཛད་པ་ཕྲིན་ལས་རྒྱ་མཚོའི་ཕྱོགས་དང་རིས་སུ་མ་ཆད་པའི་རྒྱལ་བསྟན་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང༌། བསྟན་འཛིན་གྱི་སྐྱེས་བུ་རྣམས་ཞབས་པད་བརྟན་ཅིང་ཐུགས་མཐུན་མཛད་ཕྲིན་རྒྱས་པ་དང༌། ཕྱོགས་བཅུའི་དགེ་འདུན་གྱི་སྡེ་རབ་ཏུ་རྒྱས་ཤིང་བསླབ་པ་གསུམ་དང་འཁོར་ལོ་གཉིས་ཀྱི་མཛད་ཕྲིན་དབྱར་མཚོ་ལྟར་རྒྱས་པ་དང༌། ཡུལ་རིས་རྒྱལ་ཁམས་འདིས་མཚོན་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ནད་མུག་མཚོན་འཁྲུགས་སོགས་སྙིགས་དུས་ཀྱི་རྒུད་པ་ཞི། ཚེ་བསོད་དབང་ཕྱུག་སྡེ་བཞིའི་དཔལ་འབྱོར་རྫོགས་ལྡན་ལྟར་རྒྱས་པ་དང༌། བདག་ཅག་འབྲེལ་ཐོག་དང་བཅས་པ་རྣམ་འདྲེན་མཆོག་གི་གདུལ་བྱ་ཁོ་ནར་གྱུར་ཏེ་སྲིད་ཞིའི་མཐའ་ལ་མི་གནས་པ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་རྣམ་ཐར་ལ་སྤྱོད་ནུས་པའི་སྨོན་ལམ་རྩེ་གཅིག་ཏུ་སྐལ་བཟང་རྣམས་ཀྱི་ཐུགས་ལ་ངེས་པར་མཛད་དེ་ཞིང་ཁམས་འབུལ་བའི་ལས་རིམ་ལ་འཇུག་པར་ཞུ། | {{TibP|༄༅། མཎྜལ་བཤད་པ་མདོར་བསྡུས་ནི། ཨོཾ་སྭསྟི། འཇིག་རྟེན་གྱི་ཁམས་གང་ན་སྒྲོན་མ་རྣམ་པར་བཀོད་པའི་ཚེ་ཕུན་སུམ་ཚོགས་པ་ལྔ་འབྱུང་བ་ཆོས་ཉིད་དུ་གྲུབ་པ་ལྟར་གླེང་གཞི་ཕུན་ཚོགས་ལྔ་ལས། ཐོག་མར་སྟོན་པ་ཕུན་སུམ་ཚོགས་པ་ནི། འགྲོ་བ་ལྷ་དང་བཅས་པའི་སྐྱབས་གཅིག་རྒྱལ་དབང་ཐམས་ཅད་མཁྱེན་པ་ཉིད་ངེས་པའི་དོན་དུ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་སྐུར་གདོད་ནས་མངོན་པར་བྱང་ཆུབ་ཅིང༌། ལོངས་སྤྱོད་ཡོངས་སུ་རྫོགས་པའི་སྐུར་ངེས་པ་ལྔ་དང་ལྡན་པ་ལས་སྐུ་དང་ཞིང་ཁམས་ཀྱི་སྤྲིན་རྒྱ་མཚོ་བཀོད་དེ། ནམ་མཁའ་ཇི་སྲིད་བར་དེ་སྲིད་དུ་མཐའ་ཡས་པའི་འགྲོ་བ་འཁྲུལ་པའི་གཞན་དབང་དུ་གྱུར་པ་རྣམས་གང་འདུལ་སྤྲུལ་པའི་རོལ་པའི་བསམ་གྱིས་མི་ཁྱབ་པས་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་ཡང་དག་པ་བསྒྲལ་བའི་སྙིང་སྟོབས་རླབས་ཆེན་གཅིག་པུས་སྲས་དང་བཅས་པའི་རྒྱལ་བ་རྣམས་ཀྱི་ཕྲིན་ལས་ཡོངས་སུ་བཟླུམ་པའི་ཕྱིར་ཕྱག་ན་པདྨོ་འཇིག་རྟེན་དབང་ཕྱུག་ཅེས་ཞིང་ཁམས་རྒྱ་མཚོར་མཚན་གྱིས་གདུགས་གཅིག་གིས་ཁེབས་པ་དང༌། རྣམ་པ་ཙམ་དུའང་གངས་ཅན་མགོན་པོ་པད་དཀར་འཆང་བ་ཞེས་ཐོག་མར་མིའི་འགྲོ་བ་མཆེད་པ་ནས་བཟུང༌། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ནས་ལྷ་ཆོས་དགེ་བ་བཅུ་དང༌། མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་བཙུགས་ཏེ་དམ་པ་ཆོས་ཀྱི་སྲོལ་བཏོད་པ་ནས་ད་ལྟའི་བར་རྒྱལ་བློན་བྱང་སེམས། ལོ་པཎ་མཁས་གྲུབ། ཁྱིམ་པ་ཕོ་མོ་སོགས་གང་འདུལ་དེར་སྣང་གི་རྣམ་རོལ་མཁའ་ཟླ་ཆུ་སྣོད་ཀྱི་རྟེན་འབྱུང་རྒྱུན་མི་ཆད་པའི་ཡ་གྱལ། ཆོས་ཐམས་ཅད་ཀྱི་དབང་ཕྱུག །རྒྱལ་བ་ཀུན་གྱི་ཡབ་གཅིག །བླ་ན་མེད་པའི་སྟོན་པ། གཞན་མཚུངས་མ་མཆིས་པའི་རྣམ་འདྲེན། མཁྱེན་བརྩེ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པ། ཚུལ་གནས་གསན་བསམ་སྒོམ་པའི་ཡོན་ཏན་རྒྱ་མཚོའི་ཕ་མཐར་སོན་པ། མཁས་བཙུན་བཟང་གསུམ་གྱིས་ཆོས་སྲིད་ཉི་ཟླའི་ཤིང་རྟ་འདྲེན་བཞིན་པ་བདག་ཅག་ཁ་བ་རི་པའི་དད་པའི་མགྲོན། བསོད་ནམས་ཀྱི་བགོ་སྐལ་དུ་སྐུ་མཚན་དཔེའི་གཟི་བྱིན་ལྷམ་མེ། གསུང་ཟབ་རྒྱས་ཆོས་འཁོར་ལྷང་ངེ༌། ཐུགས་གདུལ་དཀའི་འགྲོ་བ་ཐུགས་རྗེ་ཆེན་པོའི་ལྷན་ནེར་གཟིགས་བཞིན་པས་འཇིགས་བྲལ་སེང་གེའི་ཁྲི་ལ་ཞབས་སེན་བཀྲ་ཤིས་ཀྱི་རེ་ཁཱ་བཀོད་བཞིན་པ་དང༌། {{TibChung| སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་ལྟ་བུར།}} དུས་གསུམ་ཀུན་མཁྱེན་རྡོ་རྗེ་སློབ་དཔོན་པདྨ་སཾ་བྷ་ཝའི་ཞལ་སྐྱིན། སྔ་འགྱུར་བཀའ་གཏེར་ཆོས་ཀྱི་འཁོར་ལོས་བསྒྱུར་བ་ཆེན་པོ། འབྲོག་བན་ཁྱེའུ་ཆུང་ལོ་ཙཱའི་རྣམ་འཕྲུལ་དུ་སྟོན་པས་ཟབ་གཏེར་གྱི་བཀའ་བབ་འགྲོ་འདུལ་གླིང་པ་ཞེས་མཚན་དང་ཕྲིན་ལས་ཀྱི་རྒྱ་མཚོ་ཆེན་པོའི་ཕ་མཐར་བརྒལ་བ། གངས་ལྗོངས་ལྷ་མིའི་བླ་མ་སོགས་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན། འབྲེལ་ཚད་དོན་ལྡན་གྱི་གསང་ཆེན་སེམས་དཔའ་ཆེན་པོ། མི་སྲུན་བདུད་སྡེ་མཐར་མཛད་སྙིགས་དུས་བསྟན་འགྲོའི་སྐྱབས་མཆོག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་དགེ་ལེགས་རྣམ་རྒྱལ་དཔལ་བཟང་པོ། །གཉིས་པ་གནས་ཕུན་སུམ་ཚོགས་པ་ནི། འཛམ་གླིང་དུམ་བུ་བཅུ་གཉིས་ཀྱི་ནང་ཚན་འཛམ་གླིང་ཆུང་ངུ་རྫོགས་པའི་སངས་རྒྱས་སྟོང་རྩ་བྱོན་ཞིང་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཞིང་གི་མུ་ཁྱུད་ལྟ་བུ། སྟོབས་འབྱོར་དང་སྙན་གྲགས། ཤེས་རིག་དང་འཕྲུལ་འཁོར། མི་མང་གི་འདུ་བ་སོགས་རྣམ་སད་ཀྱི་གྲོང་ཁྱེར་ས་ལ་འཕོས་པ་ལྟ་བུའི་བདེ་སྐྱིད་ཀྱི་འབྱོར་བས་ས་དང༌། བར་སྣང་རྒྱ་མཚོའི་གཏིང་ཐམས་ཅད་དུ་བརྩེ་དགའ་འབའ་ཞིག་གིས་དུས་འདའ་བ་གང་དེར། སངས་རྒྱས་ཀྱི་ཕྲིན་ལས་དང༌། གདུལ་བྱའི་བསོད་ནམས་ནང་འཛོམས་པས་འཕགས་པའི་ས་ལ་བཞུགས་པའི་སྐྱེས་ཆེན་དུ་མའི་གདུལ་བྱ་དུས་ལ་བབ་པས་སྐུ་དངོས་སུ་བྱོན། གསུང་ཐེག་པ་གསུམ་གྱི་ཆོས་འཁོར་བསྐོར། ཐུགས་དགོངས་པ་རྗེས་སུ་བཟུང་བའི་བཀའ་དྲིན་གྱིས་དམ་པའི་ཆོས་ཀྱི་འཆར་ཀའི་འོད་སྣང་བྱེ་བས་བོད་ཡུལ་ཆོས་ལུགས་ཆེན་པོ་བཞི་སྲོལ་ཚུགས། བཤད་སྒྲུབ་ཀྱི་མེ་བཙའ་བཏབ། མཆོག་ཕལ་ཐམས་ཅད་དཀར་པོའི་སྣང་བ་ལ་ལོངས་སྤྱོད་པ་གང་དེར། དུས་ཕུན་སུམ་ཚོགས་པ་ནི། གསུང་རབ་ཀྱི་དབང་དུ་བྱས་ན་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་ཉིད་མཉན་དུ་ཡོད་པར་ཆོ་འཕྲུལ་གྱི་འདུན་ཁང་ཆེན་པོ་ལྷ་དང་བཅས་པའི་འཁོར་ཚོགས་རྒྱ་མཚོ་ལྟ་བུའི་དབུས་སུ་བཞུགས་ཏེ། གསལ་རྒྱལ་ལ་སོགས་པས་གསོལ་བ་བཏབ་པའི་ངོར་དགུང་ཞག་བཅོ་ལྔའི་བར་འཇིག་རྟེན་གསུམ་ན་རྨད་དུ་བྱུང་བའི་ཐུན་མོང་དང༌། ཐུན་མོང་མ་ཡིན་པའི་ཆོ་འཕྲུལ་ཆེན་པོ་བསྟན་ཏེ། བདུད་སྡེ་མུ་སྟེགས་དང་བཅས་ཚར་བཅད། སངས་རྒྱས་ཀྱི་བསྟན་པ་སྤྲིན་བྲལ་གྱི་ཟླ་བ་ལྟར་སྲིད་པ་གསུམ་ན་ལྷམ་མེར་སྣང་བར་མཛད་པས་བཀྲ་ཤིས་དགེ་བའི་བྱ་བ་སྟོབས་དང་འགྱུར་ཆེ་བའི་དུས་ཆེན་ཡོངས་སུ་གྲགས་པ་དང༌། གཙུག་ལག་གི་དབང་དུ་བྱས་ན། གནམ་ལོ་ཆེ་གེ་མོ་གསར་དུ་བཞད་པའི་དཀར་ཕྱོགས་ཀྱི་འཕེལ་ཚེས་བཅུ་ལ་ཨོ་རྒྱན་གྱི་སློབ་དཔོན་པདྨ་སཾ་བྷ་ཝ་ཉིད་རྒྱལ་སྲིད་སྤངས་ནས་དུར་ཁྲོད་བསིལ་བའི་ཚལ་དུ་བརྟུལ་ཞུགས་ཀྱི་སྤྱོད་པ་བསྐྱངས་ཏེ་མ་མོ་མཁའ་འགྲོ་དབང་དུ་བསྡུས་བར་མཛད་པའི་དུས། བགྲོད་པ་གཉིས་ལས་འཇིག་རྟེན་སྣང་བའི་ཁྱིམ་བྱང་བགྲོད་ལྷ་ཡི་ཉིན་མོར་ཚེ་བསོད་དཔལ་འབྱོར་སྟོབས་དང་རྩལ་སྙན་གྲགས་རྒྱས་པའི་ལས་ལ་ཤིན་ཏུ་བསྔགས་པ། དུས་ཚིགས་རྣམས་ལས་དཔྱིད་ར་བ་སྐྱེ་དགུ་ཉེར་འཚོའི་དབྱར་སོས་ཀྱི་ཡོན་ཏན་མཐའ་དག་ཐོག་མར་འབྱུང་བའི་སྒོར་གྱུར་པ། ཟླ་བའི་ཕྱོགས་གཉིས་ལས་བཀྲ་ཤིས་དགེ་ལེགས་ཀྱི་དཀྱིལ་འཁོར་གོང་དུ་འཕེལ་བའི་དཀར་པོའི་ཕྱོགས། ཚེས་ཀྱི་གྲངས་ལས་བསམ་དོན་ཐམས་ཅད་ཡོངས་སུ་རྫོགྃས་པྃ་མཚོན་པའི་དངྃ་པོའིྃ་ཆྃ། གཟའ་ཉི་ཟླ་སྐར་མ་སྦྱོར་བ་བྱེད་པ་སྟེ་དཔལ་དུས་ཀྱི་འཁོར་ལོ་ལས་གསུངས་པའི་ཡན་ལག་ལྔ་རྩ་བ་འཕྲད་དང་བཅས་པ་ཤིན་ཏུ་དགེ་བ། དབྱངས་འཆར་ནས་བཤད་པའི་ཏཏྐཱལ་དང༌། མ་ཧཱ་ཙི་ནའི་གཞུང་ལས་བྱུང་བའི་གཙུག་ལག་གི་རྩིས་འབྲས་ཉེས་དགུ་རིང་དུ་སྤངས་ཤིང་ལེགས་དགུ་འགྲུབ་པ་ཉིད་དོ། །འདིར་ཟླ་བ་དང་པོའི་དབང་དུ་བྱས་ཀྱི་དུས་སོ་སོར་སྦྱོར་དགོས་སོ། །བཞི་པ་འཁོར་ཕུན་སུམ་ཚོགས་པ་ནི། བསྟན་འགྲོའི་དོན་རླབས་ཆེན་མཛད་པའི་མཆོག་སྤྲུལ། རང་གཞན་གྱི་དོན་རྒྱ་ཆེར་མཛད་པའི་བཤེས་གཉེན། སྡོམ་པ་གསུམ་གྱིས་རྒྱུད་ཕྱུག་པའི་བསོད་ནམས་ཀྱི་ཞིང་དགེ་འདུན་གྱི་སྡེ། འབྱོར་ལྡན་གྱི་སྦྱིན་བདག །སྙན་གྲགས་ཀྱིས་མཐོ་བའི་མི་ཆེན། རྣམ་དཀར་གྱི་བློ་དང་ལྡན་པའི་ཁྱིམ་བདག་ཕོ་མོ་དཀར་ཕྱོགས་ཀྱི་ལྷ་ཀླུ་གནོད་སྦྱིན་སོགས་སྐལ་བཟང་གི་འདུས་པས་ཟླ་བ་རྒྱུ་སྐར་གྱིས་བསྐོར་བ་ལྟ་བུའོ། །ལྔ་པ་ཆོས་ཕུན་སུམ་ཚོགས་པ་ནི། དེ་ཡང་མཚན་ཉིད་ཀྱི་དབང་དུ་བྱས་ན་ལུང་དང་རྟོགས་པ། ངོ་བོའི་དབང་དུ་བྱས་ན་སེམས་ཅན་གྱི་སྡུག་བསྔལ་སེལ་བྱེད་དང་སྒྲིབ་པའི་གཉེན་པོར་གྱུར་པ་དམ་པའི་ཆོས་ཀྱི་རང་བཞིན་སྟེ། གྲངས་ཀྱི་དབང་དུ་བྱས་ན། དེ་ཡང་བདག་ཅག་གི་སྟོན་པས་ཆོས་འཁོར་རིམ་པ་གསུམ་དུ་བསྐོར་བ་ལྟ་བུ་སྟེ། ཆོས་ཞེས་པའི་སྒྲ་འཛིན་པ་དང༌། འཁོར་ལོ་ཞེས་པ་འཕོ་བ་དང་ཚོགས་པ་དང་གཅོད་པ་སོགས་ལ་འཇུག་པས་གདུལ་བྱའི་རྒྱུད་ལ་བྱིན་རླབས་འཕོ་བ་དང༌། དགེ་བའི་བྱ་བ་མང་པོ་ཚོགས་པ། སྒྲིབ་པ་དང་ཉོན་མོངས་གཅོད་པས་ཏེ། སངས་རྒྱས་བྱང་སེམས་འཕགས་པ་རྣམས་ཀྱིས་སྐུ་གསུང་ཐུགས་ཀྱི་མཛད་པ་ཇི་ལྟར་བསྟན་ཀྱང་གཞན་གྱི་སྡུག་བསྔལ་གཅོད་པ་དང༌། སྒྲིབ་པ་སེལ་བའི་ཐབས་ཁོ་ན་ཡིན་པའི་ཕྱིར་གསང་གསུམ་ཡོན་ཏན་ཕྲིན་ལས་དང་བཅས་པའི་མཛད་པ་ཐམས་ཅད་ཆོས་ཀྱི་འཁོར་ལོ་ལྷུན་གྱིས་གྲུབ་པ་སྟེ། དེང་གི་སྐབས་འདིར་སྐྱབས་རྗེ་འགྲོ་བའི་མགོན་པོ་མཆོག་གི་ཞབས་སེན་བཀྲ་ཤིས་ཀྱི་རེ་ཁཱ་ལྗོངས་འདིར་བཀོད། སྐུ་མཚན་དཔེའི་ཉིན་བྱེད་མཇལ། གསུང་བདུད་རྩིའི་སྦྲང་ཆར་བབ། ཐུགས་གདུལ་བྱ་རྗེས་སུ་བརྩེ་བས་ཕྲིན་ལས་དུས་ལ་བབ་པས་འབྲེལ་ཚད་དོན་ལྡན་དུ་བཞུགས། གཉིས་པ་གླེང་བསླང་བ་ལ། རང་དོན་ཞི་བདེའི་བདུད་རྩི་ལ་མ་ཆགས་པར། སྲིད་ལས་འདས་ཀྱང་སྲིད་པའི་རྣམ་པས་གདུལ་བྱའི་དོན་མཛད་པ་འཕགས་པ་རྣམས་ཀྱི་ཆོས་ཉིད་དུ་གྲུབ་པས། རྩོད་ལྡན་སྙིགས་དུས་འདི་ལྟ་བུར་ཡང་ཁམས་གསུམ་གྱི་འདྲེན་པ། ལྷ་དང་བཅས་པའི་འཇིག་རྟེན་གྱི་མཆོད་འོས། སྟོན་པ་སངས་རྒྱས་ཀྱི་ཞལ་སྐྱིན། ལུང་རྟོགས་དམ་ཆོས་ཀྱི་འབྱུང་གནས། རིག་གྲོལ་དགེ་འདུན་གྱི་གཙོ་བོ་གང་ཉིད། མི་འཇིགས་སེང་གེའི་ཁྲི་ལ་དགྱེས་བཞིན་བཞུགས་ཏེ་བསོད་ནམས་ཀྱི་མགྲོན་དུ་ཁུགས་ཏེ་བསོད་ནམས་བྱ་བའི་དངོས་པོ་ལ་འཇུག་པའི་སྐལ་བཟང་གི་དགའ་སྟོན་རྗེས་སུ་དྲན་པས་གླེང་སློང་གི་དམིགས་ཕྱེ་སྟེ་རང་གཞན་མཁའ་ཁྱབ་ཀྱི་ལུས་ཞིང་རྡུལ་དང་མཉམ་པར་སྤྲུལ་ནས་སྒོ་གསུམ་གུས་པས་ཕྱག་འཚལ། དངོས་འབྱོར་ཡིད་སྤྲུལ་གྱི་ཀུན་ཏུ་བཟང་པོའི་མཆོད་སྤྲིན་འབུལ། སྒོ་གསུམ་གྱི་སྡིག་ལྟུང་ཐམས་ཅད་བཤགས་སྡོམ་བྱ། འཕགས་དང་སོ་སྐྱེའི་དགེ་བ་ལ་རྗེས་སུ་ཡི་རང༌། ཐེག་པ་གསུམ་གྱི་ཆོས་འཁོར་བསྐོར་བར་གསོལ་བ་འདེབས། གཟུགས་སྐུ་བསྐལ་པ་མ་སྟོང་གི་བར་བཞུགས་པར་གསོལ། དགེ་རྩ་ཐམས་ཅད་མཐའ་གཉིས་ལ་མི་གནས་པའི་བྱང་ཆུབ་ཆེན་པོར་བསྔོ་བ་སྟེ་བསགས་སྦྱང་གི་རྒྱལ་པོ་ཡན་ལག་བདུན་པ་སྔོན་དུ་འགྲོ་བས། བྱེ་བྲག་ཞིང་དང་བསམ་པ་དངོས་པོ་གསུམ་ཤིན་ཏུ་རྒྱ་ཆེ་ཞིང་རྣམ་པར་དག་པའི་མཆོད་པའི་མཆོག་མཎྜལ་གྱི་མཆོད་པ་འབུལ་བ་ལ། མདོ་ལྟར་ན་སངས་རྒྱས་མཆོག་གི་སྤྲུལ་སྐུ་གཅིག་གི་གདུལ་ཞིང་གླིང་བཞི་བྱེ་བ་ཕྲག་བརྒྱས་མཚོན་པའི་རྒྱལ་བའི་ཞིང་རབ་འབྱམས་མཆོད་སྤྲིན་གྱིས་ཕྱུར་བུར་བཀང་སྟེ་འབུལ་བ་དང༌། སྔགས་ལྟར་ན་ཕྱི་ནང་གཞན་གསུམ་དེ་ཁོ་ན་ཉིད་ཀྱི་རང་བཞིན་ཅན་གྱི་རྡོ་རྗེའི་ཞིང་ཁམས་བདེ་སྟོང་གི་རོལ་མོ་འཆར་བས་མཚོན། མཎྜལ་གྱི་སྒྲ་ལས་དྲངས་ན་སྙིང་པོའི་དཀྱིལ་འཁོར་དང་ལྡན་པའི་ཁོར་ཡུག་ལ་འཇུག་པས་རྒྱན་གྱི་རང་བཞིན་ཅན་གྱི་རྡོ་རྗེའི་ཞིང་ཁམས་མཚོན། འབུལ་ཚུལ་ཕྱག་ལེན་གྱི་དབྱེ་ན་སྔ་འགྱུར་གྱི་ལུགས་ལ་སྐུ་གསུམ་གྱི་ཞིང་གི་མཎྜལ་དང༌། རྒྱ་གཞུང་དུ་སློབ་དཔོན་ཆེན་པོ་སངས་རྒྱས་གསང་བས་ཚོམ་བུ་ཉེར་གསུམ་དང༌། ཛེ་ཏཱ་རིས་ཚོམ་བུ་བཅུ་བདུན་དང༌། དུས་འཁོར་བ་རྣམས་ཀྱི་ཚོམ་བུ་དགུ་མ་དང༌། བོད་དུ་གྲུབ་མཐའ་ཀུན་ལ་གྲགས་པ་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེས་མཛད་པའི་ཚོམ་བུ་སོ་བདུན་མ་སྟེ། གང་ལྟར་ཡང་མཎྜལ་གྱི་བྱ་བ་གཅིག་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ཚང་བ་སྟེ། རི་གླིང་གི་བཀོད་པ་དང་མདོ་སྔགས་ཐུན་མོང་བ་ཉིད་ཀྱི་ཕྱིར་མངོན་པ་མཛོད་ཀྱི་གནས་གསུམ་པ་དང་མཐུན་པར་བཞེད་པ་ལྟར། རིན་པོ་ཆེ་ཡི་མཎྜལ་བྱི་དོར་ལེགས་པར་བྱས་པ་ལ། རིན་ཆེན་འབྲུ་སྨན་གཙང་མ་བྱང་ཆུབ་སེམས་ཀྱིས་བརླན་པ་མཚོན་པའི་དྲི་བཟང་གི་ཆུས་གཤེར་བས་ཚོམ་བུ་རྣམས་ལེགས་པར་བཀོད་དེ། འོག་གཞི་འབྱུང་བཞིའི་དཀྱིལ་འཁོར་སྟེང་དབང་ཆེན་གསེར་གྱི་ས་གཞི། རྟ་གདོང་རྒོད་མ་ཁའི་ལྕགས་རི་ཁོར་ཡུག །དེའི་དབུས་སུ་རི་རྒྱལ་ལྷུན་པོ་གྲུ་བཞི། བང་རིམ་བཞི་གསེར་གྱི་རི་བདུན་དང་རོལ་མཚོས་བསྐོར་བ། རི་རབ་ཀྱི་སྟེང་མཚམས་བཞིར་ལྕོག་བཞི། དབུས་སུ་རྣམ་རྒྱལ་ཁང་བཟང་དང་བཅས་བལྟ་ན་སྡུག་གི་གྲོང་ཁྱེར། དེའི་ཕྱོགས་བཞིར་ཤིང་རྟ་སྣ་ཚོགས་སྐྱེད་ཚལ་བཞི། བྱང་ཤར་ན་ཡོངས་འདུས་ས་བརྟོལ། དེའི་མདུན་ཨ་མོ་ལི་ཀའི་རྡོ་ལེབ། ལྷོ་ནུབ་ཏུ་ཆོས་བཟང་ལྷའི་འདུན་ས་སོགས་བཀོད་པ་ཁྱད་པར་ཅན། རི་རབ་ཀྱི་ཕྱོགས་བཞིར་ལུས་འཕགས་གླིང་ཟླ་གམ་ཆུ་ཤེལ། འཛམ་གླིང་སོག་ཁ་བཻ་ཌཱུ་རྻ། བ་གླང་སྤྱོད་ཟླུམ་པོ་པདྨ་རཱ་ག །སྒྲ་མི་སྙན་གྲུ་བཞི་གསེར། སོ་སོའི་གླིང་གཡོག་དང་བཅས་པ་རྣམས་རི་རབ་ཀྱི་ངོས་བཞི་དང་མཚུངས་པ། ནམ་མཁའ་ཡང་དེའི་ཁ་དོག་ཅན་དེ་བཞིན་དུ་ཕྱོགས་བཞིར་ནོར་བུ་རིན་པོ་ཆེའི་རི་བོ། དཔག་བསམ་ཤིང་གི་ནགས་ཚལ། འདོད་འཇོའི་བ་ཡི་ཁྱུ། མ་རྨོས་ལོ་ཏོག་གི་ཞིང༌། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་བསོད་ནམས་ཀྱི་མཐུ་ལས་གྲུབ་པའི་འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ་ཡོན་ཏན་བཞི་ལྡན། མཚམས་བཞིར་གླང་པོ་རིན་པོ་ཆེ་ཡོན་ཏན་བརྒྱད་ལྡན། རྟ་མཆོག་རིན་པོ་ཆེ་ཡོན་ཏན་བརྒྱད་ལྡན། དམག་དཔོན་རིན་པོ་ཆེ་ཡོན་ཏན་བརྒྱད་ལྡན་ཏེ་རྒྱལ་སྲིད་རིན་པོ་ཆེ་བདུན། འདོད་དགུ་འཇོ་བའི་གཏེར་ཆེན་པོའི་བུམ་པ། ཡང་ཕྱོགས་མཚམས་བརྒྱད་དུ་མཆོད་པའི་ལྷ་མོ་སྟེ་སྒེག་མོ་དཀར་མོ། ཕྲེང་བ་མ་སེར་མོ། གླུ་མ་དཀར་དམར། གར་མ་སྣ་ཚོགས་མདོག་ཅན། མེ་ཏོག་མ་དཀར་པོ། བདུག་སྤོས་མ་སེར་མོ། སྣང་གསལ་མ་དམར་མོ། དྲི་ཆབ་མ་ལྗང་གུ་གཞོན་མཛེས་ཡིད་དུ་འོང་བ། དར་དང་རིན་པོ་ཆེའི་རྒྱན་མཛེས། ཤར་གླིང་གི་ནམ་མཁར་ཉི་མ། ནུབ་གླིང་དུ་ཟླ་བ། ལྷོ་གླིང་དུ་རིན་པོ་ཆེའི་གདུགས། བྱང་གླིང་དུ་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན། དེ་དག་གི་ས་དང་བར་སྣང་དུ་ལྷ་ཀླུ་མི་ཡི་དཔལ་འབྱོར་ལོངས་སྤྱོད་བཀྲ་ཤིས་རྫས་རྟགས། ཉེ་བའི་རིན་པོ་ཆེ་བདུན། འདོད་པའི་ཡོན་ཏན། འཆི་མེད་བཅུད་ལེན། འཆི་གསོས་སྨན། ཞམ་རེང་རིམ་གྲོ། ཁྲི་སྟན་ན་བཟའ། རྒྱན་དང་ཉེར་མཁོ་སོགས་སྲིད་ཞིའི་འབྱོར་པ་མ་ཚང་བ་མེད་པས་ཕྱུར་བུར་བཀང་བའི་འཇིག་རྟེན་གྱི་ཁམས་གཅིག་ཇི་ལྟ་བར་ཕྱོགས་བཅུའི་ཞིང་རབ་འབྱམས་བཀང་བའི་ཏིང་ངེ་འཛིན་རྣམ་ཐར་དང་སྨོན་ལམ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་མཆོད་པའི་དཔལ་ལ་འདུན་པ་བཀོད་པས་དུས་འཁོར་བ་ཇི་སྲིད་དུ་འབུལ་བ་སྟེ། བསོད་ནམས་ཀྱི་ལས་སུ་བྱ་བ་དེ་ཡང་བསམ་སྦྱོར་དུག་ཅན་དང་མ་འདྲེས་པ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཆོས་ཀྱི་དབྱིངས་སུ་བསྔོ་བ་འཁོར་གསུམ་ཡོངས་དག་གིས་བསྔོས་པས་དཀོན་མཆོག་རྒྱལ་བ་རྒྱ་མཚོའི་སྤྱི་གཟུགས་དཔལ་ལྡན་བླ་མ་རིན་པོ་ཆེའི་ཞབས་པད་འཁོར་བ་ཇི་སྲིད་དུ་བརྟན་ཅིང་མཛད་པ་ཕྲིན་ལས་རྒྱ་མཚོའི་ཕྱོགས་དང་རིས་སུ་མ་ཆད་པའི་རྒྱལ་བསྟན་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང༌། བསྟན་འཛིན་གྱི་སྐྱེས་བུ་རྣམས་ཞབས་པད་བརྟན་ཅིང་ཐུགས་མཐུན་མཛད་ཕྲིན་རྒྱས་པ་དང༌། ཕྱོགས་བཅུའི་དགེ་འདུན་གྱི་སྡེ་རབ་ཏུ་རྒྱས་ཤིང་བསླབ་པ་གསུམ་དང་འཁོར་ལོ་གཉིས་ཀྱི་མཛད་ཕྲིན་དབྱར་མཚོ་ལྟར་རྒྱས་པ་དང༌། ཡུལ་རིས་རྒྱལ་ཁམས་འདིས་མཚོན་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ནད་མུག་མཚོན་འཁྲུགས་སོགས་སྙིགས་དུས་ཀྱི་རྒུད་པ་ཞི། ཚེ་བསོད་དབང་ཕྱུག་སྡེ་བཞིའི་དཔལ་འབྱོར་རྫོགས་ལྡན་ལྟར་རྒྱས་པ་དང༌། བདག་ཅག་འབྲེལ་ཐོག་དང་བཅས་པ་རྣམ་འདྲེན་མཆོག་གི་གདུལ་བྱ་ཁོ་ནར་གྱུར་ཏེ་སྲིད་ཞིའི་མཐའ་ལ་མི་གནས་པ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་རྣམ་ཐར་ལ་སྤྱོད་ནུས་པའི་སྨོན་ལམ་རྩེ་གཅིག་ཏུ་སྐལ་བཟང་རྣམས་ཀྱི་ཐུགས་ལ་ངེས་པར་མཛད་དེ་ཞིང་ཁམས་འབུལ་བའི་ལས་རིམ་ལ་འཇུག་པར་ཞུ། {{TibChung| །ཞེས་པ་འདིའང་མངྒ་ལས་བྲིས་པ་དགེའོ།། །།}} }} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
Line 32: | Line 41: | ||
==Other Information== | ==Other Information== | ||
{{Footer}} | {{Footer}} | ||
[[Category:DKR-KABUM-Volume-04-NGA]] | [[Category:DKR-KABUM-Volume-04-NGA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] |
Latest revision as of 08:01, 1 June 2024
🚧 This website is under continued development. We appreciate your patience!
Wylie title | maN+Dal bshad pa mdor bsdus | |
---|---|---|
Location | dil mgo mkhyen brtse bka' 'bum Volume 4, Text 2, Pages 8-14 (Folios 1a1 to 7a3) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | Khyentse, Dilgo. MaN+Dal bshad pa mdor bsdus. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 4: 8-14. Delhi: Shechen Publications, 1994. | |
Genre | Discourses - gtam · Explanation of Maṇḍalas - maN+Dal bshad pa | |
Colophon |
།ཞེས་པ་འདིའང་མངྒ་ལས་བྲིས་པ་དགེའོ།། | |
/zhes pa 'di'ang mang+ga las bris pa dge'o// |